མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙན་བྱོལ་བོད་མིའི་དམངས་གཙོའི་ལེའུ་གསུམ།

བོད་ཀྱི་དུས་བབ།
༢༠༡༠/༡༢/༢༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོ་གངས་སྐྱིད་སྤྱི་ཐབ་ཐོག་ཁང་དུ་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གིས་འཛིན་རིམ་བཅུ་གཅིག་གི་སློབ་མ་ཚོར་ཟབ་སྦྱོང་སྤྲོད་བཞིན་པའི་ཉིན་གཉིས་པའི་ཐོག སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ལེའུ་གསུམ་དུ་ཕྱེས་ཏེ་ངོ་སྤྲོད་གནང་སོང་།

སྐབས་དེར་ཚོགས་གཙོ་མཆོག་གིས་སློབ་ཕྲུག་ཚོར་རྩེད་མཚར་དང་སྦྲགས་ཏེ། བརྗོད་གཞི་དངོས་ཀྱི་ལེའུ་རེ་རེ་བཞིན་ནན་ཏན་སྒོས་ངོ་སྤྲོད་གནང་དོན། ལེའུ་དང་པོ་ཕྱི་ལོ་ ༡༩༦༠ ནས་ ༡༩༩༠ བར་རེད། ༡༩༦༠ ལོར་རྡོ་རྗེ་གདན་ནས་བོད་མི་ཚོས་༧གོང་ས་མཆོག་གི་བཀའ་དགོངས་ཇི་བཞིན་བསྒྲུབ་རྒྱུའི་མནའ་ཆེན་པོ་རེ་བསྐྱལ་བ་རེད། སྐབས་དེ་ཙམ་ནས་༧གོང་ས་མཆོག་གིས་དམངས་གཙོའི་ཐོག་དགོངས་པ་བཞེས་ཏེ། ཆོལ་ཁ་རེ་ནས་སྤྱི་འཐུས་གསུམ་རེ་དང་དང་ཆོས་རྒྱུད་ཁག་ནས་སྤྱི་འཐུས་གཅིག་རེ་ཐེངས་དང་པོར་བདམས་ཐོན་བྱུང་བ་རེད། བཀའ་བློན་རྣམས་ཁོང་གིས་ཐད་ཀར་བསྐོ་བཞག་གནང་གི་ཡོད་པ་རེད།  ༡༩༦༡ ལོར་རྒྱལ་གར་གྱི་མཁས་པ་ཚོ་དང་གོ་བསྡུར་གྱིས་བཙན་བོད་ཀྱི་རྩ་ཁྲིམས་ཟིན་བྲིས་ཀྱི་མགོ་བཙུགས་ཤིང་། ༡༩༦༣ ལོའི་གསུམ་བཅུའི་དུས་དྲན་ཉིན་བོད་ཀྱི་རྩ་ཁྲིམས་གཏན་འབེབས་གསལ་བསྒྲགས་གནང་བ་རེད། རྩ་ཁྲིམས་དེ་དམངས་གཙོའི་ལམ་ལུགས་གཞིར་བཟུང་གཏན་འབེབས་བྱས་ཡོད་དུས་༧གོང་ས་མཆོག་གི་སྐུ་དབང་ཉུང་དུ་ཕྱིན་ཡོད་སྟབས། བོད་མི་ཚོས་དེ་འདྲའི་དམངས་གཙོ་ཞིག་ང་ཚོར་དགོས་དོན་མེད་ལབ་པ་རེད། གང་ལྟར། ཕྱི་ལོ་ ༡༩༦༠ ནས་ ༡༩༩༠ ལོའི་བར་ང་ཚོས་༧གོང་ས་མཆོག་གི་དགོངས་དོན་ལྟར་ལག་ལེན་བསྟར་ཐུབ་ཡོད་པ་མ་རེད། དེ་ནི་ཕྱོགས་གཅིག་ནས་༧གོང་ས་མཆོག་ལ་དད་གུས་ཆེ་དྲགས་པས་རེད་ལ། ཕྱོགས་གཞན་ཞིག་ནས་བཤད་ན། ལས་ཀ་ཚང་མ་༧གོང་ས་མཆོག་གི་ཕྲག་ལ་གཡུགས་བཞག་པ་རེད། ཅེས་གསུངས་བྱུང་།

 

ཁོང་གིས་མུ་མཐུད་དུ་ངོ་སྤྲོད་གནང་དོན། སྤྱི་འཐུས་སྐབས་དང་པོ་དང་གཉིས་པར་ཚོགས་ཁང་ཙམ་ཡང་ཡོད་པ་མ་རེད། ༡༩༦༦ ལོ་ནས་སྤྱི་འཐུས་ལ་ཁང་པ་ཞིག་རག་སྟེ། ཟླ་དྲུག་རེའི་ནང་ཆེས་མཐོའི་རྒྱུན་ལས་ཐེངས་རེར་ཚོགས་ཏེ་བོད་གཞུང་གི་ལས་རིམ་ཁག་ཐག་གཅོད་བྱེད་ཀྱི་ཡོད། ༡༩༦༩ ཙམ་ནས་ལོ་འཁོར་ཚོགས་ཆེན་ཞེས་ལོ་རེར་ཐེངས་གཅིག་རེ་དང་། ༡༩༨༢ ཙམ་ནས་ལོ་གཉིས་རེའི་ནང་ཐེངས་གཅིག་འཚོགས་རྒྱུ་བྱས་པ་རེད། སྐབས་དེར་བོད་གཞུང་གི་དཔལ་འབྱོར་ལ་སྤྱི་འཐུས་ཀྱིས་ལག་པ་འཆང་གི་མེད། སྐབས་དེར་གཞུང་དངུལ་ཉར་ཚགས་ཀྱི་ཕྱོགས་ནས་འཐུས་ཤོར་མང་པོ་ཕྱིན་པ་རེད། དཔེར་ན། དྲུག་ཅུ་རེ་གྲངས་ནང་གཞུང་དངུལ་འབུམ་ ༣༠ ལྷག་བཀའ་བློན་སྦུག་གི་རྒྱ་གར་བ་ལཱ་ལཱ་བྷོ་རྗི་རཱ་རྗི་དང་ལཱ་ལཱ་སོ་མཱ་ནེ་ཟེར་བ་གཉིས་ཀྱི་ལག་ཏུ་ཤོར་ཏེ་ཕྱིར་ཡོང་མེད་པར་གྱུར་བ་རེད། དེ་ནས་གཞུང་དངུལ་ཉར་ཚགས་ལ་དོ་སྣང་བྱ་དགོས་ཀྱི་འདུག་ཟེར་ནས། འབུམ་ཉི་ཤུ་སུམ་ཅུ་ཞིག་བཏང་སྟེ། ལྕགས་སྡིང་བཟོ་གྲྭ་ཞིག་གཉེར་ཡོད་ཀྱང་། རྗེས་སུ་བཟོ་གྲྭ་དེ་ཡང་བརྡིབས་ཏེ་སྔ་གཞུག་ཏུ་གཞུང་དངུལ་ཧིན་སྒོར་འབུམ་ ༦༠ ལྷག་རྩ་མེད་དུ་སོང་ཡོད། སྐབས་དེར་བཙན་བྱོལ་གཞུང་གི་ལོ་གཅིག་གི་འགྲོ་སོང་ཧིན་སྒོར་འབུམ་ལྔ་ཙམ་རེད།

 

ལེའུ་གཉིས་པ་ཕྱི་ལོ་ ༡༩༩༡ ནས་༢༠༠༡ བར་རེད། ༡༩༩༠ ལོའི་ཕྱི་ཟླ་ ༥ པའི་ཚེས་༢༧ ནས་བཀའ་སྤྱི་གཉིས་ཕྱིར་བསྡུ་བྱས་ཏེ། བར་བརྒལ་གཞུང་འཛིན་བཀའ་ཤག་ཅིག་བཙུགས་ཏེ་ད་ལྟའི་བཅའ་ཁྲིམས་གཏན་འབེབས་བྱས་ཤིང་། ༡༩༩༡ ལོ་ནས་ཆོལ་ཁ་དང་ཆོས་ལུགས་ཀྱི་སྤྱི་འཐུས་གྲངས་ཚད་ཡར་སྤར་ཏེ། ཆོལ་ཁ་རེ་ནས་སྤྱི་འཐུས་བཅུ་རེ་དང་ཆོས་ལུགས་རེ་ནས་སྤྱི་འཐུས་གཉིས་རེ། དེ་བཞིན་ཡུ་རོབ་དང་བྱང་ཨ་རི་སོགས་ལའང་འཐུས་མི་བྱུང་བ་རེད། ལྷན་ཁང་ཁག་གི་བཀའ་བློན་ཚོ་གྲོས་ཚོགས་ཀྱིས་གདམ་པའི་ལམ་སྲོལ་བཏོད་པ་ནས་ཁྲིམས་བཟོ་ལྷན་ཁང་ཚད་ལྡན་ཞིག་བྱུང་ཡོད།

 ལེའུ་གསུམ་པ་ཕྱི་ལོ་ ༢༠༠༡ ནས་ད་བར་གྱི་འཕོ་འགྱུར་རེད། ༢༠༠༡ ལོ་ནས་བཀའ་བློན་ཁྲི་བ་ཐད་ཀར་མི་མང་གིས་འོས་འདེམས་བྱས་ཏེ་དམངས་གཙོའི་ཕྱོགས་སུ་གོམ་པ་ཆེན་པོ་ཞིག་སྤོས་པ་རེད། ༧གོང་ས་མཆོག་གིས་ཀྱང་། ཉིས་སྟོང་གཅིག་ནས་བླ་མའི་སྲིད་དབང་དང་དགའ་ལྡན་ཕོ་བྲང་གི་གཞུང་མཇུག་བསྡུས་པ་རེད་ཅེས་གསུང་གི་ཡོད་རེད། དེ་བཞིན། ༧གོང་ས་མཆོག་གིས་བགྲེས་ཡོལ་དུ་ཕེབས་རྒྱུའི་ཐད་ལ་ཡང་བཀའ་སློབ་རིམ་པར་གནང་བ་རེད། ལྷག་པར་དུ་ལྡི་ལི་ནས་ཀཱ་རན་ཐ་པོར་གྱིས་༧གོང་ས་མཆོག་ལ་བཀའ་འདྲི་ཞུས་པའི་བརྒྱུད་རིམ་ཚང་མར་བལྟས་པ་ཡིན་ན། ཨུ་ཚུགས་རང་བྱས་ཏེ་༧ཁོང་གི་ཞལ་ནས་བགྲེས་ཡོལ་ལ་ཕེབས་རྒྱུའི་ཐད་ལན་ཞིག་རེག་ཐབས་བྱས་ཡོད་པ་གསལ་པོར་ཤེས་ཐུབ། སྐབས་དེར་༧གོང་ས་མཆོག་གིས་ང་བགྲེས་ཡོལ་ལ་ཕེབས་རྒྱུ་དེར་དུས་བཀག་མེད་པ་དང་། བགྲེས་ཡོལ་ལ་ཕེབས་རྒྱུའི་སྐོར་ལ་གྲོས་ཚོགས་དང་ལྷན་དུ་གྲོས་བསྡུར་ཞུ་རྒྱུ་ཡིན་གསུངས་སོང་།

མཐར་ཁོང་གིས་ཟབ་སྦྱོང་དུ་ཡོང་མཁན་གྱི་སློབ་མ་ཚོར་གསུང་དོན། གནས་ཚུལ་ག་རེ་ཡིན་ན་དང་པོ་སོ་སོ་རང་ཉིད་ཀྱི་གནས་བབ་དང་ནང་མིའི་གནས་བབ། དེ་བཞིན་རྒྱལ་ཁབ་ཀྱི་གནས་བབ་བཅས་མགོ་ཚོས་པ་བྱ་དགོས། དཔེར་ན། སློབ་ཕྲུག་ཁ་ཤས་ཀྱིས་སོ་སོའི་ནང་མིའི་དཔལ་འབྱོར་གྱི་གནས་སྟངས་མགོ་མ་ཚོས་པར་དངུལ་དགོས་པའི་རྙོག་དྲ་བཤད་དེ། ཕ་མ་དང་ནང་མིར་དཀའ་ངལ་བཟོ་གི་ཡོད་པ་རེད། དེ་བཞིན་བཙན་བྱོལ་གཞུང་འདི་ཡང་། ང་སྤྱི་འཐུས་ཚོགས་གཙོ་གཅིག་པུའི་མ་རེད་ལ། བཀའ་བློན་ཁྲི་པ་གཅིག་པུའི་ཡང་མ་རེད། བོད་མི་ཚང་མས་འགན་འཁུར་དགོས་པ་རེད། ཅེས་བརྗོད་སོང་།

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

༧སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་མཆོག་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་སོགས་ས་གནས་བོད་མི་རྣམས་ཀྱིས་ཞི་བདེའི་གོམ་བགྲོད་པ་རྣམ་པར་ཕེབས་བསུ་ཞུས། རྭ་རྒྱ་ཐེག་ཆེན་ནང་བསྟན་རིག་གཞུང་གླིང་གི་ངོ་དེབ་ཀྱི་པར།
Mobile App

ཨ་རིའི་ནང་གི་ཞི་བདེའི་གོམ་བགྲོད་པ་རྣམས་ལ་༧གོང་ས་མཆོག་ནས་གསུང་འཕྲིན་ཞིག་བསྩལ་གནང་ཡོད་འདུག

ཆུ་ཚོད་ ༥ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༢།༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད།

ཆུ་ཚོད་ ༨ སྔོན་ལ།
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་གནང་བ། ༢༠༢༦།༠༢།༠༩ ཐད་གཏོང་གི་པར་བཤུས།
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་ཐོག་བོད་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་།

༢༠༢༦/༠༢/༠༩
The Millionaire media tycoon Jimmy Lai, 72, poses during an interview with AFP at the Next Digital offices in Hong Kong. June 16 2020
(Photo by Anthony WALLACE / AFP)
Mobile App

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཇི་མི་ལའེ་ལགས་ལ་ལོ་ ༢༠ བཙོན་འཇུག་ཁྲིམས་ཐག་བཅད། 

༢༠༢༦/༠༢/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་བཀོད། ལྡི་ལི་དོན་གཅོད་ཀྱི་སྐུ་པར། ༢༠༢༦།༠༢།༠༩
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་འཁོད།

༢༠༢༦/༠༢/༠༩
A-Nya Sengdra
Mobile App

ཨ་ཉག་སེང་སྒྲ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༢/༠༩

མཆན། 4

  1. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    ཚོགས་གཙོ་མཆོག་གིས་དུས་རབ་འདིའི་སློབ་མར་མཁོ་བའི་བཀའ་སློབ་རྒྱས་བསྡུས་མཚམས་པོ་གསུངས་འདུག
    དུས་རབ་དང་མཚམས་པའི་དབུ་ཁྲིད་ཚོའི་བཀའ་སློབ་འདི་ལྟར་གནང་པ་ལས་གནད་གྱི་དོད་པོ་ཆེ་འདི་ཡིན་གསུངས་རྒྱུ་མེད་པར་ཚིག་སྔ་བསྡུ་མི་ཐུབ་པའི་གཏམ་རིང་རེ་
    གསུངས་ནགཞོན་རབ་པ་ཚོ་གཉིད་ཁུག་རྒྱུ་རེད།

    ཡ་ཡ་ཁོ་རེ་བློ་དགའ་ལགས།
    ༡༩༦༠་ནས་༢༠༠བར་གྱི་མང་གཙོའི་འཕེལ་རིམ་དང་༢༠༠༡་ནས་མི་མང་གིས་ཐད་བསྐོས་ཀྱི་བཀའ་ཁྲི། ད་དུང་༸གོང་ས་མཆོག་ཕྱེད་བགྲེས་ཡོལ་དང་ཉེ་བའི་ཆར་བགྲེས་ཡོལ་ཆ་ཚང་། ་འདི་དག་ལ་ལེགས་པར་དཔྱད་ན ད་བཟོད་ཁྱེད་ཀྱི་དྲི་ཚིག་དེ་དག་གི་ལན་གཞན་ལ་འདྲི་མི་དགོས་པར་རང་ཉིད་ཀྱི་མཁྱེན་ངེས་རེད།

    ཁ་སྔོན་ཞིག་ལ་ས་གནས་ག་གེ་མོ་ཞིག་ནས་ཡང་།ཁྱེད་ཀྱིས་ཚོགས་གཙོ་མཆོག་ལ་དྲི་བ་འགའ་དྲིས་སོང་།

    འོན་ཀྱང་རྒྱུ་མཚན་དང་དགོས་པ་ཆེར་མ་མཐོང་བའི་ཁརས། ཁྱེད་རང་སྔར་གྱི་བློ་དགའ་ལས་གོམ་གང་ཕྱོགས་ཐོན་བྱས་འདུག་པས་སེམས་ཚོལ་བྱུང་།

    ཧ་ཧ་་་ཀུ་རེ་ཡིན་་་་་་་་་་དྲི་བ་དཔེ་རང་དྲིས་འདུག

    Reply
  2. གནས་ཚང་། says:
    ལོ་ 15 སྔོན།

    གུས་པ་ཉིན་ཤས་རིང་དྲ་ཐོག་ཏུ་ཡོང་ཐུབ་མ་སོང་། གོས་ཐོས་སུ་ཚོགས་གཙོ་སྤེན་པ་ཚེ་རིང་གིས་མདོ་སྨད་ནང་ཁུལ་དུ་རྙོག་དྲ་བཟོས་ནས་གོང་ས་མཆོག་གི་ཐུགས་དཀྲིགས་ཡོད་པས། འདིར་ཡང་བསྐྱར་གོང་ས་མཆོག་ལ་ལག་པ་ཕྱིས་རྩིས་འདིའི་དམིགས་ཡུལ་ཅི་ཞིག་ཡིན་ནམ། བརྒྱུད་བསྐུལ་ཡིན་ནམ། དྲ་མགྲོན་ཚོས་གོ་བསྡུར་གནང་རན་འདུག

    Reply
  3. བསྟན་འཛིན་འཕགས་པ། says:
    ལོ་ 15 སྔོན།

    ཚོགས་གཙོ་མཆོག་ལ་མཚམས་འདྲི་ཞུ་།
    མ་འོང་བཀའ་ཁྲི་སུ་སླེབས་ཀྱང་ཁོང་བཀའ་བློན་ཤིག་ངེང་པར་དུ་བདེབས་དགོས་སོ།།

    Reply
  4. སེར་སྨད་བློ་དགའ། says:
    ལོ་ 15 སྔོན།

    བཀུར་འོས་ཚོགས་གཙོ་མཆོག་གིས་བརྒྱུད་རིམ་ལྡན་པའི་བོད་ཀྱི་མང་གཙོ་ལེའུ་གསུམ་དུ་ཕྱེ་སྟེ། ངོ་སྤྲོད་ཁ་གསལ་ཞིག་གནང་འདུག་པར་ཐུགས་རྗེ་རྗེས་དྲན་དང་བསྦྲགས། རེ་སྐུལ་དང་བཀའ་འདྲི་ཞུ་རྒྱུ་ཞིག་ལ། ཁྱེད་ཀྱིས་༸གོང་ས་མཆོག་གིས་ཀྱང་། ཉིས་སྟོང་གཅིག་ནས་བླ་མའི་སྲིད་དབང་དང་དགའ་ལྡན་ཕོ་བྲང་གི་གཞུང་མཇུག་བསྡུས་པ་རེད་ཅེས་གསུང་གི་ཡོད་རེད། ཅེས་གསུངས་སོང་བས། ༸གོང་ས་མཆོག་གིས་ག་དུས་གསུང་པ་དང་ག་པ་ལ་གསུང་པ། ཁོང་གིས་གསུང་པའི་ཚིག་རིས་ཇི་བཞིན་བརྒྱུད་ལམ་འདིར་གསལ་བཤད་ཅིག་གནང་རོགས། བཀའ་བློན་དང་བཀའ་བློན་ཁྲི་པ། གྲོས་ཚོགས་དང་འཛིན་སྐྱོང་གི་དྲུང་ཆེ་ཚུན་ཆད་ལ་གྲྭ་པ་བླ་མས་ཆ་ཤས་ལེན་བཞིན་ཡོད་པ་ཕལ་ཆེར་ཁྱེད་ཀྱིས་མཁྱེན་ཡོད། ད་ལྟ་དགའ་ལྡན་ཕོ་བྲང་གི་གཞུང་བསྡུས་ཡོད་པ་རེད་དང་མ་རེད། ཡང་ན་དགའ་ལྡན་ཕོ་བྲང་དང་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་གཉིས་ལ་ཁྱད་པར་ཕྱེ་ཡི་ཡོད་པ་རེད་དམ། ཡང་ན་དགའ་ལྡན་ཕོ་བྲང་གིས་གཞུང་གི་འཛིན་སྐྱོང་བྱེད་པ་བསྡུས་ཀྱང་། ༸གོང་ས་མཆོག་གིས་རྒྱལ་ཁབ་ཀྱི་དབུ་ཁྲིད་གནང་གི་ཡོད་ཟེར་གྱི་ཡོད་དམ། གང་ལྟར་བཀའ་ལན་གསལ་པོ་ཞིག་གནང་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese