མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མའོ་ཚོགས་པ་ཟླ་སྒྲིལ།

བོད་ཀྱི་དུས་བབ།
༢༠༡༡/༠༡/༢༥
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་རྒྱ་གར་ཕྱི་སྲིད་དྲུང་ཆེ་ལྕམ་ནེ་རུ་པཱ་མཱ་རོཡེ་ Nirupama Rao ལགས་བལ་ཡུལ་དུ་ཉིན་གསུམ་རིང་རྒྱལ་དོན་སྐོར་སྐྱོད་བྱས་ཡོད་ཅིང་། སྐབས་དེར་ཁོ་མོ་བལ་ཡུལ་ཕྱི་སྲིད་དྲུང་ཆེ་དང་། སྲིད་བློན། སྲིད་འཛིན། གྲོས་ཚོགས་ཚོགས་གཙོ་སོགས་ལ་མཇལ་འཕྲད་གནང་ཡོད་པ་མ་ཟད། ད་ལོའི་ཕྱི་ཟླ་དང་པའི་ཚེས་གཅིག་ནས་རྒྱ་གར་ནི་རྒྱལ་ཚོགས་ཀྱི་བདེ་འཇགས་ཚོགས་ཆུང་གི་ཚོགས་མིའི་གྲས་སུ་ཚུད་ཀྱི་ཡོད་སྟབས། ཁོང་གིས། བལ་ཡུལ་གྱི་ཚོགས་པ་ཆེ་ཁག་གིས་སོ་སོའི་འགལ་ཟླ་དང་ལྟ་ཚུལ་མི་མཐུན་པའི་རིགས་ཟུར་དུ་བཞག་ཏེ། ཚང་མའི་སྟོབས་ཤུགས་གཅིག་སྒྲིལ་གྱིས་བལ་ཡུལ་སྲིད་གཞུང་སྲ་བརྟན་ཡོང་ཐབས་དང་། བལ་ཡུལ་ནང་གི་རྒྱལ་ཚོགས་བདེ་འཇགས་དམག་དཔུང་ཕྱིར་འཐེན་བྱས་ཏེ། སྲིད་བློན་མཱ་ཌེཧྥུ་ཀུ་མར་གྱིས་སྣེ་ཁྲིད་པའི་དམིགས་བསལ་ཚོགས་ཆུང་གསར་འཛུགས་བྱས་པ་དེ་ལ་ཕྱོགས་འདེགས་བྱ་དགོས་པའི་སྐུལ་མ་བཏང་ཡོད་པ་རེད།

ཕྱི་ཚེས་ ༢༢ ཉིན་མའོ་ཚོགས་པའི་བཅིངས་གྲོལ་དམག་མི་(People’s Liberation Army) ༢༠༠༠༠ ཙམ་བལ་ཡུལ་གཞུང་ལ་རྩིས་སྤྲོད་བྱས་ཡོད་ཅིང་། ཉིན་དེར་བལ་ཡུལ་གྱི་ལྷོ་ཕྱོགས་ཅེ་ཊི་ཝན་རྫོང་དུ་ཡོད་པའི་མའོ་དྲག་ཆས་དམག་སྒར་དུ་སྲིད་བློན་མཱ་ཌེཧྥུ་ཀོ་མར་གཙོས་གཞུང་གི་དཔོན་རིགས་ཆེད་ཕེབས་ཐོག མའོ་ཚོགས་པའི་རུ་དར་གྱི་ཚབ་ཏུ་བལ་ཡུལ་རྒྱལ་དར་སྒྲེང་འཛུགས་བྱས་ཤིང་། ཉིན་དེ་ནས་བཟུང་མའོ་དྲག་ཆས་དམག་དཔུང་གི་བཀོལ་འདོམ་ཆ་ཚང་དང་། ཚོགས་པའི་ལས་དོན་ཀྱི་དབང་ཚད་ཡོངས་རྫོགས། ད་ལྟའི་བལ་ཡུལ་གཞུང་འཛིན་སྲིད་བློན་མཱ་ཌེཧྥུ་ཀོ་མར་གྱིས་སྣེ་ཁྲིད་པའི་དམིགས་བསལ་ཚོགས་ཆུང་དེར་ཡོད་པའི་གྲོས་མཐུན་ལ་མཚན་རྟགས་བཀོད་ཡོད་འདུག

ཐེངས་འདིར་མའོ་ཚོགས་པ་བལ་ཡུལ་གཞུང་འོག་ཏུ་ཟླ་སྒྲིལ་བཏང་ཟིན་ཡང་། མའོ་ཚོགས་པར་དགོས་འདུན་ཞིག་ཡོད་པ་ནི། དེ་སྔའི་མའོ་ཚོགས་པའི་དམག་མི་རྣམས་བལ་ཡུལ་དྲག་ཆས་དམག་མིའི་ཁོངས་སུ་གཏོང་དགོས་པ་དང་ཁོང་ཚོའི་གནས་རིམ་ཀྱང་སྔར་བཞིན་གནས་དགོས་པ་དེ་རེད། འདིའི་ཐད་བལ་ཡུལ་ཆབ་སྲིད་ཚོགས་པ་ཁག་ཅིག་གིས་དམག་མི་ ༥༠༠༠ ཙམ་བལ་ཡུལ་དམག་མིའི་ཁོངས་སུ་གཏོང་རྒྱུ་དང་། ལྷག་མ་རྣམས་ལ་ཚོང་ལས་སྦྱོང་བརྡར་སྤྲོད་པའམ། ཕྱི་རྒྱལ་ཁག་ཏུ་འགྲོ་འདོད་ཡོད་རིགས་ཚོར་དེ་ལྟར་མཐུན་འགྱུར་ཞུ་རྒྱུ་བཅས་ཀྱི་བསམ་ཚུལ་བཏོན་འདུག གཞུང་ཕྱོགས་ནས་ཆབ་སྲིད་བསམ་བློའི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པའི་མའོ་དམག་མི་རྣམས་རྒྱལ་སྲུང་དམག་མིའི་ཁོངས་སུ་འཇོག་རྒྱུ་དེ་ལས་སླ་བོ་ཞིག་མིན་ནའང་། གང་ལྟར། ཁོང་ཚོར་འཚོ་བ་གསར་བ་ཞིག་གོ་སྒྲིག་བྱ་རྒྱུའི་ཁེ་ལེན་བྱས་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་གྱི་གཞི་རྩའི་ནང་བསམ་བློ་མཉམ་འབྲེལ་གྱིས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དང་གཅིག་ཕན་གཅིག་རོགས་དགོས་གལ་ཆེ་སྐོར་གསུངས།

ཆུ་ཚོད་ ༧ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག དགའ་ལྡན་ཕོ་བྲང་གི་སྐུ་པར།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་བསྩལ།

ཆུ་ཚོད་ ༧ སྔོན་ལ།
Image from CCTV footage shows the border in Gyirong, Tibet, China, August 26, 2026
Mobile App

ར་སུ་ཝ་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་མི་རྒྱུ་གཉིས་ལ་ཆུ་ལོག་གི་གནོད་འཚེ་ཤུགས་ཆེན་ཐེབས། 

ཆུ་ཚོད་ ༡༢ སྔོན་ལ།
 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༨/༢༦
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

༢༠༢༦/༠༨/༢༦
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

༢༠༢༦/༠༨/༢༦

མཆན། 2

  1. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    མའོའི་སྤྲང་ཕྲུག་ཚོས། སྤྱི་ནང་ལ་ཐུག་པ་ཡག་པོ་བཀོལ་བགྱིད་འདུག མའོའི་རོ་སྒྲིབ་དེ་ག་དུས་ཡལ་ཡོང་།

    Reply
  2. migyur says:
    ལོ་ 16 སྔོན།

    སྔ་ཕྱི་མ་གཏོགས་མའོ་ཚོགས་པས་ཡག་པོ་ཞིག་བྱེད་ཀྱི་མ་རེད། ཕལ་ཆེར་བལ་ཡུལ་གཞུང་ལ་རྨུགས་ཞྭ་ཞིག་བཀབས་ཡོད་པ་འདྲ། ཡིན་ན་སྟབས་ཡག་ཤོས་དེ་མའོ་དམག་མི་ལ་འཚོ་བ་གསར་པ་ཞིག་སྤྲོད་ཐུབ་ན་ལྟ་རྒྱུ་ཞིག་ཡོད་ངེས། དེའང་ཕྱི་ཕྱོགས་སུ་བཏང་ཐུབ་པ་བྱེད་དགོས་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese