མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཡིག་ཕ་མེས་ཀྱི་སྐད་ཡིག་ཡིན།

བོད་ཀྱི་དུས་བབ།
༢༠༡༠/༡༢/༠༥
Share on FacebookShare on TwitterShare on EmailShare on Whatsapp

 

ཟླ་འདིའི་ཕྱི་ཚེས་ ༡ ཉིན་ཧི་མ་ལ་ཡའི་ཆོས་རིག་འཛིན་སྐྱོང་ཚོགས་པའི་ཚོགས་གཙོ་བླ་མ་ཆོས་འཕེལ་བཟོད་པ་དང་། འཚོ་སྣ་རིན་པོ་ཆེ་གཙོས་པའི་གནད་ཡོད་མི་སྣ་ཁག་ཅིག་གིས་ལ་དྭགས་དང་མོན་རྟ་དབང་གཙོས་ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་ཕ་མེས་ཀྱི་སྐད་ཡིག་སྟེ་བོད་ཡིག་རྒྱ་གར་གཞུང་ཕྱོགས་ཀྱི་ཡིག་ཆའི་ནང་འགོད་དགོས་པའི་སྙན་ཞུ་ཞིག་རྒྱ་གར་དབུས་ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེ་ཡི་མཚན་ཐོག་ཕུལ་ཡོད་པ་རེད།

སྙན་ཞུ་དེའི་ནང་རང་རེའི་རྒྱལ་ཁབ་རྒྱ་གར་འཕགས་པའི་ཡུལ་ལ་རང་བཙན་ཐོབ་པ་ནས་བཟུང། རྒྱལ་ཁབ་དང་ཡུལ་ལྗོངས་ཀྱི་ཡར་རྒྱས་དང་མི་མང་གི་འཚོ་རྟེན། ཤེས་ཡོན། འཕྲོད་བསྟེན། མི་རིགས་དང་རིག་གཞུང། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཆེད་དུ་མི་ལོ་བཅུ་རེ་འཚམས་སུ། རྒྱལ་ཁབ་ཀྱི་ཁོར་ཡུག་གནས་སྟངས་ལ་ཞིབ་འཇུག ས་གནས་ས་ཐོག་མི་མང་གི་གྲངས་འབོར། མི་རིགས་དང་ཆོས་ལུགས། སྐད་ཡིག་གང་ཡིན་བཅས་ཞིབ་འཇུག་ཐོག་གཞི་རྩའི་ཡར་རྒྱས་ཀྱི་འཆར་གཞི་འགོད་ཀྱི་ཡོད་པར་རྟེན། ༢༠༡༠ ལོ་ནས་ ༢༠༡༡ ལོའི་བར་གྱི་ལོ་བཅུ་རེ་འཁོར་བའི་མི་འབོར་ཞིབ་བཤེར་འགྲོ་བཞིན་ཡོད་པ་འདི་ནི་ཧ་ཅང་གལ་ཆེ་བ་ཞིག་ཡིན་ཞིང་། ཧི་མཱ་ལ་ཡ་ནས་མཐའི་རྒྱ་མཚོའི་བར་རང་རེ་རྒྱ་གར་གྱི་མི་མང་རྣམས་ནས་རང་གི་རྒྱལ་ཁབ་ཡར་རྒྱས་དང་། རང་གཞན་ཚང་མ་ཞི་བདེ་ཡོངས་ཐབས་ལ་འབད་དགོས་ལ། དེ་ཡང་ཐོག་མར་ཤེས་ཡོན་ལ་རག་ལས་ཡོད་སྟབས། ཤེས་ཡོན་དེ་རང་གཞུང་ནས་སློབ་གྲྭ་ཁག་ཏུ་ཡུལ་གྲོང་ས་གནས་མི་མང་གི་ཕ་མེས་ཀྱི་སྐད་ཡིག་གང་ཡིན་གཞུང་གི་སློབ་གྲྭ་ཁག་ཏུ་སློབ་དགོས། གཞུང་གི་སློབ་གྲྭ་ཁག་ཏུ་སློབ་ཆེད་དུ། ཡུལ་ལྗོངས་སོ་སོའི་སྐད་ཡིག་ལ་དབུས་གཞུང་ནས་ངོས་ལེན་ཐོབ་དགོས། དབུས་གཞུང་ནས་ངོས་ལེན་ཐོབ་ཆེད་དུ། ལོ་ངོ་བཅུ་རེ་སེན་སེཅ་  Census  ཞེས་པའི་མི་མང་གྲངས་རྩིས་དང་སྐད་ཡིག་ཞིབ་འཇུག་སྐབས་སུ་གཞུང་གི་ཡིག་ཆའི་ནང་འཁོད་ཐུབ་པ་ཞིག་བྱ་དགོས་པ་སོགས་ཤིན་ཏུ་གལ་ཆེ་བ་ལགས་ན།  རང་རེ་ཧི་མཱ་ལ་ཡ་པ་རྣམས་ནས། བོད་ཡིག་བྷོ་ཊི་འདི་ནི་ཤིན་ཏུ་རྩ་ཆེ་ཆོས་རིག་ཤེས་ཡོན་གྱི་རྩ་བ་ཡིན་པ་མཁྱེན་པར་གནང་ནས། འདི་ལོའི་སེན་སེཅ་སྐབས་སུ་གཞུང་གི་ཡིག་ཆའི་ནང་འཁོད་ཐུབ་པ་ཞིག་ངེས་པར་དུ་གནང་དགོས། ཞེས་བཀོད་འདུག

ཧི་མ་ལ་ཡའི་ཆོས་རིག་འཛིན་སྐྱོང་ཚོགས་པའི་ཚོགས་པས་འདས་པའི་མི་ལོ་ ༣༥ རིང་ཕ་མེས་ཀྱི་སྐད་ཡིག་དེ་རྒྱ་གར་གཞུང་གི་ཡིག་ཆའི་ནང་འགོད་ཐབས་སུ་འབད་པ་བྱས་ཡོད་འདུག་ལ། ཐེངས་འདིར་ཡང་ཧི་མ་ལ་ཡའི་ཆོས་རིག་འཛིན་སྐྱོང་ཚོགས་པ་གཙོས། བླ་ཆེན་དང་གནད་ཡོད་མི་སྣས་མཚན་ཐོག་ནས་རྒྱ་གར་ནང་སྲིད་དྲུང་ཆེའི་མཚན་ཐོག་ཏུ་ཕུལ་ཡོད་འདུག་ལ།  སྐབས་དེར་དྲུང་ཆེ་མཆོག་ནས་ཀྱང་ཧི་མ་ལ་ཡའི་ཕ་མེས་ཀྱི་སྐད་ཡིག་དེས་རྒྱ་གར་གྱི་རིག་གཞུང་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་འདོན་ཐུབ་པ་དང་། མ་འོངས་པར་གཞུང་ཕྱོགས་ནས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཕ་མེས་ཀྱི་སྐད་ཡིག་དེ་རྒྱ་གར་གཞུང་ཕྱོགས་ཀྱི་ཡིག་ཆའི་ནང་འགོད་བར་རྒྱབ་སྐྱོར་བྱ་འཆར་ཡོད་ཚུལ་བརྗོད་ཡོད་འདུག

གསར་འགོད་པ་དོན་གོས་བསྡུ་སྒྲིག་བྱས།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༩ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༠ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༤ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 8

  1. ཤག་སྒང་པ། says:
    ལོ་ 15 སྔོན།

    ཐོན་མིས་གསར་བཏོད་བྱས་པའི་བོད་ཡིག་འདི་ནི་བོད་མི་གཅིག་པུར་བདག་བ་ཞིག་རྩ་ནས་མིན། འདི་ནི་ཧི་མ་ལ་ཡར་རྩིས་སྤྲོད་པ་དང་། བོད་མིས་བདག་བཟུང་བྱ་མ་ཐུབ་པ་སོགས་ཀྱི་གནས་ཚུལ་གང་ཡང་མིན། བོད་ཡིག་འདི་ནི་ཕ་མེས་དུས་རབས་ནས་དར་བའི་བོད་རིགས་ཚང་མར་བདག་ཅིང་། ཚམ་མས་སྐད་ཡིག་འདི་བཞིན་མི་ཚའི་ཉིན་རེའི་འགྲོ་འདུག་སྤྱོད་གསུམ་དུ་བཀོལ་སྤྱོད་ཀྱིས་དེ་ལ་མཐོང་ཆེན་དང་། བོད་ཡིག་འདི་བཞིན་རྒྱ་ཁྱབ་ཚན་འཕྲུལ་གློག་ཀླད་དང་། ཁྱིམ་ཆས་སོགས་གང་སར་ཁྱབ་ནས་འདུག་ན། ད་གཟོད་བོད་ཡིག་ལ་བླ་སྲོག་ངེས་ཅན ༴ིང ང ་ཐོབ་ངེས་ལས། གཞན་བོད་ཡིག་ནི སྨྱུག་འཛིན་འགར་བདག་པ་ལྟ་བུས་ཁྱབ་ཚད་ཅིག་གིས་བོད་ཡིག་བདག་གཅེས་བྱ་མི་ཐུབ། དེས་ན། དེ་རིང་གི་ཧི་མ་ལ་ཡའི་བོད་རིགས་རྣམས་ནས་སྔར་གྱི་རེ་འདུན་རྙིང་པར་ཤུགས་སྣོན་གསར་པ་བྱས་པར་སྙིང་ནས་བསྔགས་བཞིན། བྱ་བ་ལམ་འགྲོ་ཡོང་བའི་རེ་བ་ཡོད། ཊུངས རའ་རའེ

    Reply
  2. འདྲེ་མེ་འབུད། says:
    ལོ་ 15 སྔོན།

    སྔོན་ཆད་ནས་འདི་ལྟ་བུ་ཞིག་གྲ་སྒྲིག་ཡོད་པར་གོ་ཐོས་བྱུང་ལ། ད་ལྟ་དངོས་སུ་ལག་བསྟར་གྱིས་ཞུ་ཡིག་ཕུལ་བ་ནི་གནས་ཚུལ་ལེགས་པོ་ཞིག་རེད། དེ་ལ་ངེས་པར་དུ་ང་ཚོས་བཀྲ་ཤིས་བདེ་ལེགས་ཞུ་འོས།

    Reply
  3. སྨྲ་བརྗོད་རང་དབང་། says:
    ལོ་ 15 སྔོན།

    བོད་ཡིག་འཆི་མ་དགོས་ན་ང་ཚོ་ད་དུང་གསོན་ཐུབ་རྒྱུ་རེད། བོད་ཡིག་བོད་ཀྱི་སྲོག་ཙམ་ལས་བོད་དོན་རྒྱབ་སྐྱོར་བ་ཞིག་ཡང་རེད། དངོས་གནས་སྐད་ཡིག་རླབས་ཆེན་རེད།

    Reply
  4. མངའ་རིས་བུ། says:
    ལོ་ 15 སྔོན།

    ༧གོང་ས་༧་མཆོག་ནས་ཧི་མ་ལ་ཡཱི་རི་བརྒྱུད་དུ་གནས་པའི་བོད་རིགས་རྣམས་ཀྱི་ཕྲུག་གུར་བོད་ཡིག་སྦྱོང་ས་ཞིག་དགོས་གལ་ཆེ་བར་བརྟེན་བོད་ཀྱི་སློབ་གྲྭ་ཁག་ཏུ་ཧི་མ་ལ་ཡཱའི་ཕྲུག་གུ་ཚོར་བོད་ཡིག་སྦྱོང་སའི་དམིགས་མང་ཙམ་དགོས་ལུགས་གསུངས་པ་ལྟར་ད་ལམ་ཧི་མ་ལ་ཡཱའི་ཚོགས་པ་ཞིག་ནས་འདི་ལྟར་རྒྱ་གར་གཞུང་ལ་འབོད་བསྐུལ་ཞུས་པ་ནི་དུས་དང་འཚམས་པའི་སྙན་ཞུ་ཞིག་ཏུ་མཐོང།
    བོད་ཡིག་ཡངས་པའི་ཁྱོན་ཀུན་ཏུ་ཁྱབ་གྱུར་ཅིག
    དབྱིན་ཡིག་བཞིན་ཏུ་ཀུན་གྱིས་སྤྱོད་པའི་སྐད་ཡིག་ཞིག་ཏུ་འགྱུར་པར་ཤོག

    Reply
  5. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    ཏག་ཏག་རེད་་་་་ད་ཧི་མ་ལ་ཡ་རི་རྒྱུད་ལ་བོད་ཡིག་འདི་རྩེས་སྤྲོད་བྱ་རེན་འདུག

    ང་ཚོ་བོད་པ་ལ་དེ་བདག་དབང་བྱེད་རྒྱུའི་ནུས་པའམ་སེམས་ཤིག་མི་འདུག

    ད་་་ཡིན་ན་མགོའི་སྐྲ་ཡང་སེར་པོ་བཟོ་རེན་འདུག་གཱ

    Reply
  6. རང་རྟོན། says:
    ལོ་ 15 སྔོན།

    དོན་དག་དེ་འདྲ་འགྲུབ་སོང་ན་ངོ་མ་དགའ་དགོས་པའི་དོན་དངོས་ཤིག་རེད།གནས་ལུགས་དང་དྲང་བདེན་ཡིན་གང་ནས་ཡིན་ཀྱང་རྒྱལ་ཁ་ཐོབ་པ་ནི་ཆོས་ཉིད་རང་རེད།རང་ཉིད་ཀྱི་ཚེ་སྲོག་དང་རང་ཉིད་ཀྱི་ངོ་གདོང་ལྟ་བུའི་སྐད་ཡིག་ལ་དོ་ཁུར་བྱེད་པ་ངོ་མ་དགའ་དགོས་པ་ཞིག་རེད།

    Reply
  7. རིགས་བཟང་། says:
    ལོ་ 15 སྔོན།

    བོད་ཀྱི་གནས་བབ་ལ་ལྟོས་ན་བོད་ཡིག་གི་བདག་དབང་རྒྱ་གར་ལ་རྩིས་སྤྲོད་བྱས་ན་ཡག་ཤོས་རེད། བོད་པ་ཚང་གི་ཁྱི་ལབ་རྒྱག་ཡ་མ་གཏོགས་བདག་པོ་རྒྱག་ཐུབ་ས་མ་རེད། མེས་པོ་དག་གི་འབད་འབྲས་ཆུད་ཟོས་སུ་མ་སོང་ན། དངོས་ནས་ཡག་པོ་རེད། རྒྱ་གར་བ་ལགས། ཐུགས་སུ་འཛིན་རོགས།

    Reply
  8. སྟག་རྩེ་དཔལ་ལྡན says:
    ལོ་ 15 སྔོན།

    ཤིན་ཏུ་ལེགས། གཙོ་འཛིན་བླ་ཆེན་རྣམས་ལ་སྙིང་ནས་གུས་བཀུར་ཚད་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese