མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་སྒོར་ལ་མགོ་འཁོར་ཏེ་བོད་དོན་གླེང་མཁན་མེད་ཟེར།

བོད་ཀྱི་དུས་བབ།
༢༠༡༡/༠༡/༡༥
Share on FacebookShare on TwitterShare on EmailShare on Whatsapp

 

རྒྱ་གཞུང་གིས་གཞིས་རྩེ་ས་ཁུལ་དུ་སྡོད་ཁང་གསར་རྒྱག་དང་འཚོ་བའི་ཁ་སྣོན་ལ་དངུལ་སྤྲད་དེ། རྒན་རབས་པ་ཚོའི་ཁྲོད་༧གོང་ས་མཆོག་དང་བོད་པའི་རྩ་དོན་གླེང་མཁན་དཀོན་པོ་རེད་ལ། རྒྱ་ནག་གི་གཡོ་ཐབས་དེའི་དབང་གིས་རྒན་གཞོན་བར་ལྟ་བ་མ་མཐུན་པ་ཡོང་གི་འདུག་ཟེར།  

འདས་པའི་ལོ་ངོ་དུ་མའི་རིང་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོར་སྡོད་ཁང་གསར་རྒྱག་དང་རིག་གཞུང་ཡར་རྒྱས་ཀྱི་ལས་གཞི་སྤེལ་ཏེ། བོད་མིའི་འཚོ་བར་སྔར་ལས་ལྷག་པའི་ཡར་རྒྱས་ཕྱིན་ཡོད་སྐོར་བཤད་ཀྱང་། དོན་དངོས་ཐོག་དེ་ནི་བོད་མི་ཚོའི་ཁ་འགོག་ཐབས་དང་གཞན་གྱི་མིག་འཁྲུལ་ཐབས་ཙམ་ལས་གྲོང་ཁྱེར་དང་རྒྱང་ཐག་རིང་བའི་གྲོང་གསེབ་ཁག་ཏུ་ལྟོ་བ་འགྲང་གི་མེད་པ་མང་པོ་ཡོད་རབས་འདུག ས་ཁུལ་དེ་དག་གི་ལོ་ཆུང་བྱུས་པ་དག་ཀྱང་སློབ་སྦྱོང་གི་གོ་སྐབས་མ་ཐོབ་པར་བ་ཕྱུགས་འཚོ་སྐྱོང་དང་གཞན་གྱི་གཡོག་ཏུ་བརྒྱུགས་ཏེ་མི་ཚེའི་སྐྱེལ་བཞིན་ཡོད་འདུག་ཅིང་། རང་ལོ་ ༣༠ ལ་སོན་པའི་གཞིས་རྩེ་སྦོན་པོ་སྡེ་བའི་སྤེན་པ་ལགས་ཀྱང་དཀའ་སྡུག་གི་འཚོ་བ་ཐབས་ཆག་དེའི་ཁྲོད་ནས་འཚར་ལོངས་བྱུང་བའི་འབྱོར་མེད་དབུལ་བོའི་བུ་ཞིག་རེད།

ཟླ་འདིའི་ཕྱི་ཚེས་ ༥ ཉིན་གསར་འགོད་པས་ཉེ་ལམ་བོད་ནས་གསར་དུ་འབྱོར་བའི་སྤེན་པ་དང་མཉམ་དུ་གཞིས་རྩེ་ས་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་བར་ཁྱད་དང་གྲོང་གསེབ་ཁུལ་གྱི་འཚོ་བའི་གནས་སྟངས་དངོས་ཀྱི་ཐད་གླེང་མོལ་བྱས་པ་ཡིན། ཁོང་གིས་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་ཀྱི་ཁོང་གི་ཚོར་སྣང་དང་འབྲེལ་ཏེ་བརྗོད་དོན། ང་རང་ལ་མཚོན་ན་ལོ་ ༡༦ སྟེང་ནས་གཞན་གྱི་གཡོག་པོར་བརྒྱུགས་ཏེ་འཚོ་རྟེན་བཙལ་མཁན་ཞིག་ཡིན། ༢༠༠༨ ལོར་ཁམས་ཕྱོགས་སུ་ལས་ཀ་བྱེད་སྐབས་ལྷ་ས་དང་ཨ་མདོ་རྔ་པ། ཁམས་དཀར་མཛེས་བཅས་ཀྱི་བོད་མི་ཚོས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་པའི་གནས་ཚུལ་གོ་སོང་། སྐབས་དེར་ང་རང་གི་བསམ་པར། ད་ནི་ངའི་ཕ་ཡུལ་གཞིས་རྩེ་ས་ཁུལ་གྱི་བོད་མི་ཚོར་ཡང་དཀའ་ངལ་དང་ན་ཟུག་དེ་གཅིག་མཚུངས་ཀྱིས་ཡོད་སྟབས། གཞུང་ལ་མི་དགའ་བའི་རྣམ་འགྱུར་ཞིག་སྟོན་རྒྱུ་རེད་དྲན་སོང་། འོན་ཀྱང་ད་བར་གྲགས་འགུལ་ཅི་ཡང་བྱུང་མ་སོང་།

ད་ལྟ་བསམ་བློ་བཏང་ན་གཞིས་རྩེ་ས་ཁུལ་གྱིས་འོས་ལངས་མ་བྱས་པ་དེར་རྒྱུ་མཚན་ཁ་ཤས་ཡོད་པར་རེད། འདས་པའི་ལོ་གཅིག་གཉིས་གོང་ནས་རྒྱ་ནག་གཞུང་གིས་གཞིས་རྩེ་ས་ཁུལ་གྱི་རྫོང་དང་ཞང་། གྲོང་བརྡལ་སོགས་ཀྱི་བོད་མི་ཚོར་སྡོད་ཁང་གསར་རྒྱག་དང་འཚོ་བའི་ཁ་སྣོན་ལ་དངུལ་དངོས་ཕོན་ཆེན་སྤྲད་ཡོད་པ་མ་ཟད། ལྐོག་དངུལ་སྤྲད་དེ་མི་མང་གི་བློ་ཁ་བསྒྱུར་ཐབས་དང་། ཁ་འགོག་ཐབས་མང་པོ་བྱས་ཡོད་པ་རེད། རྒན་རབས་པ་མང་པོ་ཞིག་གིས་རྒྱ་ནག་གི་བྱེད་སྟངས་དེ་ལ་སེམས་གཏིང་ནས་ཡིད་ཆེས་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་ནག་གི་རོགས་སྐྱོར་མེད་ཚེ་ཕལ་ཆེར་འཚོ་ཐབས་བྲལ་བའི་འདུ་ཤེས་ཤིག་བཟུང་སྟེ། གཞོན་རབས་པ་རྣམས་ལ་དེ་ལྟར་ཁ་སློབ་གོ་གཏོང་ཁུལ་བྱེད་ཀྱི་འདུག དེ་བཞིན། གཞིས་རྩེ་ས་ཁུལ་གྱི་གྲོང་སྡེ་ཁག་མང་པོ་ཞིག་གི་རྒན་འཁོགས་ཚོས་རྒྱ་ནག་གི་གསར་ལམ་ཁག་ཏུ་༧གོང་ས་མཆོག་དང་བོད་གཞུང་ལ་སྐྱོན་བརྗོད་བྱས་པའི་དབང་གིས་རྒན་གཞོན་བར་ལྟ་བ་མ་མཐུན་པ་ཡང་ཡོང་གི་འདུག ཅེས་དང་།

 

ཁོས་མུ་མཐུད་དུ་བརྗོད་དོན། ཕྱོགས་གཞན་ཞིག་ནས་འདས་པའི་ལོ་མང་རིང་རྒྱ་རིགས་ཕོན་ཆེན་པོ་གཞིས་རྩེ་ས་ཁུལ་དུ་བསླེབས་ཏེ། ལས་ཁུངས་ཁག་གི་ལས་བྱེད་མཐོ་གྲས་ཚང་མ་རྒྱ་རིགས་ཆགས་ཡོད། བོད་རིགས་ལས་བྱེད་ཉུང་ངུ་ལས་མེད་ལ། དེ་དག་གི་ལས་ཀ་ཡང་ཧ་ཅང་ཐབས་ཆག་རིགས་རེད། བོད་རིགས་སློབ་ཆེན་འཐོན་མཁན་ཚོར་ལས་ཀ་རག་ཁག་པོ་ཆགས་ཡོད། དེ་བཞིན། ཚོང་ཁང་དང་མགྲོན་ཁང་། ཁྲོམ་རྭ་མང་ཆེ་བ་ཡང་རྒྱ་མིས་བཟུང་ཚར་ཡོད། བོད་པ་ཚོ་ཨར་ལས་རྒྱག་མཁན་དང་མགྲོན་ཁང་གི་ཞབས་ཞུ་བ། ཟ་ཁང་གི་ཕོར་བ་འཁྲུད་མཁན་སོགས་ཆགས་ཡོད། བོད་རྒྱ་གཉིས་ཀྱི་འཚོ་བའི་གནས་བབ་ལ་ཁྱད་པར་ཆེན་པོ་ཤོར་ཡོད་ལ། གྲོང་ཁྱེར་དང་གྲོང་གསེབ་བར་ལའང་ཁྱད་པར་ཆེན་པོ་ཤོར་ཡོད། དཀའ་ངལ་མང་པོ་ཞིག་གི་རྐྱེན་པས་བོད་པ་ཚོས་མི་རིགས་ཀྱི་འཐབ་རྩོད་དྲན་ཐུབ་ཀྱི་མེད། ཅེས་བརྗོད་བྱུང་།

ཡང་ཁོང་ལ་གཞིས་རྩེ་ས་ཁུལ་གྱི་གྲོང་གསེབ་ཁག་གི་སློབ་གྲྭའི་གནས་སྟངས་དྲིས་པར་ཁོས་ལན་བསྐྱོན་དོན། དཀའ་ངལ་ཆེ་ཤོས་མང་ཚོགས་ཀྱི་ཤེས་ཡོན་གནས་སྟངས་ཆགས་འདུག མི་རིགས་དང་རིག་གཞུང་ཐོག་བསམ་བློ་གཏོང་མི་ཤེས་མཁན་ཞིག་ལ་མཚོན་ན། ལྟོ་གོས་འགྲིག་ཙམ་དང་འཚོ་བ་འཁྱོལ་ཙམ་ཡོད་པ་རེད། སློབ་གྲྭའི་ཕྱོགས་ནས་ང་ཚོའི་གྲོང་ཚོ་དེ་ཐབས་སྐྱོ་བོའི་གནས་སུ་གྱར་ཡོད། གང་ཡིན་ཞེ་ན།  གྲོང་ཚོར་ཁྱིམ་ཚང་ ༡༦༠ ཙམ་ཡོད་ཀྱང་། ད་ལྟའི་བར་སློབ་ཆེན་དུ་སྐྱོད་བཞིན་པའི་སློབ་མ་ ༡ དང་སློབ་འབྲིང་སློབ་མ་ ༤ ལས་བྱུང་མེད། སློབ་གྲྭ་རེ་གཉིས་ཡོད་པ་དེ་དག་ནང་རྒྱ་ཡིག་ཁོ་ན་ལས་བོད་ཡིག་ཡག་པོ་འཁྲིད་ཀྱི་མི་འདུག གཞིས་རྩེ་ལ་མཚོན་ན་གྲོང་གསེབ་ཁག་མ་གཏོགས་བོད་ཡིག་བོད་སྐད་བཀོལ་སྤྱོད་བྱེད་ས་ཡོད་པ་མ་རེད། མང་ཆེ་བའི་འཚོ་བ་སྐྱོ་ཐག་ཆོད་དེ་ཕྲུ་གུ་སློབ་གྲྭར་གཏོང་ཐུབ་ཀྱི་མེད་ལ། འགའ་རེ་ཡིས་ཕྲུ་གུ་སློབ་མཐར་ཕྱིན་ཡང་ལས་ཀ་མི་རག་སྟབས། སློབ་གྲྭ་ཟེར་བ་དང་ཤེས་ཡོན་ཟེར་བ་དེ་དགོས་མཁོ་མེད་པ་ཞིག་ལ་ལྟ་བཞིན་ཡོད། ཅེས་བརྗོད་བྱུང་།

མཇུག་མཐར་སྤེན་པ་ལགས་སུ་ཕ་ཡུལ་གྲོང་ཚོ་སྦོན་པོ་ལ་མཚོན་ན། ༧གོང་ས་མཆོག་ལ་དད་གུས་དང་ཕྱི་སྡོད་བོད་མིའི་སྐོར་ལ་རྒྱུས་མངའ་གང་འདྲ་ཡོད་མེད་དྲིས་པར་ཁོང་གིས། གྲོང་ཚོའི་ནང་གི་གཞོན་སྐྱེས་ཚོའི་ཁྲོད་༸གོང་ས་མཆོག་དང་ཕྱི་སྡོད་བོད་མིའི་གནས་ཚུལ་གླེང་མཁན་རེ་ཟུང་ཡོད་པ་རེད། འོན་ཀྱང་རྒན་པ་ཚོ་མང་ཆེ་བ་རྒྱ་ནག་གི་འཚོ་རྟེན་གྱི་དངུལ་དང་སྡོད་ཁང་ལ་དགའ་ཐག་ཆོད་དེ། ༧གོང་ས་མཆོག་དང་བོད་དོན་ལ་ཡ་བྱེད་མཁན་ཡོད་པ་མ་རེད། ངས་ད་བར་རྒན་པ་ཚོའི་ཁྲོད་ནས་བོད་མི་རིགས་དང་བོད་ཀྱི་གནད་དོན་གླེང་མཁན་ཞིག་གོ་མ་མྱོང་ལ། ང་རང་གི་ཕ་མ་གཉིས་ཀྱི་གམ་ནས་ཀྱང་ཐོས་མྱོང་མེད། ཅེས་བརྗོད་བྱུང་།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༡༩ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 7

  1. ངས་པོའི་ལྷ་སྲས། says:
    ལོ་ 16 སྔོན།

    དྲ་གྲོགས་ཚོ་ངེད་ཚོས་རྒྱུག་པ་ལེབ་རྡུང་བྱེད་མི་ཉན། གཞིས་ཀ་རྩེའི་མི་རེ་བཟུང་གིས་རྒྱ་མིའི་ཉུལ་མ་བྱས་པས་རྒྱུ་མཚན་གྱིས་གཞིས་རྩེ་བ་ཡོངས་རྫོགས་དེ་ལྟར་རེད་ཞེས་བརྗོད་ན་གཡག་ཞ་རས་རྩྭ་བ་བཟས་པ་དང་གཉིས་སུ་མ་མཆིས།
    དེ་ལྟར་ན་ཆོལ་གསུམ་གྱི་བོད་མི་ཡོངས་རྫོགས་དགྱ་མིའི་ཉུལ་མ་ཡིན་པར་ཐལ། ཆོལ་ཁ་གསུམ་གའི་ནང་ལ་དགྱ་མིའི་ཉུལ་མ་ཡོད་པའི་ཕྱིར་ཞེས་ན་ལན་ཇི་ལྟར་འདེབས།

    Reply
  2. རྡོ་རྗེ་ཚེ་རིང་། says:
    ལོ་ 16 སྔོན།

    དྲང་མོར་ཞུས་ན་ང་རང་ཡང་གཞི་རྩེ་ནས་ཡིན། མ་ཟད་རྒྱ་གར་དུ་མ་ཐོན་བར་རྒྱ་ཕྲམ་དམར་པོ་དང་ཇོ་གླང་རང་བྱུང་སྲུང་སྐྱོབ་ཁུལ། ད་དུང་རྒྱ་གཞུང་གི་ལས་ཁུངས་འགར་ལས་ཀ་འདྲ་བྱས་བསྡད་པ་ཡིན། སྤྱིར་བཏང་སྤེན་པ་ལགས་ཀྱི་གསུངས་པ་བཞིན་རྒན་རྒོན་རྣམས་ཀྱི་ཁྲོད་མི་རིགས་ཀྱི་རྩ་དོན་གླེང་མཁན་ཉུང་ཉུང་རེད་ཟེར་བ་བདེན་པ་ཡིན་ཡང་ང་རང་གི་རྒན་དམ་པ་ཁོང་རྣམས་དང་སྤོ་ལགས་རྣམས་ཀྱིས་མི་རིགས་ཀྱི་ལ་ཞེན་དགོས་ཚུལ་གསུངས་མྱོང་། མ་ཟད་རྒྱ་ཕྲམ་དམར་པོའི་སྐབས་སུ་ང་ཚོའི་དཔེ་དེབ་ཀྱང་དང་གྱོན་པ་སོགས་ཆ་ཚང་བལ་ཡུལ་བརྒྱུད་རྒྱ་གར་ནས་བཏང་བ་ཡིན་ཙང་། དེ་དག་གི་སྟེང་དུ་དབྱིན་ཡིག་ལས་བྲིས་པའི་(free tibet)དང་(i love tibet)ཞེས་བྲིས་འདུག ་ང་ཚོ་ཚོགས་པ་དེའི་ཚོགས་མི་ཉིས་བརྒྱ་བརྒལ་བ་ཚང་མས་བོད་དོན་གླེང་མཁན་ཤ་སྟག་རེད། གོང་དུ་གཞི་རྩེ་བ་ཚང་མ་མྱུལ་མ་ཡིན་སྐོར་བྲིས་འདུག དངོས་གནས་ཐབས་སྐྱོ་བོ་རེད། གཞི་རྩེ་ན་སོ་མྱུལ་ཁ་ཤས་ཡོད་པ་བདེན་པ་ཡིན་ཀྱང་ཚང་མ་ཟེར་བ་ནི་ནང་འཁྲུགས་སློང་བའི་སྐད་ཆ་རེད། ང་རང་བོད་དུ་སྡོད་དུས་དུད་ཁྱིམ་མང་ཆེ་བས་རྒྱ་གར་དུ་འགྲོ་མཁན་རྣམས་ལ་བཟའ་འཐུང་སྤྲད། ལམ་སྟོན་བྱས་པ་གསལ་པོ་ཤེས་ཀྱི་ཡོད། དེ་འདྲ་སོང་ཙང་དྲྭ་ཐོག་ཏུ་མཆན་སྤེལ་བ་དེ་འཛམ་གླིང་གང་སར་ཁྱབ་ཀྱིན་ཡོད་པ་ཤེས་པ་བྱས་ཏེ་འགན་འཁུར་ཡོད་པའི་མཆན་བཏབས་རོགས། དེ་མིན་ངོ་མ་སེམས་ལ་བརྒྱབ་ཀྱི་འདུག

    Reply
  3. རྒྱ་སྟག་དཀར་པོ says:
    ལོ་ 16 སྔོན།

    གང་གི་སྤེན་པས་གསུངས་པ་རྣམས་ལྷད་མེད་ཀྱི་བརྡ་སྦྱོར་ཞིག་རེད།
    ང་ལྷ་ས་ནས་བོད་སྐད་ཐར་ཐོར་ཤེས་མཁན་གྱི་རྒྱ་ཁ་ཆེ་ཞིག་དང་ལྷན་དུ་རློང་འཁོར་ནང་ཡོང་བའི་ལམ་བར་གཞིས་ཀ་རྩེ་ནས་ཁྱིམ་དུ་བདེ་འབྱོར་གྱི་ཁ་པར་བཏང་རྗེས། ཁ་ཆེ་དེས་བོད་ནས་རྒྱ་གར་དུ་བྲོས་བྱོལ་བ་གང་མང་ཞིག་ས་ཆ་འདི་ནས་སྟབས་མ་ལེགས་སྟེ་བོད་རིགས་རྒྱུག་ཁྱིས་རྣམས་ཀྱིས་མཐོང་ནས་རྒྱ་མི་ཉན་རྟོགས་པ་ལ་བརྩིས་སྤྲོད་བྱས་ཡོད་པའི་གནས་ཚུལ་བཤད་སོང་།།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    རྒྱ་དྲིན་ཆེན་དྭ་ཡངས་ཆར་པ་འབབ་འབབ། །
    རྒྱ་དྲིན་ཆེན་རྒྱ་དངུལ་ཆར་པ་འབབ་འབབ། །
    དྭ་དངུལ་གྱིས།
    དྭ་ཡངས་རྒྱ་དངུལ་གཉིས་ཀྱི་ཁྱད་པར་དང་། །
    སྤྲོད་མཁན་ལེན་མཁན་གཉིས་ལ་ཁྱད་པར་ཙམ། །
    ང་དང་དུས་ཀྱིས།

    Reply
  5. ཨ་ཕོ་མཐུ་ཆེན། says:
    ལོ་ 16 སྔོན།

    བློ་ཕངས་པ་ཞིག་ལ་དེ་དངོས་ཡོད་གནས་ཚུལ་རེད། བརྒྱ་ཆ་བརྒྱ་ཡིན་མིན་གང་ལྟར་ཡང་གཞིས་ཀ་རྕེ་པ་ཧ་ཅང་མང་པོ་ཞིག་རྒྱ་ལ་བློ་དཀར་ཞིང་སྙིང་ཉེ་བ། ནང་གཏམ་ཕྱིར་བསྐྱལ་བྱེད་མཁན། སོ་མྱུལ་བ་རེད། བདེན་མི་བདེན་གཞེས་རྩེར་འགྲོ་ན་རིང་པོར་མ་འགོར་བར་ཤེས་ཀྱི་རེད།

    Reply
  6. འཁྱམས་པོ། says:
    ལོ་ 16 སྔོན།

    དེ་བདེན་པ་རེད། ང་ཡང་སྔོན་མ་དེར་ཡོད་དུས་ས་ཁུལ་དེས་མི་འགའ་རེས་བཤད་ན་ས་འདི་ནས་མི་ལ་བློ་གཏད་རྒྱུ་ཡོད་པ་མ་རེད་ཆ་ཚང་རྒྱ་མིའི་ཉུལ་མ་རེད་ཟབ་ཟབ་བྱོས་ཟེར་མཁན་མང་དུ་ཐུགས་སོང་། དེ་དུས་ང་ཡིད་ཞེ་དྲག་ཆེས་མ་སོང་།
    པཎ་ཆེན་ཐམས་ཅད་མཁྱེན་པའི་གདན་ས་རེད་དེ་འདྲ་ཞིག་ཡིན་མི་སྲིད་སྙམ་སོང་། ཡིན་ད་དེའང་བདེན་པ་འདྲ་་་་་དེ་འདྲའི་ཡིད་ཕངས་པ་ལ་་་་སེམས་སྐྱོ་པ་ལ་་་དངོས་གནས་་་་་

    Reply
  7. འཁྱམས་པོ། says:
    ལོ་ 16 སྔོན།

    དེ་བདེན་པ་རེད། ང་ཡང་སྔོན་མ་དེར་ཡོད་དུས་ས་ཁུལ་དེས་མི་འགའ་རེས་བཤད་ན་ས་འདི་ནས་མི་ལ་བློ་གཏད་རྒྱུ་ཡོད་པ་མ་རེད་ཆ་ཚང་རྒྱ་མིའི་ཉུལ་མ་རེད་ཟབ་ཟབ་བྱོས་ཟེར་མཁན་མང་དུ་ཐུགས་སོང་། དེ་དུས་ང་ཡིད་ཞེ་དྲག་ཆེས་མ་སོང་།
    པཎ་ཆེན་ཐམས་ཅད་མཁྱེན་པའི་གདན་ས་རེད་དེ་འདྲ་ཞིག་ཡིན་མི་སྲིད་སྙམ་སོང་། ཡིན་ད་དེའང་བདེན་པ་འདྲ་་་་་དེ་འདྲའི་ཡིད་ཕངས་པ་ལ་་་་སེམས་སྐྱོ་པ་ལ་་་དངོས་གནས་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese