མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༸གོང་ས་མཆོག་འབྲས་ལྗོངས་སུ་ཕེབས་འཆར།

བོད་ཀྱི་དུས་བབ།
༢༠༡༠/༡༡/༣༠
Share on FacebookShare on TwitterShare on EmailShare on Whatsapp

 

བོད་གཞུང་དྲ་རྒྱའི་སྟེང་གནས་ཚུལ་སྤེལ་བ་ལྟར་ན། འབྲས་ལྗོངས་མངའ་སྡེ་གཞུང་གིས་གདན་ཞུ་གནང་བ་ལྟར། ཟླ་འདིའི་ཕྱི་ཚེས་ ༡༢ ནས་ ༢༤ བར་བར་གྱིན་ཉིན་གྲངས་བཅུ་གཉིས་རིང་༸གོང་ས་མཆོག་རྒྱ་གར་བྱང་ཤར་ཀ་བློན་སྦུག་དང་རྡོ་རྗེ་གླིང་། སྒང་ཏོག། ར་ཝང་ལ། ས་ལུ་ག་ར།  ར་བོང་བཅས་ས་ཁུལ་ཁག་ཅིག་ཏུ་ཆིབས་བསྒྱུར་གྱིས་ཆོས་འབྲེལ་གྱི་མཛད་འཕྲིན་བསྐྱང་འཆར་ཡོད་འདུག 

ཕྱི་ཚེས་ ༡༢ ཉིན་གྱི་ཀ་བློན་སྦུག་གི་མཛད་འཕྲིན་གྱི་ཐོག་མར་ ༢༠༠༥ ལོ་གསར་བཞེངས་བྱས་པའི་དགའ་ལྡན་ཐར་པ་ཆོས་གླིང་གི་གཙུག་ལག་ཁང་ལེགས་གྲུབ་རབ་གནས་གནང་རྒྱུ་དང་། ཕྱི་ཚེས་ ༡༣ ཉིན་ཀ་སྦུག་སེར་སྐྱ་མང་ཚོགས་ལ་ཚེ་དབང་དང་སེར་སྐྱ་མང་ཚོགས་ཀྱིས་བརྟན་བཞུགས་བསྟར་འབུལ། ཕྱི་ཚེས་ ༡༤ ཉིན་ཀ་སྦུག་ས་གནས་འགོ་འཛིན་གྱིས་ལས་བསྡོམས་སྙན་སྒྲོན་ས་གནས་མང་ཚོགས་ལ་བཀའ་སློབ་བཅས་ཡོད་འདུག

ཕྱི་ཚེས་ ༡༥ ཉིན་སྒང་ཏོག་ཏུ་ཆིབས་བསྒྱུར་གྱིས། རྙིང་མའི་གནས་ཆེན་པདྨ་དབྱངས་རྩེ་དང་བཀྲ་ཤིས་སྟེང་ཞེས་པའི་གནས་ཆེན་ཁག་ཏུ་གནས་གཟིགས་དང་། ཚེས་ ༡༦ ནས་ ༡༧ བར་བཀྲ་ཤིས་སྟེང་དུ་སྐུ་མཚམས་བཞུགས་རྒྱུ། ཚེས་ ༡༨ སྔ་དྲོ་ར་ཝང་ལར་ཆིབས་བསྒྱུར་གྱིས་ས་སྐྱ་གནས་ལུང་དགོན་པ་དང་ར་ཝང་ལའི་མ་དགོན་ཐུབ་བསྟན་དར་རྒྱས་གླིང་དུ་མང་ཚོགས་ལ་བཀའ་སློབ་དང་། འབྲས་ལྗོངས་མངའ་གཞུང་གིས་གསར་བཞེངས་བྱས་པའི་ཕི་ཊི་ ༡༣༥ ཡོད་པའི་སྟོན་པའི་སྐུ་བརྙན་ལ་རབ་གནས་གནང་རྒྱུ་ཡིན་འདུག 

ཕྱི་ཚེས་ ༡༩ ཉིན་སྒང་ཏོག་ཏུ་ཆིབས་བསྒྱུར་གྱིས་རྣམ་མཁྱེན་བོད་ཀྱི་ཤེས་རིག་ཉམས་ཞིབ་ཁང་དུ་ནང་ཆོས་དང་ཚན་རིག་གི་བགྲོ་གླེང་ཚོགས་འདུ་ཞིག་དབུ་འབྱེད་དང་། ཚེས་ ༢༡ དང་ ༢༢ བར་སེར་སྐྱ་མང་ཚོགས་ལ་བྱང་ཆུབ་སེམས་འགྲེལ་གྱི་ཆོས་འབྲེལ་དང་ཚེ་དབང་གནང་འཆར་ཡོད་པ་དང་། ཡུལ་དེའི་མཛད་འཕྲིན་གྲུབ་རྗེས་ནུབ་སྦེང་སྒལ་མངའ་སྡེའི་གྲོང་ཁྱེར་ས་ལུ་ག་རའི་ནང་ཆིབས་སྒྱུར་གྱིས་སྲས་བརྒྱུད་དགོན་པའི་ནང་སྤྱན་རས་གཟིགས་ཀྱི་བཀའ་དབང་བཅས་ཀྱི་མཛད་འཕྲིན་བསྐྱང་འཆར་ཡོད་འདུག

གསར་འགོད་པ་དོན་གོས་བསྡུ་སྒྲིག་བྱས།

འབྲེལ་ཡོད་གསར་འགྱུར།

ཟི་ལིང་གྲོང་ཁྱེར་དུ་མཚོ་སྔོན་ཞིང་ཆེན་རྒྱལ་ཕྱིའི་བོད་རིགས་སྤུན་ཟླའི་སྣེ་ལེན་ས་ཚིགས་ཟེར་བ་ཞིག་གསར་འཛུགས་བྱས་འདུག དྲ་ལམ་གྱི་པར།
Mobile App

ཟི་ལིང་གྲོང་ཁྱེར་དུ་རྒྱལ་ཕྱིའི་བོད་རིགས་སྤུན་ཟླའི་སྣེ་ལེན་ས་ཚིགས་ཟེར་བ་ཞིག་གསར་འཛུགས་བྱས་འདུག 

ཆུ་ཚོད་ ༡༩ སྔོན་ལ།
Mobile App

དྷ་རམ་ས་ལ་ནས་སྐྱེ་འཚར་བྱུང་བའི་བོད་པའི་བུ་མོ་ཞིག་འཛམ་གླིང་གི་ཤུགས་རྐྱེན་ཆེས་ཆེ་བའི་མི་སྣ་བརྒྱའི་ཁོངས་སུ་བདམས་དོན་ཅི་ཡིན་ནམ།

ཆུ་ཚོད་ ༢༠ སྔོན་ལ།
པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

དབྱིན་ཇིའི་རྩོམ་པ་པོ་ཨེམ་ཇོན་ཧེ་རི་སོན་ལ་ཕྱི་ལོ་ ༢༠༢༦ ལོའི་བྷུ་ཁུར་རྩོམ་རིག་གཟེངས་རྟགས་ཐོབ།

༢༠༢༦/༡༡/༡༠
ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་སེའེ་ཊབ་ཀེ་སར་ལོ་འཁོར་བོད་རིག་པའི་ཚོགས་འདུ་ཞིག་འཚོག་མུས་ཡིན་འདུག པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༦།༡༡།༩
Mobile App

དུས་རབས་ ༡༣ ནས་ ༡༤ བར་གྱི་བོད་ཀྱི་ཆོས་སྲིད་རིག་གནས་ཀྱི་ཚོགས་འདུ་ཞིག་དབུ་བཙུགས།

༢༠༢༦/༡༡/༠༩
(L-R) Dylan Douglas, Michael Douglas and Carys Zeta Douglas attend the Tibet House US Art of Freedom Gala 2026 in New York City. (Photo by Noam Galai/Getty Images for Tibet House US) (Getty Images for Tibet House US)
Mobile App

ཨ་རིའི་བོད་ཁང་གི་ཕྱི་ལོ་ ༢༠༢༦ ལོའི་རང་དབང་གི་སྒྱུ་རྩལ་གཟེངས་རྟགས་དེ་གློག་བརྙན་འཁྲབ་སྟོན་པ་ཞིག་ལ་ཕུལ།

༢༠༢༦/༡༡/༠༩
པར་དྲ་ལམ་ནས་བླངས།
Mobile App

བོད་ཀྱི་འབྲོག་ཁུལ་གྱི་སློབ་ཕྲུག་སྟོང་ཕྲག་མང་པོ་གྲོང་ཁྱེར་གྱི་བཅའ་སྡོད་སློབ་གྲྭར་སྤོས།

༢༠༢༦/༡༡/༠༧

མཆན། 3

  1. མངའ་རིས་བུ། says:
    ལོ་ 16 སྔོན།

    ད་ལམ་ར྄ྒ྄ྱ་གར་གཞུང་གིས་ས྄ྲིད་ཇུས་དེར་མངགས་བར྄ྗོད་ཞུ་འོས་པ་ཞིག་རེད།
    ༸གོང་ས་༸མཆོག་ནི་དེར་ཆབ་ས྄ྲིད་དང་འབ྄ྲེལ་བ་མེད་ཅིང་ཆོས་ཕ྄ྱོགས་ཀ྄ྱི་མཛད་པར་ཕེབས་འཆར་བར྄ྟེན་ར྄ྒ྄ྱ་ནག་གཞུང་ཕོག་ཐུག་ཏུ་འག྄ྲོ་གཞི་ཞིག་མེད་ཅིང༌།
    མ་ཟད་ས་ཆ་འདི་ནི་ར྄ྒ྄ྱ་གར་ག྄ྱི་མངའ་ཁོངས་ཤིག་ཡིན་པར་བར྄ྟེན་ར྄ྒ྄ྱ་ནག་ལ་དེ་བས་ཀ྄ྱང་ཇུས་གཏོགས་མེད་པས་རེད།
    ༸གོང་ས་༸་མཆོག་གི་མཛད་འཕ྄ྲིན་དགོངས་བཞེས་མཐའ་དག་ལ྄ྷུན་ག྄ྱིས་འག྄ྲུབ་ཅིང་དེར་ཡོད་དད་ལ྄ྡན་ཕོ་མོ་ས྄ྟོང་ཚོ་མང་པོའི་བསམ་དོན་ལ྄ྷུན་ག྄ྱིས་འག྄ྲུབ་པའི་ས྄ྨོན་འདུན་བཅས།

    Reply
  2. འཇམ་དཔལ་རྣོན་པོ། says:
    ལོ་ 16 སྔོན།

    ཡི་གེ་ཞིག་ནོར་འདུག བཀྲ་ཤིས་སྟེང་མ་རེད། བཀྲ་ཤིས་ལྡིངས་རེད།
    ཨོ་རྒྱན་སངས་རྒྱས་གཉིས་པའིན་སྤས་གནས་ཁྱད་པར་ཅན་སྤས་ཡུལ་འབྲས་མོ་ལྗོངས་སུ་ཆིབས་བསྒྱུར་དང་། གནས་མཆོག་བྲག་དཀར་བཀྲ་ཤིས་ལྡིངས་སུ་སྐུ་མཚམས་བཞུགས་པ་ནི་ལོ་རྒྱུས་ཀྱི་རང་བཞིན་ཞིག་རེད།

    Reply
  3. བཙན་བྱོལ་བ་ says:
    ལོ་ 16 སྔོན།

    ༧གོང་ས་མཆོག་གི་ཆིབས་བསྒྱུར་གྱི་མཛད་རིམ་འདི་ནི་རྒྱ་ནག་ལ་ཁོང་ཁྲོ་ལང་རྐྱེན་ཞིག་ཏུ་འགྱུར་སྲིད་ འོན་ཀྱང་ཆབ་སྲིད་དང་འབྲེལ་ནས་བཤད་ན་དེ་ནི་བོད་མི་རིགས་ལ་གལ་གནད་ཆེན་པོ་ཞིག་ཏུ་འགྱུར་ཡོད་ སི་ཀིམ་མམ་སྒང་ཏོག་གི་ས་ཁུལ་དེ་རྒྱ་ནག་དབུག་ཞུང་གིས་བོད་ལྷོ་ཕྱོགས་ཀྱི་ས་ཁོངས་ཤིག་ཏུ་ངོས་འཛིན་གྱིས་རྒྱ་བོད་དབར་རྩོད་པའི་གཞིར་གྱུར་ཡོད་ མཛད་འཕྲིན་ལེགས་གྲུབ་ཡོང་བའི་སྨོན་འདུན་ཡོད་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese