དངོས་པོ་ཞིག་ཡིན་ན
ཁྱེད་ཀྱི་གམ་ནས་སྐྱུར་ནས་ཡོང་སྲིད་ཀྱང་
ཅ་དངོས་ལས་ཀྱང་ལྷག་པའི་དངོས་པོ་རྩ་ཆེན་པོ་ཞིག
ཉིན་དེ་ནས ག་རོག་གེར་ཁྱེད་རང་གི་གམ་ནས
ངས་མཚམས་རེར ཐག་རིང་ས་ཞིག་ནས
སྐད་ཤུགས་ཡོད་ཚད་ཀྱིས ཁྱེད་ཀྱི་མིང་ནས་བོས
དུར་ས་ཞིག་སྔ་ནས་འཚོལ་འདོད་ཆེ་ན་ཡང་
རོ་སྒམ་སྔས་སྟེང་དུ་འཇོག་པའི་བྱེད་ལུགས་དེས
ང་ལ་རང་གི་སྲོལ་རྒྱུན་གྱི་དར་ཐག་སྲ་མོ་ཞིག་གིས
གཏན་ནས་མ་བཏང་ ག་ལེར་ག་ལེར
ངས་རང་གི་མེས་པོ་ཞིག་གི་དུར་ཁྲོད་རྙེད
བྱ་རྒོད་མང་བོ་མཁའ་ནས་འགྱིང་
རི་སྤྱང་མང་བོ་མཐའ་ན་འཁོར
གང་ལྟར ང་ནི་དུར་ས་སྲུང་མཁན་ཙམ་ཡང་མ་ཉན་ན
དངོས་ནས་རང་གིས་རང་ལ་ཉེས་པ་བཟོས་པ་རེད
ཁ་ལག་གཉིས་ཀྱི་བར་རོལ་ན
ང་དུག་གི་བཟི་བའི་འཕྲེང་སྐོག་ཟད་པོ་ཞིག་གིས
རྨི་ལམ་མང་བོ་ཞིག་གི་རྒྱབ་ལྗོངས་སྤྲིན་པའི་གཡོག་ནས
རླུང་བུ་གདུག་རྩུབ་ཆེ་དྲགས་པས
གཞི་ནས་མེ་ཏོག་སྐྱེ་ཡུལ་གྱི་ས་གཞི་དེར
ད་གཟོད་གཏན་ནས་ཡིད་ཆེས་བྱེད་ས་མེད་པར་གྱུར
གདངས་གསར་བ་ཞིག་དང་
འགྱུར་འགྲོས་གསར་བ་ཞིག
དུས་ཚོད་གསར་བ་ཞིག
གོ་སྐབས་གསར་བ་ཞིག
སྟོང་འདང་གསར་བ་ཞིག
རྨི་ལམ་གསར་བ་ཞིག
རེ་བ་གསར་བ་ཞིག
དེ་དག་གི་བསླུས་པའི་ངའི་རིགས་འདི
གནའ་བོའི་བཞག་པའི་རོལ་དབྱངས་ཀྱི་ཕྱོ་རོལ་དུ་ལུས
དེ་ནས་བཟུང་ ང་ཁོང་ཚོས་སྐྱུར་སོང་





![Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]](https://tibettimes.net/wp-content/uploads/2026/05/Screen-Shot-2026-05-14-at-5.25.22-PM-360x180.png)