མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྲག་སྤྱོད་ལས་ཀྱང་ཉེན་ཚབས་ཆེ་བའི་བཟའ་འབྲུའི་དཀའ་ངལ།

བོད་ཀྱི་དུས་བབ།
༢༠༡༡/༠༢/༢༥
Share on FacebookShare on TwitterShare on EmailShare on Whatsapp




ཟླ་དྲུག་ལྷག་རིང་རྒྱ་ནག་བྱང་ཕྱོགས་ས་ཁུལ་གྱི་ཞིང་ཆེན་ ༨ ལྷག་ནང་ཆར་ཆུ་མ་བབ་པ་དེ་ནི། འདས་པའི་ལོ་ངོ་ ༢༠༠ རིང་བྱུང་མ་མྱོང་བའི་ཐན་སྐྱོན་ཆེ་ཤོས་དེ་ཆགས་ཡོད། ས་ཁུལ་དེ་དག་ནི་རྒྱ་ནག་རྒྱལ་ཡོངས་ཀྱི་འབྲས་ཀྱི་བརྒྱ་ཆ་ ༨༠ ལྷག་གི་ཐོན་ཁུངས་ཡིན་ཞིང་། ད་ལྟ་ས་ཁུལ་དེ་དག་ནང་ས་ཞིང་མུའུ་ས་ཡ་ ༡༡༢ ལྷག་སྐ་ཐེར་དུ་གྱུར་ཞིང་། མི་ཁྲི་ ༢༧༢ དང་ཕྱུགས་ཟོག་ཁྲི་ ༢༨༤ ལྷག་ལ་འཐུང་ཆུ་ཆད་དེ། རྒྱ་ནག་གི་གྲོང་ཁྱེར་སུམ་ཆ་གཉིས་ནང་ཆུའི་དཀའ་ངལ་འཕྲད་མགོ་ཚུགས་ཡོད་འདུག  

    ལོ་སྔ་ཕྱིར་རྒྱ་ནག་ནང་ཐན་སྐྱོན་ཚབས་ཆེན་བྱུང་སྟེ་བཟའ་འབྲུའི་ཐད་འཇིགས་སྣང་ཡོང་གི་ཡོད་པ་དེའི་ཐད། ཕྱི་ཚེས་ ༡༠ ཉིན་རྒྱ་ནག་དབུས་གཞུང་གིས་ཛ་དྲག་གི་ཚོགས་འདུ་བསྡུས་ཏེ། ཐན་འགོག་གེགས་སེལ་གྱི་ལས་གཞི་ ༡༠ ལག་བསྟར་མགོ་འཛུགས་བྱས་ཡོད་ཅིང་། རྒྱ་ནག་ནི་འཛམ་གླིང་ནང་མི་འབོར་མང་ཤོས་དང་། འབྲས་ཀྱི་ཐོན་ཁུངས་གཙོ་གྲས་ཤིག་ཆགས་ཡོད་སྟབས། ཟླ་འདིའི་ཕྱི་ཚེས་ ༨ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཞིང་ལས་སྡེ་ཚན་གྱིས་གསལ་བསྒྲགས་ཤིག་བསྐྱངས་ཏེ། མ་འོངས་པར་རྒྱ་ནག་གིས་བཟའ་འབྲུ་ནང་འདྲེན་བྱ་དགོས་བྱུང་ཚེ། འཛམ་གླིང་གི་བཟའ་འབྲུའི་ཁྲོམ་རར་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་ལ། བཟའ་འབྲུའི་རིན་གོང་མུ་མཐུད་ཡར་འཕར་ཏེ་མི་མང་དུར་ཕྱུར་མང་པོའི་འཚོ་བར་དཀའ་ངལ་འཕྲད་སྲིད། ཅེས་བརྗོད་འདུག  

ཉེ་བའི་ལོ་འགའི་རིང་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་གྱི་རྐྱེན་པས་རྒྱལ་ཁབ་མང་པོའི་ནང་རང་བྱུང་གནོད་འཚེ་བསྟུད་མར་བྱུང་ཡོད་ལ། ལྷག་པར་ཏུ་ལོ་སྔོན་མར་འཛམ་གླིང་གི་འབྲས་ཀྱི་ཐོན་ཁུངས་ཨང་དང་པོ་ཨུ་རུ་སུ་རྒྱལ་ཁབ་ནང་ཐན་སྐྱོན་ཆེན་པོ་བྱུང་སྟེ་འབྲས་ཐོན་ཚད་བརྒྱ་ཆ་ ༥༠ མར་ཆགས་པ་དང་། འབྲུ་རིགས་ཕྱིར་འཚོང་མང་ཤོས་ཀྱི་རྒྱལ་ཁབ་གཙོ་བོ་ཨོ་སི་ཊོ་ལི་ཡའི་ནང་ཆུ་ལོག་ཆེན་པོ་བྱུང་སྟེ་འབྲུ་རིགས་ཐོན་སྐྱེད་ལ་གནོད་སྐྱོན་ཐེབས་པ།  དེ་བཞིན་ཁ་ན་ཊའི་ནང་ཆུ་ལོག་གི་གནོད་འཚེ་དང་། ཁ་ཛག་སི་ཐན(Kazakhstan)དང་ཡུ་རོབ། ལྷོ་ཨ་མེ་རི་ཁ་བཅས་སུ་ཐན་པ་བྱུང་བ་བཅས་ཀྱིས་འཛམ་གླིང་བཟའ་འབྲུའི་རིན་གོང་འཕར་ཏེ། མི་གྲངས་དུང་ཕྱུར་མང་པོར་འབྲས་དང་མ་རྨོས་ལོ་ཏོག་སོགས་རྒྱུན་སྤྱོད་ཟས་རིགས་ལ་དཀའ་ངལ་འཕྲད་མགོ་ཚུགས་ཡོད།

    མཉམ་འབྲེལ་རྒྱལ་ཚོགས་བཟའ་འབྲུ་རྟོག་ཞིབ་ཚན་པས་ཉེ་སྔོན་གསལ་བསྒྲགས་བསྐྱངས་བའི་ནང་། འདས་པའི་ལོ་གཅིག་ལྷག་རིང་རྒྱལ་སྤྱིའི་བཟའ་འབྲུའི་སྤྱི་སྙོམས་རིན་གོང་བརྒྱ་ཆ་ ༢༥ ཡར་འཕར་ཡོད་པ་དང་། དེའི་ཁྲོད་མ་རྨོས་ལོ་ཏོག་གི་རིན་གོང་བརྒྱ་ཆ་ ༥༢ དང་། འབྲས་ཀྱི་རིན་གོང་བརྒྱ་ཆ་ ༤༩ ། སྲན་མའི་རིན་གོང་བརྒྱ་ཆ་ ༢༨ ། བཟའ་འབྲུའི་རིགས་མ་ཡིན་པའི་ཞིང་ལས་ཐོན་རྫས་འཚིག་ཇའི་རིན་གོང་བརྒྱ་ཆ་ ༥༣ དང་། སྲིང་བལ་རིན་གོང་བརྒྱ་ཆ་ ༡༩ བཅས་འཕར་ཡོད་ལ། འདས་པའི་ཟླ་བ་ ༡༨ ནང་རྒྱལ་སྤྱིའི་བཟའ་འབྲུའི་ཆ་སྙོམས་རིན་གོང་འཕར་ཚད་ཧ་ལམ་ལྡབ་གཅིག་ལ་སླེབས་ཡོད་པ་དང་། ཕྱི་ལོ་ ༢༠༡༡ ལོར་ད་དུང་མུ་མཐུད་འཕར་སྲིད་པའི་ངོས་འཛིན་གནང་ཡོད་པ་རེད། རྒྱལ་སྤྱིའི་ཆེན་མཁས་པ་དག་གིས། འབྲུ་རིགས་ཀྱི་རིན་གོང་འཕར་བཞིན་པ་དེ་ནི་སྤྱི་ཚོགས་ཀྱི་བདེ་འཇགས་དང་རྒྱལ་ཁབ་བརྟན་ལྷིང་ལ་ཐད་ཀར་འབྲེལ་བ་ཡོད་པས། དེ་ནི་དྲག་སྤྱོད་པའི་རྒོལ་གཏོར་ལས་ལྡབ་འགྱུར་གྱིས་ཉེན་ཁ་ཆེ་སྐོར་བརྗོད་ཡོད། 

    ད་ལྟ་འཛམ་གླིང་ཧྲིལ་པོར་བཟའ་འབྲུའི་དཀའ་ངལ་འབྱུང་སྲིད་པའི་བློ་འཚབ་སྐྱེ་བཞིན་པར་བརྟེན། རྒྱལ་ཁབ་མང་པོས་བཟའ་འབྲི་ཉར་ཚགས་ཀྱི་ལས་གཞི་སྣ་ཚོགས་སྤེལ་མགོ་བརྩམས་ཡོད་ཅིང་། རྒྱ་གར་གྱིས་ཟླ་འདིའི་ཚེས་མགོ་ནས་བཟུང་རྡ་ལི་དང་འབྲུ་སྣུམ་ཕྱིར་འཚོང་མཚམས་བཞག་ཡོད་ལ། སྔོ་ཚལ་ཙོང་རིལ་ནི་རྒྱ་གར་གྱི་བཟའ་ཆས་གཙོ་བོ་ཞིག་ཆགས་ཡོད་པས།  པ་ཀི་སི་ཐན་ནས་ཙོང་རིལ་ཏུན་སྟོང་ ༡ ནང་འདྲེན་གྱི་ཚོང་འབྲེལ་གན་རྒྱ་བཞག་ཡོད་པ་རེད། དེ་བཞིན། ཧིན་རྡི་ཉི་ཞི་ཡིས་ཀྱང་འབྲས་དང་སྲན་མ་གཙོས་པའི་ཞིང་ལས་ཐོན་རྫས་རིགས་ ༥༠ ནང་འདྲེན་དཔྱ་དངུལ་མེད་པ་བཟོས་ཡོད་པ་དང་།  ཟླ་རྗེས་མ་ནས་བཟུང་འབྲུ་སྣུམ་ཕྱིར་འཚོང་གི་དཔྱ་དངུལ་བརྒྱ་ཆ་ ༢༠ ནས་ ༢༥ བར་སྤར་རྒྱུ་ཡིན་འདུག རྒྱ་ནག་ནང་ལོ་སྔོན་མ་དང་བསྡུར་ན་འབྲས་ཀྱི་རིན་གོང་ལྡབ་ ༢ དང་། ཕག་ཤའི་རིན་གོང་བརྒྱ་ཆ་ ༢༥ འཕར་ཡོད། གཞན། སྔོ་ཚལ་དང་འོ་སྐམ། ཀ་ར་སོགས་ཀྱི་རིན་གོང་འཕར་ཚད་ཀྱང་མཐོན་པོར་སླེབས་ཡོད། ཨ་ཧྥུ་རི་ཁ་རྒྱལ་ཁབ་མང་པོའི་ནང་འབྲུ་རིགས་ཀྱི་རིན་གོང་འཕར་བཞིན་ཡོད་འདུག 

    ཧྥ་རན་སིའི་ཞིང་ལས་སྡེ་ཁག་གི་མགོ་གཙོ་ལེ་མའེ་རཱེ་(Lemerre) ལགས་ཀྱིས། གནམ་གཤིས་འགྱུར་ལྡོག་དང་རང་བྱུང་གནོད་འཚེ་ཡིས་འབྲུ་རིགས་ཀྱི་ཐོན་ཚད་མར་ཆགས་ཡོད་ནའང་།  འཛམ་གླིང་གི་བཟའ་འབྲུའི་རིན་གོང་འཕར་བཞིན་པའི་རྒྱུ་རྐྱེན་གཙོ་བོ་ནི། འཛམ་གླིང་གི་ཁྲོམ་རའི་འཐབ་རྩོད་ཀྱི་རྐྱེན་གྱིས་ཡིན་པར་ངོས་འཛིན་གནང་གི་ཡོད་འདུག ཁོང་གིས་བརྗོད་རྒྱུར།   དེང་སྐབས་ཁྲོམ་རའི་འཁོར་རྒྱུགས་ཁྲོད་ལྷག་པའི་འབྲུ་རིགས་ཀྱི་འབོར་ཚད་ནི།  རྒྱལ་སྤྱིའི་བཟའ་འབྲུའི་འབོར་ཚད་ཀྱི་ལྡབ་ ༡༥ ཡིན་པས་འབྲུ་རིགས་ཆུད་ཟོས་ཀྱི་བྱེད་སྟངས་འདིས་འཛམ་གླིང་དཔལ་འབྱོར་ལ་མཇུག་འབྲས་ངན་པ་བསྐྱེད་སྲིད་པ་དང་། མ་འོང་པར་འཛམ་གླིང་རྒྱལ་ཁབ་ཚང་མའི་ནང་བཟའ་འབྲུའི་རིན་གོང་འཕར་ཏེ་སྤྱི་ཚོགས་ཧྲིལ་པོར་བརྡབ་གསིག་ཆེན་པོ་འབྱུང་སྲིད། ཅེས་བརྗོད་འདུག

ད་ལོའི་ཕྱི་ཟླ་ ༡ ནང་འཛམ་གླིང་གི་བཟའ་འབྲུའི་རིན་གོང་འཕར་ཚད་འདས་པའི་ལོ་ ༢༠ ནང་ཆེས་མཐོ་བའི་ཚད་ཐིག་ལ་སླེབས་ཤིང་། འཛམ་གླིང་ནང་འཚོ་བར་དཀའ་ངལ་འཕྲལ་བཞིན་པའི་མང་ཚོགས་ཁྲི་ ༤༤༠༠ ལྷག་འཕར་སྣོན་བྱུང་བའི་ཤུགས་རྐྱེན་ལ་བརྟེན་ནས། ཋི་ནི་ཤི་ཡ(Tunisian) དང་ཨི་ཇིབ(Egyptian)། ཨལ་ཇི་རི་ཡ་ (Algeria)།  ཇོར་ཌན( Jordan) །  མོ་རོ་ཀོ(Morocco)།  ཡེ་མཱན་(Yemen) སོགས་ཆབ་སྲིད་སྒེར་གཅོད་དང་དཔལ་འབྱོར་རུལ་སུངས་ཅན་གྱི་རྒྱལ་ཁབ་ཁག་གི་ནང་མང་ཚོགས་ཀྱི་འཚོ་བར་དཀའ་ངལ་བྱུང་སྟེ་ངོ་ལོག་ཟིང་ཆ་ལངས་མགོ་ཚུགས་ཡོད་པ་དང་།  དེ་བཞིན། ལ་ཊེན་ཨ་མེ་རི་ཁ་(Latin America) དང་། བྷོ་ལི་ཝི་ཡ་(Bolivia) དང་། ཨ་ཧྥུ་རི་ཁ་གླིང་གི་(Africa) མོ་ཛམ་བྷིག་(Mozambique) ནང་འབྲུ་རིགས་བརྐུ་འཕྲོག་གི་ཟིང་འཁྲུག་འབྱུང་རྒྱུའི་ཉེན་ཁར་ཐུག་ཡོད་འདུག

འཛམ་གླིང་དངུལ་ཁང་གི་དབུ་འཛིན་ (Robert Zoellick) ལགས་ཀྱིས་ཕྱི་ཚེས་ ༡༥ ཉིན་གསར་ལམ་ཁག་ཏུ་བརྗོད་དོན། རྒྱལ་སྤྱིའི་བཟའ་ཆས་ཀྱི་རིན་གོང་མགྱོགས་མྱུར་དུ་འཕར་བ་འདིས།  འཛམ་གླིང་གི་གཞི་རིམ་དབུལ་ཕོངས་མང་ཚོགས་དུང་ཕྱུར་མང་པོའི་འཚོ་གནས་ལ་ཉེན་ཁ་འཕྲད་ཡོད། ད་ལྟ་བཟའ་འབྲུའི་བདེ་འཇགས་ནི་འཛམ་གླིང་སྤྱིའི་བདེ་འཇགས་དང་འབྲེལ་བ་ཡོད་པ་ཞིག་ཡིན་ལ། ཨེ་ཤ་ཡའི་ནང་འབྲུ་རིགས་རིན་གོང་འཕར་བཞིན་པ་འདིས་དབུས་ཨེ་ཤ་ཡའི་རྒྱལ་ཁབ་དག་གི་ནང་ཆབ་སྲིད་ཟིང་ཆ་འབྱུང་སྲིད་པ་རེད། ཅེས་བརྗོད་འདུག

 གསར་འགོད་པ། ཚེ་རིང་རྒྱལ།




འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༨ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༨ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༢ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 2

  1. བཛྲ་སུ་མ་ཏི། says:
    ལོ་ 15 སྔོན།

    གནས་ཚུལ་འདི་དག་ཐོས་ཡོང་དུས་རང་བཞིན་གྱི་སེམས་མ་སྐྱིད་པ་དང་ཞེ་སྣང་ཡོང་གི་འདུགདཀོན་ཅོག་མཁྱེན་འཛམ་གླིང་ལ་མུ་གེ་མི་འབྱུང་བ་ཤོག

    Reply
  2. ལུང་རྟོགས། says:
    ལོ་ 15 སྔོན།

    འཁོར་ཡུག་ལ་གཏོར་སྐྱོན་བཏང་ན་འཇུག་འབྲས་ངན་པ་མྱོང་མཁན་ནི་མི་གཙོས་པའི་སྲོག་ལྡན་འདི་དག་ལས་གཞན་སུ་ཞིག་ཡོད། དེས་ན་ཤེས་བཞིན་དུ་མིག་ལྡན་གཡང་ལ་མཆོང་བ་ནི་ཇི་འདྲའི་ཡ་ང་བ་ཞིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese