མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྱེད་ཅག་ལ་མ་འོངས་པའི་རེ་བ་ཆེན་པོ་ཞིག་བཅོལ་ཡོད།

བོད་ཀྱི་དུས་བབ།
༢༠༡༠/༡༢/༢༦
Share on FacebookShare on TwitterShare on EmailShare on Whatsapp

ཟབ་སྦྱོང་འདིའི་ཐོག་ནས་ཉམས་མྱོང་དང་ཤེས་ཡོན་གང་ཐོབ་པ་དེ་དག་ཕྱིར་རང་རང་གི་ས་གནས་སུ་ལོག་སྐབས། སློབ་གྲོགས་གཞན་ལ་ཁྱབ་སྤེལ་བྱ་རྒྱུའི་འགན་འཁུར་ཡོད་ལ། ཟབ་སྦྱོང་འདི་ཐོབ་པ་བརྒྱུད་དེ་སོ་སོ་ཡང་མ་འོངས་པར་བོད་གཞུང་དང་། བོད་པའི་སྤྱི་ཚོགས་ནང་འགན་འཁུར་ཐུབ་མཁན་ཞིག་ཆགས་དགོས་ཟེར།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་ངྷ་ཤོད་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་དུ། བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག བཙན་བྱོལ་ནང་གི་སློབ་གྲྭ་ཁག་ ༡༨ ཙམ་གྱི་འཛིན་རིམ་བཅུ་གཅིག་པའི་སློབ་ཕྲུག་ ༡༡༥ ཙམ་ལ་ ༼ བཙན་བྱོལ་བོད་མིའི་མང་གཙོ་དང་བོད་ནང་གི་དངོས་ཡོད་གནས་སྟངས་ངོ་སྤྲོད་ཟབ་སྦྱོང ༽ ཞེས་པའི་ཟབ་སྦྱོང་ཞིག་དབུ་འཛུགས་བྱས་སོང་ལ། ཝར་ནཱ་དང་ས་རཱ་མཐོ་སློབ། ཤེས་རབ་དགའ་ཚལ་སློབ་གླིང་བཅས་ཀྱི་སློབ་ཕྲུག་དང་སློབ་གྲྭ་གཞན་ཁག་ཅིག་གི་དགེ་རྒན་དང་སློབ་སྤྱི་སྐོར་ཞིག་ཀྱང་མཉམ་ཞུགས་བྱས་འདུག ཟབ་སྦྱོང་དེ་ཉིན་དགུའི་རིང་ཚོགས་འཆར་ཡོད་པ་དང་། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་རྣམ་གཉིས་ཀྱིས་གཙོས་པའི་ལྷན་ཁང་ཁག་གི་འགན་འཛིན་དང་ཚོགས་པ་སྒྲིག་འཛུགས་ཁག་གི་སྐུ་ཚབ་བཅས་ཀྱིས་ཟབ་ཁྲིད་གནང་འཆར་ཡོད་འདུག

ཟབ་སྦྱོང་དབུ་འཛུགས་ཀྱི་ཐོག་མར་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་དེའི་འགན་འཛིན་བོད་མི་མང་སྤྱི་འཐུས་ཆོས་སྐྱོང་དབང་ཕྱུག་ལགས་ཀྱིས་ཉམས་ཞིབ་ཁང་གི་ལས་དོན་ངོ་སྤྲོད་གནང་དོན། ང་ཚོའི་ཟབ་སྦྱོང་འདི་མགོ་འཛུགས་བྱས་ཏེ་ད་བར་ལོ་བདུན་ཙམ་ཕྱིན་ཡོད་ལ། ཐེངས་འདི་ནི་སྐབས་བདུན་པ་དེ་ཆགས་ཡོད། ལས་འཆར་འདིར་དཔལ་འབྱོར་གྱི་རྒྱབ་སྐྱོར་གནང་མཁན་གཙོ་བོ་ཡུ་རོབ་ཀྱི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་རེད། ཉམས་ཞིབ་ཁང་འདིའི་ལས་ཁུངས་ཨ་མ་ལྡི་ལིར་ཡོད་སྟབས། རྒྱ་གར་གྱི་མཁས་དབང་རིགས་དང་གྲོས་ཚོགས་གོང་འོག་གི་འཐུས་མི་སོགས་དང་འབྲེལ་བ་བྱས་ཏེ། བོད་དོན་གོ་རྟོགས་སྤེལ་བ་དང་། ཁོང་ཅག་གི་དགོངས་འཆར་བླངས་ཏེ་ཚོགས་གཙོ་གཞོན་གཉིས་ལ་སྙན་གསེང་ཞུ་བཞིན་ཡོད། གཞན། ལྡི་ལི་ཁུལ་གྱི་བོད་མི་ཚོར་མཐུན་འགྱུར་རོགས་གང་ཐུབ་ཞུ་བཞིན་ཡོད། ཅེས་དང་།

ང་ཚོས་ཟབ་སྦྱོང་འདི་ལ་རྒྱ་བལ་འབྲུག་གསུམ་ནང་གི་སློབ་གྲྭ་ཁག་གི་འཛིན་རིམ་བཅུ་གཅིག་ཡོངས་ཀྱི་སློབ་ཕྲུག་གི་འཐུས་ཚབ་འཛོམ་ཐུབ་པའི་སྡིངས་ཆ་ཞིག་ཆགས་ཡོད། བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་ཟེར་བ་འདི་ནི། བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། འཇར་མན་རོགས་ཚོགས་གཉིས་ཟུང་འབྲེལ་གྱི་ལས་འཆར་ཞིག་གི་མིང་རེད། ལས་འཆར་འདིའི་དམིགས་ཡུལ་བོད་པའི་སྤྱི་ཚོགས་ནང་འགན་འཁུར་ཐུབ་མཁན་གསོ་སྐྱོང་དང་། བོད་པའི་ཆབ་སྲིད་གནས་བབ་རྒྱལ་སྤྱིའི་ཐོག་བསྙབ་ཐབས། བཙན་བྱོལ་སྤྱི་ཚོགས་ཀྱི་དམངས་གཙོའི་འཕེལ་རིམ་དང་དམངས་གཙོ་སྲ་བརྟན་ཡོང་ཐབས་བཅས་རེད། ང་ཚོས་ཟབ་སྦྱོང་འདི་ལ་རེ་བ་ཆེན་པོ་ཞིག་དང་དམིགས་ཡུལ་ངེས་ཅན་ཞིག་བཟུང་ཡོད། ཁྱེད་ཅག་འདིར་ཕེབས་མཁན་ཚང་མས་ཟབ་སྦྱོང་འདིའི་ཐོག་ནས་ཉམས་མྱོང་དང་ཤེས་ཡོན་གང་ཐོབ་པ་དེ་དག་ཕྱིར་རང་རང་གི་ས་གནས་སུ་ལོག་སྐབས། སློབ་གྲོགས་གཞན་ལ་ཁྱབ་སྤེལ་བྱ་རྒྱུའི་འགན་འཁུར་ཡོད་ལ། དེ་ཙམ་དུ་མ་ཟད། ཟབ་སྦྱོང་འདི་ཐོབ་པ་བརྒྱུད་དེ་སོ་སོ་ཡང་མ་འོངས་པར་བོད་གཞུང་དང་། བོད་པའི་སྤྱི་ཚོགས་ནང་འགན་འཁུར་ཐུབ་མཁན་ཞིག་ཆགས་དགོས། ཞེས་ངོ་སྤྲོད་གནང་བྱུང་།

 དེའི་རྗེ་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་གིས་གསུང་བཤད་གནང་དོན། མི་སུ་འདྲ་ཞིག་ཡིན་ཡང་དང་པོ་སོ་སོ་ངོ་ཤེས་རྒྱུ་གལ་ཆེན་པོ་རེད། སོ་སོ་ངོ་ཤེས་པ་ཟེར་བ་དེ་སོ་སོའི་མིང་དང་སློབ་གྲྭ ལུང་ཚན་ངོ་སྤྲོད་ཤེས་ཙམ་ལ་རང་ངོ་རང་གིས་ཤེས་ཟེར་བ་མ་རེད། ང་ལ་མཚོན་ན། ཆབ་སྲིད་ཀྱི་གནས་སྟངས་ཤིག་གི་འོག་ནས་མིའི་ལུང་པ་ནས་འཚར་ལོངས་བྱུང་བ་རེད། སོ་སོའི་རྒྱལ་ཁབ་མིག་གིས་ཀྱང་མཐོང་ཡོད་པ་མ་རེད། དེ་རིང་འདིར་ཡོད་པའི་སློབ་ཕྲུག་རེ་ཟུང་བོད་ནས་ཕེབས་རེད་ལ། མང་པོ་ཞིག་བོད་ཕྱི་ལོགས་ནས་སྐྱེས་པ་རེད། དེར་བརྟེན། རང་ཉིད་སུ་ཡིན་ངོ་ཤེས་པ་ལ་ཐོག་མར་རང་གི་རྒྱལ་ཁབ་ཧ་གོ་དགོས་པ་རེད། རྒྱལ་ཁབ་ཧ་གོ་བ་ལ་རྒྱལ་ཁབ་དེའི་ནང་གི་སྒྲིག་འཛུགས་ཀྱིས་མཚོན་པའི་འགྲོ་སྟངས་མང་པོ་ཞིག་ཤེས་དགོས། ལྷག་པར་དུ་ང་ཚོས་འཛམ་གླིང་ནང་བོད་པར་རྒྱབ་སྐྱོར་གནང་རོགས་ཟེར་ནས་འབོད་སྐུལ་ཞུ་བཞིན་ཡོད་པ་རེད། དེའི་དགོས་པ་རྒྱུ་མཚན་གང་ལ་ཐུག་ཡོད་པ་རེད། བོད་ནང་གི་གནས་སྟངས་གང་ལ་བསླེབས་ཡོད་པ་རེད། འདི་དག་ཀྱང་ངེས་པར་དུ་ཤེས་དགོས། ཞེས་དང་།

 ཁོང་མོས་མུ་མཐུད་དུ་གསུངས་དོན། ང་རང་ལོ་ ༢༠ རིང་སྤྱི་འཐུས་ནང་ཞབས་ཞུ་བསྒྲུབས་ཤིང་། དེ་ལས་ལོ་ ༡༠ རིང་ཚོགས་གཞོན་གྱི་འགན་ཁུར་ཏེ་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ཆགས་པ་རེད། ལོ་ངོ་ཉི་ཤུའི་རིང་གི་ལས་ཀ་ཡག་ཤོས་ཤིག་སློབ་ཕྲུག་ཚོར་ཟབ་སྦྱོང་སྤྲོད་ཀྱིན་ཡོད་པའི་ལས་གཞི་འདི་ཡིན་བསམ་ཡོད། སྤྱི་ཚོགས་ཤིག་གྲ་འགྲིག་པོ་ཆགས་དང་མི་ཆགས། ལྷག་པར་དུ་བོད་པའི་རྩ་དོན་འཐབ་རྩོད་ཀྱི་རྒྱུན་བསྐྱང་ཐུབ་དང་མི་ཐུབ། ཁྱེད་ཅག་ད་ལྟའི་སློབ་ཕྲུག་དང་མ་འོངས་པའི་རྗེས་འཛིན་པ་ཚོར་རག་ལས་ཡོད། སྔོན་མ་སོ་སོ་སློབ་ཕྲུག་ཡིན་སྐབས་མ་འོངས་བོད་ཀྱི་སོན་རྩ་ཟེར་བའི་ཚིག་དེ་ལ་སེམས་ཚོར་དམིགས་བསལ་མེད། འོན་ཀྱང་ད་ལྟ་བསམ་བློ་བཏང་ཡོང་ན་ཚིག་དེ་ལྕི་ཁོག་ཆེན་པོ་རེད་ལ། འགན་ཆེན་པོ་ཞིག་ཀྱང་ཡོད་པ་རེད།

སློབ་ཕྲུག་ཁྱེད་ཚོ་དང་ཁྱེད་ཅག་ལ་གོ་སྒྲིག་བྱས་པའི་ཟབ་སྦྱོང་འདི་ལ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་བཙན་བྱོལ་བོད་གཞུང་གི་ངོས་ནས་ལས་འགན་ཧ་ཅང་གལ་ཆེན་ཞིག་ཏུ་གཟིགས་ཀྱི་ཡོད། ཟབ་སྦྱོང་འདི་མགོ་བཙུགས་པ་ནས་ད་བར་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་ཐེངས་གཅིག་ཀྱང་ཕལ་ཆེར་ཆད་མྱོང་མེད། ཐེངས་གཅིག་ལས་ཡུལ་དངོས་ནས་ལས་ཀ་མཚམས་བཞག་སྟེ་འདིར་ཆེད་དུ་ཟབ་ཁྲིད་གནང་དུ་ཕེབས་པ་རེད། དེ་འདྲའི་གལ་ཆེན་དོན་ཆེན་དུ་བརྩི་དོན་ཁྱེད་ཅག་ལ་རེ་བ་ཆེན་པོ་ཞིག་བཅོལ་གྱི་ཡོད་པ་རེད། འོན་ཀྱང་ཉིན་བཅུ་གྲངས་ནང་ཆ་ཚང་བ་ཞིག་ཁྲིད་ཐུབ་པ་མ་རེད། ལམ་སྣེ་ཙམ་བསྟན་རྗེས་སོ་སོས་འབད་བརྩོན་བྱས་ཏེ་ཤེས་པར་བྱ་དགོས་པ་རེད། སོ་སོ་ངོ་ཤེས་པ་དང་སོ་སོའི་རྒྱལ་ཁབ་ཧ་གོ་བའི་རྗེས་ལ་ནུས་པ་ཅི་ཙམ་འཐོན་ཐུབ་མིན་ཁྱེད་རང་ཚོར་ཐུག་ཡོད་པ་རེད། ཅེས་རེ་འདུན་བཏོན་སོང་།

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

ཆུ་ཚོད་ ༡༨ སྔོན་ལ།
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

ཆུ་ཚོད་ ༡༩ སྔོན་ལ།
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡

མཆན། 3

  1. ཤག་སྒང་པ། says:
    ལོ་ 15 སྔོན།

    གསལ་བཤད་དུས་ཐོག་གནང་བར་བཀའ་དྲིན་ཆེ། གསར་འགྱུར་ནི་ཀློག་པ་པོའི་རེ་བསྒུག་དངོས་དེ་ཡིན་པས། དེང་སྐབས་བོད་ཀྱི་དུས་བབ་སྟེང་གསར་འགྱུར་ཁག་མང་དུ་འགྲོ་བའི་ཚོར་བ་ཞིག་ཉིན་འགའི་སྔོན་ནས་བྱུང་བས། དགེ་མཚན་ཆེ་བའི་ཕྱག་ལས་གནང་བར་ཐུགས་རྗེ་ཆེ་ཞུ་སྤྲོ།

    Reply
  2. དོན་འགྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    དྲ་གྲོགས་ཤག་སྒང་བ་ལགས། ཁ་སང་ནི་ཟབ་སྦྱོང་དེའི་ཉིན་དང་པོའི་དབུ་འཛུགས་ཡིན་སྟབས། ཆེས་ཐོག་མར་ཉམས་ཞིབ་ཁང་དེའི་འགན་འཛིན་ཆོས་སྐྱོང་དབང་ཕྱུག་གི་ངོ་སྤྲོད་གསུང་བཤད་དང་། དེའི་རྗེས་སྐུ་མགྲོན་གཙོ་བོ་ཚོགས་གཞོན་རྒྱ་རི་སྒྲོལ་མའི་ཟབ་སྦྱོང་དབུ་འཛུགས་གསུང་བཤད་གཉིས་ལ་མི་འདུག དེ་གཉིས་ཀྱི་གསུང་བཤད་འགོད་ཁུལ་བྱས་ཡོད། དེ་ནས་སློབ་ཕྲུག་ཚོས་ཕན་ཚུན་ངོ་སྤྲོད་བྱས་པ་དང་། གོ་སྒྲིག་ཞུ་མཁན་གྱི་ངོས་ནས་ཉིན་དགུའི་ལས་རིམ་བང་བསྒྲིགས་ཏེ། སློབ་མ་ཚོར་གསལ་བཤད་བྱས་པ་བཅས་ཀྱི་ཟབ་སྦྱོང་གི་སྟ་གོན་རིགས་རེད། ཕྱི་དྲོ་གློག་བོད་ནང་གི་གནས་སྟངས་དང་འབྲེལ་བའི་གློག་བརྙན་ཞིག་སྟོན་རྒྱུ་ལས་རིམ་ནང་གསལ་འདུག དེ་ཙམ་རེད་ལགས།

    Reply
  3. ཤག་སྒང་པ། says:
    ལོ་ 15 སྔོན།

    བོད་ཀྱི་བགྲོ་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གིས་གནང་བའི་ཟབ་སྦྱོང་འདི་ནི། འཆར་ཅན་དུ་གནང་བའི་ཟབ་སྦྱོང་དང་འཐུས་མི་འདུས་ཤོས་ཀྱི་ཁྱབ་བསྒྲགས་ཅན་གྱི་ཟབ་སྦྱོང་ཞིག་ཀྱང་རེད། གལ་གནད་ཆེ་བའི་ཟབ་སྦྱོང་འདིར་མཁས་དབང་མཆོག་གི་བཀའ་སློབ་ཀྱི་ཟུར་ཙམ་ཡང་ནང་འདྲེན་མེད་པ་ནི་ཡ་མཚན་དང་། གསར་འགྱུར་གྱི་མཁོ་ལག་མ་ཚང་བ་ལྟ་བུའི་ཚོར་བ་ཞིག་ངང་གིས་སྟེར་སོང་། ཁྱབ་ཆེ་བའི་ཟབ་སྦྱོང་གནང་པར་ཐུགས་རྗེ་ཆེ། འདི་བརྒྱུད་སྒེར་གྱི་ཆབ་སྲིད་ཀྱི་ཁྱབ་བསྒྲགས་མ་འདྲེས་པ་ཞིག་བྱ་དགོས་པ་ཡང་གལ་གནད་ཆེ་བའི་སྐུལ་ལྕགས་ཅིག་ཀྱང་བརྒྱག་ཏུ་ཤོར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese