མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་པ་ཞིག་ཡོད་པ་གོ་སོང་།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༡༢/༢༣
Share on FacebookShare on TwitterShare on EmailShare on Whatsapp

སྒྲ་ལེན་འཕྲུལ་ཆས་དང་འགྲོག་ནས
མི་ལོ་རེ་གཉིས་ཀྱི་སོ་ཁ་ནས་བུད་དེ
ང་དང་གྲོགས་པོ་གཉིས་ལ་བཅའ་འདྲི་བྱས

རྒྱུ་མཚན་གང་ཡང་ཤེས་མ་སོང་
གྲྭ་སྒྲིག་གང་ཡང་མེད་པར་ངེད་གཉིས་ཁྱེད་ལ་ཐུག་དུ་འབྱོར
ཁྱེད་ཀྱིས་སྔ་ས་ནས རང་གི་ཅ་དངོས་དག་གྲྭ་སྒྲིག་འདུག
མཉམ་དུ་ལོ་ན་དྲུག་བཅུ་ལས་བརྒལ་བའི་སྐྲ་སེར་མ་དེ་ཡང་

ཁྱམས་ར་དེ་ནས ཁྱེད་ཀྱི་སྐད་ཆ་རེ་རེ་ནི
རྒྱང་རིང་ས་ནས་མཆེད་དེ་འོང་
སྐད་ཆ་རེ་རེ་ནི་བོད་ཀྱི་གནས་བབ་རེད
ལུང་ཚིག་རེ་རེ་ནི་དུས་རབས་ཀྱི་གནས་སྟངས་རེད

མི་ལོ་དེ་འདྲའི་མང་བོ་ཞིག
ཁྱེད་ནས་ཅི་ཞིག་རྙེད་སོང་
ད་ལྟ་ཡང་མུ་མཐུད་དུ་འཕྲུལ་ཆས་དེ་དང་ཁྱེད་གཉིས
ལོ་རྗེས་མ་རྗེས་མ་ཞིག་ལ
གང་དུ་སླེབས་སྲིད
ང་དང་ང་འདྲ་བ་ཅི་ཙམ་གྱི་ཁ་སྒོ་རུ་གཏད་དེ

གང་ལྟར ང་དང་གྲོགས་པོའི་རྒྱང་རིང་གི་བོད་རིགས་རྒན་པ་ཞིག
ས་ཁུལ་འདིར་ཕེབས་པ་ཤེས་ནས་ཐུག་འཕྲད་དུ་ཡོང་བ་ཡིན
མ་བསམ་ས་ནས་ཁྱེད་རང་ལ་ཅི་འདྲའི་གྲྭ་སྒྲིག་ཞིག་འདུག
ང་ཚོས་སྐད་ཆ་མང་བོ་ཞིག་བཅར་འདྲིའི་ལེའུ་ཚན་ལས་བསྡུས་རྗེས
དོན་སྙིང་ཅན་གྱི་སྐད་ཆ་གང་ཞིག
རླུང་འཕྲིན་གྱི་སྐུད་ལམ་དེ་རྒྱུད་ནས
བོད་རིགས་ཅི་ཙམ་གྱི་རྣ་བར་འཕྲོད་སྲིད

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 8

  1. sha tak ri sim says:
    ལོ་ 16 སྔོན།

    སྤུན་མཆེད་ཐ་ཧྭར་ལགས། ཉིད་ནས་ཧ་ནོ་ཀའི་གུང་གསེང་ལ་རྟེན་འབྲེལ་ཞུས་པ་དགའ་ཡང་། དེ་ནི་གཅིག་ནས་ང་རང་གི་དུས་ཆེན་མིན་པ་དང་། གཉིས་ནས་དུས་ཆེན་དེ་ཚར་ནས་བདུན་ཕྲག་གཉིས་འགྲོ་སོང་། གང་ལྟར། ཁྱེད་ཀྱིས་རྒྱལ་ཁབ་འདིའི་སྐོར་ལ་རྒྱུས་ལོན་བྱས་པ་ཉུང་ཉུང་ཡིན་ས་མ་རེད། བཟང་གི

    སྤུན་ཟླ་ཅོ་རི་ལགས། ལག་དུ་ཆང་དམ་པུ་བཀང་བཟུང་ནས་ངེད་ཚང་དུ་ཡོང་ནས་སྙིང་ཁོང་རུས་པའི་གཏིང་གི་ན་ཟུག་དེ་འཕུད་པ་དགའ་ནས་ཡོད། རྗེས་ཕྱོགས་ཡོང་གི་བསྡོད། རྒྱལ་དར་སྐོར་དེ་ངས་ག་ལེར་གླེང་གི་ཡིན། ཉིད་ནས་བོད་གཞུང་གི་ཡིག་ཆ་གང་དུ་ཡོད་པ་དང་། གསུང་མཁན་སུ་ཡིན་མིན་ཟླ་ཚེས་སོགས་གསལ་བོ་འཁོད་ཡོད་པ་ཞིག་ང་རང་གི་གློག་འཕྲིན་སྟེང་ལ་སྐུར་ཐུབ་ན་དགའ་བསུ་ཡོད་ལགས། ང་རང་གི་གློག་འཕྲིན་ཁ་བྱང་འདི་ཡིན། souloflove538@gmail.com

    ནམ་མཁའ་བསྟན་འཛིན་ལགས། ཁ་སང་ཁྱེད་ཚང་གི་རྒྱལ་ཁབ་ནས་ཡོང་བའི་རང་དབང་གི་གསར་འགོད་པ་རྒན་པ་ཞིག་དང་ཐུག་འཕྲད་བྱས་པ་ཡིན། ཁོ་རང་ལ་ཁྱེད་རང་གི་སྐོར་དྲིས་མོད། ཁོ་རང་ལ་གསལ་ཆ་ཡོད་མེད་ཅིག་གསུངས་སོང་།

    གངས་རིའི་བུ་ལགས། རྒྱུན་པར་ཕེབས་པ་དགའ་ནས་ཡོད།

    Reply
  2. snowyson says:
    ལོ་ 16 སྔོན།

    ཅོ་རི་ཉི་མ་ལགས། དྲ་ལམ་དུ་ཕེབས་པར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ། མུ་མཐུད་དུ་ཕེབས་ཏེ་བསུངས་རོགས་གནང་།

    Reply
  3. karmadentse says:
    ལོ་ 16 སྔོན།

    དུས་ཆེན་དེའི་མིང་ལ་ཧཱ་ལཱ་མ་ཡིན་པར་ཧཱ་ནུ་ཁཱ་ཟེར་ནས་བཅོས་རོགས། ཁྱེད་མ་བུ་གསུམ་པོས་ཧཱ་ནུ་ཁཱའི་གུང་སེང་སྐྱིད་པོ་ཞིག་ཡོང་བར་ཤོག ཧཱ་ལཱ་ཟེར་བ་རྐང་རྩལ་སྤོ་ལོའི་སྐོར་ཞིག་ཡིན་པས་དགོངས་དག་ཞུ།

    Reply
  4. chokri nyima says:
    ལོ་ 16 སྔོན།

    ཡ་ཡ་་་ནམ་མཁའ་བསྟན་འཛིན་ཡང་འདིར་ཐོན་ཐལ། ཆང་ཞིག་འཐུང་དང་། དེ་ནས་གླེང་མོ་ཡིན་ད།

    Reply
  5. chokri nyima says:
    ལོ་ 16 སྔོན།

    གྲལ་སྒྲིག་ཟེར་ནི་རེད་་་་་་་ཁྱེད་བཟི་ཚར་ཡིན་ས་རེད་་་་གྲྭ་སྒྲིག་མ་རེད་གོ

    Reply
  6. makyiama says:
    ལོ་ 16 སྔོན།

    ་ཧ་ཧ་ཧ་ཧཧ་ཨ་རོ་ཐ་ཧྭར། རྩིས་འཁོར་ད་ཚང་མ་བྷེལ་གྷེ་ཊི་ཚང་གིས་བཟོས་ནི། ཕལ་ཆེར་གཅིག་པ་ཡིན་རྒྱུ་རེད། ངས་ལྟོས་ན་ཁྱོའི་སྒལ་ཚིག་བར་ན་སྒྱིད་ལུགས་ཟེར་བའི་ཚིག་ལྷག་མ་ཞིག་རྒྱུ་རེད་བསམ་གི དེའི་སྟབས་ཀྱིས་ཁྱོད་འདི་མྱི་ཀྱོག་རྡུག་ཞིག་ཡིན་ནོ། ་ཧཧ་ཧ་་ཨ་ལ་ཀུ་རེ་ཡིན། དུས་ཚོད་ཡོད་དུས་ཞིག་ལ་དྲ་ཐོག་ནས་ཕྲད་ཡོང་།

    Reply
  7. chokri nyima says:
    ལོ་ 16 སྔོན།

    ཡ་་་དེ་རིང་ཡིན་ན་ངས་ཨ་རག་ཤེལ་དུམ་གང་ཁུར་ནས་སྤུན་གྲོགས་བོད་ཤ་རུས་ཁྲག་གསུམ་གྱི་ནང་དུ་ཨ་རག་འཐུང་མཁན་སླེབས་པ་ཡིན་ད། ཨོ་་་སྤུན་གྲོགས་ཐ་ཧྭར་སྐལ་བཟང་ཡང་འདིར་ཕེབས་བསྡད་འདུག་པས་ཡག་པོ་བྱུང་།

    དེ་རིང་ཡིན་ན་ཆང་གིས་བཟི་ཞོར་སྙིང་ནད་འདི་མར་བཏོན་ཐབས་ཤིག་མ་བྱེད་ན་ན་ཟུག་འདིའི་བསྡད་བཅུག་ས་མ་རེད། ཡིན་ད་་་་གང་རེ་འཐུང་དང།

    མཆོད་ཆང་དང་པོ་བོད་ཀྱི་རྒྱལ་དར་ལ་ཕུལ།
    མཆོད་ཆང་གཉིས་པ་དྲིན་ཅན་ཕ་མ་ལ་ཕུལ།
    མཆོད་ཆང་གསུམ་པ་ཡིད་མཐུན་སྤུན་གྲོགས་གཉིས་ལ་ཕུལ།
    བྱ་དམ་ཡིན་ད། ཨོ་ག་རེ་་་་་རྒྱལ་དར་ཨེ།་་་་་མ་རེད་མ་རེད། རླུང་རྟ་་་་་ཧཧཧཧཧཧཧོ།
    བཟི་སོང་ཨེ་་་་་ཡིན་ད་་་་ཆང་འཐུང་ན་བཟི་དགོས་ཟེར་ནི་རེད་་་་དུག་འཐུང་ན་ཤི་དགོས་ཟེར་ནི་རེད་་་་ཡིན་ད།

    Reply
  8. karmadentse says:
    ལོ་ 16 སྔོན།

    སྤུན་ཆུང་ལགས་རྣམ་རྒྱུན་ཁྱེད་ཀྱིས་ཅི་ཞིག་བྲིས་ཀྱང་ཀློག་གི་ཡོད། ཡིན་ན་ཡང་བསམ་ཚུལ་མང་པོ་བཤད་ཀྱི་མི་རེག་གི གང་ཡིན་ཟེར་ན་ངའི་རྩིས་འཕྲུལ་གྱི་ནང་ན་སྙན་ངག་ཟེར་བ་དེ་ཕབ་ལེན་བྱེད་པའི་གཉེན་ཆས་ཡོད་ས་མ་རེད། ཡང་མིན་ན་སྙན་ངག་དང་ངེད་གཉིས་ཀྱི་བར་ན་ཁྱེད་རང་གནས་སའི་ཨེ་རྫི་རལ་དང་པ་ལི་སི་ཐན་གྱི་བར་གྱང་ལྟ་བུ་ཞིག་ཡོད་ས་རེད། ཡང་མིན་ན་སྐྱེས་པ་སྔོན་མ་དེ་ཟོག་རྫི་ཞིག་ཡིན་རྒྱུ་རེད་སྒྱུ་རྩལ་གྱི་ཕྱོགས་ལ་ཁ་བསྐོར་དུས་བོང་ལུ་དར་ཐོག་རེད། གང་ལྟར་ཁྱེད་མ་བུ་གསུམ་པོས་བྱ་བ་ལམ་འགྲོ་ཡོང་བ་དང་ཧཱ་ལཱ་ཟེར་བའི་གུང་སེང་དེ་སྐྱིད་པོ་ཞིག་ཡོང་བའི་སྨོན་མདུན་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese