མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆོས་ལུཊ་ལ་མ་བརྟེན་པའི་བཟང་སྤྱོད་ཅིག་འཚོལ་དགོས།

བོད་ཀྱི་དུས་བབ།
༢༠༡༡/༠༢/༢༢
Share on FacebookShare on TwitterShare on EmailShare on Whatsapp

ང་ཚོས་ཆོས་ལུགས་ལ་གཞི་མ་བཅོལ་བར་མིའི་བཟང་སྤྱོད་གོང་མཐོར་གཏོང་རྒྱུར་འབད་བརྩོན་མང་ཙམ་གནང་དགོས་ཀྱི་འདུག ཆོས་ལུགས་ལ་མ་བརྟེན་པའི་མིའི་རིགས་ཀྱི་བཟང་སྤྱོད་དེས་འཛམ་གླིང་ཞི་བདེ་བསྐྲུན་རྒྱུར་ཕན་ཐོགས་ཆེན་པོ་འདུག ཅེས་༧གོང་ས་མཆོག་གིས་གསུངས་འདུག

༧གོང་ས་མཆོག་གིས་རཱ་ཇི་སི་ཐན་གྱི་མཛད་འཕྲིན་ཁག་ལེགས་པར་བསྐྱངས་རྗེས། རྒྱ་གར་གྲོང་ཁྱེར་མུམ་བྷེ་རུ་ཆོས་ཕྱོགས་ཀྱི་མཛད་འཕྲིན་བསྐྱངས་ཡོད་ཅིང་། ཕྱི་ཚེས་ ༡༨ ཉིན་མུམ་བྷེ་གཙུག་ལག་སློབ་གྲྭ་ཆེན་མོར་ཕེབས་ཏེ། སྲོལ་རྒྱུན་ལེགས་བཤད་དང་དེང་རབས་བསམ་བློ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་འདུག སྐབས་དེར་༧གོང་ས་མཆོག་གིས། འཚེ་མེད་ཞི་བ་དང་ཆོས་ལུགས་མཐུན་སྒྲིལ་གཉིས་ནི་འཛམ་གླིང་ལ་མིག་དཔེར་འོས་པའི་རྒྱ་གར་གྱི་སྲོལ་རྒྱུན་གཅེས་ནོར་ཡིན་སྟབས། འཛམ་གླིང་མི་མང་གིས་གནད་དོན་དེ་གཉིས་ཐོག་རྒྱ་གར་བའི་ལེགས་བཤད་ལེན་འོས་པ་ཞིག་རེད། 

མཱར་ཊིན་ལོ་ཐིར་ཀིན་མཆོག་དང་ནེལ་སེན་མན་ཌི་ལཱ་སོགས་ཀྱིས། གྷན་དྷིས་དབུ་ཁྲིད་པའི་རྒྱ་གར་གྱི་འཚེ་མེད་ཞི་བའི་ལྟ་གྲུབ་ལ་གཞི་བཅོལ་ཏེ་ལས་འགུལ་སྤེལ་བ་དེས་བློ་སྟོབས་དང་སེམས་འགུལ་ཆེན་པོ་ཞིག་ཐེབས་ཡོད་པས། རྒྱ་གར་གྱི་ལྟ་གྲུབ་དེར་འཛམ་གླིང་ཡོངས་སུ་ངོས་འཛིན་དང་བསྔགས་བརྗོད་ཆེན་པོ་ཐོབ་ཡོད་ཅེས་དང་། རྒྱ་གར་ནི་འཛམ་གླིང་སྟེང་ཆོས་ལུགས་རིས་མེད་དང་མང་གཙོའི་རྒྱལ་ཁབ་ཆེ་ཤོས་དེ་ཆགས་ཡོད་ཅིང་།  རྒྱ་གར་གཞུང་གི་རྩ་ཁྲིམས་ནང་ཆོས་ལུགས་རིས་མེད་ཅེས་པའི་བརྗོད་ཚིག་བཀོད་ཡོད་པར་མ་ཟད། ཆོས་ལུགས་ཁག་ཚང་མར་ཁྲིམས་ཀྱིས་སྲུང་སྐྱོབ་དང་གུས་གཙི་ཆེན་པོས་ཁྱད་མེད་དུ་ལག་ལེན་བསྟར་བཞིན་ཡོད་སྟབས། རྒྱ་གར་བ་ཚོས་སྲོལ་རྒྱུན་གྱི་རང་གི་གཅེས་ནོར་འཛམ་གླིང་ཧྲིལ་པོར་ཁྱབ་བརྡལ་གཏོང་དགོས་པ་རེད་ཅེས་གསུངས།

ཕྱི་ཚེས་ ༡༩ ཉིན་༧གོང་ས་མཆོག་གི་མུམ་བྷེ་རུ་འཚོགས་བཞིན་པའི་ཀླད་ཁམས་ཚན་རིག་ཚོགས་ཆེན་ཐེངས་ ༡༦ པའི་སྟེང་ཕེབས་ཏེ་བཀའ་གནང་དོན། ང་ཚོའི་མིག་གིས་མཐོང་ཐུབ་པ་དང་ཚོར་ཐུབ་པའི་དངོས་པོའི་གནས་སྟངས་ཐོག་ཚན་རིག་པ་ཚོས་ལག་རྗེས་ཆེན་པོ་བཞག་ཡོད་ཀྱང་། བསམ་བློའི་ཚན་རིག་དང་སེམས་ཚོར་རྣམ་གཞག་ཐོག་རྒྱ་གར་གྱི་སྲོལ་རྒྱུན་ནས་གསུངས་པའི་ཞི་གནས་དང་ལྷག་མཐོང་གི་འགྲེལ་བཤད་དེ་ཧ་ཅང་ཟབ་མོ་འདུག་ལ། དེ་དག་ཉམས་ལེན་བྱ་རྒྱུར་ནང་བསམ་བློའི་རྣམ་བཞག་སྐོར་རྒྱུས་མངའ་ཡག་པོ་དགོས་ཀྱི་རེད། ང་ཚོས་སེམས་ཚོར་འདྲ་མིན་རིགས་ལ་སྟངས་འཛིན་ཐུབ་རྒྱུར་ཆོས་ཀྱི་རྣམ་བཞག་དེ་ཤེས་དགོས། ད་ཆར་ནུབ་ཕྱོགས་པའི་ཚན་རིག་པ་གྲགས་ཅན་ཚོས་གནས་ཚུལ་དེ་ཚོར་དོ་སྣང་ཆེན་པོ་བྱེད་ཀྱི་འདུག། ཅེས་དང་།   

ལུས་སེམས་གཉིས་ཀྱི་འབྲེལ་བའི་སྐོར་ལ་ཞིབ་འཇུག་གི་དགོས་པ་གསུངས་དོན། བསམ་བློའི་འཕྲོད་བསྟེན་གྱི་ཐོག་ནས་ལུས་པོ་བདེ་ཐང་ཡོང་དགོས་རྒྱུ་གཙོ་བོ་ཞིག་ཡིན། ང་ཚོར་ཞི་བདེའི་བསམ་བློ་བཟོ་ཐུབ་རྒྱུའི་ནུས་པ་ཡོད་ལ། དཀའ་ངལ་ཅི་ཞིག་འཕྲད་ཀྱང་ཕྱོགས་ཡོངས་ཀྱི་གནས་ཚུལ་ཤེས་ཏེ་དཀའ་ངལ་དེར་ལྟ་ཐུབ་ཚེ། སེམས་ཀྱི་དངངས་སྐྲག་ཆུང་དུ་འགྲོ་བ་དང་སེམས་ལ་ཞི་བདེ་ཡོང་ཐུབ་ཀྱི་ཡོད།  སེམས་ཁྲལ་དང་དངངས་འཚབ་ཀྱིས་མིའི་ཀླད་རྫས་ཕྲ་མོར་འགྱུར་ལྡོག་དང་ཤུགས་རྐྱེན་ཐེབས་ཏེ། ལུས་ལ་ན་ཚ་ཡོང་གི་ཡོད་སྟབས་སེམས་ཀྱི་ཞི་བདེ་ནི་ནད་གཞི་སྔོན་འགོག་གི་ཐབས་ལམ་ཡག་ཤོས་དེ་རེད། ཅེས་གསུངས་འདུག  

ཡང་ཁོང་གིས་ཆོས་ལུགས་ལ་མ་བརྟེན་པར་མིའི་ཀུན་སྤྱོད་ཡར་རྒྱས་གཏོང་ཐབས་སྐོར་ལ་བཀའ་གནང་དོན། མི་སྒེར་གྱི་མི་ཚེ་སྐྱིད་པོ་ཞིག་དང་སྤྱི་ཚོགས་ཞི་བདེ་ཡོང་བར་ནང་བསམ་བློའི་རིན་ཐང་ལ་འབད་བརྩོན་བྱ་དགོས་ཤིང་། ལྐོག་ཟ་དང་ཞེ་སྡང་། ཕྲག་དོག་དང་ཞེད་སྣང་སོགས་ཀྱིས་སྤྱི་ཚོགས་ནང་མ་སྐྱིད་པ་བཟོ་བཞིན་ཡོད་སྟབས། ང་ཚོས་ཆོས་ལུགས་ལ་གཞི་མ་བཅོལ་བར་མིའི་བཟང་སྤྱོད་གོང་མཐོར་གཏོང་རྒྱུར་འབད་བརྩོན་མང་ཙམ་གནང་དགོས་ཀྱི་འདུག ཆོས་ལུགས་ལ་མ་བརྟེན་པའི་མིའི་རིགས་ཀྱི་བཟང་སྤྱོད་དེས་འཛམ་གླིང་ཞི་བདེ་བསྐྲུན་རྒྱུར་ཕན་ཐོགས་ཆེན་པོ་འདུག དུས་རབས་ཉི་ཤུའི་ནང་ཚན་རིག་དང་འཕྲུལ་ཆས་ཡར་རྒྱས་ཆེ་རུ་ཕྱིན་ཡོད་ཀྱང་དུས་རབས་དེ་ནི་མི་གསོད་ཁྲག་སྦྱོར་གྱི་དུས་རབས་ཤིག་ཆགས་ཡོད།

སྔོན་ཆད་རྩོད་རྙོག་དང་འཁྲུག་རྩོད་བྱུང་ཡོད་ཀྱང་གཏོར་བཤིག་ཆེན་པོ་ཐེབས་ཐུབ་ཀྱི་མེད། དེང་སྐབས་གཏོར་བཤིག་གཏོང་རྒྱུའི་ནུས་པ་ཡོད་སྟབས་ང་ཚོར་དཀའ་ངལ་ཚད་ལས་བརྒལ་བ་བཟོ་རྒྱུའི་ཉེན་ཁ་ཡོད་པ་རེད།  དེའི་སྟབས་ཀྱིས། འཕྲུལ་ཆས་ཡར་རྒྱས་ཕྱིན་པ་དེས་འཛམ་གླིང་ཞི་བདེ་དང་བྱམས་བརྩེ། བདེ་སྐྱིད་བསྐྲུན་རྒྱུའི་ངེས་པ་གང་ཡང་ཡོད་མ་རེད་ཅེས་གསུངས། མུམ་བྷེ་གྲོང་ཁྱེར་གྱི་མཛད་འཕྲིན་ཁག་གྲུབ་རྗེས་ཕྱི་ཚེས་ ༢༠ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༡༠ སྟེང་༧གོང་ས་མཆོག་མཁའ་ལམ་བརྒྱུད་ཕྱིར་བཞུགས་སྒར་དུ་ཆིབས་བསྒྱུར་བསྐྱངས་ཏེ། ཉིན་དེའི་སྔ་དྲོའི་ཆུ་ཚོད་ ༡༢ ཐོག་བོད་ནས་ཕེབས་པའི་གསལ་མཇལ་བ་ ༢༠༠ ལྷག་ལ་མཇལ་ཁ་གནང་བཀའ་སློབ་གནང་འདུག  

གསར་འགོད་པ། དཔལ་ལྡན།

 

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༡༩ སྔོན་ལ།
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

ཆུ་ཚོད་ ༢༢ སྔོན་ལ།
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

༢༠༢༦/༠༣/༣༡
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠

མཆན། 3

  1. བཛྲ་སུ་མ་ཏི། says:
    ལོ་ 15 སྔོན།

    ཀླུ་ལགས་སྐུ་མཁྱེན་ད་ཁྱོད་ཀྱིས་༧གོང་ས་མཆོག་གི་བཀའ་སློབ་ལ་རྩ་ཆེ་ཆུང་ཞིག་བཤད་མ་སྡོད།༧གོང་ས་མཆོག་གི་ད་བར་དུ་བཀའ་སློབ་རྩ་ཆེན་རྐྱང་ལས་རྩ་ཆུང་བ་ཞིག་ག་དུས་གསུངས་སོང་།

    Reply
  2. ཀླུ་མཁར་བྱམས། says:
    ལོ་ 15 སྔོན།

    ༼ཆོས་ལུཊ་ལ་མ་བརྟེན་པའི་བཟང་སྤྱོད་ཅིག་འཚོལ་དགོས་༽ཞེས་པ་འདི་བཀའ་སློབ་རྩ་ཆེན་ཞིག་རེད༌༌༌

    Reply
  3. ལྷ་མོ་དོན་གྲུབ། says:
    ལོ་ 15 སྔོན།

    འཛམ་གླིང་བླ་མ་འཛམ་གླིང་ཉི་མ་ལགས། ཉི་མ་མ་ཤར་མིག་གཉིས་དོན་མེད་ཡིན།
    རྒྱལ་སྤྱིའི་ཁ་ཕྱོགས་ཤར་ལ་ཕྱོགས་ན་ཡང། རང་རིགས་གཞོན་སྐྱེས་དུ་མ་ནུབ་ལ་འཁོར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese