ཉེ་ཆར་ནེའུ་ཛི་ལན་ཌིའི་རྒྱལ་ཁབ་ཀྱི་ཡེ་ཤུའི་ལྷ་ཁང་འགྲམ་དུ་ས་ཡོམ་ཚད་རིམ་ ༦.༣ ཅན་ཞིག་བརྒྱབ་སྟེ། ཉུང་མཐར་མི་ ༨༠ ལ་སྲོག་སྐྱོན་དང་མི་ ༢༠༠ ལྷག་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་བྱུང་ཞིང་། དོན་རྐྱེན་དེའི་ཁྲོད་ས་གནས་ཡུལ་མིར་གྱོང་གུད་ཚབས་ཆེན་ཕོག་ཡོད་སྟབས། ཕྱི་ཚེས་ ༢༢ ཉིན་༧གོང་ས་མཆོག་གིས་ཡུལ་དེའི་སྲིད་འཛིན་ཇོན་ཀེའུ་ལགས་ཀྱི་མཚན་ཐོག་ཏུ་འཚམས་འཕྲིན་ཞིག་བསྩལ་ཡོད་ཅིང་། འཚམས་འཕྲིན་དེའི་ནང་། ཐེངས་འདིར་ནེའུ་ཛི་ལན་ཌིར་སླར་ཡང་ས་ཡོམ་གྱི་གོད་ཆག་ཚབས་ཆེན་ཕོག་པར་ངོས་རང་བློ་ཕམ་བྱུང་། ངོས་ཀྱིས་གོད་ཆག་ཁྲོད་རྐྱེན་འདས་སུ་སོང་བ་རྣམས་དང་རྨས་མ་ཚོ་གང་མགྱོགས་དྲག་སྐྱེད་ཡོང་རྒྱུར་ཐུགས་སྨོན་གནང་བཞིན་ཡོད། ཤུལ་ལུས་ནང་མི་གཉེན་འབྲེལ་ཡོངས་ལ་གདུང་སེམས་མཉམ་སྐྱེད་དང་། རྩ་གཏོར་དུ་ཕྱིན་པའི་ཁང་ཁྱིམ་རྣམས་མྱུར་དུ་བསྐྱར་གསོ་ཡོང་བའི་རེ་བ་བྱེད་ཀྱི་ཡོད། ཅེས་འཁོད་ཡོད།
དཔལ་ལྡན་གྱིས་བསྡུ་སྒྲིག་བྱས།