ཆེས་ཛ་དྲག་དང་འུར་ཟིང་ཆེ་བའི་བཀའ་ཁྲིའི་སྔོན་འགྲོའི་འོས་གཞི་ཁྱབ་བསྒྲགས་བྱས་ཟིན་པ་དང། མི་རྣམས་ཀྱིས་ཀྱང་དེ་ལྟར་དུ་བཀའ་ཁྲིའི་ཕྱོགས་ཀྱི་གླེང་སློང་མང་བོ་བྱེད་འགོ་ཚུགས་ཡོད་ལ། དེ་ཡང་མི་རིགས་དང་མ་འོངས་པར་སེམས་ཁྲལ་ཡོད་པའི་རྣམ་པ་མངོན་ཚུལ་ཞིག་ཡིན་ཡང་། འདིའི་ཁྲོད་དུ་ཡང་རང་སྣང་འུར་སྒྲོག་དང་ཅལ་འགྲོགས་ཀྱིས་རྒྱུག་བཞིན་པ་ཡང་མང་སྟེ། དེ་ཡང་སྤྱི་ཚོགས་ཤིག་གི་སྣང་ཚུལ་ཞིག་ཡིན་པས་གཏན་དུ་ཡོད་མི་ཆོག་པ་གང་ཡང་མིན། དེ་ལས་འདིར་ངེས་པར་གླེང་དགོས་པ་ཞིག་ནི་སང་ལོའི་བཀའ་ཁྲི་དེ་སུ་ཡིན་མིན་དང་དེ་ལས་འཕྲོས་ཏེ་ཅུང་ཟད་བརྗོད་པར་འདོད་དོ།།
ད་ལྟ་ང་ཚོས་ཐག་བཅད་དེ་བརྗོད་ཐུབ་པ་ཞིག་ནི། སང་ལོའི་བཀའ་ཁྲི་ནི་བློ་བཟང་སེང་གེ་ཡིན་པ་སྨྲོས་མེད་དུ་ངེས་ཀྱང་། ཁོ་ལ་འདི་ལྟ་བུའི་བློ་ཡུལ་ལས་འགོངས་པའི་འོས་གྲངས་མཐོ་ཤོས་ཤིག་ཐོབ་པ་ཡང་རྒྱུ་མཚན་གཏན་དུ་མེད་པ་མིན་ཏེ། ཕྱོགས་གཅིག་ནས་ཁོས་གཏམ་བཤད་དང་ཕྱོགས་བསྐྱོད་ཅི་ཞིག་བྱས་ཀྱང་རྒྱབ་ཕྱོགས་སུ་རླུང་འཕྲིན་ཁང་དང་ཚགས་ཤོག་རེ་ཟུང་གིས་ཁྱབ་བསྒྲགས་བྱས་ཅི་ཐུབ་བགྱིས་པའི་གྲུབ་འབྲས་ཤིག་རེད། དེ་ལྟར་བློ་བཟང་སེང་གེ་ཞེས་པས་དོན་དངོས་སྤྱི་ཚོགས་ལ་ཁེ་ཕན་ཡོད་པའི་ལས་དོན་རླབས་ཆེན་ཞིག་བསྒྲུབས་པ་སྟོན་དུ་དཀའ་ན་ཡང། ཁོའི་མིང་ཡིག་དེ་སྔ་མོ་ནས་མི་མང་གི་སེམས་སུ་བག་ཆགས་ཟབ་ཙམ་འཇོག་ཐུབ་ཡོད་པས་ཡིན།
དེ་བས་གཞན་ཞིག་ནི་ཁོ་ཡང་ཨ་རིའི་དམངས་གཙོའི་རྒྱལ་ཁབ་སྔོན་ཐོན་ཁྲོད་དུ་འཚོ་བ་བསྐྱལ་བས། དམངས་གཙོའི་འོས་འཕེན་གྱི་གནས་སྟངས་དང་ལས་འགུལ་སྤེལ་སྟངས་ཐད་དུ་ཆ་རྒྱུས་ངེས་ཅན་ཞིག་ཡོད་པས། ཐེངས་འདིའི་འོས་འཕེན་གྱི་དུས་ཚོད་ཀྱང་སྤྱང་གྲུང་ལྡན་པའི་ངང་དམ་འཛིན་བྱས་ཐུབ་ཡོད་ལ། དེ་བས་རང་ཉིད་ཀྱི་གོ་ཐོབ་སྟེ་ཨ་རིའི་ཧ་ཝར་སློབ་ཆེན་གྱི་མཚན་སྙན་དེ་སྤྱད་ནས། སློབ་ཕྲུག་མང་བོ་ཞིག་གི་ཡིད་སེམས་དབང་མེད་དུ་བཀུག་ཡོད། དེ་དང་བསྟུན་ནས་སློབ་གྲྭའི་ཁོར་ཡུག་མང་བོ་ཞིག་ཏུ་གཏམ་བཤད་སྤེལ་བར་མ་ཟད། གཏམ་བཤད་ཀྱི་ངོ་བོ་ཡང་བོད་པའི་གནས་སྟངས་དང་རྒྱལ་སྤྱིའི་གནས་སྟངས་སྦྲགས་ཏེ་བཤད་པ་དེས་ད་སྔའི་ང་ཚོའི་སྲོལ་རྒྱུན་གྱི་གཏམ་བཤད་དག་ལས་རྣམ་པ་ཅུང་ཟད་འགྱུར་བས་ཁོ་ལ་གཞོགས་འདེགས་ཀྱི་ཁེ་ཕན་ཆེན་པོ་ཞིག་ཐོབ་ཡོད་པ་རེད།
དོན་དངོས་ལ་གཞིགས་ཚེ་བློ་བཟང་སེང་གེ་ལ་རྒྱུས་ལོན་དང་དབྱེ་ཞིབ་བྱེད་མཁན་ཞིག་གི་ངོས་ནས་བརྗོད་ན། ཁོས་མི་གཅིག་ལ་ཐུག་ཀྱང་། གསར་འགྱུར་བརྒྱུད་ལམ་དུ་བཤད་ཀྱང་། ཚོགས་པ་ཞིག་ཏུ་ཁྲིད་ཀྱང། སྤྱི་ཚོགས་ཤིག་ལ་སྨྲས་ཀྱང་སྐད་ཆའི་གཞུང་ཤིང་རིགས་གཅིག་སྟེ། བཤད་སྟངས་འདི་ཁོ་ན་ལས་མེད་པ་འདིས་ཆེས་ལྐོག་གྱུར་གྱི་དངངས་སྐྲག་ཅིག་ཀྱང་མེད་པ་མིན་ཏེ། ཁོའི་གཏམ་བཤད་ནི་གསལ་བཤད་དང་འགྲེལ་བཤད་རྐྱང་བ་ལས་ཐབས་ལམ་གྱི་རིགས་ཆེས་ཉུང་བ་དེ་རེད། འོས་ཤོག་ཐོབ་སྟངས་གཞན་ཞིག་ནས་བརྗོད་ན། དགེ་འདུན་པའི་ཁྲོད་ནས་བྱུང་ཡོད་ལ། ཁོས་ཀྱང་ཨ་རིའི་ཆབ་སྲིད་ཀྱི་རྣམ་རིག་ཅིག་སྤྱད་ནས་དགོན་པར་འགྲོ་དུས་བོད་ཆས་གྱོན་པ་དང་སྐོར་བ་འགྲོ་བ་སོགས་བྱས་ཏེ། དགེ་འདུན་པའི་བསམ་འདུན་དང་མཐུན་པའི་བྱ་སྤྱོད་སྤེལ་བ་དང་། དངོས་ཡོད་དུ་བརྗོད་འོས་པ་ཞིག་ལ་སྨྲ་ལྕེ་དག་ཅིང་སྒྲོས་གཙང་བའི་གོ་རིམ་ཁྲོད་ནས་ཡིད་དབང་འཕྲོག་པར་གྱུར་ཡོད། ང་ཚོར་ཐུན་མོང་དུ་ཁྱད་ཆོས་ཤིག་ཡོད་པ་ནི་རང་གི་ཁོར་ཡུག་ནས་རླབས་ཆེ་བའི་མི་དག་མཐོང་དཀའ་བ་དང་། གཞན་ཞིག་ནས་སླེབས་པའམ་གཞན་ཞིག་ནས་མི་ངོ་ཅུང་ཟད་རྒྱས་པ་ཞིག་ཡིན་ཚེ། དེ་ལ་ཆེས་ཆེར་དགའ་བའི་གཤིས་ལུགས་ཤིག་ངང་གིས་གྲུབ་ཡོད་པས། ཐེངས་འདིར་གནས་ཚུལ་དེ་ལྟ་བུའི་འོག་ནས་ཕན་ཚུན་རྒྱུས་ལོན་དང་གནས་ཚུལ་ཞིབ་ཕྲ་ཡིན་མིན་གང་རུང་གི་འོག་ནས་གོ་སྐབས་ལེགས་པོ་ཐོབ་ཡོད།
གལ་སྲིད་ཨ་རི་ནས་བློ་བཟང་སེང་གེ་དང་གཤིབ་འདྲིས་སུ་སོང་བ་ཞིག་ཚེ། འོས་ཤོག་འདི་ལྟ་བུ་ཞིག་ཐོབ་བམ་སྙམ་ན། ང་ཚོའི་མི་རིགས་ཀྱི་གཤིས་ཀ་དང་བློ་བཟང་སེང་གེའི་འགྲོ་སྟངས་མང་བོ་ཞིག་གི་ཆ་ནས་རེ་བ་གཏན་དུ་མེད་པ་ཞིག་ཡིན། སྟབས་ལེགས་པ་ནི་ཐེངས་འདིར་བློ་བཟང་སེང་གེ་ནི་རྒྱལ་སྤྱིའི་མིང་དུ་གྲགས་པའི་ཧ་ཝར་སློབ་ཐོན་པ་ཞིག་ཡིན་པ་དང་། བོད་ཀྱི་སྤྱི་ཚོགས་དང་ཁ་ཐག་རིང་དུ་བཞུགས་པ། བཀའ་ཁྲི་འོས་འདེམས་ཀྱི་ལམ་ལུགས་གསར་བ་འདི་ཉིད་ཚུགས་ནས་ལོ་ངོ་བཅུ་ཙམ་ལས་སོང་མེད་པ་སོགས་ནི། བློ་བཟང་སེང་གེར་མཚོན་ན་ཆེས་ལེགས་པའི་གོ་སྐབས་ཤིག་ཤར་བ་རེད། དེ་ལྟར་མིན་ཚེ་བློ་ཟང་སེང་གེས་ཐེངས་འདིར་བཀའ་ཁྲིའི་སྔོན་འགྲོའི་འོས་གཞིར་རྒྱལ་ཁ་ཐོབ་པའི་རང་ཉིད་ཀྱི་བསྒྲགས་གཏམ་ཐུང་ཐུང་ཞིག་སྤེལ་བས་ཀྱང་མཚོན་ཐུབ་པ་ཞིག་སྟེ། ཚིག་སྦྱོར་ལ་བརྗིད་ཉམས་མེད་ཅིང་དོན་གནད་ལ་དམིགས་འབྱིན་མ་ཐུབ་པའི་ཐ་གུར་སྣེ་ཤོར་ལྟ་བུ་བོད་ཡིག་ཀློག་པ་པོའི་མདུན་དུ་བཀྲམས་པ་ནི་ཡིད་མུག་པ་ཞིག་རེད། འདི་དག་ལ་བསམ་ཚེ་དངོས་གནས་ང་ཚོའི་མ་འོངས་པའི་བཀའ་ཁྲིའི་བོད་ཡིག་མི་ཤེས་པའི་གནས་ཚུལ་དེ་ཡང་བདེན་དུ་ཆུགས་པར་མ་ཟད། དེས་ཀྱང་མི་མང་བོ་ཞིག་ལ་ཉེན་ཁའི་བསམ་ཚུལ་མང་བོ་ཞིག་འབྱུང་བཞིན་ཡོད་དེ། དཔེར་ན། ཟམ་གདོང་རིན་པོ་ཆེས་ཁོར་ཡུག་གི་ངོ་རྒོལ་ལ་མ་ལྟོས་པར་བཙན་ཚུགས་ཀྱིས་བཙུགས་པའི་དཔེ་སྟོན་སློབ་གྲྭ་སྟེ། སྔར་གངས་སྐྱིད་ལས་བྱེད་ཚོ་ཁོང་ཁྲོ་ཟ་བའི་ལས་གཞི་ཞིག་སྟེ། ད་ལྟ་ཀུན་ཀྱང་ཡིད་སྨོན་ཤོར་དགོས་པའི་ཚད་དུ་སླེབས་པ་དེ་ཡང་བཀའ་ཁྲི་གསར་བ་འདིས་གང་ཞིག་ཏུ་བསྐྱལ་ཨེ་འགྲོ་སྙམ་པའི་དངངས་སྐྲག་ཅིག་ཀྱང་སྐྱེས་བཞིན་ཡོད།
ད་ལྟ་ང་ཚོས་ཐག་བཅད་དེ་བརྗོད་ཐུབ་པ་ནི་སང་ལོའི་བཀའ་ཁྲི་བློ་བཟང་སེང་གེ་ཡིན་པ་སྨྲོས་མེད་དུ་ངེས་ཀྱང་། ང་ཚོའི་རང་དབང་གི་ཚོགས་པ་མང་བོ་ཞིག་གི་ཁྲོད་དུ་ཁོ་ལ་ལྟ་ཚུལ་མཐའ་གཅིག་ཏུ་ལེགས་པོ་མེད་པ་ཡང་མངོན་གསལ་ཡིན། དེ་ནི་ཁོའི་རང་ཚུགས་ཀྱི་ལྟ་བ་བརྟན་པོ་མེད་པར་བརྗོད་ཀྱི་ཡོད་ལ། དེ་ལྟ་བུའི་མི་གཤིས་ཤིག་གི་སྟེང་ནས་གསར་གཏོད་ཀྱི་ལམ་ག་བསྐྲུན་ཐུབ་མིན་ཡང་ཤིན་ཏུ་དཀའ་བར་འདོད་པའི་བསམ་ཚུལ་འབྱུང་འོས་པ་ཞིག་ནི། བཀའ་ཁྲི་གསར་བ་ཞིག་ལ་ཆབ་སྲིད་ལམ་ལུགས་ཀྱི་འགྱུར་བཅོས་གསར་བ་ཞིག་ཀྱང་ངེས་པར་དུ་དགོས་པ་ཡིན་ཏེ། རྒྱ་ནག་ལྟ་བུ་སྲིད་དབང་སྒེར་འཛིན་པའི་ཅང་ཙེ་མིན་གྱིས་ཀྱང་། མཚོན་བྱེད་གསུམ་གྱི་དགོངས་པ་དང། དེ་བཞིན་ཧུའུ་ཅན་ཐོ་ཡིས་ངོ་ཚ་བརྒྱད་སོགས་ལམ་ལུགས་གསར་གཏོད་བྱས་ཡོད་པ་དང། ང་ཚོར་མཚོན་ན་རང་དབང་གི་དམངས་གཙོའི་ཁོར་ཡུག་ལ་དེ་ལྟ་བུ་ཤིན་ཏུ་མཁོ་སྟེ། དེ་འདྲའི་གསར་གཏོད་བྱེད་པར་ཕྱོགས་གཅིག་ནས་རང་ཉིད་ཀྱིས་ནུས་ཤུགས་མངོན་སྟངས་ཤིག་དང་། གཞན་ཞིག་ནས་སྲིད་དོན་སྒྱུར་བཅོས་ཀྱི་འཕེལ་རྒྱས་ཤིག་ཀྱང་མཚོན་གྱི་ཡོད། འདི་ཡང་བཀའ་བློན་ནམ་སྲིད་བློན་གསར་བ་ཞིག་གི་གཟི་བརྗིད་ཀྱི་ལངས་ཕྱོགས་ཤིག་ལ་ངོས་འཛིན་བྱ་དགོས།
ཟམ་གདོང་བླ་མས་ཀྱང་ཐོག་མཐའ་གཉིས་ཀྱི་རང་བཞིན་ལྡན་པའི་གསར་གཏོད་ཅིག་བྱས་ཡོད་དེ། དང་ཐོག་དཔལ་འབྱོར་ལམ་ལུགས་ཀྱི་སྲི་ཚགས་བྱེད་སྟངས་དང་སྒེར་བདག་ཅན་དུ་སྒྱུར་སྟངས་སོགས་ཀྱི་ཐད་ནས་འགོ་འཛུགས་བྱས་ཡོད་ལ། བཀའ་ཁྲི་གཉིས་པའི་འོས་འདེམས་སྐབས་སུ་ཤེས་ཡོན་སྲིད་ཇུས་ཁྲོད་ཀྱི་དཔེ་སྟོན་སློབ་གྲྭའི་ལས་གཞི་དངོས་སུ་སྐྱོང་བཞིན་པའི་སྐབས་སུ་མཆིས་ལ། འདི་ཡང་ཆབ་སྲིད་པའི་བྱེད་ཐབས་ཤིག་ཏུ་སྤྱད་ཡོད་དེ། རང་ཉིད་ལས་གཞན་སུས་ཀྱང་ལས་གཞི་རྒྱ་ཆེན་པོའི་མཇུག་སྐྱོང་དཀའ་བའི་གསར་བསྟོད་དམ་ལམ་ཕྱོགས་གསར་བའི་སྣེ་བཀའ་ཁྲི་ཕྱི་མའི་ཁོར་ཡུག་ནར་ཞིང་རྐྱོང་བའི་བྱེད་ཐབས་ཤིག་སྟེ། ཨ་རིའི་སྲིད་འཛིན་བྷུ་ཤིས་ཀྱང་འོས་འདེམས་ཕྱི་མའི་སྐབས་སུ་ཨེ་རག་ཏུ་དམག་འཁྲུག་རྒྱག་བཞིན་པའི་སྐབས་སུ་འཁེལ་བར་བགྱིས་ཡོད་ལ། དེ་ཡང་ཁོ་ཡང་བསྐྱར་མ་བདམས་ཐུ་མེད་ཀྱི་གནད་དོན་ཞིག་ཏུ་བསྐྱལ་བའི་སྲིད་དོན་པའི་བྱེད་ཐབས་ཤིག་ཀྱང་ཡིན།
དེ་ལྟ་ན་བཀའ་ཁྲི་གཅིག་གི་ཁྲོད་དུ་སྲིད་དོན་ལམ་ལུགས་ཀྱི་སྒྱུར་བཅོས་ཐེངས་གཉིས་ནི་ཆེས་ཉུང་མཐའ་ཡང་འབྱུང་དགོས་པ་ཞིག་སྟེ། བློ་བཟང་སེང་གེ་ནི་ཟམ་གདོང་བླ་མ་ལྟ་བུའི་ཁོར་ཡུག་སྲ་བརྟན་ནམ་རྒྱབ་སྐྱོར་ཁོར་ཡུག་ཚད་ལྡན་ཞིག་འབྱུང་དཀའ་སྟེ། ཟམ་གདོང་བླ་མར་མཚོན་ན་ཝ་ར་ན་སིའི་དགེ་རྒན་གནང་སྟེ། ཁོང་གི་སློབ་ཕྲུག་མང་བོ་ད་ལྟ་བཙན་བྱོལ་སྤྱི་ཚོགས་ཀྱི་ལས་གནས་འདྲ་མིན་དུ་ཁྱབ་ཡོད་པ་དང་། དེ་བཞིན་དགོན་པའི་ཁྲོད་དུ་ཡང་ཆོས་ལུགས་མི་སྣ་དག་གིས་རྒྱབ་སྐྱོར་ཚད་ལྡན་ཐོབ་སླ་བ། ཡང་ཆོལ་ཁའི་རང་བཞིན་གྱི་རོགས་འདེགས་པ་གང་འཚམ་རེ་ཡོད་པ། ཡང་རིན་པོ་ཆེ་ཞེས་པའི་མིང་ལས་ཀྱང་དད་མོས་ཀྱི་རྗེས་ཞུགས་པ་ཡང་མི་ཉུང་བ་ཞིག་ཡོད་པ་སོགས་ཕྱི་ནང་གི་མཐུན་རྐྱེན་གྱ་ནོམ་པ་ཞིག་འཛོམས་པས། ཁོང་གི་སྒྱུར་བཅོས་ལམ་ལུགས་མང་བོ་ཞིག་ལ་ཁ་གཏད་གཅོག་མཁན་བྱུང་མྱོང་ཡང། ལྐོག་གྱུར་གྱི་ལབ་གླེང་ཙམ་ལས་ལས་འགུལ་གྱི་རྣམ་པར་གྱུར་མེད་པ་ཡང་ཁོར་ཡུག་གི་མཐུན་རྐྱེན་ངེས་ཅན་ཞིག་ཡོད་པས་སོ།།
ཡང་གཅིག་བསམ་ན། ཟམ་གདོང་རིན་པོ་ཆེས་ཀྱང་བཙན་བྱོལ་སྲ་བརྟན་ཞེས་པ་ཁོ་ནའི་སྟེང་དུ་ཨུ་ཚུགས་ཀྱིས་ལས་འགུལ་སྤེལ་བའི་ནུས་པ་དང་གྲུབ་འབྲས་ལས། གལ་སྲིད་རྒྱ་གར་དུ་ཚུགས་པའི་བོད་གཞུང་སྲ་བརྟན་མེད་པར་གྱུར་ན་ཅི་ཞིག་བྱེད་པའི་ཕྱོགས་སུ་ལས་གཞི་སྤེལ་མེད་པ་ཡང་འཐུས་ཤོར་གྱི་སྣང་ཚུལ་ཞིག་ཏུ་བརྩི་བར་རིགས་ཏེ། ད་ལྟ་ཕྱི་རྒྱལ་ཁག་ཏུ་གཞུང་འབྲེལ་གྱི་སློབ་གྲྭ་གཅིག་ཀྱང་མེད་པ་འདིས་བོད་མི་ཁྲི་ཁ་ཤས་ཤིག་གི་མདུན་ལམ་སྟེང་གི་བསམ་གཞིགས་ཀྱི་དྲི་བ་ཞིག་ཏུ་གྱུར་ཡོད། གཞན་ཡང་ཕྱི་རྒྱལ་དུ་འགྲོ་སྐྱོད་བཀག་སྡོམ་གྱི་ཐད་དུ་ཐབས་ལམ་མང་བོའི་སྟེང་ནས་སྤེལ་ཡོད་པ་དེ་ཡང་གཏན་དུ་འགྲུབ་ཐབས་མེད་པའི་ལས་དོན་ཞིག་ཡིན་ཡང་། ཉིས་སྟོང་བརྒྱད་ནས་ཁོང་གི་ལངས་ཕྱོགས་ཀྱི་གྲུབ་འབྲས་མང་བོ་ཞིག་ཀྱང་ལེགས་འགྲུབ་བྱུང་བའི་དཔང་རྟགས་བྱུང་ཡོད། བཀའ་ཁྲི་གསར་བའི་སྒྱུར་བཅོས་ཐད་དུ་འདི་ལྟར་སྤྱི་ཚོགས་གཡོ་འགུལ་རང་བཞིན་གྱི་ལམ་ལུགས་གསར་སྤེལ་བྱེད་པར་རྒྱབ་སྐྱོར་ངེས་ཅན་དགོས་པས། བཀའ་ཁྲི་རེ་རེ་ལས་ངེས་པར་དུ་འབྱུང་དགོས་པའི་སྲིད་དོན་འཕེལ་འགྱུར་གྱི་ལམ་བུ་དེ་ཡང་བཀའ་ཁྲི་གསར་བའི་སྟེང་ནས་འབྱུང་རྒྱུ་ཅུང་དཀའ་བའི་ཚད་དུ་ཡོད་ལ། དེ་ཡང་མི་མང་གི་ལས་འགུལ་ལམ་ངོ་རྒོལ་གྱི་རང་བཞིན་དང་འགྲོགས་ཏེ་འབྱུང་སྲིད་པར་སྙམ། མང་གཙོའི་ཆ་ནས་བརྗོད་ན་འགྲོ་སྟངས་དེ་ཆེས་ལེགས་པའི་ལམ་བུ་ཞིག་ཏུ་སྣང་མོད། བཀའ་ཁྲི་གསར་བ་དང་སྤྱི་ཚོགས་ཀྱི་ལས་གནས་གསར་སྐྱོང་བ་ཞིག་ལ་མཚོན་ན་བར་ཆད་དང་ཉེན་ཁ་ཞིག་ཀྱང་ཡིན་པར་འདོད།
ད་ལྟ་ང་ཚོས་ཐག་གཅོད་ཐུབ་པ་ནི་སང་ལོའི་བཀའ་ཁྲི་བློ་བཟང་སེང་གེ་སྨྲོས་མེད་དུ་ངེས་ཀྱང། འདི་ཡང་བསམ་བློ་གཏོང་སྟངས་གཞན་ཞིག་ནས་བསམ་ན་ཉེན་ཁ་གཏན་དུ་མེད་པ་ཡང་མིན་ཏེ། ང་ཚོའི་སྤྱི་ཚོགས་ནི་ཤེས་ཡོན་ལྡན་པའི་སྤྱི་ཚོགས་ཤིག་གི་ངོ་བོར་ཡོངས་སུ་གྲུབ་མེད་པས། བཀའ་ཁྲིའི་འོས་འདེམས་ཀྱང་ཚོར་བ་དང་ཁྲིད་སྟོན་གྱི་འོག་ནས་བདམས་པ་ལས། སྒེར་གྱི་རྣམ་དཔྱོད་ཀྱི་རྩལ་ལ་བརྟེན་ནས་ལངས་ཕྱོགས་ཡོད་པའི་སྒོ་ནས་བདམས་པ་ཞིག་མིན་པས། སྲིད་དོན་གྱི་གོ་རྟོགས་ཅུང་དམའ་བའི་ཁོར་ཡུག་ཅིག་ལ་མཚོན་ན། སྲིད་དོན་པ་ཞིག་གིས་ཆེས་གྲུང་ཤ་དོད་པའི་ལས་འགུལ་ཞིག་སྤེལ་མིན་གོ་སྐབས་ལ་རག་ལས་ཡོད་པས། གལ་སྲིད་ཨ་རི་བཞིན་དངོས་ཤུགས་བརྒྱུད་གསུམ་ནུས་ཤུགས་ཡོད་དགུ་འདོན་པའི་སྲིད་དོན་ཐབས་ལམ་སྤྱད་པ་ཡིན་ན། དེ་ཡང་འགྱུར་ལྡོག་ཐེབས་མི་སྲིད་པ་ཞིག་མིན་ཏེ། ཡིན་ཡང། བློ་བཟང་སེང་གེའི་ཁ་གཏད་ཀྱི་འོས་གཞི་དག་ནི་སོ་སོ་དང་ཐོག་ནས་སྤྱི་ཚོགས་སུ་ཤུགས་རྐྱེན་ཡོད་པའི་བག་ཆགས་ཁོ་ནའི་སྟེང་དུ་ལངས་པ་ཙམ་ལས། ཆབ་སྲིད་ཀྱི་འཁྲུག་ཆ་ཧ་ཅང་དོད་པའི་ཐབས་ལམ་ཡ་མཚན་པ་མང་བོ་ཞིག་སྤྱད་ཐུབ་མེད། དེར་བརྟེན་མ་འོངས་པ་ཡང་དེ་ལས་ཀྱང་གཞན་བློ་ཡུལ་ལས་འགོངས་པའི་གནས་ཚུལ་གང་ཡང་འབྱུང་མི་སྲིད་པས། སང་ལོའི་བཀའ་ཁྲི་བློ་བཟང་སེང་གེ་ཡིན་པར་གཏན་དུ་འཁེལ་བའོ།།
༢༠༡༡ ༡༡ ༢༥ ལ་བྲིས།
༼ རྩོམ་པ་པོའི་ཟིན་བྲིས་ལས་བདམས་འགོད་བྱས། ༽
འདི་དག་ལ་བསམ་ཚེ་དངོས་གནས་ང་ཚོའི་མ་འོངས་པའི་བཀའ་ཁྲིའི་བོད་ཡིག་མི་ཤེས་པའི་གནས་ཚུལ་དེ་ཡང་བདེན་དུ་ཆུགས་པར་མ་ཟད། དེས་ཀྱང་མི་མང་བོ་ཞིག་ལ་ཉེན་ཁའི་བསམ་ཚུལ་མང་བོ་ཞིག་འབྱུང་བཞིན་ཡོད་དེ། དཔེར་ན། ཟམ་གདོང་རིན་པོ་ཆེས་ཁོར་ཡུག་གི་ངོ་རྒོལ་ལ་མ་ལྟོས་པར་བཙན་ཚུགས་ཀྱིས་བཙུགས་པའི་དཔེ་སྟོན་སློབ་གྲྭ་སྟེ། སྔར་གངས་སྐྱིད་ལས་བྱེད་ཚོ་ཁོང་ཁྲོ་ཟ་བའི་ལས་གཞི་ཞིག་སྟེ། ད་ལྟ་ཀུན་ཀྱང་ཡིད་སྨོན་ཤོར་དགོས་པའི་ཚད་དུ་སླེབས་པ་དེ་ཡང་བཀའ་ཁྲི་གསར་བ་འདིས་གང་ཞིག་ཏུ་བསྐྱལ་ཨེ་འགྲོ་སྙམ་པའི་དངངས་སྐྲག་ཅིག་ཀྱང་སྐྱེས་བཞིན་ཡོད།
གོང་གི་མཚན་པ་འདིའི་ནང་དོན་ལ་ཞིབ་ཏུ་གཞིགས་ཚེ་བློ་ཕམ་དགོས་པའི་གནས་ཚུལ་ཞིག་ཀྱང་རང་ཤུགས་ཀྱི་སྙིང་ལ་འཚང་འོང་གི་འདུག
གང་ཡིན་ཟེར་ན་བོད་པའི་དཔོན་པོ་ལ་བོད་སྐད་གཙང་མ་ཞིག་དང་།
བོད་ཡིག་སྤུས་དག་ཅིག་མ་ཤེས་པ་ཡིན་ན།
ཆུུ་མགོ་ནས་རྙོག་ན་མཇུག་དྭངས་ཐབས་མེད་ཅེས་པའི་དཔེ་རུ་མི་འགྲོ་འམ།
འདི་ཚོ་ཡང་ལྷོད་ཡངས་སུ་གཏོང་མི་འོས་པའི་གནད་འགག་ཅིག་མ་རེད་དམ།
gns skjlkldsfjsdlkjfklds
བཀའ་ཁྲི་ལ་སུ་འོས་དང་མ་འོས་དེ་ནི་བོད་མི་དམངས་ཀྱིས་ཐག་གཅོད་གནང་རྒྱུ་ཞིག་ཡིན་པ་ལས།སྒེར་ཚུགས་ཅན་ཁ་ཤས་ཀྱི་ཁ་ནས་གང་འདོད་དུ་ཤོད་པ་དེ་ལ་ཆགས་འཇོག་བྱེད་ཁག་པོ་རེད།
མགོ་ལ་ག་རི་བྱས་སོང་ངམ་བྱས་པས་རྐུབ་ལུག་གིས་རྡུང་བྱུང་ཞེས་པ་ལྟར་འབྲེལ་མེད་རྐྱང་རྐྱང་ཧ་ཧ་ཧ།
བོད་པའི་ཁ་དཔེར། བོད་ལ་བདེ་སྐྱིད་བྱུང་ན། རྒྱལ་པོ་ཨ་ནེས་བྱས་ཀྱང་ཆོག
ཞེས་པ་ད་ལྟ་ང་ཚོར་བཀའ་བློན་བོད་རྒྱ་ཆེའི་མི་མང་གི་ཆེད་དུ་ཁ་ཡོད་ལག་ཡོད་ཀྱི་ལས་དོན་སྒྲུབ་ཐུབ་མཁན་ཞིག་བྱུང་ན་སྐུ་དྲག་གམ་འབྱོར་ལྡན། གཞོན་ནུ། བུད་མེད་བཅས་སུ་འདེམས་ན་ཡང་ཁྱད་པར་རྩ་བ་ནས་མེད་སྙམ། ང་ཚོའི་འཐབ་རྩོད་ནི་སྐུ་དྲག་གམ་འབྱོར་ལྡན་པ། གཞོན་ནུ་བུད་མེད་བཅས་དབར་གྱི་འཐབ་རྩོད་མ་རེད་དེ་ནི་དགྲ་པོ་གུང་ཁྲན་དང་ངེད་ཚོའི་བར་གྱི་འཐབ་རྩོད་ཞིག་རེད།
ང་ཚོར་བཀའ་ཁྲི་གཞོན་སྐྱེས་ཤིག་བྱུང་ན་ཡག་པོ་ཞེ་དྲགས་རེད་ཡིན་ནའང་གཞུང་གི་འཛིན་སྐྱོང་ཐད་ལ་ཉམས་མྱོང་མེད་པའི་གཞོན་སྐྱེས་རྩ་བ་ནས་མི་དགོས།
ལྷ་བཟང་ཚེ་རིང་ཞེས་པའི་རྒས་པོ་ཉམས་མྱོང་ཅན་དེས་ ༼དེས་ན་བློ་སེང་ཁྱེད་ཀྱིས་རང་སྐྱོན་ངོས་ལེན་བྱེད་དགོས། དེས་མ་ཚད། ཁྱེད་ལ་འཆི་སོན་ལ་ཐུག་པའི་བོད་རྒྱལ་ཁབ་ཀྱི་དབུ་ཁྲིད་བྱེད་ཐུབ་པའི་ཉམས་མྱོང་ མེད་པ་ཡང་ངོས་ལེན་བྱེད་དགོས།༽ཞེས་པའི་སྡོམ་ཚིག
དྲ་གྲོགས་བསྟན་བཤིག་ཕག་པ་ལགས་སྐྱེ་སར་ཀླུ་སྒྲུབ་ཀྱི་མཆན་འདིར་ལྟོས་ཤིག
ཁ་བརྡ་དྲ་རྒྱ་http://www.khabdha.org/?p=13410
༡༽ སྐྱེས་སར་ཀླུ་སྒྲུབ་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༡༡ ཚེས་ ༡༢ གི་ཆུ་ཚོད་ ༡༣ སྐར་མ་ ༥༣
རང་ཉིད་ཀྱིས་བཀའ་ ཁྲིའི་འོས་བླུགས་སའི་འོས་མི་དེ་ཇི་ཙམ་མཐོ་བོར་སླེབས་ཡོད་པ་དེའི་ཚོད་ཀྱིས་ རང་ལ་སྤྲོ་སྣང་ཞིག་དང་། དེ་དང་དེའི་ཁ་གཏད་ལྟ་བུ་ཕམ་པར་མཐོང་ཚེ་རང་བཞིན་གྱིས་ཁོང་དགོད་ཅིག་ཡོང་བཞིན་ པ་ནི། དེ་རིང་ཁ་སང་གི་བཙན་བྱོལ་སྤྱི་ཚོགས་ནང་སྐབས་ཐོག་གི་དོ་སྣང་བྱེད་ཡུལ་ཞིག་ ཡིན། འདི་ལྟར་བལྟས་ན། བཙན་བྱོལ་གྱི་གནས་སྟངས་དེ་ཧ་ཅང་ཉམས་ངན་གྱི་གནས་སུ་ལྷུང་ངེས་པ་དང་། འགྲོ་སྲིད་པའི་རྟགས་མཚན་ཁག་ཅིག་ད་ལྟའི་བཀའ་ཁྲིའི་འོས་བསྡུའི་ནང་མངོན་པར་ སླེབས་བཞིན་པ་དེ་ཡིན། ཨ་རིིར་གནས་སྡོད་བློ་བཟང་སེངྒེ་བཀའ་ཁྲིའི་འོས་མིར་ལངས་ནས་རང་གི་མིང་མཐོང་ ཙམ་གྱི་ཆེད། གང་ལ་ཡང་བསམ་ཤེས་མེད་པར། བཀའ་བློན་ཁྲི་པའི་མིང་ཙམ་ལ་འཐམ་ནས་སླེབས་བཞིན་པ་དེར་བོད་རིགས་ན་གཞོན་མང་པོ་ ཞིག་གིས་དགའ་བསུ་བྱེད་པ་ནི། མགོ་སྟོང་གིས་མགོ་སྟོང་བསུས་པ་ལས་གཞན་ཅི་ཡང་མིན་སྟབས། ང་ཚོ་ཀླད་པ་སྟོང་བའི་ལས་འགུལ་དེར་ཡིད་ཐང་ཆད། ངས་ནམ་རྒྱུན་བཙན་བྱོལ་སྤྱི་ཚོགས་འདི་ནས་སྐྱུག་བྲོ་བའི་ཟློས་གར་མང་པོ་ཞིག་ མཐོང་མྱོང་བའི་ལེ་ཚན་ཞིག་ནི། བཙན་བྱོལ་སྤྱི་ཚོགས་ཀྱི་མི་འབོར་བརྒྱ་ཆའི་མང་ཆེ་བ་ནི། བོད་དང་བོད་ཀྱི་ཆོས་དང་རིག་གཞུང་ཐད་རྒྱུས་ལོན་གང་ཡང་མེད་པར། ས་གནམ་གཉིས་ཀའི་བར་ནས་ཐལ་རྡུལ་དང་མཉམ་དུ་གུ་ཅོ་སྒྲོག་བཞིན་རླུང་ཐན་ཞིག་གིས་ ཁུར་ནས་འགྲོ་བཞིན་པའི་གནས་སྟངས་དེ་རེད། ངས་ཧ་ཅང་གསལ་ཁ་དོད་པོ་དང་། ལྷག་བསམ་རྣམ་དག་སྒོས་བོད་རིགས་ཚོར་རེ་འབོད་བྱེད་འདོད་པ་ཞིག་ནི། ང་ཚོའི་བསམ་བློའི་གོ་རྟོགས་དང་། ཤེས་ཡོན་གྱི་ཆུ་ཚད་མཐོར་འདེགས་གཏོང་ཐུབ་མཁན་ཞིག་དགོས་པ་ལས། ད་ལྟའི་བཀའ་བློན་ཁྲི་པ་ཞིག་གིས་རྒྱ་ནག་གཞུང་གི་ལག་ནས་རང་དབང་རང་བཙན་སོགས་ གང་ཡང་ལེན་མི་ཐུབ་པ་ནི་བརྗོད་མི་དགོས་པ་ཞིག་ཡིན་སྟབས། ང་ཚོས་མུ་མཐུད་རང་ཉིད་ཀྱི་མི་རིགས་སྲུང་སྐྱོབས་བྱེད་ཐབས་ལ་སྲི་ཞུ་སྒྲུབ་ ཐུབ་མཁན་ཞིག་བཀའ་ཁྲིར་འདེམས་དགོས་པ་ལས། ཀླད་པ་སྟོང་བའི་ཕོ་སར་ཞིག་བཀའ་ཁྲིར་འདེམས་པ་ནི། རང་རེ་མལ་ས་ནས་འཆི་ལམ་དུ་སྙེག་པའི་སྟ་གོན་ངོ་མ་རེད་ཅེས་ཤོད་འདོད་བྱུང་། བློ་བཟང་སེངྒེས་ཆེས་དགོད་བྲོ་བའི་སྐད་ཆ་འདི་ལྟ་བུ་ཞིག་བཤད་ཡོད་དེ། ང་ནི་བོད་ཀྱི་ཆོས་དང་རིག་གཞུང་ལ་རྒྱུས་ལོན་ཟབ་པོ་ཡོད། གང་ལགས་ཤེ་ན་ངའི་པ་ལགས་དང་། བཟའ་ཟླ་དེ་ཚོ་ཞལ་འདོན་འདོན་རྒྱུར་དགའ་བོ་ཡོད་ཅེས་བཤད་་་་་་སྐད་ཆ་འདིས་ནི་ རྩོད་གླེང་གང་ཡང་མི་དགོས་པའི་ཐོག་ནས་བློ་བཟང་སེངྒེའི་བོད་ཀྱི་ཆོས་དང་རིག་ གཞུང་གི་གོ་རྟོགས་གསལ་འདོན་བྱས་པ་རེད། དེར་བརྟེན་ངས་ནམ་ཡང་རང་ཉིད་བླུན་པོ་ཞིག་ལ་དབུ་ཁྲིད་བླུན་པོ་ཞིག་མི་ཡོང་བར་ རེ་སྒུག་བྱས་ནས་ཡོད། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། བླུན་པོ་རང་གི་རྗེས་སུ་མི་འབྲང་ཡང་།། རང་ཉིད་བླུན་པོའི་རྗེས་སུ་མི་འབྲང་བ།།ཞེས་ཇི་ལྟར་གདམས་པ་ལྟར་བསམ་ཞིབ་ཡང་ཡང་ བྱེད་དགོས་པར་མཐོང་ངོ་།།
ཕྱོགས་རིགས་ཀྱིས་སྨྱོན་པའི་ཀླད་སྟོང་དཔོན་ངན་དང་སྐུ་གྲགས་འབྱོར་ལྡན་ཚོའི་ གཟིགས་དང་སྐབས་གཉིས་པའི་བཀའ་ཁྲིའི་གྲུབ་འབྲས་གསལ་བསྒྲགས་བྱས་རྗེས་། གོང་༸ས་མཆོག་གིས་གསར་འགོད་པ་ཞིག་གི་དྲིས་ལན་དུ་། ངས་བཀའ་ཁྲི་གསར་པ་དེ་གཞོན་སྐྱེས་ཤེས་འཇོན་གཉིས་ལྡན་ཤིག་ལ་རེ་བ་བྱས་ཀྱང་། སྟབས་མ་ལེགས་པ་ཤིག་ལ་བླ་རྒན་མགོ་དཀར་དེ་ཡང་བསྐྱར་འདེབསའདུག་ཅེས་། གོང་༸ས་མཆོག་གིས་དེ་དུས་ནས་གཞོན་སྐྱེས་ཤིག་ལ་ཐུགས་རེ་གནང་བ་གསལ་ཁ་སྟོན་ཡོད་།
མ་ཚད་ཡང་དེའི་རྗེས་སུ་གོང་ས་མཆོག་གིས་འདི་ལྟར་གསུང་ཡོད་། ངས་མ་འོང་བཀའ་ཁྲི་དེ་གཞོན་སྐྱེས་ཤིག་ལ་རེ་བ་བྱེད་པ་མ་ཚད་བུ་མེད་ཤེས་འཇོན་གཉིས་ལྡན་ཞིག་ལ་ཡང་རེ་བ་བྱས་ཀྱི་ཡོད་ཅེས་གསུངས་མྱོང་།
འདི་ངན་པར་དུ་སྐུ་གྲགས་དང་འབྱོར་ལྡན་དཔོན་ངན་ཚོའི་ཤེས་གལ་ཆེ་བ་མ་ཏོག་། ཆང་རང་གིས་འཐུང་དུས་ར་གཟི་། གཞན་གྱིས་འཐུང་དུས་མིག་མཚར་ནས་དགྲ་དགའ་གཉེན་སྡུག་གི་ལས་ངན་མང་དག་བསགས་པ་ཧ་ཅང་ཡིད་སེམས་སྐྱོ་།
དྲ་གྲོགས་མཆན་སྤེལ་བ་འགའི་རྣམ་ཤེས་གདོན་གྱིས་བླུས་ཡོད་ས་རེད་ཁ་ནས་ག་ལབ་འདི་ལབ་མི་འདུག་ལ་ལག་ནས་ག་བྲིས་འདི་བྲིས་མི་འདུག
བོད་གཞིས་བྱེས་གཉིས་ཀྱི་རེ་འདུན་བྱེད་སའི་བཀའ་བློན་ནི་བོད་མི་མང་ལ་དྭང་གཙང་ལྷད་མེད་ཀྱི་བརྩེ་བ་ཡོད་པའི་ཐོག་ནས་མི་མང་གི་དོན་དུ་ཁ་ཡོད་ལག་ཡོད་ཀྱི་ལས་དོན་སྒྲུབ་ཐུབ་མཁན་ཞིག་ཡིན་པ་ལས་ལོ་ནའི་ཁྱད་པར་དང་ཕོ་མོའི་ཁྱད་པར་རྩ་ནས་མིན་ནོ།
༸གོང་ས་མཆོག་གིས་དབྱིན་ཇིའི་གསར་འགོད་པ་ཞིག་ལ་༼ད་ལོ་སྲིད་བློན་ནམ་བཀའ་ཁྲི་གསར་པ་དེ་གཞོན་སྐྱེས་སམ་ཡག་ཤོས་བྱུང་ན་བུད་མེད་ཅིག་སླེབས་ན་བསམ་བྱུང་ཡིན་ནའང་གྲ་པ་མགོ་དཀར་པོ་དེ་ཡང་བསྐྱར་སླེབས་བྱུང་༽ཞེས་བཀའ་ལན་འདི་གནང་བ་ལས་ཡག་ཤོས་བྱུང་ན་གཞོན་སྐྱེས་སླེབས་ན་བསམ་བྱུང་ཞེས་རྩ་བ་ནས་གསུང་མིན་འདུག དེར་བརྟེན་༸གོང་ས་མཆོག་གི་བཀའ་སློབ་ལ་རང་འདོད་ལྟར་གཅོས་སྒྱུར་བཏང་སྟེ་ལོག་འགྲེལ་མ་བྱས་ན་བཟང་སྙམ། ངོ་མ་མི་དེ་ལ་གླེན་རྟགས་འདུག་དངོས་གནས་རྣམ་ཤེས་རྐུབ་ཀྱི་ནང་ལ་འཛུལ་ཡོད་ས་རེད།
བརྒྱ་བཤད་བསྟོང་བཤད་རུང་བརྩན་བྱོལ་སྤྱི་ཚོགས་ཁྲོད་དེང་རབ་ཤེས་ཡོན་ཐད་མཁས་དབང་བློ་བཟང་སེང་གེ་ལས་ལྷག་པ་ཞིག་སུ་ཡང་མེད་པ་དངོས་ཡོད་རེད་ལ། བོད་ཡིག་བོད་སྐད་ཐད་ནས་ཀྱང་བརྩན་བྱོལ་ཁྲོད་ཚར་ལོང་བྱུང་ཞིང་ཕྱི་རྒྱལ་ལ་བསློབ་སྦྱོང་བྱེད་མཁན་གཞན་དང་བསྡུར་ན་ངོ་མཚར་བསྐྱེ་དགོས་པ་ཞིག་རེད། དེས་ན་ཁོང་བཀའ་ཁྲིར་གདམ་པ་ནི་ནམ་ཡང་ནོར་མེད་པར་སེམས་ལ། གདམ་མཁན་ཡང་བརྩན་བྱོལ་ཁྲོད་ཀྱི་དགོན་བསྡེ་ཁག་དང་། བསློབ་གྲྭ་ཁག་སོགས་ཤེས་ཡོན་ཀྱི་སྡེ་ཁག་ནས་འོས་ཤོག་ཤུགས་ཆེར་ཐོབ་པ་འདིས་གདམ་སྟང་ནོར་མེད་པ་མཚོན་ནུས
དྲ་གྲོགས་བསྟན་བཤིག་ཕག་པ་ལགས་དངོས་གནས་འོན་བ་ངོ་མ་ཁྱེད་རེད་མི་འདུག
འོག་གི་མཆན་དེ་ཕྲན་གྱིས་ཁ་བརྡ་དྲ་རྒྱའི་ནང་བཤུས་པ་ཡིན།
ཕྲན་ཡང་ད་ལྟ་བློ་བཟང་སེང་གེ་བཀའ་ཁྲི་བྱ་རྒྱུར་མོས་འདུན་མེད།
ཨ་མའི་བུ་།
ཁྱེད་རང་ད་དུང་མོན་པའི་ནང་གི་འུག་པ་རང་རེད་།
ཉི་མའི་འོད་ཟེར་ཤར་བ་ན་། འུག་པའི་མིག་རྣམས་ལོང་བ་དང་།་ཧཧ་
ཁྱེད་ཡང་ཕྱོགས་རིས་ཅན་གྱིས་མི་ངན་ཞིག་ལས་བརྗོད་ག་ལ་དགོས་།
༼ མཁས་དབང་བློ་བཟང་སེང་གེ་མཆོག་༽
༡ ༽བོད་གཞིས་བྱེད་གཉིས་ཀའི་མ་འོང་བཀའ་ཁྲི་རེ་འདུན་བྱེད་ས་ནི་། བློ་སེང་་རང་ཡིན་པ་།
སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ལ་ལྟོས་དང་།
༢ ༽ད་དུང་གོང་༸ས་མཆོག་གིས་སྐབས་གཉིས་པའི་བཀའ་བློན་ཁྲི་པའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་བྱས་རྗེས་གསར་འགོད་པ་ཞིག་གི་དྲིས་ལེན་དུ་ངས་བཀའ་ཁྲི་གསར་པ་དེ་གཞོན་སྐྱེས་ཤེས་འཇོནཅན་ཞིག་ལ་རེ་བ་བྱས་ཀྱང་སྟབས་མ་ལེགས་པ་ཞིག་ལ་བླ་རྒན་མགོ་དཀར་དེ་ཡང་བསྐྱར་བདམས་འདུགས། ཅེས་བཀའ་ཁྲི་གསར་པ་དེ་གཞོན་སྐྱེས་ཤིག་ལ་ཐུགས་རེ་གནང་བ་ཁྱེད་ཀྱིས་ཤེས་མ་སོང་ངམ་།
མ་ཤེས་ན་ཤེས་འདོག་བྱེད་པ་ཧ་ཅང་སྐྱོ་།
ཕྱོགས་རིས་ཀྱིས་སྨྱོས་པའི་ཀླད་སྟོང་་་ཨ་མའི་བུ་ལགས་།།
ད་ནི་བཀའ་ཁྲི་རྩོད་རྒྱུའི་དུས་ཚོད་མིན་ལ་རང་ཉིད་བདེན་བདེན་དྲང་དྲང་འཚོལ་བའི་དུས་ཚོད་ཀྱང་དེ་བས་མིན། ད་ནི་འབྱུང་འགྱུར་གྱི་བཀའ་ཁྲིའི་ཕྱག་ལས་གནང་ཕྱོགས་ཐད་ནས་བོད་རྒྱའི་འབྲེལ་མོལ་ཁ་ཕྱོགས་གང་འདྲ་ཞིག་དང་། བོད་དོན་འཐབ་རྩོད་སེལ་ཕྱོགས་གང་འདྲ་ཞིག བོད་རང་དབང་ལས་འཕྲོས་ནས་ང་ཚོའི་འཐབ་རྩོད་ལ་ཕྱོགས་དགོས་པ་འདུག དེ་མིན་བློ་སེང་གི་འཇོན་ཐང་འཇོན་མིན་གླེང་རན་མ་རེད་ལ། རྩོད་རན་ནི་དེ་བས་ཀྱང་མ་རེད། འབྲི་མཁན་དང་མཆན། དོན་མ་བསམ་དགོས་ས་ནི་མི་རིགས་འདི་དང་འདི་རིག་གཞུང་། ལྷག་དོན་མགོན་པོ་གང་ཉིད་ཀྱི་སྐུ་ཕྱྭ་རེད།
བསམ་ཚུལ་མང་པོ་ཞིག་སྤེལ་འདུག་འོན་ཀྱང་དུས་ཚོད་ཀྱིས་རྐྱེན་བྱས་ཏེ་ཚང་མ་ཀློག་ཁོམ་མ་བྱུང་ཡང་། དོན་བསྡུས་ན་མ་འོང་བཀའ་ཁྲི་དེ་ཕྱོགས་གང་ཐད་ནས་ཡག་པོ་ཞིག་དགོས་བཤད་ཡོད་རེད ང་ལ་ནི་ད་ལྟ་སྔོན་འགྲོ་ནང་ཚུད་པའི་འོས་མི་ནང་དགོས་ངེས་ཀྱི་མི་ཞིག་མི་འདུག
༧༥༽ རྟ་བདུན་དབང་བོ་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༡ གི་ཆུ་ཚོད་ ༢༢ སྐར་མ་ ༡༦
ཁ་བརྡ་དྲ་རྒྱའི་ནང་ནས་དྲངས་པ།
http://www.khabdha.org/?p=13434&cpage=2#comment-41444
ཡང་ང་ཚོའི་སྒྱུ་ མའི་ཨོ་བྷ་མ་བློ་བཟང་སེང་གེས་བཀའ་ཁྲིའི་རྐུབ་སྟེགས་ཁོ་ནའི་ཆེད་ཀ་རྡོ་སྒང་ གསུམ་ཕྱིན་སྟེ་བོད་མི་དང་རྡ་སའི་བོད་མིར་དབར་ལ་ཕན་ཚུན་དཀྲུག་ཤིང་སྐད་ཆ་འགའ་ བཤད་ཀྱི་འདུག དཔེར་ན་རྡ་རམ་ས་ལའི་བོད་མིས་ཀ་རྡོ་སྒང་གསུམ་གྱི་བོད་མིར་༼ཏ་རེ་ཏོ་རེ་༽ཆོ་ མེད་རེད་ཞེས་བཤད་ཀྱི་ཡོད་ད་རེས་ཏ་རེ་ཏོ་རེ་བཤད་མཁན་ཞིག་བཀའ་ཁྲི་ལངས་ཡོད་ ཅེས་བཤད་སོང་། གུས་པ་རྡ་སར་ལོ་ངོ་བཅོ་ལྔ་ལྷག་ཙམ་མི་ཚེ་བསྐྱལ་བ་ཡིན་ཡིན་ནའང་ཀ་རྡོ་སྒང་ གསུམ་གྱི་བོད་མི་དེ་ཚོ་ཏ་རེ་ཏོ་རེ་རེད་ཞེས་པའི་སྐད་ཆ་ཞིག་རྣ་བར་རྩ་བ་ནས་ ཐོས་མྱོང་མེད། བློ་བཟང་སེང་གེའི་འོས་ཤོག་ཡོང་ཁུངས་ཁག་ནི་སློབ་མཐོ་སློབ་ཀྱི་གཞོན་ནུ་ཀླད་ སྟོང་པ་འགའ་དང་། ཕྱོགས་རིས་ཀྱིས་སྨྱོས་པའི་གདན་ས་ཁག་གི་གྲྭ་བཙུན་འགའ་དང་། དེ་མིན་ད་དུང་བླུན་པོ་ཆུ་གར་ཁྲིད་དང་རྒྱུ་དཔལ་འབྱོར་གྱིས་བླུས་པ་དག་ཡིན། དང་པོ་ནི། མཐོ་སློབ་ཀྱི་གཞོན་ནུ་རང་གཞུང་རྒྱུ་མངའ་མེད་པའི་ཀླད་སྟོང་བ་འགའ་ཨ་རིའི་ སྲིད་འཛིན་ཨོ་བྷ་མར་དབྱིངས་ཞུགས་པའི་སྐབས་དང་བསྟུན་ནས་བློ་བཟང་སེང་གེས་བོད་ ཀྱི་ཨོ་བྷ་མ་བྱེད་རྒྱུ་ཡིན་ཞེས་ལབ་དུས་ཁོང་ཚོས་བརྟགས་དཔྱད་སྤུ་ཙམ་ཡང་མེད་པར་ རང་གི་རིན་བྲལ་གྱི་འོས་དེ་ཆུས་ཟོད་དུ་བཏང་ཡོད། གཉིས་པ་ནི། བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེའི་བཀའ་༼༼བར་ལམ་ཞིག་ནས་ང་ལ་དེའི་ ཐོག་དམིགས་བསལ་གྱིས་ཚོར་སྣང་ཆེན་པོ་བྱུང་། ཉེ་ཆར་དབུས་སྤྱི་ཁྱབ་འོས་བསྡུ་ལྷན་ཁང་གིས་བཀའ་བློན་དང་སྤྱི་འཐུས་ཀྱི་འོས་ ཤོག་གསལ་བསྒྲགས་གནང་བ་རེད། དེའི་སྐབས་གདན་ས་ཁག་གིས་འོས་ཤོག་འཕེན་སྟངས་ཀྱི་འགྲོས་དེ་གོ་སོང་། དེའི་སྐབས་ཡ་མཚན་པོ་དང་ཧང་སང་དགོས་པ་བྱུང་། གྲྭ་པ་ཚོས་འདི་འདྲ་གནང་གི་ཡོད་པ་རེད་དམ། དེ་འདྲ་བྱས་པ་ཡིན་ན་ནམ་རྒྱུན་ང་ཚོས་གྲྭ་པས་ཆབ་སྲིད་ནང་ཆ་ཤས་ལེན་དགོས་པ་རེད་ ཅེས་བཤད་སྡོད་པ་དེ་ཆོས་སྲིད་ཟུང་འབྲེལ་ཆགས་ཀྱི་ཡོད་དང་། ཆོས་འགལ་རིང་ལུགས་ཤིག་ཆགས་འགྲོ་ཡི་ཡོད་པའི་ངེས་པ་མི་འདུག་སྙམ་པའི་ཞེད་སྣང་ འདྲ་བྱུང་སོང་། ངས་དེ་རིང་ནང་ཚགས་བྱས་ཏེ། ང་རང་ལ་ཚོར་སྣང་བྱུང་བ་དེ་ཞུས་པ་ཡིན་༽༽འདི་གསལ་བཤད་བྱེད་ཐུབ།
གསུམ་པ་ནི། ཁོ་བར་རྒྱབ་སྐྱོར་བྱེད་མཁན་དག་གིས་མ་གཞི་བློ་སེང་ལ་རྒྱལ་ཁ་ཐོབ་པ་ཡིན་ནའང་ སྒྱུར་བ་གང་ཡང་གཏོང་ཐུབ་ཀྱི་མ་རེད་ཕན་ཐོག་གང་ཡང་ཡོད་མ་རེད་ཡིན་ནའང་འདི་ང་ ཚོང་རེད་ཅེས་བཤད་ཀྱི་འདུག ད་དུང་རྒྱུ་བཏང་བའི་གནས་ཚུལ་འགའ་ཤས་འདུག ཡང་འགའ་རེ་བློ་སེང་ཡག་པོ་ཡོད་རེད་ཟེར་གྱི་འདུག་བྱས་ཙང་ངས་ཁོང་བླུགས་པ་ཡིན་ ཟེར་གྱི་འདུག
ད་བྱས་ན་ང་ཚོའི་འོས་ཤོག་འཕྲོག་བརླག་གཏོང་མི་ཉན།
དྲ་གྲོགས་ཁག་གཅིག་གིས་དགྱ་དམར་གུང་ཁྲན་ཏང་ལྟར་རང་གི་མི་དགའ་བ་རྒྱུ་མཚན་དུ་བྱས་ཏེ་གཞན་ལ་མཚན་དམོད་དང་སྒྲོ་སྐུར་བྱེད་ཀྱིན་འདུག་དེ་ནི་དངོས་ཡོད་ཀྱི་གནས་སྟངས་དང་རྒྱབ་འགལ་ལྟ་བུ་མངོན་གྱི་འདུག
ཕྲན་ཡང་སྐུ་དྲག་གམ་མི་དྲག་ཚོའི་བྱས་ཉེས་ལ་བསུན་སྣང་སྐྱེས་ཀྱི་ཡོད་ཡིད་ནའང་ང་ཚོས་གཡག་ཞ་རྭས་རྩ་བཟས་པ་ལྟར་བྱས་ཉེས་ཚང་མ་ཁོང་ཚོའི་མགོར་བཀལ་ན་ག་ལ་འགྲིགས། གཞུང་མང་གཉིས་ཀའི་ངོས་ནས་ཐུ་ཤོར་དུ་ཕྱིན་སྟེ་ད་ལྟའི་གནས་སྟངས་འདི་ཆགས་པ་རེད་སྙམ།
སྐུ་དྲག་གམ་མི་དྲག་ནང་ལ་ཡང་ཉམས་མྱོང་ཤེས་འཇོན་དང་ལྷག་བསམ་ལྡན་པའི་གང་ཟག་ཡང་མི་ཉུང་བ་ཞིག་ཡོད། དཔེར་ན། དཔའ་མཛངས་ཡ་རབས་ལྡན་པའི་སྲིད་ཚབ་ཀླུ་ཁང་པ་དང་བློ་བཟང་བཀྲིས་སོགས་བོད་རིགས་ཀྱི་དོན་དུ་ཁ་ཡོད་ལག་ཡོད་ཀྱིས་ལས་དོན་སྒྲུབ་མཁན་དེ་འདྲ་ཡང་ཡོད།
ཉེ་བའི་དུས་སུ་སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་སོགས་ཀྱི་མི་མང་གི་དོན་དུ་ཕྱག་ལས་མི་ཉུང་བ་བསྒྲུབས་ཡོད། དེར་བརྟེན་ང་ཚོས་རྒྱུག་པ་ལེབ་རྡུང་བྱེད་མི་ཉན་སྙམ།
ངས་བཀའ་ཁྲིའི་སྐོར་བཤད་བཤད་གཉིས་ཀྱི་མགོ་བོ་ན་སོང།
ཡིན་ནའང། དེ་ཡང་བཀའ་ཁྲིའི་སྐོར་དེ་ཅིག་བྲིོས་ཡོང་དུས་བསམ་ཙུལ་ཞིག་མ་བརྗོད་ན་བསྡད་ཐུབ་མ་སོང། མདོར་ན་་་་ད་བར་དུ་སྐུ་དྲགས་བོད་ལ་བདེ་སྐྱིད་བྱིན་མེད་ལ།
བོད་ལ་ཆིག་སྒྲིལ་ཡང་བྱས་མེད། མ་འོང་པ་ཡང་དེ་ཚོའི་རིགས་ཀྱིས་གང་
བྱེད་ཀྱི་མ་རེད། ངས་ད་བར་དུ་སྐུ་དྲགས་རིགས་ཀྱིས་ལས་སྟངས་བྱས་སྟངས་སོགས་དེབ་ཐེར་མང་པའི་ནང་དུ་མཐོང་མཐོང་གཉིས་ཀྱི་ཞེན་པ་གཏིང་ནས་ལོག་ཡོད།
དྲ་གྲོགས་རྣམས་ཀྱི་མ་འོངས་ཀྱི་དཀའ་ཁྲི་སྐོར་ལབ་གླེང་མང་པོ་བྱེད་འདུག་དངོས་གནས་ཡག་པོ་འདུག།རང་རང་
བཀའ་བློན་ཁྲི་པ་ཡིན་ན་ཉམས་མྱོང་དང་། ཤེས་ཡོན། ལྷག་བསམ། འཇོན་ཐང་བཅས་བཞི་པོ་མེད་དུ་མི་རུང་བ་ཞིག་རེད་སྙམ།
གལ་ཆེ་རིམ་གྱི་བང་འགྲིགས་པ་ཡིན།
དང་པོ།
ཉམས་མྱོང་མེད་ན་ཤེས་འཇོན་ལྷག་གསུམ་ལྡན་ན་ཡང་ལས་ཀ་ཚག་ཚུགས་པོ་ཞིག་བྱེད་ཐུབ་ཀྱི་མ་རེད། དཔེར་ན་ཨ་རིའི་སྲིད་འཛིན་ཨོ་བྷ་མ་ལྟ་བུ་ཤེས་འཇོན་ལྷག་གསུམ་ལྡན་ཡོད་ན་གཞུང་ལ་འཛིན་སྐྱོང་གི་ཉམས་མྱོང་ཆུང་ངུ་ལས་མེད་པའི་རྐྱེན་གྱིས་མང་གཙོ་ཚོགས་པའི་ཉམས་མྱོང་ཤེས་འཇོན་ལྡན་པའི་གང་ཟག་དག་གིས་
ངལ་བས་བསྐྲུན་པའི་གཟི་བརྗིད་དེ་ད་ཆ་ཉམ་ཉེས་སུ་ཕྱིན་ཏེ་མང་གཙོ་ཚོགས་པའི་རྐུབ་སྟེགས་མང་བོ་ཞིག་ཀྱང་སྤྱི་མཐུན་ཚོགས་པར་ཤོར་ཡོད།
གཉིས་པ། ཤེས་ཡོན་མེད་ན་དུས་རབས་ཉེར་གཅིག་པ་དེ་ཆ་འཕྲིན་སོགས་ཀྱིས་དུས་རབས་ཡིན་པས་དུས་རབས་དང་མཐུན་པའི་ལས་ཀ་གང་ཡང་བྱེད་མི་ཐུབ་པ་མ་ཟད་ཀུན་གྱིས་འཕྱ་དམོད་དང་གཞན་གྱི་མགོ་སྐོར་འོག་ཏུ་ཡང་ཚུད་པ་ལས་སླ། དཔེར་ན་ཉེ་ས་རྒྱ་གར་གྱི་སྲིད་བློན་ནི་རུའི་མགོ་སྐོར་འོག་དང་རིང་ས་མན་ཇུས་ལ་སོགས་པའི་
གཡོ་ཇུས་འོག་མགོ་སྐོར་ཐེངས་མང་ཐེབས་མྱོང་ཡོད།
གསུམ་པ། ལྷག་བསམ་མེད་ན་ལས་རིགས་མང་བོ་ཞིག་ལ་རང་བཞིན་གྱིས་ཐུ་ཤོར་དུ་སོང་སྟེ་ལས་རིགས་མང་བོ་ཞིག་ལ་གྲུབ་འབྲས་ཐོབ་ཐུབ་ཀྱི་མེད། དཔེར་ན་ཤེས་རིག་ལས་བྱེད་རྣམ་པས་རང་གི་རིག་གཞུང་ལ་དང་གཙང་ལྷད་མེད་
ཀྱི་ལྷག་བསམ་མེད་ཙང་ལོ་ངོ་ལྔ་བཅུའི་ནང་རང་གི་རིག་གཞུང་ཐོབ་ནས་གྲུབ་འབྲས་ཐོབ་པའི་གང་ཟག་ཉིན་མོའི་སྐར་མ་ལྟ་བུ་རེད། ཁོང་ཚོས་དགེ་རྒན་བསྡུ་དུས་གང་ཟག་དེའི་ཤེས་ཚད་དང་ཉམས་མྱོང་ལ་མི་ལྟ་བར་
ལག་ཁྱེར་སྐམ་པོ་ཞིག་ཁྱེར་རྒྱུ་ཡོད་མེད་ལ་ལྟ་ཡི་ཡོད། བྱས་ཙང་ད་ལྟ་བཙན་བྱོལ་སློབ་མའི་བོད་ཡིག་གི་གནས་ཚད་ཐབས་སྐྱོ་བ་འདི་ཆགས་པ་རེད།
བཞི་བ། འཇོན་ཐང་མེད་ན་རང་གཞུང་གི་ལས་བྱེད་ཀྱི་ཟླ་ཕོག་ལ་སོགས་པ་དུས་ཐོག་སྤྲོད་མི་ཐུབ་པ་སོགས་ཀྱི་དཀའ་ངལ་མང་བོ་ཞིག་ཕྲད་རྒྱུ་ཉག་གཅིག་རེད། དེར་བརྟེན་སྡེ་ཚན་ཁག་གི་ལས་ཀ་ཉི་མ་གང་འཁྱོལ་ལྟ་བུ་ཆགས་ཉེན་ཡོད།
དཔེར་ན་བལ་ཡུལ་ལྟ་བུ་གཞུང་གི་ནང་ལ་ཚགས་ཚུགས་པོ་མེད་པའི་རྐྱེན་གྱིས་ཡར་རྒྱས་གང་ཡང་འགྲོ་ཐུབ་མེད།
ན་ནིངས་ཀྱི་བལ་ཡུལ་གང་ཡིན་པ་དེ་ད་ལོ་ཡང་དེ་རང་རེད།
ངས་ནི་ཐད་ཀར་དུ་བཀྲས་མཐོང་ལགས་འོས་ཞེས་བརྗོད་རྒྱུ་ཡིན་ལ། རྒྱུ་མཚན་སོགས་མང་པོ་འདྲེན་དགོས་ཚེ་ཁོང་གི་ལོ་རྒྱུས་ཤིག་ཟུར་དུ་བྲིས་ན་མ་གཏོགས་མཆན་ཞིག་བཞག་ཙམ་གྱིས་ཡོང་ཐབས་མེད་འདུག མི་མང་གིས་བློ་བཟང་སེང་གེ་དང་བཀྲས་མཐོང་གཉིས་ལོ་རྒྱུས་ཉམས་ཞིབ་བྱེད་རྒྱུ་ཤིན་ཏུ་གལ། མི་མང་པོ་ཞིག་གིས་ཧ་ཝར་སློབ་ཆེན་མཐར་ཕྱིན་པ་གཅིག་པུ་རྒྱུ་མཚན་དུ་བྱས་ན་བློ་བཟང་སེང་གེ་ལ་འོས་འཕེན་གྱི་འདུག་པ་ནི་གོ་རྟོགས་མ་འདང་བ་རང་རེད།
སྤྱིར་བཏང་ངོས་རང་མ་འོངས་བཀའ་ཁྲི་དེ་བློ་བཟང་སེང་གེ་ལ་བླུགས་རྒྱུ་མིན་ གང་ཡིན་ཟེར་ན་ ཁོང་ནི་དུས་ལ་མ་བབས་པར་མཐོང་ ཁོང་ནི་སྒོ་དྲུག་བསྐལ་བཟང་ཕུན་ཚོགས་དང་འདྲ་བར་གཞོན་སྐྱེས་ཀྱི་མི་རབས་ཡིན་པས་ཐོག་མར་སྤྱི་འཐུས་ནང་ལ་སྤྱི་འཐུས་ལས་དུས་ལོ་ཡུན་ལྔ་རིང་ཉམས་མྱོང་བསག་དགོས་པར་མཐོང་ བྱས་ཙང་དབུས་གཙང་ཆོལ་ཁའི་མི་མང་གིས་སྒོ་དྲུག་པ་བཀའ་ཁྲིའི་འོས་མིར་མ་བསྐོས་པར་སྤྱི་འཐུསཀྱི་འོས་མིར་བསྐོས་པ་དེ་འོས་ཤིང་འཚམས་པར་མཐོང་ ཐུགས་རྗེ་ཆེ་ཞུ་རྒྱུ་ བློ་བཟང་སེང་གེ་ལྟ་བུ་ནི་མ་འོངས་བཀའ་ཁྲི་སྐབས་ལྔ་པའམ་དྲུག་པ་ཅིག་ཏུ་བསྐོ་དགོས་པ་ལས་ད་ལྟ་འོས་ཤིང་མི་འཚམས་ འདི་ནི་ངོས་རང་གི་བསམ་ཚུལ་དང་ལང་ཕྱོགས་ཡིན་
དྲ་གྲོགས་ཨ་འཇམ་ལགས།
ཁྱེད་ཀྱི་དཔྱད་སྟོབས་ལ་ཁོ་བ་དགའ་བྱུང་། ཡག་པོ་བྲིས་འདུག འདི་བློ་སེང་ལ་འོས་ཐོབ་པ་ནི་ངོ་མ་ཧར་ཝཊ་མཐོ་སློབ་ལ་འོས་བླུག་པ་འདྲ་ཞིག་མཐོང་གི་འདུག་ཀྱང་ངས་ཀྱང་ཁོང་ཉིད་ལ་འོས་འཕེན་རྒྱུ་ཡིན།
དྲ་གྲོགས་ཨ་འཇམ་ལགས་།
རྒྱ་བཤད་སྟོངས་བཤད་གང་བཤད་ཀྱང་། མཁས་དབང་བློ་བཟང་སེང་གེ་མཆོག་ནི་གཞིས་བྱེད་གཉིས་ཀའི་། མ་འོང་བཀའ་ཁྲི་དངོས་ཁོང་ཡིན་། མ་ཚད་ཡང་གོང་ས་མཆོག་གིས་གཞོན་སྐྱེས་ཞིག་ལ་ཐུགས་རེ་གནང་བ་ཡང་དེ་ཡིན་།
གང་ལྟར་བསམ་ཚུལ་ནི་བསམ་ཚུལ་རང་རེད
འོན་ཀྱང་ཡག་པོ་གསུངས་འདུག ང་ཚོིའི་སྐྱོན་ཆེ་ཤོས་ཤིག་ནི་རི་བོང་བསྐྱར་འགྲོག་བྱེད་རྒྱུ་མང་འགྲོ་གིན་འདུག
བཀའ་ཁྲི་ལང་གིན་ཡིན་གསུངས་མཁན་འགའ་རེའི་ང་ཚོའི་དབུ་ཁྲིད་དང་གཞུང་གིས་མི་ལོ་ལྔ་བཅུ་ལ་བྱས་མ་ཐུབ་པ་བྱེད་རྒྱུ་དང་སྒྲུབས་རྒྱུ་ཡིན་ཞེས་སྔ་ཕྱི་ལ་མི་ལྟ་བར་རང་ཉིད་ཀྱི་བསྒྲུབས་བྱ་བསྒྲུབ་གིན་འདུག
ངོ་བཤད་ན་དེ་འདྲ་མ་རེད་དམ
༸རྒྱལ་བ་རིན་པོ་ཆེར་ཆབ་སྲིད་ཀྱི་ཐུགས་འགན་བཞེས་རོགས་གནང་ཞུས་པ་
ལྟར་འབྱུང་འགྱུར་བཀའ་བློན་ཁྲི་པ་དེ་ཡང་༸གོང་ས་མཆོག་ལ་ཁ་ཞེ་གཉྀས་
ཐོག་ནས་རྩེ་གཅིག་གིས་རྒྱབ་སྐྱོར་དང་དབུ་འོག་དཔུང་འདེགས་གནང་མཁན་
ཞིག་འཚོལ་སྒྲུག་གིས་འོས་འཕེན་གནང་རོགས་གནང།། །།
ཨ་འཇམ་ལགས།
ཁྱེད་ཀྱིས་སེམས་འཁྲེལ་དེ་ནི་་་་མཁས་དབང་བློ་བཟང་སེངྒ་་་་་ལགས་ཀྱི་སྐོར་ལ་
བྱུང་འདུག། དེ་ནི་མཁས་དབང་ཁོང་ལ་་ཐབས་ལམ་གསར་པ་མི་འདུག་ཅེས་པ་དེ་རེད།
དེ་ཡིན་ན། ཁོང་དང་མཉམ་དུ་འོས་ཤོག་གི་འགྲན་རྩོད་ནང་དུ་ཞུགས་མཁན་
དག་སུ་ལ་ཐབས་ལམ་གསར་པ་དང། རྣམ་དཔྱྱོད་མ་འདྲ་དེ་འདྲ་ཞིག་འདུག་གམ། ཡོད་ན་མི་དེ་ཁྱེད་ཀྱིས་གསལ་སྟོན་བྱེད་ན་དངོས་གཞིའི་འོས་བསྡུའི་སྐབས་སུ་མི་མང་ལ་གོ་རྟོགས་འབྱུང་རྒྱུའི་དགེ་མཚན་ཆེ་བའས་ངེས་པར་དུ་གསལ་སྟོན་བྱེད་རོགས།
ཡང་ཁྱེད་ཀྱིས་མཁས་དབང་ཁོངགིས་བོད་ཡིག་ཡག་པོ་ཤེས་ཀྱི་མི་འདུག་ཅེས་བརྗོད་འདུག། ཁོང་བཀའ་ཤག་ཏུ་ཆབ་སྲིད་ཀྱི་ལས་དོན་བྱེད་ཐུབ་མཁན་ཞིག་དགོས་པ་ལས། སློབ་གྲ་ཁག་ཏུ་བོད་ཡིག་དགེ་རྒན་བྱེད་ཐུབ་མཁན་ཞིག་དགོས་མིན་དེ་མ་རེད།
སྤྱི་ཁོང་གིས་ཕོ་ས་ཡིན་ཟེར་མཁན་སུ་དང། མཉམ་དུ་བཤད་གཏམ་དང། བགྲོ་གླེང་སོགས་གང་བྱེད་དགོས་ཀྱང་ཁོང་གིས་བོད་སྐད་གཙང་མའི་སྨྲ་ལྕེ་བདེ་མོ་དེས་ཡིད་དབང་མི་འཕྲོག་མཁན་སུ་ཡང་བྱུང་མེད།
མདོར་ན། མི་རེ་འགས་འགྲེལ་བཤད་ཇི་ཙམ་རྒྱབ་ཀྱང་་་་མཁས་དབང་་་་་ཁོང་ལ་སྐྱོན་ག་རེ་ཡོད་མེད་དེ་ནི་་སྔོན་འགྲོའི་བསྡུའི་ཁྲོད་དུ། ཆོལ་གསུམ་བོད་མི་མང་གིས་གསལ་བཤད་བྱས་ཟིན་པ་ཞིག་རེད།
མ་འོངས་བའི་བཙན་བྱོལ་བོད་གཞུང་གི་བཀའ་ཁྲི་ནི་ཕྱི་ནང་གི་ཆབ་དཔལ་རིག་གསུམ་ལ་ནང་བྱན་ཚུད་པའི་སྐྱེས་མཆོག་བློ་བཟང་སེང་གེ་རེད། སུ་ལ་དོགས་པ་ཡོད་དམ། ཁོང་ནི་མཁས་བཙུན་བཟང་གསུམ་འཛོམས་པའི་སེར་མོ་བའི་སྐྱབས་བཅོལ་ས་དང། ཤེས་རྒྱ་དང་མཐོང་རྒྱ་མཁའ་ལྟར་ཡངས་བ། ལྷག་པར་དུ་བོད་རྒྱ་བར་གྱི་དཀའ་རྙོག་སེལ་བ་ལ་བློ་མིག་ཤིན་ཏུ་གསལ་བའི་བཙན་བྱོལ་བའི་གཞོན་སྐྱེས་ཁག་གིས་རྣམ་འདྲེན་བཞིན་བཀུར་ས་ལགས།
ང་ཁྱོད་ཚོའི་ཉེ་སར་བཅར་ནས་ཉན་གྱིན་ཡོད་ལ། མཐོ་ས་བུད་དེ་ལྟ་བཞིན་ཡོད།
ང་ཚོའི་སྤྱི་ཚོགས་འདི་ཤེས་ལྡན་གྱི་ངོ་བོ་གྲུབ་མེད་ཀྱང་སྔོན་དང་མི་འདྲ་བ་མི་ཡི་བཀོད་བཅོས་འོག་མི་འདྲ་བ་ནི་སྔོན་འགྲོ་འོས་གཞི་ནས་གསལ་བོ་ཞིག་མཐོང་གི་ཡ། ཁྱེད་ཀྱི་བསམ་ཚུལ་ཡག་པོ་ཞིག་བྲིས་འདུག་ང་དགའ་པོ་བྱུང་།
རྗེས་ལོར་བཀའ་བློན་ཁྲི་པ་མཁས་བློ་བཟང་སིང་གེ་ལ་རེ་བ་འདུག་སྙམ་། གང་ལྟར་རྒྱ་ཆེ་མི་དམངས་ནས་རེ་བ་ཆེན་པོ་བྱེད་དུས་དེ་བཞིན་གང་ཉིད་ནས་གཏམ་སྙན་གསུངས་མང་པོ་གོས་ཐོས་བཞིན་ལག་ལེན་འཁེལ་བ་ལ་བར་ཆད་མེད་པ་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ་།།
ཨ་འཇམ་གྱིས་བཤད་པ་དེ་ཙམ་སྣང་བ་འགྲོ་སོང་། འོན་ཀྱང་སང་ལོའི་བཀའ་ཁྲི་བློ་བཟང་སེང་གེ་རེད་ཅེས་བའི་ཐག་བཅད་པ་དེ་མི་འོས་བ་ཞིག་རེད། དེ་ནི་སྤྱི་ཚོགས་ནང་དུ་ཚ་ཚ་འུར་འུར་ཆེ་བས་ཚིག་གི་བདག་བོས་ཚིག་སུ་བཅད་ནང་བཞིན་བརྗོད་ན་ཧ་ཅང་ཐལ་དྲག་ཆེ་བས་གནས་སྐབས་བཏང་སྙོམས་སུ་བཞག་ན་མཛེས་པར་སྣང་ངོ་།
གྲོགས་པོ་ཁྱོད་ཀྱིས་གང་ཞིག་བཤད་འདོད་པ་ཡིན་ནམ་དང་ཐོག་རྩོམ་བྱང་དེ་ཐེང་ཞིག་ཀློག་སྐབས་བཀའ་ཁྲི་སུ་ཡིན་ཐག་ཆོད་མེད་པ་ལྟ་བུ་སྣང་ཡང་རྩོམ་དངོས་ལ་ལྟ་སྐབས་བློ་བཟང་སེང་གེ་ཡིན་པ་ཐག་གི་བཅད་འདུག་པའི་ནང་འགལ་ལྟ་བུ་སྣང་བ་ཞིག་ངང་གིས་ཤར་ཡོང།
གདན་ས་ཁག་གི་རྒྱབ་སྐྱོར་ནི་ཆབ་སྲིད་པ་གཅིག་ལ་མཚོན་ན་མེད་དུ་མི་རུང་བ་ཞིག་ཡིན་པ་བོད་སྤྱི་ཚོགས་རྙིང་པའི་སྐབས་སུ་ནས་ཡོད་པ་དང་འབྱུང་འགྱུར་ལ་ཡང་དེ་ལྟར་གནས་རྒྱུ་ཡིན་པ་དེ་བློ་བཟང་སེང་གེ་ཡིས་ཤེས་ཡོད་ ཡིན་ན་ཡང་དེ་བཀྲིས་མཐོང་གིས་མ་ཤེས་པའམ་ ཡང་ན་བཀྲིས་མཐོང་གིས་འོས་ཤོག་རག་ཐབས་ཀྱི་ལས་འགུལ་ལམ་གཏམ་བཤད་ཅིག་གདན་ས་ཁག་ནང་ལ་སྤེན་བ་ཡིན་ན་ཡང་རྒྱབ་སྐྱོར་རག་གི་མེད་པ་ཤེས་པ་གང་ཡིན་ཤེས་ཚོད་ཐིག་མ་སོང་ གང་ལྟར་བློ་བཟང་སེང་གེའི་མིང་དེ་གདན་ས་ཁག་ནང་དངོས་ཤུགས་བརྒྱུད་གསུམ་ནས་ཁྱབ་བསྒྲགས་བྱེད་མཁན་ཤིན་ཏུ་མང་ འདིའི་རྒྱུ་མཚན་གང་གི་ཡིན་པ་བཤད་མི་ཤེས་ཐལ་
གལ་སྲིད་སང་ལོའི་བཀའ་ཁྲི་གསར་པ་བློ་བཟང་སེང་གེ་སླེབས་པ་ཡིན་ན་ཁོང་གི་གསར་གཏོད་ནི་གཅིག་སྒྲིལ་དང་རང་མགོ་རང་སྟོན་ཕོ་མོ་དབྱེ་མེད་བཅས་གསུམ་རེད།
ཁོང་གི་བསམ་དོན་ལྷུན་གྱི་འགྲུབ་ནས་བོད་དོན་བདེན་མཐའ་མྱུར་དུ་གསལ་བ་ཤོག མི་རབས་གསར་པ་ཡི་བཀའ་ཁྲི་བློ་བཟང་སེང་གེ་དང་ཉིས་སྟོང་བཅུ་གཉིས་ལོ་རྒྱ་ནག་གི་སྲིད་འཛིན་གསར་པ་ཞེན་ཅིང་ཕན་གཉིས་མེ་དང་ཆུ་ལྟ་བུར་མིན་པ་བུ་ལ་མ་ཡིས་གཅེས་སྐྱོངས་ལྟར་ཞི་འཇམ་ཐོག་ནས་བོད་ཀྱི་རྩ་དོན་དེ་མྱུར་ནས་མྱུར་དུ་སེལ་བ་ཤོག
མང་གཙོའི་འཕེལ་རིམ་དང་སྟབས་བསྟུན་ཏེ་སྨྲ་བརྗོད་རང་དབང་གི་གར་སྟེགས་སུ་ཁྱེད་ཀྱིས་སྐད་ཆ་འགའ་ཞིག་ངའི་ཀླད་པར་མི་ཤོང་པར་སེམས་ཀྱི་ན་ཟུག་ཇེ་ཆེ་རུ་སོང་། ང་ཚོས་བཀའ་བློན་ཁྲི་པ་གླེང་ཞོར་དུ་བོད་ཀྱི་སྤྱི་ཚོགས་དང་འཛམ་གླིང་རྒྱལ་སྤྱིའི་འཕོ་འགྱུར་དང་བསྟུན་དགོས་ཤིང་། བཀའ་ཁྲི་སྟག་འདྲ་བ་ཞིག་བཙན་བྱོལ་སྤྱི་ཚོགས་ཀྱི་བཀའ་ཤག་གི་གར་སྟེགས་སུ་སླེབས་རུང་། བོད་མི་ཤེས་ཡོན་ཅན་གཤོག་པ་གཉིས་ལྡན་ཁྱུ་གཅིག་ཁུ་བྱུག་མོན་ལ་ཕྱིར་ལོག་པ་བཞིན་ཕྱི་རྒྱལ་ལུང་པ་ག་གེ་མོར་ཡང་ན་ཆུ་ནང་རྡོ་གཡུག་པ་སྣང་བཞིན་རེད། གཉིས་ནས་འཛམ་གླིང་ཧྲིལ་པོ་དཔལ་འབྱོར་གྱི་འགྲན་རྩོད་ཁྲོད་ནས་ང་ཚོས་ནམ་རྒྱུན་ནས་བཤད་སྲོལ་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་ཀྱི་རང་དབང་། ཆོས་ལུགས་སོགས་ཀྱི་རང་དབང་མེད་པས་ཕྱིར་རང་དབང་སྤྲོད་རོགས། རྒྱབ་སྐྱོར་བྱེད་རོགས་ཟེར་བ་སོགས་ནི་སྦལ་པས་ཁྲོན་པ་ནང་སྐད་རྒྱག་པ་ལྟ་བུར་འགྱུར་བཞིན་ཡོད་ལ། དེར་བརྟེན་འབྱུང་འགྱུར་དུ་བཀའ་བློན་ཁྲི་པ་གསར་པ་སུ་འདྲ་ཞིག་སླེབས་རུང་ད་ལྟའི་བཙན་བྱོལ་སྤྱི་ཚོགས་ཀྱི་སྒྲོམ་གཞིར་འགྱུར་བ་འགྲོ་མི་སྲིད་པ་དང་། བཙན་བྱོལ་ནང་གནས་པའི་བོད་མི་ཚོའི་འཚོ་བའི་གནས་བབ་ཁོ་ནར་དམིགས་དགོས་པའི་དུས་རབས་ཤིག་གི་བཀའ་ཁྲིའི་ལས་འགན་འདི་ལྟར་རྫོགས་རྒྱུ་རེད།