མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྷོ་སུའུ་དན་མི་མང་གི་སེམས་གཏམ།

བོད་ཀྱི་དུས་བབ།
༢༠༡༡/༠༢/༡༢
Share on FacebookShare on TwitterShare on EmailShare on Whatsapp

དཔལ་ལྡན་རྒྱལ།

ཟླ་བ་གཉིས་པའི་ཚེས་ ༧ ཉིན་སུའུ་དན་གྱི་འོས་འདེམས་ལྷན་ཚོགས་ཀྱིས། ལྷོ་སུའུ་དན་གྱི་མི་མང་གི་བརྒྱ་ཆའི་༩༨.༨༣ ཙམ་གྱིས་ཡུལ་དེ་རང་བཙན་བྱ་རྒྱུའི་འདོད་མོས་ཡོད་པའི་གནས་ཚུལ་གསལ་བསྒྲགས་བྱས་ཡོད་པ་རེད། འོས་འདེམས་ནང་ལྷོ་སུའུ་དན་གྱི་རང་བཙན་བྱ་རྒྱུར་འདོད་མོས་ཡོད་པའི་འོས་ཤོག ༣༧༩༢༥༡༨ བྱུང་ཡོད་པ་ནི་འོས་ཤོག་ཡོངས་ཀྱི་བརྒྱ་ཆའི་༩༨.༨༣ ཟིན་ཡོད་པ་དང་། ལྷོ་བྱང་སུའུ་དན་གཉིས་གཅིག་གྱུར་བྱ་རྒྱུར་འདོད་མོས་ཡོད་པའི་འོས་ཤོག ༤༤༨༨ བྱུང་ཡོད་པ་ནི་འོས་ཤོག་ཡོངས་ཀྱི་བརྒྱ་ཆའི་ ༡.༡༧ ཟིན་ཡོད་པ་རེད། 

ལྷོ་སུའུ་དན་རང་བཙན་བྱེད་རྒྱུ་ནི་མི་མང་གི་སེམས་སུ་ཡུན་རིང་ཉར་བའི་འདོད་འདུན་ཡིན་པའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་བྱས། གསལ་བསྒྲགས་བྱས་མ་ཐག་ལྷོ་སུའུ་དན་མི་སེར་ཞིག་གིས “ང་ཚོ་ཚང་མ་དམག་འཁྲུག་ཁྲོད་འཚར་ལོངས་བྱུང་བ་ཡིན། ང་ཚོས་རང་ཉིད་ཀྱི་རང་དབང་ཞི་བདེའི་ངང་རོལ་རྒྱུ་བྱུང་བ་ནི་ཇི་འདྲའི་སྤྲོ་སྐྱིད་ལྡན་པ་ཞིག་རེད་ཨང“ ཞེས་དང་།  ཡང་བུད་མེད་ཅིག་གིས “འོས་འདེམས་ཀྱི་མཇུག་འབྲས་ནི་ང་ལ་རང་དབང་ཐོབ་པ་རེད། ད་ནི་ང་རང་རང་ཉིད་ཀྱི་རྒྱལ་ཁབ་ནང་དུ་མི་སེར་ཨང་རིམ་དང་པོ་ཆགས་པ་རེད” ཅེས་བརྗོད་འདུག།

ག་དུས་འོས་འདེམས་བྱས་པ་རེད།
ལོ་བཅུ་ཕྲག་ཁ་ཤས་རིང་ཨ་རབ་མི་རིགས་ཀྱིས་འཛིན་སྐྱོང་བྱེད་བཞིན་པའི་སྲིད་གཞུང་དང་། ལྷོ་ཕྱོགས་གྱེན་ལོག་པའི་བར་དམག་
འཁྲུག་བྱུང་སྟེ་ཡུལ་དེའི་མི་མང་རྣམས་དཀའ་སྡུག་དང་། ཞེད་སྣང་ངང་གནས་ཡོད་པ་རེད།  སྤྱི་ཟླ་དང་པོའི་ཚེས་༩ ནས་ཚེས་༡༥ བར་ཨ་ཧྥི་རི་ཀའི་གླིང་ཆེན་ཡོད་པའི་སུའུ་དན་རྒྱལ་ཁབ་ཀྱི་ལྷོ་ཕྱོགས་ཕྱེད་རང་སྐྱོང་གི་གནས་བབ་ངང་ཡོད་པའི་ས་ཁུལ་དེ་རང་བཙན་བྱ་རྒྱུའམ། ཡང་ན་སྔར་བཞིན་སུའུ་དན་གྱི་མངའ་འོག་ཏུ་འདུག་རྒྱུ ཡིན། དོན་གནད་འདིའི་ཐད་མི་མང་གིས་འོས་འཕངས་ཡོད་པ་རེད།

འོས་ཤོག་འཕེན་མཁན་སུ་ཡིན་ནམ།
ལྷོ་ཕྱོགས་
སུའུ་དན་མི་མང་སུ་ཡིན་རུང་འོས་འཕེན་ཐོ་འགོད་དུས་ཡུན་ནང་ཐོ་བཀོད་བྱས་ཡོད་པ་རྣམས་དང་། ལྷོ་ཕྱོགས་སུའུ་དན་མི་མང་མང་ཆེ་ཤོས་ལྷོ་ཕྱོགས་ས་ཁུལ་དུ་གནས་སྡོད་བྱས་ཡོད་ནའང་། མི་མང་པོ་ཞིག་བྱང་ཕྱོགས་སུའུ་དན་དང་། རྒྱལ་ཁབ་གཞན་གྱི་ནང་སྐྱབས་བཅོལ་དུ་གནས་ཡོད་པའི་ལྷོ་ཕྱོགས་སུའུ་དན་མི་མང་ཚང་མར་འོས་འཕེན་གྱི་ཐོབ་ཐང་སྤྲད་ཡོད་པ་རེད།

རྒྱལ་ཁབ་འདི་ཆིག་སྒྲིལ་ངང་གནས་མ་ཐུབ་པའི་རྒྱུ་རྐྱེན་གང་ཡིན་ནམ།
རྩ་བའི་ཆ་ནས་ཨ་
ཧྥི་རི་ཀའི་གླིང་ཆེན་ནང་རྒྱལ་ཁབ་ཆེ་ཤོས་འདི་ཁ་ཁར་དབྱེ་དོན་ནི། ལྷོ་བྱང་གཉིས་བར་ཆོས་ལུགས་དང་། མི་རིགས་མི་འདྲ་བའི་འགལ་ཟླ་ལས་བྱུང་པ་ཞིག་རེད། སུའུ་དན་གྱི་བྱང་ཕྱོགས་ནི་ཁ་ཆེ་ཆོས་ལུགས་ལ་དད་པ་བྱེད་མཁན་ཨ་རབ་མི་རིགས་ཡིན་པ་དང་། ལྷོ་ཕྱོགས་ནི་ཨ་རབ་མི་རིགས་མ་ཡིན་པར་ཡེ་ཤུའི་ཆོས་ལུགས་ལ་དད་པ་བྱེད་མཁན་ཆགས་ཡོད།

ག་དུས་རང་བཙན་གྱི་རྒྱལ་ཁབ་ཞིག་ཆགས་སམ།
ད་ལོའི་ཟླ་བ་བདུན་པའི་ནང་
སུའུ་དན། གཞུང་འབྲེལ་གྱིས་༼ལྷོ་སུའུ་དན་སྤྱི་མཐུན་རྒྱལ་ཁབ།༽ ཞེས་མིང་བཏགས་ནས་འཛམ་གླིང་འདིའི་སྟེང་རང་གི་བདག་དབང་རང་ལ་ཡོད་པའི་རྒྱལ་ཁབ་གསར་ཤོས་དེ་ཆགས་རྒྱུ་རེད།

འབྲེལ་ཡོད་གསར་འགྱུར།

རྩོམ་པ་པོ་འཛུམ་ཤུལ་འཇམ་དབྱངས་ཐབས་མཁས་ལགས་ཀྱིས་བརྩམས་པའི་དཔེ་དེབ་དབུ་འབྱེད། པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༦།༡༢
Mobile App

ང་ཚོས་རྒྱ་ནག་གི་དྲག་གནོན་ལ་འཚེ་མེད་ཞི་བའི་ཐོག་ནས་ཁ་གཏད་བཅག་པ་ནི་རྗེས་དྲན་བྱ་འོས་པ་ཞིག་ཡིན།

༢༠༢༦/༠༦/༡༢
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གཏུག་བཤེར་ཁང་དུ་སྔོན་འགྲོའི་ཉན་ཞིབ་ཚོགས་པ་དང་འབྲེལ་བའི་ཐག་གཅོད་གནང་སྐབས། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་པར།
Mobile App

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

༢༠༢༦/༠༦/༡༢
བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་ལ་མཆོད་འབུལ་སྨོན་ལམ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༦།༡༢
Mobile App

བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་འདས་གྲོངས་སུ་གྱུར།

༢༠༢༦/༠༦/༡༢
Front Slider

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

༢༠༢༦/༠༦/༡༢
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཞབས་པུས་སྨན་བཅོས་ལེགས་གྲུབ་བྱུང་བའི་གསལ་བསྒྲགས། ༢༠༢༦།༦།༡༢ བོད་ཀྱི་དུས་བབ་གསར་ཁང་གིས་སྐུ་པར་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

༧སྐུའི་ཞབས་པུས་གཤག་བཅོས་ལེགས་གྲུབ་དང་སྐུ་གཟུགས་གསལ་ཐང་ཡིན་འདུག

༢༠༢༦/༠༦/༡༢
Mobile App

རྒྱ་ནག་དམར་ཤོག་རིང་ལུགས་དེ་༸གོང་ས་མཆོག་ལས་དུས་ཡུན་རིང་བར་འཚོ་ཐུབ་མིན་ལྟ་རྒྱུ་ཞིག་ཡིན།

༢༠༢༦/༠༦/༡༡

མཆན། 1

  1. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 15 སྔོན།

    མང་གཙོའི་ཁེ་ཕན་ནི་དགོས་འདི་འདྲ་ཞིག་ཆེའང་། འདི་དང་མཉམ་དུ་ཞི་བདེ་རྒྱལ་ཁབ་ཞིག་བསྐྲུན་ཐུབ་ན་ཅི་མ་རུང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese