མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྱོད་ཀྱིས་ཉོན་དང་། དོ་ནུབ་བཤད་འདོད་པ་ཞིག་ཡོད་ཀི

བོད། ཤ་ཁྲག་རུས་གསུམ།
༢༠༡༡/༠༡/༢༩
Share on FacebookShare on TwitterShare on EmailShare on Whatsapp

མཚམས་རེར་དྲན་པའི་འགོ་སྔ་བཤད་མི་ཤེས།།
སྐྱོ་བའི་རི་མོ་པུར་རྩེ་གང་དུ་མེད།།
འདི་ཕྱིའི་བར་གྱི་འདང་བརྩེ་ཟབ་མོ་ནི།།
ནམ་ཡང་བརྗེད་དུ་མེད་པར་ཁྱེད་ལ་སྤྲིངས།།

གནམ་དང་སྤྲིན་པའི་བར་ནས་ཁྱེད་ལ་བོས།།
ས་དང་རྩི་ཤིང་ཁྲོད་ནས་ཁྱེད་ལ་བལྟས།།
གླུ་དང་རོལ་དབྱངས་གསེང་ནས་ཁྱེད་ལ་ཉན།།
ལྷིང་འཇག་སྐར་ཚོགས་ཤིག་གི་འདར་ཞིག་བསླེངས།།

མི་སེམས་ཤ་ཡི་གྲུབ་པ་བདེན་དུ་འཆི།།
ཤ་འདི་སྙི་ཞིང་སྲ་བའི་བར་རོལ་ན།།
གཅིག་ལ་སྙི་ཞིང་གཅིག་ལ་་སྲ་བ་འདིས།།
མི་སེམས་ཁྲིམས་ལ་བཅུགས་པའི་གནད་འདི་བྱུང་།།

རི་བོ་སྟོང་ཕྲག་མང་བོའི་ཕར་ཚུར་དུ།།
སྐད་ཆ་ཡག་ཉེས་ཁྲི་ཡི་འཇིག་རྟེན་ནས།།
དཀྲོགས་གཏམ་རླུང་ཁར་འཁུར་བའི་སྔ་གཞུག་ན།།
གཅིག་གི་དྲན་པ་བཟི་ནས་ཡོད་འདི་སྡུག།

སེམས་དང་བསམ་པའི་སྐད་ཆ་མང་བོ་ཞིག།
ཁྱེད་ཀྱི་བྲང་ཁར་ལག་པ་འཇོག་ཞོར་དུ།།
ཡུན་རིང་སྤས་པའི་སེམས་ཀྱི་སྡུག་བསྔལ་དག།
ཞིབ་མོར་ཐེངས་ཤིག་བཤད་ཉིན་འགྲུབ་པ་ཡིན།།

ཚེ་ཡི་རྒྱུན་ཐག་རྟ་སྔ་འདྲ་བོ་འདི།།
འཆི་བདག་སྤུ་གྲིའི་ནམ་གཅོད་སུ་ཡིས་ཤེས།།
སྐྱེ་མཐར་འཆི་བ་འགྱོད་པ་གཏན་མེད་ཀྱང་།།
ཐེངས་ཤིག་མ་འཕྲད་ཤི་དུས་ཅུང་རེ་འགྱོད།།

སྤྱིར་ན་འགོ་ནག་གཞན་ལྟར་ཧམ་སེམས་མེད།།
ཞེན་ཆགས་ལྕི་མོས་ཀུན་ལ་རྔམ་འདོད་མེད།།
སྙིང་གི་བཞག་པའི་སྐད་ཆ་དྲོན་མོ་དག།
བཤད་སར་མ་འཕྲོད་བཏང་ན་ཞེན་རེ་འདུག།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 5

  1. sha tak ri sim says:
    ལོ་ 16 སྔོན།

    དམིགས་བསལ་གྱིས་བསེ་རུ་ལགས་ཀྱི་ལྷག་བསམ་དང་། གཞན་དག་གི་སྐད་ཆ་བཅས་སེམས་སུ་བཟུང་ཡོད། དུས་ཚོད་ཡོད་དུས་ཤིག་ལ་སློབ་ཚན་དེ་རང་གི་ཤུ་རེ་བྱེད་ཆོག་ལགས།

    Reply
  2. kungatsering17 says:
    ལོ་ 16 སྔོན།

    མཁས་མཛངས་དང་ཡོན་ཏན་གང་ས་ཅི་ཐད་ནས་ཆ་རྐྱེན་ལེགས་ཤོས་ཀྱི་མཁས་དབང་བློ་བཟང་སེངྒེ་ཉིད་བོད་རྒྱལ་ཁབ་ཆེན་པོའི་བཀའ་ཁྲི་ཡི་གསེར་འཁྲི་མཐོན་པོར་མངལ་གསོལ་གཟེང་སྟོད་ཐུབ་པའི་སྨོན་འདུན་ཞུ།།།

    Reply
  3. jigme says:
    ལོ་ 16 སྔོན།

    ཨ་རོགས། ཁྱོད་འདི་ལྟར་འཆི་མི་ཉན་ཁོ་ཐག་རེད། སྡུག་གཏམ་ལུང་བ་གང་བྲིས་འདུག་ག སྙན་ངག་ཇེ་ཡག་ལ་འགྲོ་གི་འདུག་ཀྱང༌། སེམས་པ་ཇེ་སྐྱོ་ལ་འགྲོ་གི་ཡོད་པ་འདྲ།
    མགོ་སྔ་ཡང་མིན་པ་འདྲ།་ མགོ་རྔ་ཡིན་ས་རེད།
    རྟ་སྔ་ཡང་རྟ་རྔ་རེད། ཞེན་རེ་འདུག་ཟེར་བ་འདི་ཞེ་རེ་སྡུག་ཡིན་པ་འདྲ།

    Reply
  4. snowyson says:
    ལོ་ 16 སྔོན།

    དྲ་གྲོགས་ལགས་ཁྱེད་ཀྱིས་ང་ཚོ་ལ་ནང་ལས་བསྐུར་བ་ཐུགས་རྗེ་ཆེ།

    Reply
  5. samkhar says:
    ལོ་ 16 སྔོན།

    ངའི་དྲ་གྲོགས་ལགས་སུ་ནང་སྦྱོང་གི་ཚུལ་དུ་ཕུལ།

    འགོ་སྔ། མགོ་སྔ།
    པུར་རྩེ། པིར་རྩེ།

    ལྷིང་འཇག ལྷིང་འཇགས།
    ཤིག་གི། ཤིག་གིས།
    བསླེངས། བསླངས།

    ཤ་ཡི། ཤ་ཡིས།
    འཆི། མཆིས།
    བཅུགས། བཅུག

    དཀྲོགས་གཏམ། དཀྲོག་གཏམ།

    སྤུ་གྲིའི། སྤུ་གྲིས།

    འགོ་ནག མགོ་ནག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese