མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚོགས་ཆེན་གྱི་གྲོས་དོན་ལ་བཀའ་སྤྱིའི་གྲོས་བསྡུར།

བོད་ཀྱི་དུས་བབ།
༢༠༡༡/༠༢/༡༢
Share on FacebookShare on TwitterShare on EmailShare on Whatsapp

ད་ལོར་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་ནང་། བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་ཚོགས་ཏེ། བསམ་ཚུལ་ཕྱོགས་བསྡོམས་བྱས་ཡོད་པའི་ཐོག་སྤྱི་འཐུས་རྒྱུན་ལས་དང་བཀའ་སྤྱི་ལྷན་ཚོགས་ཐོག་གྲོས་བསྡུར་གནང་ཡོད་འདུག

ཕྱི་ཟླ་ ༨ ཚེས་ ༢༦ ནས་ཚེས་ ༣༡ ཉིན་བར་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ། བོད་རྒྱལ་ཡོངས་གཞུང་མང་ཚོགས་ཆེན་ཐེངས་དང་པོ་སྐོང་ཚོགས་བྱས་ཏེ། ཆབ་སྲིད་དང་མང་གཙོ། ཆོས་དང་རིག་གཞུང་། གཞིས་ཆགས་སྲ་བརྟན། ཤེས་ཡོན། འཕྲོད་བསྟེན། དཔལ་འབྱོར་བཅས་ཀྱི་ཐོག་བགྲོ་གླེང་ཞིབ་ལྷུག་གནང་མཐར་བསམ་ཚུལ་ཕྱོགས་བསྡོམས་ཀྱི་སྙན་ཐོ་ཞིག་བོད་མི་མང་སྤྱི་འཐུས་གྲོས་ཚོགས་སུ་ཕུལ་ཡོད་པ་ལྟར། ཉེ་ཆར་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཚོགས་ཏེ་བཀའ་ཤག་གིས་ལག་ལེན་བསྟར་དགོས་པ་དང་། སྤྱི་འཐུས་ཀྱི་ལག་ལེན་བསྟར་དགོས་པ་ཁག་སོ་སོར་དབྱེ་བགོས་བྱས་ཡོད་འདུག

ཕྱི་ཚེས་ ༥ ཉིན་འདི་གའི་གསར་འགོད་པས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ། ཐེངས་འདིའི་རྒྱུན་ལས་ལྷན་ཚོགས་ཐོག་རྒྱལ་ཡོངས་ཚོགས་ཆེན་གྱི་གྲོས་དོན་ཁག་གི་ཐོག་བཀའ་བསྡུར་གང་འདྲ་བྱུང་ཡོད་མེད་བཀའ་འདྲི་ཞུས་པར་ཁོང་གིས་ལན་བསྐྱོན་དོན། ན་ནིང་ཕྱི་ཟླ་ ༨ ཚེས་ ༢༦ ནས་ ༣༡  ཉིན་བར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་སྒར་དུ་བོད་རྒྱལ་ཡོངས་གཞུང་མང་ཚོགས་ཆེན་ཚོགས་ཡོད་པ་དང་། ཕྱི་ཟླ་ ༩ པའི་ནང་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་བཅུ་བ་འཚོགས་སྐབས་སུ་གྲོས་ཆོད་ཅིག་འཇོག་ཐུབ་ཡོད། བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་སྐབས་ཀྱི་བསམ་འཆར་རྣམས། སྤྱི་འཐུས་རྒྱུན་ལས་ཀྱིས་བཀའ་སྤྱི་གཉིས་དང་འོས་བསྡུ་ལྷན་ཁང་བཅས་ནས་ལག་ལེན་བསྟར་དགོས་པ་ཁག་དབྱེ་གསེས་ཕྱེས་སྟེ་ཁོངས་སོ་སོར་གཏོང་རྒྱུའི་གྲོས་ཆོད་བྱུང་ཡོད་ལ།  གྲོས་ཆོད་བྱུང་བ་ལྟར་ཚོགས་དྲུང་ལས་ཁུངས་ནས་བཀའ་སྤྱི་གཉིས་སོ་སོ་དང་ཐུན་མོང་ཐོག་ལག་བསྟར་བྱ་དགོས་པའི་ཐོག་ཉིན་གསུམ་རིང་ཚོགས་འདུ་ཚོགས་ཏེ་དོན་ཚན་རེ་རེར་ཐག་གཅོད་བྱུང་ཡོད། ཅེས་དང་།

 

ཡང་ཁོང་གིས་མུ་མཐུད་དོན། ཕྱི་ཟླ་ ༡༢ ཚེས་ ༡༥ ཉིན་བཀའ་ཤག་དང་སྤྱི་འཐུས་ཐུན་མོང་ཐོག་ཐག་གཅོད་བྱ་དགོས་རིགས་ལ་གྲོས་བསྡུར་བྱས་ཏེ་ཐག་གཅོད་བྱུང་ཡོད་ལ། ཐག་གཅོད་བྱུང་བ་ལྟར་འབྲེལ་ཡོད་ས་གནས་མགོ་འཛིན་དང་ས་གནས་འཐུས་ཚོགས་ལ་ཁ་གསལ་ཡིག་ཆ་ཞིག་གང་མགྱོགས་ས་གཏོང་འཆར་ཡོད། སྐབས་དེར་འབྲེལ་ཡོད་ལས་བྱེད་ཚོས་ས་གནས་མང་ཚོགས་ལ་གསལ་བཤད་གནང་གི་རེད། དེ་བཞིན་༼བོད་མིའི་རང་དབང་༽ ཚགས་ཤོག་བརྒྱུད་ཆབ་སྲིད་དང་མང་གཙོ་དང་འབྲེལ་བའི་ཐག་གཅོད་བྱུང་བའི་གྲོས་ཆོད་སོགས་རེ་རེ་བཞིན་གསལ་པོར་བཀོད་ཡོད། ཅེས་བརྗོད་སོང་།

ཡང་ཁོང་ལ། གྲོས་ཆོད་ནང་འཁོད་པའི་འབྲུག་ཡུལ་གནས་སྡོད་སྐྱབས་བཅོལ་བོད་མིའི་དཀའ་ངལ་སེལ་ཐབས་སྐོར་ཐག་གཅོད་ཇི་ལྟར་བྱུང་ཡོད་མེད་དྲིས་པར། གནད་དོན་དེའི་ཐད་བཀའ་སྤྱི་གཉིས་ཀྱི་ངོས་ནས་གྲོས་བསྡུར་བྱས་ཡོད་པར་མ་ཟད། གྲོས་བསྡུར་བྱས་པའི་ནང་དོན་རྣམས་ཡིག་ཐོག་ཏུ་གཏན་འབེབས་བྱུང་ཡོད། ཡིག་ཆ་དེ་ཚོ་མི་འགྱངས་བར་གསར་འགྱུར་བརྒྱུད་ལམ་ཁག་ཏུ་འགྲེམས་སྤེལ་བྱ་འཆར་ཡོད་ཟེར།

 རྒྱལ་ཡོངས་ཚོགས་ཆེན་སྟེང་སྦེལ་ཀོབ་བོད་མིའི་གཞིས་སྒར་ཁུལ་གྱི་བོད་ནས་གསར་དུ་ཕེབས་མཁན་སྐོར་ཞིག་གིས་ས་ཁང་གི་དཀའ་ངལ་དང་འབྲེལ་བའི་སྐོར་གྱི་སྙན་ཞུ་ཞིག་ཕུལ་ཡོད་པ་དེའི་སྐོར་ལ་ཐག་གཅོད་དང་གླེང་སློང་གང་འདྲ་བྱུང་ཡོད་མེད་སྐོར་དྲིས་པར་ཁོང་གིས། གནས་སྟངས་དེའི་ཐོག་ང་ཚོས་མཐའ་གཅིག་ཏུ་འདི་བྱེད་ཐུབ་ཀྱི་འདུག དེ་བྱེད་ཐུབ་ཀྱི་མ་རེད་ཅེས་ཁ་ཚོན་བཅད་དེ་བཤད་ཐུབ་རྒྱུར་ཁག་པོ་འདུག གནད་དོན་དེ་བཀའ་ཤག་གི་ལས་ཀ་ཞིག་ཆགས་ཡོད་དུས་བཀའ་ཤག་གི་ངོས་ནས་བསྒྲུབ་དགོས་རྒྱུའི་ལས་དོན་ཞིག་ཡིན་པ་རེད། ཅེས་བརྗོད་བྱུང་།

 

ཡང་ཁོང་ལ་གཞུང་མང་ཚོགས་ཆེན་སྟེང་དཔྱ་ཁྲལ་ལག་དེབ་དང་འབྲེལ་བའི་ཐོག་གླེང་སློང་ཤུགས་ཆེན་གནང་འདུག་ལ། དེ་བཞིན་ཉེ་སྔོན་བལ་ཡུལ་དུ་བོད་མིའི་དང་བླངས་དཔྱ་ཁྲལ་ལག་དེབ་རྫུན་བཟོ་བྱས་པའི་གནས་ཚུལ་ཡང་བྱུང་ཡོད་སྟབས། གནད་དོན་དེའི་ཐད་སྤྱི་འཐུས་གྲོས་ཚོགས་ལ་དགོངས་གཞི་ག་རེ་ཡོད་མེད་ཐད། དང་བླངས་དཔྱ་དངུལ་ལག་དེབ་དང་འབྲེལ་བའི་གནས་སྟངས་མང་པོ་ཞིག་གི་ཐོག་མང་ཚོགས་ཁྲོད་དཀའ་ངལ་འཕྲད་ཡོད་སྟབས་། གྲོས་ཚོགས་སུའང་གནད་དོན་དེའི་ཐོག་བཀའ་མོལ་ཐེངས་བྱུང་ཡོད་ལ། གནད་དོན་དེའི་རྐྱེན་གྱིས།  དང་བླངས་དཔྱ་དངུལ་ལག་དེབ་དང་འབྲེལ་བའི་གནད་དོན་ཐོག་སྤྱི་འཐུས་ལྷན་ཚོགས་ཀྱིས་ཚོགས་ཆུང་ཞིག་ཆེད་འཛུགས་བྱས་ཡོད། ཚོགས་ཆུང་གི་སྙན་ཐོ་དེ་འདི་ལོའི་ཕྱི་ཟླ་ ༣ པའི་གྲོས་ཚོགས་ཚོགས་དུས་སྐབས་བགྲོ་གླེང་ནང་བསླེབ་ཡོང་གི་རེད་ཅེས་དང་། ངས་དེ་སྔོན་བལ་ཡུལ་དུ་ཡུལ་མི་ཁག་ཅིག་གིས་ཁྲིམས་འགལ་ཐོག་དཔྱ་ཁྲལ་ལག་དེབ་བཟོས་ཏེ་ཕྱི་རྒྱལ་དུ་བསླེབས་འདུག་ཟེར་བའི་སྐད་ཆ་ཞིག་གོ་མྱོང་ཡོད། ཡིན་ནའང་ད་ལྟའི་ཆ་ལ་བོད་མི་མ་ཡིན་པའི་མི་རིགས་གཞན་ལ་དཔྱ་དངུལ་ལག་དེབ་སྤྲད་འདུག་ཟེར་བ་དེ་འདྲ་གང་ཡང་གོ་མ་སོང་ཞེས་བརྗོད་།

 

མཇུག་ཏུ་ཁོང་ལ་བོད་ནས་གསར་དུ་འབྱོར་བ་ཚོར་སྐྱབས་བཅོལ་ལག་འཁྱེར་ R. C ཐོག་དཀའ་ངལ་མི་ཉུང་བ་ཞིག་འཕྲད་ཀྱིན་ཡོད་པའི་ཐད་ཐེངས་འདིར་སྐད་ཆ་བྱུང་ཡོད་མེད་དས་པར། མང་ཚོགས་ལ་སྐྱབས་བཅོལ་ལག་དེབ་བཟོ་རྒྱུའི་ལས་རིམ་དེ་མུ་མཐུད་ནས་འགྲོ་བསྡད་ཡོད་པ་ཞིག་རེད་ལ། དེ་ཡང་གཙོ་བོ་རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་སྲིད་ཇུས་དང་འབྲེལ་ནས་འགྲོ་དགོས་པ་ཞིག་ཆགས་ཡོད་སྟབས། ང་ཚོའི་ངོས་ནས་ལག་འཁྱེར་བཟོ་ཐུབ་མེད་མཁན་གྱི་གྲངས་ཐོར་ཞིབ་འཇུག་དང་། དེ་འབྲེལ་གྱི་ལས་གཞི་ཁག་ཅིག་གི་ཐོག་རྒྱ་གར་ཕྱི་སྲིད་ལྷན་ཁང་གི་ཆོག་མཆན་ལྟར་འབད་བརྩོན་གནང་བསྡད་ཡོད། ཅེས་བརྗོད་བྱུང་།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Former Miss Tibet Tenzin Paldon in an undated photo (Photo/Instagram)
Mobile App

བོད་ནང་ཆོས་ལུགས་དད་མོས་དང་གསར་འགོད་རང་དབང་སོགས་ལ་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་འདུག

ཆུ་ཚོད་ ༡༣ སྔོན་ལ།
སྲིད་སྐྱོང་མཆོག་གིས་ལྡི་ལི་བསམ་ཡས་གླིང་བོད་ཁྱིམ་སློབ་གྲྭའི་གཟིགས་སྐོར་གནང་། ༢༠༢༥།༠༨།༡༣ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ལྡི་ལི་བསམ་ཡས་གླིང་གི་བོད་མི་ཚོས་ས་ཆ་རྣམས་ཁྲིམས་མཐུན་དེབ་སྐྱེལ་ཚགས་ཚུད་གནང་དགོས་སྐོར་ལམ་སྟོན་གནང་།

ཆུ་ཚོད་ ༡༤ སྔོན་ལ།
Mobile App

༸རྒྱལ་བའི་ཡང་སྲིད།

༢༠༢༥/༠༨/༡༣
Election Commission's announcement on the upcoming election of Sikyong and Member of Parliament in Exile. Photo: Edited by tibettimes
Mobile App

ཕྱི་ཟླ་ ༡༠ ཚེས་ ༡ ནས་བཟུང་བཀའ་སྤྱི་གཉིས་ཀྱི་འོས་བསྡུའི་ལས་རིམ་དངོས་སུ་དབུ་འཛུགས་གནང་རྒྱུ་ཡིན་འདུག

༢༠༢༥/༠༨/༡༣
On 27 July 2025, His Holiness the 14th Dalai Lama met Czech President Petr Pavel at Shewatsel Phodrang in Leh, Ladakh. Photo Credit: Office of the Dalai Lama
Mobile App

རྒྱ་ནག་གཞུང་གིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དང་ལྷན་དུ་འབྲེལ་ལམ་ཡོངས་མཚམས་འཇོག་བྱས་ཡོད་ཟེར།

༢༠༢༥/༠༨/༡༣
ཧོར་གཙང་ཀིརྟིའི་དགོན་གྱི་ཁྲི་ཚབ་དང་དཔེ་ཁྲིད་དགེ་རྒན་དགེ་བཤེས་ལྷ་རམས་པ་དཀོན་མཆོག་ཆོས་གྲགས་ལགས། པར་གནས་ཚུལ་མཁོ་སྤྲོད་པས་གནང་།
Mobile App

ཀིརྟིའི་དགོན་ཁག་གི་ཤེས་ཡོན་འགན་འཛིན་ལྷན་ཚོགས་སྒོ་བརྒྱབ་པ་དང་དཔེ་འཁྲིད་དགེ་རྒན་ཞིག་བཙན་འཁྲིད་བྱས།  

༢༠༢༥/༠༨/༡༣

མཆན། 3

  1. མངའ་རིས་བུ། says:
    ལོ་ 15 སྔོན།

    WORLD BRIEFING | ASIA
    India: Tibetan Lama Cleared in Cash Inquiry, Report Says
    By THE ASSOCIATED PRESS
    དགོངས་འགལ་མེད་པ།
    འབྲེལ་མེད་བྱུང་བར།
    ཧི་མ་ཅལ་གསར་ཤོག་ནས་བཤུས།
    Published: February 11, 2011

    Indian authorities cleared one of Tibetan Buddhism’s most revered lamas on Friday in an investigation into $1.35 million in cash discovered last month at his headquarters in northern India, a news report said. Rajwant Sandhu, the top civil servant in Himachal Pradesh State, said the money found during a raid on the monastery of the Karmapa, above, Tibetan Buddhism’s third most important leader, had been donated by his followers, the Press Trust of India news agency reported. The Karmapa had no links to the money since the affairs of his trust are managed by his followers, Ms. Sandhu said. “The Karmapa is a revered religious leader of the Buddhists, and the government has no intentions to interfere in religious affairs of the Buddhists,” she said, according to the P.T.I. Last week, the state police said the Karmapa’s followers violated Indian tax and foreign currency laws in collecting the donations.

    Reply
  2. གནས་ཚང་། says:
    ལོ་ 15 སྔོན།

    སྤེན་པ་ཚེ་རིང་དང་ཐུབ་བསྟན་ལུང་རིགས་གཉིས་ཀ་རྗེ་ཟམ་གདོང་བླ་མའི་ཕྱག་གཡས་གཡོན་གཉིས་ཀ་རེད་ལ། བཀའ་བསྟན་དབྱིན་བསྒྱུར་ལ་འགན་ཆེ་ཙམ་བླངས་ན་མ་གཏོགས་རྩ་བའི་བླ་མར་ཇི་ལྟར་འགན་འཁུར་རྒྱུ་ཡིན། དེ་བས། སྤྱི་འཐུས་ར་བར་འོས་འཚམས་ཤིག་མ་ཡིན་ཞིང་། མདོ་སྨད་ལའང་ཕན་རྐང་གཅིག་ཐོགས་མྱོང་མེད་ལ། བོད་ལ་བཤད་མ་དགོས་པ་ཞིག་རེད།

    སྒྲོལ་མ་ཚེ་རིང་སུ་རེད། ངོ་མི་ཤེས་པས། བཤད་ཡ་ཁག་པོ་འདུག

    སྤྱི་འཐུས་ཚོགས་གཙོར་འབའ་བ་སྐལ་བཟང་རྒྱལ་མཚན་ལས་དྲག་ག་ཞིག་འཚོལ་དུ་མེད་ལ། ལྷག་པར་དུ་རྒྱ་ནག་ལ་རྒྱུས་ཡོད་པས། དེང་སྐབས་གལ་ཆེན་དེ་རེད། དེ་མི་འགྲིག་གི་ལབ་མཁན་ཡོད་ན། སྤྱི་འཐུས་ཚོགས་གཙོར་ཨ་ཚོགས་ཀླུ་མཁར་བྱམས་གདམ་ཡང་འགྲིག་གི ཕྱོགས་རིས་མེད་པ་དང་ལས་སྤོབས་པས་རྒྱ་ནག་ཞེད་ས་དེ་ལས་གཞན་མེད།

    Reply
  3. ལྷ་མོ་དོན་གྲུབ། says:
    ལོ་ 15 སྔོན།

    སྐབས་འདིའི་ཚོགས་གཙོ་རྣམ་པ་གཉིས། སླར་ཡང་གྲོས་རར་སླེབས་ངེས་ཤིང།
    སླར་ཡང་འགྲན་རྩོད་འབྱུང་ངེས་ན། དགེ་སྐྱོན་ཅི་ཆེ་གླེང་བར་རིགས།

    གཅིག་ནི་ངན་པ་མིང་གིས་གྲགས། ཅིག་ཤོས་བཟང་ངན་གཉིས་ཀྱིས་གྲགས།
    རླབས་ཆེན་གྲོས་རའི་དཀྱིལ་འཁོར་གྱི། དམངས་གཙོ་འདི་ཡང་འཇིགས་འཇིགས་འདྲ།

    བཀའ་ཁྲི་བཀའ་བློན་སུ་ཐོན་ཁྱད་པར་མེད། གྲོས་རའི་འཐུས་མི་མ་ནོར་འདེམས་རྒྱུ་གལ།
    ལྷག་པར་ཚོགས་གཙོ་སུ་ཡོང་སུ་འོས་ལ། ད་ལྟ་གླེང་མོལ་བྱ་བའི་དུས་ལ་བབས།

    སྤེན་པ་ཚེ་རིང་ཀརྨ་ཆོས་འཕེལ་དང། ཐུབ་བསྟན་ལུང་རིགས་སྒྲོལ་མ་ཚེ་རིང་སོགས། ད་དུང་སུ་ཡོང་སུ་འོས་སུ་ཡིས་ཤེས། དྲང་བོའི་གཏམ་རེ་འདི་རུ་གླེང་རོགས་འཚལ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese