སྐྱེས་སར་ཀླུ་སྒྲུབ་ལ་ཕུལ་བ།
ཁྱོད་ཀྱིས་བཤད་པ་མ་འཕྱུགས་ཐལ། འདས་པའི་ཟླ་འདི་ཚོའི་རིང་བཙན་བྱོལ་སྤྱི་ཚོགས་ནང་སྔར་དང་མ་འདྲ་བའི་བཀའ་ཁྲིའི་འོས་བསྡུའི་སྐོར་ལ་ཚ་རླབས་ཤིག་འཕྱུར་ཞིང་དེ་ཡིས་བོད་ནང་ལའང་ཤུགས་རྐྱེན་ཆེན་པོ་ཐེབས་སུ་བཅུག་ཡོད། དེ་ནི་འུ་ཚོའི་མང་གཙོ་འདི་འཕེལ་རིམ་གསར་པ་ཞིག་ཏུ་བསྐྱོད་ཟིན་པའི་བརྡ་རྟགས་འཁྲུལ་མེད་ཅིག་ཡིན་པ་དང་། འདིས་ལོ་གཅིག་གི་ཡར་སྔོན་སྐུ་ཞབས་ཝང་ལི་ཞོན་གྱི་བཀའ་ཁྲིའི་འོས་མིའི་སྐོར་གྱི་ཚོད་དཔག་གི་རྩོམ་ཡིག་དེ་རྦད་དེ་ནོར་ཡོད་པའི་ར་སྤྲོད་ཧ་ཅང་གསལ་པོ་བྱས་ཡོད།
ཁྱོད་ཀྱིས་བཤད་པ་ལྟར་ངས་ཀྱང་བཀའ་ཁྲིའི་འོས་མིའི་སྐོར་ལ་བསམ་གཞིག་ནན་ཏན་བྱས་པ་ཡིན། ངས་འདས་པའི་ལོ་རྒྱུས་ཀྱི་ཉམས་མྱོང་བླངས་ཏེ། སང་གནངས་རིང་མིན་འོས་འདེམས་བྱ་རྒྱུ་ཡིན་པའི་བཀའ་ཁྲི་དེ་བློ་སེང་གདམ་རྒྱུར་སེམས་ཐག་གཙང་བཅད་བྱས་པ་ཡིན་ལ། ངས་འབྱུང་འགྱུར་རྒྱལ་སྤྱིའི་འཁོར་ཕྱོགས་ལ་བལྟས་ནས་ཀྱང་སང་གནངས་རིང་མིན་འོས་འདེམས་བྱ་རྒྱུ་ཡིན་པའི་བཀའ་ཁྲི་དེ་བློ་སེང་གདམ་རྒྱུར་སེམས་ཐག་གཙང་བཅད་བྱས་པ་ཡིན།
ངའི་ལྟ་སྟངས་ནོར་མེད་ན་གང་ཟག་སུ་ཞིག་ལ་བཀའ་ཁྲིའི་ཆ་རྐྱེན་ནམ་འོས་ཆོས་ཚང་མིན་དེ་བཙན་བྱོལ་བོད་གཞུང་གི་རྩ་ཁྲིམས་ནང་ཧ་ཅང་གིས་གསལ་པོར་གཏན་འབེབ་བྱས་ཡོད་པས་འདིར་ང་ཚོས་དེའི་ཐོག་རྩོད་གླེང་བྱེད་དགོས་དོན་ཅི་ཡང་མེད་ནའང་། ཁྱོད་ཀྱིས་བློ་སེང་བཀའ་ཁྲི་ལ་མི་འོས་པའི་རྒྱུ་མཚན་གཙོ་བོ་ཁོང་ལ་བོད་ཀྱི་ཆོས་དང་རིག་གཞུང་ལ་སློབ་སྦྱོང་དང་མྱོང་བ་མེད་པ་དང་། འཛིན་སྐྱོང་གི་ཉམས་མྱོང་མེད་ཚུལ་བཤད་པ་དེ་ནི་བཙན་བྱོལ་བོད་གཞུང་གི་རྩ་ཁྲིམས་ནང་གཏན་ལ་ཕབ་ཡོད་པའི་བཀའ་ཁྲིའི་འོས་ཆོས་དང་འབྲེལ་བ་གཏན་ནས་མེད་པ་ཞིག་རེད། ང་ཚོ་སུས་ཀྱང་བཀའ་ཁྲིའི་འོས་ལྡུག་སྐབས་ངེས་པར་དུ་བརྗེད་མི་ཉན་པ་དང་མཉམ་འཇོག་བྱ་དགོས་པ་ནི་བོད་མི་ས་ཡ་དྲུག་གི་ཆབ་སྲིད་ཀྱི་དབུ་ཁྲིད་མཁན་ཞིག་གདམ་དགོས་པ་དེ་རེད།
ད་དུང་ཁ་གསལ་དུ་བཏང་ནས་དྲན་གསོ་སྣོན་པ་ཞིག་བྱས་ན། ད་ལན་ང་ཚོས་ཆོས་རྒྱུད་ཁག་གི་དབུ་ཁྲིད་དམ་དགའ་ལྡན་གསེར་ཁྲི་ལྟ་བུའི་བླ་སྤྲུལ་ཆེ་གེ་མོ་ཞིག་གདམ་རྒྱུ་མིན་པ་དེ་ཚང་མས་ཡིད་ལ་དམ་པོར་ངེས་དགོས་པ་རེད། འཇིག་རྟེན་གྱི་བྱ་དངོས་ཡོད་ཚད་འགྱུར་ལྡོག་གི་རང་བཞིན་ཅན་ཡིན་པ་དང་། ཆབ་སྲིད་ཀྱང་དེའི་རང་བཞིན་ལས་འདའ་མི་སྲིད། དེར་བརྟེན་ང་ཚོས་རྒྱུན་དུ་བྱུང་འདས་ཀྱི་དེབ་ཐེར་ཁོ་ན་བསྔོགས་ནས་འདུག་རྒྱུ་མ་ཡིན་པར་གཙོ་བོ་འབྱུང་འགྱུར་གྱི་ཆེད་གསར་བཏོད་ཀྱི་རི་མོ་འབྲི་ཤེས་དགོས་པ་རེད། བཀའ་ཁྲི་ལ་ཅིའི་ཕྱིར་ཆོས་ཤེས་མཁན་ཞིག་དགོས་པ་རེད་དམ། དོན་ངོ་མ་ཁྱོད་ཀྱིས་བཤད་པ་ལྟར་བཀའ་ཁྲི་ལ་ཆོས་ཤེས་མཁན་ཞིག་དགོས་ཚེ་དབུས་འོས་བསྡུ་ལྷན་ཁང་གིས་ཕྱི་ཚེས་ ༡༩ ཉིན་གྱི་ཞོགས་པར་ངྷ་རམ་ས་ལ་ནས་གསལ་བསྒྲགས་བྱས་པའི་སྐབས་གསུམ་པའི་བཀའ་བློན་ཁྲི་པའི་འོས་མི་སུ་ལའང་འོས་ཆོས་དེ་གཏན་ནས་ཚང་མེད།
འུ་ཚོའི་བོད་མི་རིགས་འདི་ལ་ཐུན་མོང་གི་སྐྱོན་གཅིག་ཡོད་པ་ནི་ག་དུས་ཡིན་ཡང་། གཅིག་ལ་མ་གཏོགས་ལྟ་མི་ཤེས་པའམ་གཅིག་གིས་ལམ་སང་ཡིད་ཚིམ་འགྲོ་བ་འདི་རེད། དེའི་རྐྱེན་གྱིས་འུ་ཚོའི་བྱང་ཁོག་ལ་བར་སྟོང་ཆུང་ཆུང་ཞིག་ལས་མེད་པས་ལྟ་བ་མཉམ་གནས་ཟེར་བ་དེ་ད་བར་བྱུང་མྱོང་མེད།
ངས་བཙན་བྱོལ་སྤྱི་ཚོགས་ཀྱི་སྣེ་ཁྲིད་བྱེད་མཁན་དང་ཉམས་མྱོང་ཡོད་མཁན་ཚོས་བརྒྱ་ཆ་བརྒྱ་བློ་སེང་ལ་རྒྱབ་སྐྱོར་མི་བྱེད་པའི་གནས་ཚུལ་མཐོང་ཐོས་དོགས་གསུམ་གང་ཡང་མ་བྱུང་ནའང་ངེད་གཉིས་ལྟ་བྱེད་ཀྱི་མིག་མི་འདྲ་བའི་དབང་གིས་འདིའི་སྐོར་ལ་ངས་ཁྱེད་ལ་རྩོད་གླེང་བྱེད་ཀྱི་མིན། གལ་སྲིད་ཁྱོད་ཀྱིས་བཤད་པ་དངོས་བདེན་ཡིན་ཚེ་དེ་ནི་ངས་གོང་དུ་བཤད་ཟིན་པའི་བྱང་ཁོག་གི་བར་སྟོང་ཆུང་ཆུང་དེས་བྱས་པ་ཡིན། ཁྱོད་ཀྱིས་འདིར་འཛིན་སྐྱོང་གི་ཉམས་མྱོང་ཟེར་བའི་སྐད་ཆ་སྤྱི་བམ་པ་དེ་གང་ལ་གོ་དགོས་པ་རེད་དམ། གལ་སྲིད་སྔོན་ཆད་བཀའ་བློན་གྱི་ལས་ཁུར་འཁུར་མྱོང་བ་ཞིག་ཡིན་དགོས་པར་འདོད་ཚེ། བསམ་བློ་དེ་ནི་ཇི་འདྲའི་རྒས་ཤིང་འཁོགས་པའི་སྤོ་ཏོ་ཞིག་རེད་ཨང་།
བློ་སེང་བཀའ་ཁྲིར་འོས་མིན་གཤམ་དུ་གཟིགས་དང་ཤེས་ཐུབ་པོ།
བློ་བཟང་སེང་གེ་ལགས་དང་ལྡི་ལིའི་མཐོ་རིམ་སློབ་མའི་བགྲོ་གླེང་།
སྦྲ་རིགས་ཐོགས་མེད།
རྒྱལ་ས་ལྡི་ལིའི་ད་ལོའི་གནམ་གཤིས་གྲང་ལ་རླུང་བུ་མང་བས་དེ་རིང་དགོངས་མོ་ འདིར་ཡང་རོ་ཧི་ནིའི་ཁོར་ཡུག་ཡོངས་སུ་འཁྱག་སོབ་སོབ་ཀྱི་སྣང་བ་ཞིག་སྟེར།འོན་ཀྱང་།དེ་རིང་དགོངས་མོ་འདིར་འབྱུང་འགྱུར་བཀའ་ཁྲིའི་འོས་མི་བློ་བཟང་སེང་གེ་ལགས་ལྡི་ལིརོ་ཧི་ནིའི་ཀུན་ཕན་ཚོགས་ཁང་དུ་བོད་ཀྱི་མཐོ་རིམ་སློབ་ཕྲུག་ཚོར་གཏམ་བཤད་གནང་བར་ཕེབས་ཀྱིན་ཡ ོད་པས།ལྡི་ལིའི་མཐོ་སློབ་ཁག་འདྲ་མིན་གྱི་སློབ་ཕྲུག་ཉིས་བརྒྱ་ལྷག་གིས་ཚོགས་ཁང་དུ་སྔ་ས་བློ་བཟང་སེང་གེ་ལགས་ཕེབས་པར་བསྒུག་འདུག
ཆུ་ཚོད་ཕྱེད་ལྷག་གི་རྗེས་སུ་བློ་བཟང་སེང་གེ་ལགས་རོ་ཧི་ནི་ས་གནས་གཞོན་ནུའི་ཚོགས་གཙོས་སྣེ་ཁྲིད་ནས་ཕེབས་བྱུང་།ཁོང་གིས་རང་ཉིད་སྔོན་མ་ལྡི་ལིའི་མཐོ་སློབ་ཀྱི་སློབ་མ་ཡིན་སྐབས་ཀྱི་ཉམས་མྱོང་འགའ་གསུངས་ཞོར་གཏམ་བཤད་འགོ་བཙུགས་སོང་ལ།ནང་དོན་གཙོ་བོ་ཁག་ནི་སྔོན་མ་ཁོང་ལྡི་ལིའི་ས་གནས་གཞོན་ནུ་ཡིན་སྐབས་སྤེལ་མྱོང་བའི་ལས་འགུལ་ཁག་གི་ སྐོར་རེད།ཁོང་སྔོན་མ་ལྡི་ལིའི་ཏིས་ཧར་བཙོན་ཁང་དུ་བདུན་ཕྲག་གཅིག་མ་ཟིན་ཙམ་བོད་དོན་ཆེད་དུ་འདུག་མྱོང་ཚུལ་དང་།སྐབས་ཤིག་ཁོང་དང་སློབ་གྲོགས་འགས་གྲི་དང་ལྕགས་རིང་ཁུར་ནས་ཐེ་བན་བོད་སོག་ལས་ཁུང་གི་གནད་ཡོད་མི་སྣའི་ལག་ནས་ཡིག་ཆ་འདྲ་མིན་སྒམ་གང་འཕྲོག་ནས་བོད་གཞུང་ལ་རྩིས་སྤྲད་ཚུལ་སོགས་མང་པོ་ཞིག་གསུངས་སོང་ལ།ཁོང་གི་བརྗོད་གཞི་གཉིས་པ་དེ་བཙན་བྱོལ་ག ཞིས་ཆགས་ཁག་གི་སྐོར་ལ་བབས་སོང་།ཁོང་གིས་བློ་ཐག་ཆོད་པོས་གསུངས་དོན་ཁོང་ནི་བཙན་བྱོལ་གཞུང་གི་ལོ་ངོ་ལྔ་བཅུའི་ལོ་རྒྱུས་ཁྲོད་དཀའ་ལས་གང་མང་བརྒྱབས་ནས།བཙན་བྱོལ་གྱི་གཞིས་ཆགས་ཁག་མང་ཆེ་ཤོས་སྐོར་མཁན་ཞིག་ཡིན་པ་མ་ཟད་རྒྱུས་མངའ་ཡང་ཆེ་ཤོས་ཀྱི་གྲས་ཤིག་ཡིན་པས།མ་འོངས་པར་གཞིས་ཆགས་དང་འབྲེལ་བའི་ཐག་གཅོད་གང་ཞིག་བྱེད་དགོས་ཀྱང་དཀའ་ངལ་མེད་སྐོར་ནས་འགོ་བ ཙུགས་ཏེ།གཞིས་ཆགས་ཁག་འདྲ་མིན་བཅུ་གཉིས་ལྷག་རེ་རེ་བཞིན་ཁོང་ག་འདྲ་བསྐྱོད་ཚུལ་དང་།ས་ཆ་དེ་དག་ལ་འཕྲད་བཞིན་པའི་དཀའ་ངལ་བཅས་ཆུ་ཚོད་གཅིག་ལྷག་ལ་བསྣར་སོང་བས་མཚམས་ཤིག་སློབ་མ་དག་ཀྱང་ཐང་ཆད་འདུག
ཐ་མར་བློ་བཟང་སེང་གེ་ལགས་ཀྱིས་ཁོང་ཡང་བསྐྱར་བཙན་བྱོལ་གྱི་གཞིས་ཆགས་ཁག་མང་ཆེ་བར་ཐེངས་ཞིག་སྐད་ཆ་བཤད་པ་དང་ཐུག་འཕྲད་དུ་འགྲོ་འཆར་ཡོད།གང་ཡིན་ཟེར་ན་བདག་ལས་དོན་ཆེ་ཆུང་གང་ཞིག་ལ་ཞུགས་ནའང་འགོ་བཙུགས་ཚར་རྗེས་ལས་སླ་བོར་བློས་མི་གཏོང་མཁན་ཞིག་ཡིན་གསུངས་ཞོར་དུ་གཏམ་བཤད་མཇུག་བསྡུས་སོང་།
དེ་རིང་དགོངས་མོའི་གཏམ་བཤད་ཉོབ་ཏོ་རིང་བོ་དེ་མཇུག་རྫོགས་རྗེས་ཅི་ཞིག་ཁོག་ཏུ་འཛུལ་བ་བཞིན་འོག་གི་ཉན་མཁན་ཚང་མ་གྲོང་སེང་ངེར་འགྲོ་སོང་།གང་ཡིན་ཞེ་ན་དེ་ནི་དྲི་བ་དྲིས་ལན་འཁྲིག་ཆ་དོད་པོ་ཤིག་གི་འགོ་བརྩམས་པས་སོ།།
༡
དྲི་བ་དང་བོ་དེ་བློ་བཟང་སེང་གེ་ལགས་ལོ་མང་བོའི་རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་བསྙོན་མེད་ཅིག་ཡིན་པར་བརྟེན།གཞོན་ནུའི་རྩ་བའི་དམ་བཅའ་བཞིན་ཁྱེད་རང་སྒེར་གྱི་ད་ལྟའི་ཆབ་སྲིད་ཀྱི་རྩ་བའི་ལངས་ཕྱོགས་ཀྱང་རང་བཙན་གཙང་མ་ཡིན་ནམ་ཞེས་བཀོད་སོང་ལ།
སྐབས་དེར་ཁོང་གིས་བློ་ཐག་ཆོད་པོས་རང་ཉིད་ཀྱི་ཆབ་སྲིད་ལྟ་བའམ་ལངས་ཕྱོགས་ག་དུས་ཡིན་ནའང་རང་བཙན་གཙང་མའི་ཐོག་འགྱུར་བ་མེད་པར་གནས་ཡོད།འོན་ཀྱང་།གལ་སྲིད་ཁོང་བཀའ་ཁྲིར་འདེམས་ཐོན་བྱུང་བ་ཡིན་ན་རྩ་ཁྲིམས་སུ་གསལ་བའི་བཀའ་ཁྲིའི་དབང་ཆ་ལ་ཚད་བཀག་ངེས་ཅན་ཞིག་ལས་མེད་པས་གཞུང་གི་ལས་དོན་ཐོག་དབུ་མའི་ལམ་གྱི་ཐོག་མི་འགྲོ་རང་འགྲོ་རེད་ཅེས་ལན་གནང་ས ོ ང་།
༢
དྲི་བ་གཉིས་པ་དེ་བློ་བཟང་སེང་གེ་ལགས་སུ་ཁྱོད་ཀྱིས་སྔོན་ཆད་བོད་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་འོག་ཨ་རིའི་ནང་གི་མི་རིགས་ནག་པོ་བཞིན་གནས་དགོས་ལ་ཉིན་ཞིག་བོད་མི་ཞིག་གིས་རྒྱ་ནག་གི་སྲིད་འཛིན་གྱི་གོ་ས་འཛིན་ཐུབ་བམ་ཞེས་པའི་བསམ་ཚུལ་འདོན་མྱོང་ཨེ་ཡོད་ལགས་ཞེས་དྲི་བ་བཀོད་པར།
ཁོང་གིས་དེ་འདྲ་ཞིག་རྩ་བ་ནས་གསུངས་མྱོང་མེད་ཚུལ་དང་འཇམ་དབྱངས་ནོར་བུ་ལགས་ཀྱིས་ཁོང་རྒྱ་ནག་གི་ཨོ་བྷ་མ་བྱེད་རྒྱུ་ཡིན་ལབ་པ་དེ་རྫུན་མ་རེད།ཡང་གཅིག་བཤད་ན་བོད་དེ་རྒྱ་ནག་གི་རྩ་ཁྲིམས་སྒྲོམ་གཞིའི་འོག་ནས་རང་སྐྱོང་ལ་རྩོད་ལེན་བྱེད་དགོས་ཞེས་ཐོག་མར་གོང་ས་མཆོག་གིསགསུངས་པ་མ་རེད་དམ་ཟེར།
སྐབས་དེར་འོག་གི་ཉན་མཁན་སློབ་མ་ཞིག་ཡར་ལངས་ནས་བློ་བཟང་སེང་གེ་ལགས་ཀྱིས་བཀའ་མོལ་དེ་འདྲ་ཞིག་གནང་མྱོང་བ་དངོས་གནས་རེད།བདེན་དཔང་“བོད་ཀྱི་ཆབ་སྲིད་བསྐྱར་ཞིབ་”ཀྱི་དྲ་ཐོག་ཏུ་ཁོང་གི་གསུང་བཤད་སྒྲ་འཛིན་འཁོར་ཐག་ཚང་མ་དངོས་སུ་བཞག་འདུག་ཅེས་ཁུངས་སྐྱེལ་སོང་ལ།དེ་ལ་ཁོང་གིས་གཏམ་བཤད་དེ་ཨ་རིའི་མི་རིགས་ནག་པོའི་སྲིད་འཛིན་ཐོག་མ་ཨོ་བྷ་མར་སྲིད ་འཛིན་གྱི་རྒྱལ་ཁ་ཐོབ་ལ་ཉེ་བའི་བདུན་ཕྲག་གཉིས་ལྷག་གི་སྔོན་ཡིན་པས།དུས་ཚོད་དང་གནས་སྟངས་ལ་བལྟས་ནས་བཤད་པ་ཞིག་ཡིན་ལ་སྐབས་དེའི་ནང་དོན་ཡང་དངོས་གནས་མིན་ཞེས་ལན་བསྐྱོན་སོང་།
༣ དྲི་བ་གསུམ་པ་དེ་བློ་བཟང་སེང་གེ་ལགས་ཀྱིས་སྔོན་ཆད་འགྲོ་བ་མིའི་ཐོབ་ཐང་གི་བསྒྲགས་གཏམ་དེབ་ཆུང་དེ་བོད་ཡིག་ཏུ་བསྒྱུར་གནང་བ་མ་ཟད།བོད་ཀྱི་དུས་བབ་སོགས་སུ་བོད་ཡིག་ཐོག་བྲིས་པའི་རྩོམ་ཡིག་རེ་ཟུང་ཡང་སླེབས་སོང་བས་དེ་དག་ཁོང་རང་ཉིད་ཀྱིས་དངོས་སུ་བྲིས་པ་ཡིན་མིན་དྲིས་ལ།
ཁོང་གིས་བོད་ཡིག་ནང་བྲིས་པའི་རྩོམ་ཡིག་དེ་དག་ཁོང་རང་ཉིད་ཀྱིས་དངོས་སུ་བྲིས་པ་མིན་ཡང་འབྲི་མཁན་ལ་ནང་དོན་ཞུ་དག་བྱེད་རོགས་སོགས་བྱས་པ་ཡིན།ཁོང་གི་བོད་ཡིག་ཤེས་ཚད་དེ་འདྲའི་སྐྱོ་བོ་མིན་ལ་བོད་ཡིག་ཀློག་ཡག་པོ་ཐུབ་ཀྱིན་ཡོད་པར་མ་ཟད་བོད་སྐད་ཀྱང་ཡག་པོ་བཤད་ཤེས་ཀྱིན་ཡོད་གསུངས་སོང་།
༤དྲི་བ་བཞི་བ་དེ་“བོད་ཀྱི་ཆབ་སྲིད་བསྐྱར་ཞིབ”རྩོམ་སྒྲིག་པས་བློ་བཟང་སེང་གེ་ལགས་ཀྱིས ༢༠༠༤སློབ་མཐར་ཕྱིན་ནས་ད་བར་ལོ་ངོ་དྲུག་གི་རིང་བརྩམས་ཆོས་ཐུང་ངུ་གསུམ་མ་གཏོགས་བྲིས་མྱོང་མེད་ལ།ཁོང་གིས་རྒྱལ་སྤྱིའི་ཚད་ལྡན་ཁྲིམས་ལུགས་ཀྱི་དྲ་རྒྱ་དང་།དུས་དེབ།ཚགས་ཤོག་སོགས་སུ་བརྩམས་ཆོས་སྣ་གཅིག་ཀྱང་སྤེལ་མྱོང་མེད་པ་རྒྱུ་མཚན་གཙོ་བོར་བཟུང་ནས།ཧཱ་བར་སྒྲིའི་ཁྲིམས་ལུགས་སློབ་དཔོན་གྱི་ལག་འཁྱེར་ཐོབ་པ་དང་།ཁོང་རང་གི་དངོས་ཡོད་ཁྲིམས་ལུགས་ཀྱི་ཤ ེས་ཚད་གཉིས་དོ་མཉམ་པོར་མི་འདུག་ཅེས་པའི་དགག་བཞག་རྩོམ་ཡིག་སྤེལ་བར་ཁོང་ལ་ལྟ་ཚུལ་ཅི་ཡོད་བཀའ་འདྲི་ཞུས་སོང་ལ།
བློ་བཟང་སེང་གེ་ལགས་ཀྱིས་ཁོང་ལ་རྩོམ་སྒྲིག་པ་དེ་དག་ལ་དགག་ལན་འབྲི་རྒྱུའི་འདོད་པ་མེད།གལ་ཏེ།ཁོ་རང་ཚོ་དེ་འདྲའི་འཇོན་པོ་ཡོད་ན་ཧཱ་བར་སྒྲིའི་ནང་དུ་སློབ་སྦྱོང་བྱེད་པར་ཕེབས་ཤོག་ཞུསའདོད་བྱུང་སོང་།ཁོང་ཁྲིམས་ལུགས་ཀྱི་ཆེད་ལས་མཁས་དབང་ཡིན་དང་མིན་ཧཱ་བ་སྒྲིའི་ལག་འཁྱེར་དང་རང་ཉིད་ཀྱི་སློབ་དཔོན་དམ་པས་གནང་བའི་ངོས་འཛིན་ཡིག་ཆ་ཁག་ དྲ་ཐོག་ཡ ོད་གསུངས་སོང་།
དེར་མཐུད་ནས་བློ་བཟང་སེང་གེ་ལགས་ཀྱིས་དེ་རིང་ཁ་སང་སྤྱི་ཚོགས་ཁྲོད་ཁོང་ལ་ཉེས་མེད་སྐྱོན་འཛུགས་བྱེད་བཞིན་པ་ཧ་ཅང་མང་བོ་ཞིག་ཡོད་པས།ཁྱེད་ཚོས་ཡར་མ་དྲིས་གོང་ནས་ངས་མར་ལན་འདེབས་བྱེད་ཆོག་ཟེར་བཞིན་ཁོང་དང་འབྲེལ་བའི་སྐྱོན་བརྗོད་བཅུ་ལྷག་འགྲེལ་བརྗོད་བྱས་སོང་། མཇུག་མཐར་ཁོང་གི་བཀའ་ལན་དེ་དག་དང་འབྲེལ་བའི་དྲི་བ་ཁ་ཤས་བསླེབས་སོང་མོད། གཏམ་བཤད་གོ་སྒྲིག་པས་དུས་ཚོད་འཕྱིས་དྲགས་འདུག་ཟེར་བཞིན་དྲི་བ་དྲིས་ལན་འཁྲིག་པོ་དེ་མཚམས་འཇོག་ཏུ་བཅུག་སོང་།
འདི་ནི་སྲིད་དོན་བགྲོ་གླེང་གི་རྣམ་པ་ཅན་གྱི་དགོངས་ཚོགས་ཤིག་གི་བསྡུས་དོན་ཡིན་ལ།ལྡི་ལིར་ཕེབས་མ་ཐུབ་པའི་དྲ་གྲོགས་ཚོར་གནས་ཚུལ་མཁོ་སྤྲོད་ཀྱི་ཚུལ་དུ་བཀོད་པ་ཡིན།
མིང་ལ་ལྷག་བསམ་འབོད་ཀྱང་།
དོན་ལ་སྤྱི་ཚོགས་གཏོར་བའི་ཐོ་བ་ཞེས་འབོད་ན་ལེགས་སོ་།
སྐུའི་གཅུང་པོ་སྲས་རྒྱ་ལོ་དོན་འགྲུབ་དང་གཞོན་ནུ་ཚོགས་གཙོ་ཟུར་པ་བཅས་ནས་གཞོན་སྐྱེས་ཤེས་འཇོན་གཉིས་ལྡན་ཞིག་དགོས་ཟེར་བ་ཁྱེད་ཀྱིས་གོ་ཨེ་མྱོང་།
༢༤༽ ལྷག་བསམ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༢༨ གི་ཆུ་ཚོད་ ༢ སྐར་མ་ ༢༦
དྲང་པོར་བཤད་པ་ཡིན་ན། བློ་སེང་ལ་རྒྱབ་སྐྱོར་བྱེད་མཁན་ནས་བརྒྱ་ཆ་ལྔ་བཅུ་ཕྱོགས་རིས་ཀྱིས་བྱས་པ་དང་། བརྒྱ་ཆ་བཞི་བཅུ་མགོ་རྨོངས་པ། བརྒྱ་ཆ་བཅུ་ཆབ་སྲིད་ཐོག་གོ་རྟོགས་ཕྲན་བུ་ཡོད་པ་སོགས་རེད། དོན་ལ་འདི་ཧ་ཅང་ཉེན་ཁ་ཆེ་བའི་གདམ་ཁ་ཞིག་རེད། ཁོ་ཚོའི་ཁྲོད་ནས་བརྒྱ་ཆ་དགུ་བཅུས་བོད་ཀྱི་མ་འོངས་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་འབྱུང་འབྲས་ལ་བསམ་བློ་རྩ་བ་ནས་གཏོང་ཐུབ་མི་འདུག མ་ཟད་མགོ་བདེ་པོ་ཞིང་པ་རྨོངས་རྒན་སོགས་ཀྱིས་༸གོང་ས་མཆོག་གི་མཚན་ཡང་ལོག་པར་བེད་སྤྱད་དེ་མི་དམངས་མགོ་བོ་རྨོངས་སུ་འཇུག་པ་ལྟ་བུ་རེད། འདི་ཚོས་གང་ཡང་ཤེས་ཀྱི་མི་འདུག གང་ཡིན་ཞེ་ན་གཞོན་སྐྱེས་དང་སློབ་གྲྭ་ཆེན་མོ་ཐོན་པ་ཙམ་གྱིས་གཞན་ལ་མེད་པའི་ནུས་པ་ཞིག་ཡོད་པར་སེམས་བཞིན་ཡོད། འདི་ཚོ་མཐོང་རྒྱ་ཧ་ཅང་ཆུང་བའི་གྲོང་གསེབ་པའི་གྲོང་རྟགས་ཞེས་པ་དེ་རེད། གང་ལྟར་ད་ཆ་བོད་ཀྱི་གནས་བབ་འདི་ཉེན་ཁ་ཧ་ཅང་ཆེ་བའི་རྒྱན་འཛུགས་བྱས་པ་དང་གཅིག་མཚུངས་རེད། གལ་ཏེ་བློ་སེང་ལ་བཀའ་ཁྲི་ཐོབ་པའི་དབང་དུ་བཏང་ནས་ལོ་ཤས་རྗེས་ཆབ་སྲིད་ཐོག་ནས་གྱོང་གུན་ཚབས་ཆེ་ཞིག་བྱུང་བ་ཡིན་ན། དེའི་འགན་སུས་ཁྱེར་ཐུབ་བམ། རང་ཉིད་ཀྱི་མིང་ཙམ་ཡང་འགོད་མི་ནུས་པའི་ཞིང་པ་གླེན་པ་འདི་ལ་སོགས་པ་ང་ཚོས་གང་དུ་འཚོལ་དགོས་པ་ཡིན། སྐབས་དེ་དུས་ཁོ་ཚོ་འཕྱི་བ་བཞིན་དོང་རིམ་པ་དགུའི་ནང་གབ་ནས་ཕྱི་ལ་དོན་ཡོང་གི་མ་རེད། འོན་ཀྱང་བཀྲས་མཐོང་ལ་བཀའ་ཁྲི་ཐོབ་ཚེ་བྱུས་ཉེས་འདྲ་བྱུང་ཚེ་དམའ་མཐའ་ས་ལ་ང་ཚོས་སྐད་ཆ་ཤོད་ས་ཞིག་དང་ལེ་འདའ་བྱེད་ས་ཞིག་ཡོད་པ་རེད། འདི་ཚོ་ལོ་མང་ཆབ་སྲིད་ཀྱི་ཐོག་ལས་ཀ་བྱས་པའི་མྱོང་ཅན་ཤ་སྟག་རེད། འདི་ཚོ་དངོས་སུ་མི་དམངས་ཀྱི་མདུན་ལ་དོན་ནས་གདེངས་སྤོབས་ཆེན་པོའི་ཐོག་ཤོད་ཕོད་མཁན་དེ་འདྲ་རེད། དཔེར་ན། བཀའ་ཁྲི་མཁས་དབང་ཟམ་གདོང་མཆོག་དང་། བཀའ་ཟུར་བསོད་ནམས་སྟོབས་རྒྱས། སྐུ་སྒེར་དྲུང་ཟུར་བློ་བཟང་སྦྱིན་པ་ལགས། གསུང་སྒྱུར་ཐུབ་བསྟན་སྦྱིན་པ་ལགས། སོགས་མང་པོ་ཞིག་མི་འདུག་གམ གང་ལྟར་ཕྱོས་རིས་ཀྱི་ཞ་མོ་ནག་པོའི་འོག་ནས་བོད་ལ་གནོད་མ་སྐྱེལ་རོགས་གནང་།
ངེས་པར་དུ་ཀླུས་ཟེར་བ་ལྟར་དགོས་ན་།ད་ལྟའི་འོས་ཁོངས་སུ་བཀའ་ཁྲི་འོས་པ་ཞིག་མི་འདུག་ལ་།ཁོ་རང་གིས་བཤད་པའི་ཆ་རྐྱེན་ལྟར་ན་བཀྲས་མཐོང་བློ་སེང་ལས་ཁྱད་པར་འབྱེད་བྱེདནི་མཐའམ་འཁྱོངས་པའི་ལས་འཕྲོ་དེ་ལས་ཅི།།
སྤུན་གྲོགས་ཐེ་བོ་ཤེས་རབ་རྒྱ་མཚོ་ཁྱེད་ཀྱིས་རྩོམ་ཡིག་ལ་བསྔགས་བརྗོད་དང་རྗེས་སུ་ཡིད་རང་ཞུ་།
བཀའ་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུ་སླེབས་ལ་ཉེར་བའི་སྐབས་འདི་ལ་ཕྱོགས་ཞེན་ཆེ་བའི་ཀླད་སྟོང་མི་ཉུང་བ་ཞིག་གིས་མི་མང་མགོ་སྐོར་སླུ་འཁྲིད་བྱས་ཐབས་དཀྲོག་གཏམ་དང་ཧམ་བཤད་བརྫུན་གཟོ་སོགས་མང་དག་བྱེད་ཀྱི་ཡོད་པས་སེར་སྐྱ་རྒན་གཞོན་ཚང་མས་ཡིད་གཟབ་གནང་གལ་ཆེ་བ་མཐོང་།མ་ཚད་ཡང་བློན་པོ་ཆུ་སྣ་གང་འཁྲིད་མི་ཡོངས་བའི་རེ་བ་དང་སྨོན་འདུན་ཞུ་།
གུས་པས་རེ་འདུན་བྱས་སའི་མ་འོང་བཀའ་ཁྲི་ནི་སློབ་དཔོན་ཆེན་པོ་མཁས་དབང་བློ་བཟང་སེང་གེ་མཆོག་རང་ལས་མ་རྙེད་དོ་་་་དྲ་གྲོགས་ཚོ་།་་
བཀའ་ཟུར་མདོ་སྔགས་བསྟན་འཛིན་ལགས་ཀྱིས་བློ་སེང་ལ་རྒྱབ་སྐྱོར་གནང་བ་འདིས་རྒན་རབས་པ་ཚོས་ཁོང་ལ་རྒྱབ་སྐྱོར་མེད་རབས་བཤད་པའི་ཀྲོག་གཏམ་ལ་ལན་གང་འཚམས་བརྒྱབ་ཡོད་པ་མཐོང་གསལ་རེད།
རྗེས་སོར་སྐད་ཆ་གང་བྱུང་མ་བཤད་རོགས་ཞེས་རྩོམ་པ་པོ་ཡོངས་ལ་འབོད་སྐུལ་ནན་ཏན་ཞུ།
རྒན་པོ་འཆི་དུས་ཉམས་མྱོང་འཁྱེར་ནས་འགྲོ།།
ཤུལ་དུ་ལྷག་པ་པུར་གྱི་ཐལ་བ་རེད།།
གཞོན་རྣམས་ལྟག་ཆུ་ཆད་པའི་རྫིང་བུ་བཞིན།།
ཅི་བྱེད་བློ་གདེངས་མེད་པའི་གནས་སུ་འགྱུར།།
གཞོན་སྐྱེས་ཚོ་ལ་བཤད་འདོད་པའི་ཚིག་གཅིག་ཡོད།
བདག་ལ་མ་འོངས་བའི་བཀའ་ཁྲི་སུ་འཐོབ་རུང་ཁྱད་པར་ཅི་ཡང་མེད། ཕྲན་ནི་མ་འོངས་བ་ན་རྒྱ་ནག་གི་མི་གྲངས་ཁོངས་སུ་འགྲོ་རྒྱུ་ཡིན་པ་ཐག་བཅད་ཚར། ཁྱེད་ཅག་ནི་ཤུལ་འཛིན་ཡིན་སྟབས་རང་ཉིད་ཀྱི་རྣམ་དཔྱོད་རང་ཉིད་ཀྱིས་བེད་སྤྱོད་གཏོང་ཐུབ་པར་འབོད་རོགས། བློ་སེང་ལ་ཡང་བསྐྱར་ཞིབ་བརྟག་ཡོང་རྒྱུ་རེ་བ་ཤིན་ཏུ་ཆེ།
གང་ལྟར་ཡང་།ཐེ་ཡིན་ནའང་འདྲ་ཀླུ་ཡིན་ནའང་འདྲ། བཤད་ཚུལ་ལ་ཁྱད་པ་ཅུང་ཙམ་ལས་རང་གི་འདོད་དོན་བརྗོད་པ་གཅིག་པ་རེད་འདུག
ཐེ་ལགས་ཀྱིས་སྤྱི་སྐད་ལྟ་བུ་ཞིག་བཤད་ཁུར་བྱས་འདུག་ཀྱང་རང་གི་སེམས་ནང་དུ་བློ་སེང་མི་གཅིག་ལས་ཤོང་མི་འདུག
ད་དུང་དགའ་ལྡན་ཁྲི་བ་ལྟ་བུ་ཞེས་དཔེ་མཚོན་ཞིག་བཤད་འདུག
འོན་ཀྱང་དགའ་ལྡན་ཁྲི་བ་འོས་སོགས་ཀྱི་ལམ་ནས་གདམ་རྒྱུ་མེད་པ་ཤེས་མི་འདུག
ཟླ་ཁ་ཤེས་རིང་གྲྭ་ས་ཞིག་དུ་སོང་སྐད་འདུག་པ་བདེན་ན་དུས་ཚོད་དེ་དག་ཆུད་ཟོས་སུ་བཏང་འདུག
སྟོང་འུར་མ་རྒྱགས། ཐེ་ཤེར་གྱི་ཚིག་འདི་ཚོར་གཞན་དང་མ་འདྲ་བའི་ཁྱད་ཆོས་ཅི་ཞིག་འདུག། རྩོམ་རྩལ་འདུག་ཟེར། གང་ན་འདུག་གམ། བསམ་ཚུལ་སྐད་ཆ་འགའ་བཤད་པ་དེར་རྩོམ་ཟེར་དགོས་བ་རེད་དམ། རྩོམ་ཞེས་བ་དེའི་དོན་ཡང་མ་ཤེས་བར་མི་ལ་རྩོམ་རྩལ་འདུག་ཅེས་ཇི་ལྟར་བཤད་ཐུབ་བམ། དགེ་རྒན་ལས་མཁས་རབས་ཟེར། དེ་བདེན་ན་ཐང་། ཡིན་ནའང་གོང་གི་སྐད་ཆ་འདི་དག་གི་ནང་ན་ཁོའི་ཡོན་ཏན་མཐོང་རྒྱུ་མི་འདུག། ད་སྟོང་འུར་རྒྱག་པ་ལས་ཁོ་ངའི་གྲོགས་པོ་ཡིན། ང་ཁོ་ལ་དགའ་ཞེས་བྲིས་ན་ཡག་ས་རེད།
མྱི་ལྟིག་ལགས།།། ཐེ་བོ་ལགས་ཀྱི་རྩོམ་རྩལ་དང་དྲང་གཏམ་གྱི་ངང་ཚུགས་ལས་བསྟུན་ཤེས་མེད་པའི་སྐད་ཆ་ཆེན་པོ་ཞིག་རང་དབང་མེད་པར་ཤོར་སོང་བས་དགོངས་འགལ་མེད་པ་མཁྱེན་།།།། གལ་ཏེ་ཁྱེད་ཀྱིས་ཀྱང་དེ་ལྟ་བུ་ཞིག་བྲིས་ན་ངས་སྐད་ཆ་་དེ་ལས་ཆེ་བ་ཞིག་ཤོར་སྲིད།། རེ་བར་ཁྱེད་ནས་གཅིག་བྲིས་ཡོང་བ་ཤོག།། ང་ལ་ཕྱོགས་ལྷུང་མེད།།།།
ཐེ་བོ་ཤེས་རབ་རྒྱ་མཚོས་སྤེལ་བའི་རྩམ་ཡིག་འདི་དངོས་མ་བསམ་བློ་བཏོང་རིན་ཡོད་པ་ཞིག་རེད།
ལྷག་དོན་ཁོང་གི་དྲང་ཕྱོགས་ཀྱི་བསམ་བློ་འདིས་རྩོམ་ཡིག་འདི་ལ་གསོན་ཤུགས་མི་དམན་པ་ཞིག་བཞག་འདུག
ང་ཚོའི་སྤྱི་ཚོགས་ནང་བཀའ་ཁྲིའི་སྐོར་གྱི་རྩོམ་ཡིག་གང་ཞིག་སྤེལ་ཡང་རང་ཉིད་ཀྱི་འོས་མིར་རྒྱབ་སྐྱོར་བྱས་ཏེ་ཁོང་གི་དགེ་མཚན་གླེང་འོས་མོད།
འོན་ཀྱང་། གཞན་གྱི་འོས་མི་ལ་སྐྱོན་བརྗོད་དོན་དངོས་དང་མི་མཐུན་པ། རང་ཉིད་ཀྱིས་འགན་འཁུར་ལེན་འདོད་མེད་པའི་རྩོམ་ཡིག་གང་མང་ཞིག་འཐོན་བཞིན་པ་འདི་དངོས་གནས་ཡིད་སྐྱོ་དགོས་པ་རང་རེད།
མྱི་ལྟིག་གིས་བཤད་པ་བདེན་རྒྱུ་རེད། ད་ཡིན་ན། ནོར་གླིང་མཐོ་སློབ་ཀྱི་དགེ་རྒན་ཚོའི་རྩོམ་དང་སློབ་མའི་རྩོམ་འདི་བསྡུར་ནས་བལྟ་གི་ཡིན་ད། ཨ་ལ་ཀུ་རེ་ཡིན། ནོར་གླིང་མཐོ་སློབ་ཀྱི་དགེ་རྒན་ཚོའི་རྩོམ་རྩལ་དེ་སློབ་ཕྲུག་འདིའི་རྩོམ་རྩལ་ལས་ཡག་ག་རེ་ཡོད་ན་དེར་ཡང་བཀྲ་ཤིས་བདེ་ལེགས་ཡོད། ཚང་མར་བཀྲ་ཤིས་བདེ་ལེགས་ཡོད།
ད་འདུག། བྱེ་མ་ཀ་རར་གྲོག་མ་འཁོར་བ་ལྟར་ཐེ་བོའི་བསམ་ཚུལ་ལ་འཁོར་བ་ནི་མིག་ཡོད་བཞྀན་དུ་གཡང་ལ་མཆོངས་བ་རང་རེད། དེ་བས་དགེ་རྒན་ལས་ལྷག་པའི་སློབ་པྲུག་ཅེས་ད་དུང་བསྟོད་བཞྀན་འདུག ངོ་མ་ཡ་མཚན་འདུག སློབ་སྦྱོང་མ་ཤེས་པས་ཤེས་ས་ནས་སྦྱོང་བའི་ལུགས་ཡོད་ཀྱང་མེད་པ་ནས་ཡོད་པས་སྦྱང་ཟེར་བ་ནི་བཙན་བཀའ་ནི་བཏང་ཡོད་ཀྱི་མ་རེད། དེ་ནི་ཐེ་བོ་ནོར་གླིང་སློབ་གྲྭར་འཛུལ་ཏེ་དུས་ཚོད་འཔྲོ་བརླག་གཏོང་འདོད་མེད་པ་ཤེས་ཀྱི་ཡོད། དོན་དུ་བཤད་ན་གྲོག་མ་མིག་མེད་དེ་ཚོ་རྒྱུ་རྐྱེན་ཅིའི་ཕྱིར་ཐེ་བོའི་བསམ་ཚུལ་ལ་བསྟོད་དམ་ཟེར་ན། དེ་ནི་ཐེ་བོས་བློ་སེང་ལ་རྒྱབ་སྐྱོར་མཚོན་ཕྱིར་སྐྱེས་སར་ལ་བྲིས་པའི་བསམ་ཚུལ་ཙམ་རེད། ཧ་ཧ། ད་སོ་སོས་སོ་སོར་མཛུབ་མོ་བཙུགས་ནས་ཕྱོགས་ལྷུང་གི་སྐད་ཆ་རེད་དམ་དྲང་བདེན་རེད་བསམ་བློ་ཡང་སྐྱར་སྐྱར་སྐྱོར་གཏོང། འོས་ཤོག་སུ་ལ་འཕེན་མིན་སོ་སོའི་རང་དབང་རེད། གལ་ཏེ་བཀའ་ཁྲིར་འོས་པ་ཆབ་སྲིད་པ་ཡིན་ན་ནི་ངའི་འཁོར་ཡུག་ན་ཡང་ཆབ་སྲིད་ཐོག་བྱང་ཆ་ལྡན་པའི་ཕོ་རྒོད་མོ་རྒོད་མང་པོ་འདུག
ངས་ཀྱང་འདི་ནས་སྐད་ཆ་ཚིག་ཁ་ཤས་ཤིག་མི་བཤད་རང་བཤད་ཆགས་ཐལ།
དཔོན་ཀ་སྟེང་དང་ཞྭ་ནག་བློ་གྲོས་གཉིས་ཀྱིས་མུན་ནག་ལ་མདའ་འཕེན་བྱས་ནས་ནོར་གླིང་གི་དགེ་རྒན་དག་ལས་སློབ་མ་ཤེས་རྒྱམ་བཟང་རབས་བཤད་ཁུལ་བྱས་འདུག་མོད།
དྲང་པོ་བཤད་ན་ཁོ་གཉིས་གཞན་སུ་ཞིག་གི་ཟེར་སྒྲོས་སུ་རྒྱུགས་པ་རང་རེད་དོ
ཡིད་མ་ཆེས་ན་སོ་སོས་སྒེར་ངོས་ནས་ནོར་གླིང་མཐོ་སློབ་ཀྱི་དགེ་རྒན་དག་དང་བསམ་ཚུལ་དང་སྐད་ཆ་ཤོད་དང་།ད་གཟོད་ལག་པར་ཟིན་རྒྱུ་ཞིག་དང་སེམས་ལ་འབབས་རྒྱུ་ཞིག་ལོན་གྱི་རེད་ལོ།་དེ་མ་གཏོགས་གྱང་ཁའི་རྩྭ་ནང་བཞིན་རླུང་གིས་འཁུར་ཉན་ནི་མ་རེད
དགེ་རྒན་ལས་དགེ་ཕྲུག་ཤེས་རྒྱ་ཆེ་དང་དང་། སྤྱི་སྐད་ནང་ལ་ཡུལ་སྐད་བསྲེས་པ་གཉིས་ལ་ནི། བོད་པའི་སྤྱི་ཚོགས་ནང་ལ་དགའ་བསུ་མེད་དོ། དེ་དོན་གཟབ་པར་འཚལ།
གང་ལྟར་རྡོག་ལ་སྒྲིལ་ནས་བཤད་ན། བློ་སེང་བཀའ་ཁྲིར་སླེབས་ན་ཡང་རེད། བཀྲིས་དབང་བཀའ་ཁྲིར་སླེབས་ན་ཡང་། བསྟན་རྣམ་བཀའ་ཁྲིར་སླེབས་ན་ཡང་རེད། བོད་ཀྱི་རྩ་དོན་དང་ལངས་ཕྱོགས། བོད་ཕྱི་ནང་གི་གནས་ཚུལ། བོད་གཞུང་ལས་ཁུངས་ཁག་གི་སྒྲིག་འཛུགས་སོགས་སྔར་མུས་བཞིན་ལས་འགྱུར་བ་གང་ཡང་འགྲོ་མི་ཐུབས་པས། གལ་ཆེན་དོན་ཆེན་ནང་གི་བོད་ཀྱི་གནས་སྟངས་ཐག་གཅོད་བྱེད་དགོས་ན་༧གོང་ས་མཆོག་གིས་ཚར་བརྒྱ་ཕྲག་སྟོང་ཕྲག་བསྐྱར་ཟློས་ཡང་ཟློས་དང་མིད་པ་ཚ་ཚའི་བར་དུ་གསུངས་པའི་རྒྱབ་མདུན་ངོ་ལྐོག་མེད་པའི་ལས་ཀ་བྱེད་རྒྱུ་དང་། རྡོག་རྩ་ཆིག་སྒྲིལ་བྱེད་རྒྱུ་སོགས་གལ་གནད་ཆེ་བའི་གསུང་མང་པོ་ཞིག་ཡོད་པ་ལག་བསྟར་བྱེད་པའི་བོད་གཞུང་གི་ལས་བྱེད་ཅི་ཙམ་ཞིག་ཡོད་དམ། མ་འོངས་པའི་བཀའ་ཤག་སར་པས་བཀའ་སློབ་ཀྱི་དགོངས་དོན་ལྟར་གྱི་གཞུང་ཞིག་འཛུགས་ཐུབ་བམ། དེ་ལྟར་མ་ཐུབ་ཚེ་ཡིག་ཆ་ཁག་གི་རྒྱབ་གཉེར་ལེན་སའམ་དེ་ལས་ཅུང་ཚད་མཐོ་བའི་ལས་ཁུངས་ཤིག་ལས། མ་འོངས་པའི་བཀའ་ཤག་གསར་པར་དེ་ཙམ་གྱིས་ཧེབ་ལངས་མི་དགོས་ལ། དེའི་བར་ནས་དྲྭ་གྲོགས་ཕན་ཚུན་ཚིག་རྩོད་རྒྱག་རིན་ཡང་མི་འདུག
ན་གཞོན་རྩོམ་པ་པོ་ཐེ་བོ་ཤེར་རྒྱམ་ལགས་ཀྱི་གུ་ཡངས་དང་རྒྱུ་མཚན་ཡོད་པའི་སྒོ་ནས་བསམ་ཚུལ་སྤེལ་བར་ཡི་རངས་དང་རྒྱབ་སྐྱོར་ཡོད། དེའི་ཕྱིར་ན། ངའི་ཁ་ནས་རང་དབང་མེད་པར་ཐུགས་རྗེ་ཆེ་ཞེས་པ་དེ་ཤོར་སོང་།
སྐྱེས་སར་ཀྱུ་སྒྲུབ་ཀྱི་རྨོངས་གཉིད་ཀྱི་ཞཱ་མོ་དེ་ཁྱེད་ཀྱིས་ཡང་དག་པའི་རྒྱུ་མཚན་གྱིས་ཕུད་འདུག་པས་རྗེས་སུ་ཡིད་རངས་དང་ཐུགས་རྗེ་ཆེ་ཞུ།། ངོས་ནས་ཀྱང་གཅིག་བྲིས་བསམ་ནས་བསྡད་ཡོད་པས་ད་བར་དུས་ཚོད་ཀྱིས་གོ་སྐབས་སྤྲད་མ་སོང།།།།། དངོས་གནས་ནོར་གླིང་མཐོ་སློབ་ན། དགེ་རྒན་ལས་ལྷག་པའི་སློབ་ཕྲུག་ཅིག་ཡོད་བདེན་པ་རེད་འདུག། དོན་དངོས་དང་འབྲི་རྩལ་ཧ་ལས་པ་བྲིས་འདུག།། མུ་མཐུད་ནས་བདེན་པའི་རྒྱབ་ལ་ཕེབས་གནང་ཡོད་པ་ཞུ།།། དམིགས་བསལ་གྱིས་སྐྱེས་གསར་ཀླུ་སྒྲུབ་ལྟ་་བུ།།།།།
ཐེ་བོ་ལགས།
ཁྱེད་ཀྱི་འབྲི་རྩལ་ལ་རྗེས་སུ་ཡི་རང་ཡོད། བརྗོད་བྱའི་སྐོར་ལ་མང་པོ་བྲིས་ཟིན།
ད་ལན་རྗོད་བྱེད་ཀྱི་སྐོར་ལ་བསམ་ཚུལ་ཞིག་ཞུ་འདོད། “ཁྱོད་ཀྱིས་བཤད་པ་མ་འཕྱུགས་ཐལ།”ཞེས་པའི་འཕྱུགས་ཅེས་པ་འདི་སྤྱིར་ན་འདི་ལྟར་འབྲི་སྲོལ་ཡོད་ཀྱང་། འཁྱུགས་ཅེས་པར་འབྲི་མི་དགོས་སམ་སྙམ། འཕྲུག་གི་དོན་ནི་ཟ་བྲ་ལང་བ་སེན་མོས་འབྲད་པའི་དོན་ཡིན་པ་དང་། འཁྲུག་གི་དོན་ནི་གོ་རིམ་སོགས་འཛོལ་བའི་དོན་ཡིན། “ཁྱོད་ཀྱིས་བཤད་པ་མ་འཕྱུགས་ཐལ།”ཞེས་པ་ནི་མདོ་སྨད་ཀྱི་ཁ་སྐད་ཅིག་རེད། རང་རེ་མདོ་བ་དག་གི་ངག་ན་ར་བཏག་ལ་ཡ་བཏག་བརྗེས་པའི་ཚིག་མང་པོ་ཞིག་ཡོད་པ་དཔེར་ན་གྱི་ལ་གྲི་འབྲི་དགོས་པ། གྱོ་མ་ལ་གྲོ་མ་འབྲི་དགོས་པ། གྱོག་མ་ལ་གྲོག་མར་འབྲི་དགོས་པ་སོགས་བཞིན་འདི་ཡང་ཁ་སྐད་ཀྱི་དབང་དུ་བྱས་ན་འཁྱུག་དང་ཡིག་སྐད་ཀྱི་དབང་དུ་བྱས་ན་འཁྲུག་ཅེས་འབྲི་དགོས་པ་མིན་ནམ་སྙམ། དཔྱད་པར་འཚལ།
ལར་ནས་འབྲི་སྲོལ་གཞན་ཟེར་བ་འདི་དག་ཆ་མ་ཤེས་པའི་དབང་ཆེན་དག་གིས་ནོར་བར་བྲིས་བྲིས་ནས་ལམ་སྲོལ་དུ་གྱུར་བར་འདོད་པ་དང་། དེ་ནི་བོད་ཡིག་རླག་བྱེད་ཀྱི་ལམ་ལུགས་ཤིག་ཏུ་གྱུར་འདུག་
སྤྱི་ཚོགས་དང་མི་མང་ནང་ཀླད་པ་ཕྱིན་ཅི་ལོག་པ་རེ་ཟུང་ཡོངས་སྲིད་པས་དེའི་རིགས་ནི་ཁྱི་སྨྱོན་གིས་སོ་བརྒྱབ་པ་དང་གཅིག་མཚུངས་ཡིན་པས་སྨྱོ་བཤད་དེ་དག་རྣ་བའི་རྒྱབ་ཏུ་བསྐྱུར་རོགས། ཕྲ་དོག་དང་འགྲན་སེམས་ད་དུང་ཕྱགས་ལྷུང་གིས་མྱོས་བའི་སྐྱེས་སར་ཀླུ་སྒྲུབ་ཟེར་བ་འདིས་ལས་ཅི་བྱས་ལྟ་བ་ལོག་པ་ཡིན་པས་དོལ་རྒྱལ་ལྟ་བའི་སྨོན་ལམ་ལོག་པ་མིན་པའི་ངེས་བ་མི་འདུག།
བློ་སེང་ཐེངས་འདིའི་འོས་སྒམ་ནང་འོས། ཟེར་སྟངས་བལྟས་ན། བློ་སེང་ཐེངས་འདིའི་བཀའ་ཁྲི་མ་ཐོབ་ཀྱང་འོས་སྒམ་ནང་ལ། མ་བླུག་རོགས་གནང་། དབུགས་བསུབ་ཐེབ་ཉེན་ཡང་ཆེ། འོས་སྒམ་ནང་ལ་འོས་བླུག་སམ། མི་འོས་ཟེར་ན། རྒྱབ་སྐྱོར་ཡོད་མཁན་ཚོས་ངེས་པར་དུ་བླུག་འོས་སོ། བཙན་བྱོལ་སྐྱིད་སྡུག་དེ་དམངས་གཙོ་ཡང་དག་ཅིག་ཡིན་པའི་ཕྱིར་རོ། །
གནས་ལུགས་ལྡན་པའི་རྩོམ་ཡིག་ཕུལ་བྱུང་ཞིག་བྲིས་འདུག བཀྲ་ཤིས་བདེ་ལེགས་ཡོད། མུ་མཐུད་དུ་གནས་ལུགས་ལ་ཕྱོགས་པའི་རྩོམ་ཡིག་གང་མང་སྤེལ་གནང་རོགས། ནོར་གླིང་ནས་དགེ་རྒན་དང་ཉམས་ཞིབ་པ་ཚོ་ལས་ལྷག་པའི་རང་ཚུགས་ཅན།
གཞན་དེ་ཉམས་མྱོང་ཟེར་བ་དེ་གུས་པས་མཆན་སྔ་མ་དག་ཏུ་བཤད་ཟིན། ཉམས་མྱོང་ཟེར་བ་དེའང་བློ་འདོན་ལྷན་ཚོགས་ཡག་པོ་ཞིག་འཛུགས་ཐུབ་མིན་རེད་མ་གཏོགས་གཞན་གང་ཡང་མ་རེད། ཨ་རིས་གློག་བརྙན་འཁྲབ་སྟོན་པ་སྲིད་འཛིན་ལ་གདམ་ག་བྱེད་མྱོང་བ་རེད་ལ། དེ་ལ་ཉམས་མྱོང་ཡོད་ཅེས་སུས་ཀྱང་བཤད་ཀྱི་མ་རེད་དེ། དེར་ཉམས་མྱོང་གིས་ཕོངས་སོང་བ་ཞིག་སུ་ལ་བཤད་རྒྱུ་ཡོད། ཡོག་མ་རེད།
ཐེ་བོ་ཤེས་རབ་རྒྱ་མཚོ་མཆོག་ལ་འཚམས་འདྲི་ཞུ། ཁྱེད་ཀྱིས་བློ་སེང་ལ་འོས་ལྡུག་རྒྱུག་ཡིན་པའི་རྒྱུ་མཚན་གསུངས་བཞིན་དུ་ འོས་མི་གཞན་རྣམས་ལ་དམའ་འབེབས་མ་བྱེད་པ་ནི་ཤིན་ཏུ་ངོ་མཚར་ཆེ་བའི་རྩོམ་པ་པོ་ཞིག་རེད་།
སྐྱེས་སར་ཀླུ་སྒྲུབ་སོགས་ཉེ་ཆར་གྱི་རྩོམ་འགའ་ཤས་ནང་བཤད་དགོས་པ་རང་གི་འོས་མི་ལ་འོས་ལྡུག་དགོས་པའི་རྒྱུ་མཚན་སོགས་མ་བཤད་པ་འོས་མི་གཞན་ལ་མཐོང་ཆུང་དམའ་འབེབས་ཚད་མེད་བྱེད་རྐྱང་བྱེད་པ་འདི་འདི་རྩོམ་པ་པོའི་གཞི་རྩའི་ལྟ་བ་དང་མི་མང་ཁ་ལོ་བསྒྱུར་ཐུབ་པའི་རྩོམ་པ་པོ་ཞིག་ལ་ངོས་འཛིན་ཇི་ལྟར་བྱེད་ཐུབ།
གྲོགས་པོ་ཚོ་རང་གི་འོས་མི་ལ་འོས་ལྡུག་དགོས་པའི་རྒྱུ་མཚན་བཤད་པ་ལས་འོས་མི་གཞན་ལ་མཐོང་ཆུང་དམའ་འབེབས་མ་བྱེད་རོགས་ འདི་དགྲ་དགའ་གཉེན་སྡུག་གི་ལས་ངན་ཞིག་རེད་། རང་གི་འོས་མི་ལ་འོས་ལྡུག་དགོས་པའི་རྒྱུ་མཚན་ཡང་དག་གཤད་རྒྱུ་ཡོད་ན་འོས་མི་གཞན་དེ་རང་བཞིན་གྱི་ཆ་རྐྱེན་མི་ཚང་བ་ཞིག་ཏུ་མི་འགྱུར་རམ།
བཅའ་ཁྲིམས་དང་འོས་བསྡུ་སྒྲིག་གཞི་ནང་ཤེས་ཡོན་གྱི་ཆ་རྐྱེན་ཡང་གསལ་མེད་པས་དེས་ན་ཁྲིམས་ནང་ཆ་ཚང་གསལ་རྒྱུ་ཐུབ་དཀའ་བས་ང་རང་ཚོ་ལ་ལྷན་དུ་ཡོད་པའི་རིག་པ་དེ་བེད་སྤྱོད་བྱེད་དགོས།་་་
དྲ་གྲོགས་ཐེ་བོ་ལགས། ཁྱེད་ཀྱི་རྩོམ་ཡིག་འདི་བདེན། སྐབས་གསུམ་པའི་བཀའ་ཁྲིར་མཁས་དབང་བློ་བཟང་སེངྒེ་སླེབས་ན་འོས་ཤོས་རེད། རྒྱུ་མཚན་ཐུང་ཙམ་ཞུས་ན། ང་ཚོའི་རྒྱལ་ཁབ་གཞན་གྱིས་དབང་སྒྱུར་འོག་ཡོད་དུས་ཡུལ་གྱར་གྱི་སྤྱི་ཚོགས་ཁྲོད་བོད་མི་རྣམས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་རྗེ་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་བོད་མི་རྣམས་རྡོག་རྩ་གཅིག་ཏུ་སྒྲིལ་ནས་རང་རྒྱལ་ཆེད་དུ་འཐབ་རྩོད་འདྲ་མིན་སྤེལ་དང་སྤེལ་བཞིན་ཡོད་པ་དང་ཐ་ན་རང་སྲོག་ཡང་རང་རྒྱལ་གྱི་དོན་དུ་འབེན་དུ་བཞག་ནས་ཚེ་མེད་ཞི་བའི་ལས་འགུལ་ངང་དྲངས་བདེན་རྩོད་ཀྱི་ཡོད། རིང་མིན་བཙན་བྱོལ་སྤྱི་ཚོགས་སུ་བོད་ཕྱི་ནང་གཉིས་ཀྱི་མཉམ་འཛོམས་ཡོང་རྒྱུར་བོད་རྒྱ་དཀའ་རྙོག་སེལ་རྒྱུར་བོད་གཞུང་འཛིན་སྐྱོང་ལ་ཆབ་སྲིད་ཀྱི་དབུ་ཁྲིད་གསར་པ་གཅིག་འོས་འདེམས་བྱ་རྒྱུ་ཡིན་པས། སྲིད་ཁྲིར་མ་གཏོགས་ཆོས་ཁྲིར་ད་ལྟ་༧གོང་ས་མཆོག་སྐུ་འཚོ་ཞུགས་སྐབས་ཆབ་སྲིད་ལ་མཁྱེན་རྒྱ་ཡངས་པ་མི་རབས་གསར་པའི་ན་གཞོན་ཧ་ལྦར་ཌིའི་ཁྲིམས་ལུགས་མཁས་པ་བློ་བཟང་སེངྒེ་འོས་པ་ཞིག་མཐོང། ངའི་འོས་ཤོག་གཅིག་དེ་ཁོང་རང་ལ་བླུགས་རྒྱུར་བློ་ཐག་གཙང་བཅད་ཡིན། བློ་སེང་རྒྱལ་བར་སྨོན།
ཁྱེད་རང་གིས་ཀྱང་རྒྱུ་མཚན་དང་གནས་ལུགས་གཉིས་ཀ་དང་ལྡན་པ་ཞིག་བཤད་འདུག བསམ་ཚུལ་ཞིག་ཞུས་ན། བཀའ་བློན་ཁྲི་པ་ཟེར་བ་དེར་བཅའ་ཁྲིམས་ནང་གསལ་བའི་ཆ་རྐྱེན་དེ་ཚོ་ནི་ཁྲིམས་ཀྱི་རྩ་འཛིན་ཞིག་ཡིན་པ་དང་། ད་ལྟ་མང་ཚོགས་ཁྲོད་ཉམས་མྱོང་གི་གླེང་སློང་ཞིག་གནང་གི་ཡོད་པ་ནི། ལག་ལེན་ངོ་མ་ཟེར་ན་འདྲ། ལས་དོན་དངོས་གཞི་ལ་བསམ་ནས་གླེང་སློང་ཡོང་གི་ཡོད་པ་རེད། ཆ་རྐྱེན་དེ་ཚོ་ཚང་མཁན་ནི་མང་པོ་ཡོད་པ་རེད། ཆ་རྐྱེན་དེའི་སྟེང་ནས་ད་གཟོད་ལས་དོན་དངོས་གཞི་ལ་བསམ་བློ་བཏང་ནས་བལྟས་པ་ཡིན་ན། དེ་ནའང་ཆ་རྐྱེན་མང་པོ་ཞིག་གིས་བལྟས་བསྡད་ཡོད་པ་དེ་ནས་ཐར་ན། མང་ཚོགས་ཀྱི་བློ་བདེ་གི་ཡོད་པ་རེད། དེ་མིན་གཞི་རྩའི་ཆ་རྐྱེན་དེ་གལ་ཆེན་པོ་ཡིན་པའི་སྒང་ལ། ཉམས་མྱོང་སོགས་ཀྱི་ཆ་རྐྱེན་ནི་དེ་ལས་གལ་ཆེ་བའི་ཆ་རྐྱེན་ལ་བརྩི་དགོས་པ་རེད་འདོད།
ནོར་གླིང་མཐོ་སློབ་ན། དགེ་རྒན་ལས་ལྷག་པའི་སློབ་ཕྲུག་ཅིག་ཡོད་པ་རེད་ཟེར་བ་དེ་ཁྱེད་རང་ཡིན་པ་སྔ་མོ་ནས་ཤེས་ཡོད། འབྲི་རྩལ་འདི་ཧ་ལས་དགོས་པ་ཞིག་འདུག རྗེས་སུ་ཡི་རང་ཡོད། མུ་མཐུད་ནས་ཕེབས་རོགས།