གང་ཞིག་ནས་འབུས་དེ་འོང་བ་ཡིན
ག་དུས་ཤིག་ལ་ང་ལ་བོས་པ་ཡིན
གང་དུ་སོང་ཡང་ང་རང་མི་སྐྱུར་དོན་ཅི་རེད
དེ་ལ་མིང་ཅི་ཞིག་བཏགས་ན་འོས
ང་རང་དེ་ཡི་ཆེད་དུ་མི་ལོ་དུ་མ་ཞིག་ལ་རྒྱུགས
ད་ནི་རྐང་ལྷག་གཟད་སོང་
ཤ་ཡང་གཟད་ནས་རུས་པ་ཐུག་གྲབས་འདུག
གྲུབ་འབྲས་ཀྱི་ས་བོན་ཞིག
གཏན་ནས་མ་རེག
ཡང་ཡང་ ང་ནོར་ཡོད་སྲིད
འདི་ནས་ཕྱོགས་གཞན་ཞིག་གི་སྣེ་མོ་འཛིན་དགོས་སམ
ལམ་ཁ་འདི་རྒྱུད་མཁན་ང་གཅིག་བུ་ཡིན་མི་སྲིད
ངས་ད་ལྟ་བསམ་བློ་གཏོང་དགོས
ང་སེམས་ཤུགས་ཆགས་ཀྱི་ཡོད་ན་ཐང་
སྤོབས་པ་ཉམས་མི་རུང་
སྐད་ཆ་དེ་ནི་ངའི་ཕ་རྒན་གྲོངས་དུས་དེར
ངའི་མགོ་ལ་ཕྱག་དྲོན་པོ་བཞག་ནས
ཕྱི་རོལ་དུ ལག་གཡུགས་བྱེད་ཀྱིན་པ་དེ
འགྲམ་ན་འཛུམ་མདངས་སྟོན་བཞིན་པའི་བུད་མེད་དེ
འཁྲིས་སུ་ཀོག་མ་བླངས་ཀྱིས་ནུར་གྱིན་པའི་བྱིས་པ
རྒྱབ་དུ་སྐད་ཤུགས་ཆེན་པོའི་འབོད་མཁན་གྱི་སྤུན་ཟླ
གང་ལྟར ང་རང་དབྱངས་རྟ་འདི་ལས་གཏན་ནས་བརྒལ་ས་ཞིག
ངའི་མི་རབས་རྗེས་མ་དང་ བུ་རབས་ཚ་རྒྱུད་དག་གི་ཆེད
ག་ལེར་་ ག་ལེར་་་་
ག་ལེར་་་་ ག་ལེར་་་་་

![AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]](https://tibettimes.net/wp-content/uploads/2026/09/WhatsApp-Image-2026-09-11-at-4.20.04-PM-360x180.jpeg)




ཁྱེད་ཚང་ལ་འགྲོ་ཆོག
ལྷ་ཆབ་ལྷོ་ཕྱོགས་སུ་སོང་འདུག གནས་ཚུལ་དངོས་དེ་ག་རེ་ཡིན་མིན་ཤེས་མ་སོང་། ཤེས་དུས་ཁྱེད་རང་ལ་བཤད་ཆོག
བཀླགས་ཡོད། ཡིན་ན་ཡང་སྙན་ངག་འདིའི་གོ་བ་ཡག་པོ་ལོན་མ་སོང་། དེང་སང་ལྷ་ཆབ་ལ་གོ་རྒྱུ་ཅང་མེད་གི ཁྱོད་ལ་དེའི་སྐོར་གྱི་གནས་ཚུལ་འདྲ་བཤད་རྒྱུ་ཡོད་དམ།
ཡོང་ཡོད། ངའི་ཟིན་བྲིས་ནང་ན་ཁྱེད་ལ་སྐད་ཅིག་བཞག་ཡོད་པས་ཡོང་ནས་གཟིགས་རྒྱུ་རེ་བ་ཆེ།