མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་ ༡༡༢ གསར་དུ་དེབ་སྐྱེལ།

བོད་ཀྱི་དུས་བབ།
༢༠༡༠/༡༢/༡༤
Share on FacebookShare on TwitterShare on EmailShare on Whatsapp

 

དེ་རིང་འདི་གའི་གསར་འགོད་པས་ངྷ་ས་བདེ་དོན་ལས་ཁུངས་ནས་ཤེས་རྟོགས་བྱུང་བ་ལྟར་ན། བཞུགས་སྒར་ངྷ་ས་ཁུལ་དུ་ཟླ་སྔོན་མའི་ཕྱི་ཚེས་ ༣༠ ཉིན་ནས་དེ་རིང་སྔ་དྲོ་བར་མི་ ༡༡༢ ཙམ་གྱིས་གསར་དུ་དེབ་སྐྱེལ་བྱས་འདུག་ཅིང་། ཁོང་ཅག་ཕྱི་ལོ་ ༢༠༡༡ ལོའི་བཀའ་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་ཁྲོད་ཞུགས་ཐུབ་མེད་ཀྱང་། དངོས་གཞིའི་སྐབས་འོས་ཤོག་འཕེན་རྒྱུའི་ཆ་རྐྱེན་ཚང་ཡོད་པ་རེད།

ངྷ་ས་དབུས་འོས་བསྡུ་ལྷན་ཁང་གིས་བཀའ་མངགས་གནང་བ་ལྟར། བཙན་བྱོལ་བོད་མི་གནས་སྡོད་ཀྱི་ས་གནས་ཁག་ཚང་མར་བཀའ་སྤྱིའི་སྔོན་འགྲོའི་འོས་བསྡུའི་སྐབས་དེབ་སྐྱེལ་བྱས་མེད་རིགས་ལ།  ཟླ་སྔོན་མའི་ཕྱི་ཚེས་ ༣༠ ནས་ཟླ་ ༡ ཚེས་ ༡༧ བར་བསྐྱར་དུ་དེབ་སྐྱེལ་བྱ་རྒྱུའི་གོ་སྐབས་འཕར་མ་གནང་བ་ལྟར། བཞུགས་སྒར་ངྷ་ས་ཁུལ་དུ་ད་བར་གསར་དུ་དེབ་སྐྱེལ་བྱེད་མཁན་མི་ ༡༡༢ བྱུང་ཡོད་འདུག

འདིའི་སྐོར་ལ་ངྷ་ས་བདེ་དོན་ཚེ་རིང་ཕུན་ཚོགས་ལགས་ཀྱིས་གསར་འགོད་པར་བརྗོད་དོན། དེང་སྐབས་ངྷ་ས་བདེ་དོན་ལས་ཁུངས་སུ་རང་བཙན་ལག་དེབ་དང་འབྲེལ་བའི་ལས་ཀ་བྱེད་དུ་ཡོང་མཁན་དག་ལ་འོས་བསྡུར་དེབ་སྐྱེལ་བྱས་ཡོད་མེད་ལ་ཞིབ་བཤེར་བྱས་ཏེ། དེབ་སྐྱེལ་བྱས་མེད་ཡོངས་རྫོགས་ལ་འདི་ག་ལས་ཁུངས་ནས་དེབ་སྐྱེལ་བྱེད་མུས་ཡིན།

མི་མང་བོ་ཞིག་གིས་དེབ་སྐྱེལ་མ་བྱས་ན་བཀའ་སྤྱིའི་དངོས་གཞིའི་འོས་བསྡུའི་ནང་ཞུགས་ཆོག་གི་མེད་པ་ཤེས་མི་འདུག འདིར་ཡོང་མཁན་མི་རེ་ངོ་རེ་ལ་ང་ཚོས་འགྲེལ་བཤད་རྒྱག་གི་ཡོད། ཅེས་བརྗོད་སོང་ལ། གསར་འགོད་པ་ཁོང་གི་སར་བཅར་སྐབས་ཀྱང་། ཏག་ཏག་བུད་མེད་ཅིག་གི་རང་བཙན་ལག་དེབ་དེབ་སྐྱེལ་བྱས་ཏེ། ཁོང་མོར། ད་ཁྱེད་ལ་འོས་ཤོག་ལྡུག་རྒྱུའི་ཆ་རྐྱེན་ཚང་ཡོད། བཀའ་སྤྱིའི་དངོས་གཞིའི་འོས་བསྡུའི་ནང་ཞུགས་ཆོག་གི་རེད། ཅེས་ལན་སྟོན་གནང་སོང་།

འདི་ལྟར་དབུས་འོས་བསྡུ་ལྷན་ཁང་གིས་བཀའ་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་གྲངས་གསལ་བསྒྲགས་བྱས་པའི་ཉིན། སྔོན་འགྲོའི་འོས་བསྡུའི་སྐབས་འོས་ཤོག་ལྡུག་རྒྱུའི་ཆ་རྐྱེན་ཚང་ཡོད་ཀྱང་། དེབ་སྐྱེལ་མ་བྱས་པའི་དབང་གིས་སྔོན་འགྲོའི་འོས་བསྡུའི་སྐབས་ཆ་ཤས་ལེན་ཐུབ་མེད་མཁན་དག་ལ་བསྐྱར་དུ་གོ་སྐབས་ཕུལ་ཏེ། ཕྱི་ཟླ་ ༡༡ པའི་ཚེས་ ༣༠ ནས་ཟླ་ ༡ ཚེས་ ༡༧ བར་ཁྱོན་ཉིན་གྲངས་ ༤༩ ཡི་ནང་ཚུད་དུ་དེབ་སྐྱེལ་བྱས་མེད་རིགས་དག་གིས་ས་གནས་འོས་བསྡུ་ལྷན་ཁང་ཁག་ལ་དེབ་སྐྱེལ་བྱ་དགོས་པའི་གསལ་བསྒྲགས་གནང་ཡོད།

 

གསར་འགོད་པ། ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

རྩོམ་པ་པོ་འཛུམ་ཤུལ་འཇམ་དབྱངས་ཐབས་མཁས་ལགས་ཀྱིས་བརྩམས་པའི་དཔེ་དེབ་དབུ་འབྱེད། པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༦།༡༢
Mobile App

ང་ཚོས་རྒྱ་ནག་གི་དྲག་གནོན་ལ་འཚེ་མེད་ཞི་བའི་ཐོག་ནས་ཁ་གཏད་བཅག་པ་ནི་རྗེས་དྲན་བྱ་འོས་པ་ཞིག་ཡིན།

ཆུ་ཚོད་ ༨ སྔོན་ལ།
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གཏུག་བཤེར་ཁང་དུ་སྔོན་འགྲོའི་ཉན་ཞིབ་ཚོགས་པ་དང་འབྲེལ་བའི་ཐག་གཅོད་གནང་སྐབས། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་པར།
Mobile App

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

ཆུ་ཚོད་ ༩ སྔོན་ལ།
བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་ལ་མཆོད་འབུལ་སྨོན་ལམ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༦།༡༢
Mobile App

བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་འདས་གྲོངས་སུ་གྱུར།

ཆུ་ཚོད་ ༩ སྔོན་ལ།
Front Slider

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

ཆུ་ཚོད་ ༡༠ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཞབས་པུས་སྨན་བཅོས་ལེགས་གྲུབ་བྱུང་བའི་གསལ་བསྒྲགས། ༢༠༢༦།༦།༡༢ བོད་ཀྱི་དུས་བབ་གསར་ཁང་གིས་སྐུ་པར་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

༧སྐུའི་ཞབས་པུས་གཤག་བཅོས་ལེགས་གྲུབ་དང་སྐུ་གཟུགས་གསལ་ཐང་ཡིན་འདུག

ཆུ་ཚོད་ ༡༡ སྔོན་ལ།
Mobile App

རྒྱ་ནག་དམར་ཤོག་རིང་ལུགས་དེ་༸གོང་ས་མཆོག་ལས་དུས་ཡུན་རིང་བར་འཚོ་ཐུབ་མིན་ལྟ་རྒྱུ་ཞིག་ཡིན།

༢༠༢༦/༠༦/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese