མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཁྲིའི་གདམ་ག་དང་ངའི་འཆར་སྣང་།

བོད་ཀྱི་དུས་བབ།
༢༠༡༡/༠༢/༢༥
Share on FacebookShare on TwitterShare on EmailShare on Whatsapp

འབྲུག་ཐར་རྒྱལ། གོ་པལ་པུར་བོད་ཁྱིམ་སློབ་མ།

 

ང་ཚོ་ཕྱི་ཡུལ་ཏུ་གྱར་ནས་མི་ལོ་བཅུ་ཕྲག་ལྔ་ལྷག་དལ་གྱིས་བགྲོད་ཀྱིན་པའི་སྐབས་འདིར། བོད་པའི་ཆབ་སྲིད་ཀྱི་བསྟི་གནས་འདི་ནི་འགྱུར་ལྡོག་གི་དཀྱོགས་མཚམས་ཤིག་ལ་སླེབས་ཡོད་པར་སྙམ། དེ་ཡང་བླ་མ་དང་སྐུ་དྲག་རིང་ལུགས་ནས་དེ་རིང་གི་དམངས་གཙོའི་གཙོའི་ལམ་ཆེན་དུ་ཤར་སྐྱོད་ཀྱི་བརྒྱུད་རིམ་འདིའི་བར་གྱུར་ལྡོག་དང་གཅིག མི་རབས་རྒན་པ་རྣམས་ཀྱི་ལས་འགན་དེ་ཡང་རིམ་བཞིན་གཞོན་པ་རྣམས་ཀྱིས་འཁུར་དགོས་པ་དང་གཉིས། ཁ་སང་ལ་བསྐྱར་ཞིབ་ལས་སང་ཉིན་གྱི་མདུན་ལྗོངས་ལ་རྒྱང་གཟིགས་བྱེད་པ་དང་གསུམ་བཅས་ནི། འགྱུར་ལྡོག་གི་བར་ནས་གསར་བཏོད་དང་གཅིག་སྒྲིལ་གྱི་ལམ་བུ་ལ་ཁ་ཕྱོགས་པའི་སྟ་གོན་རེད་སྙམ།

 

སྤྱིར་བསམ་བློ་བའམ་རྩོམ་པ་པོ་སུ་འདྲ་ཞིག་ཡིན་རུང་བློ་གཟུ་བོར་གནས་པའི་རྣམ་དཔྱོད་དང་དོན་སྙིང་ལྡན་པའི་གཏན་ཚིགས། དེའི་རྒྱབ་ལྗོངས་ཀྱི་བདེན་དཔང་དན་རྟགས་སོགས་དགོས། འོན་ཀྱང་རང་ཉིད་ཤེས་ཡོན་པ་ཚད་ལྡན་ཞིག་ཏུ་རློམས་ནས་སྟོབས་ཆེན་རྒྱལ་ཁབ་ཨ་རི་དང་གོ་ལ་གཅིག་གྱུར་གྱི་ཤེས་ཡོན་བསྟི་གནས། ཁྲིམས་དང་ཚོང་རིགས་ལ་འཛམ་གླིང་གི་གཙུག་རྒྱན་དུ་གྱུར་བའི་ཧར་ཝར་ཌི་གཙུག་ལག་སློབ་གཉེར་ཁང་གིས་གོང་དུ་བཀུར་བའི་སློབ་དཔོན་ཆེན་མོའམ་མཁས་དབང་གཅིག་ལ་ཚད་མེད་ཀྱིས་དམའ་འབེབས་གཏོང་བ་དང་། དོན་མེད་ཀྱིས་འཆལ་གཏམ་འདྲ་མིན་སྤེལ་བ་ནི་གཅིག་སྒྲིལ་ལ་རྡོག་རོལ་བཏང་བ་དང་། དམངས་གཙོའི་དོན་སྙིང་མ་རྟོགས་པར་དམངས་གཙོའི་ཁེ་ཕན་ལ་ལོངས་སྤྱོད་མི་ཤེས་པའི་མི་བུ་འགའི་རྩོམ་ཡིག་བཀླགས་རྗེས་འབྲི་མགོ་བརྩམས།

 

མཁས་དབང་བློ་བཟང་སེང་གེ་ལ་མཚོན་ན་ཕྱི་ཡུལ་གྱི་གཞིས་ཆགས་ཤིག་ཏུ་སྐྱེས་ཤིང་། རིམ་གྱིས་བཙན་བྱོལ་ནང་སློབ་གྲྭ་འགྲིམས་ཏེ་འཚར་ལོངས་བྱུང་བའི་བོད་ཕྲུག་དཀྱུས་མ་ཞིག་རེད། གཞི་རིམ་གྱི་ཤེས་ཡོན་དང་མཐོ་རིམ་དབར་རྡོ་རྗེ་གླིང་དུ་སློབ་གཉེར་བྱས་པ་དང་དེའི་རྗེས་ལྡི་ལི་མཐོ་སློབ་དུ་དབྱིན་ཡིག་༼English Honors༽ དང་ཁྲིམས་༼LLB༽ཆེད་སྦྱོང་ཐོན་མ་ཐག་འཛམ་གླིང་སྤྱིའི་ཁྲིམས་དང་ཚོང་རིགས་ཀྱི་གཙུག་ལག་སློབ་གཉེར་ཁང་ཆེས་ལེགས་ཤོས་ཧར་ཝར་ཌིར་སློབ་གཉེར་བྱེད་རྒྱུའི་གོ་སྐབས་ཐོབ་པ་རེད། བོད་མི་ས་ཡ་དྲུག་གི་ནང་དུ་སྔར་ཁོང་ལྟ་བུ་ཞིག་བྱུང་མ་མྱོང་བ་འདི་ཁོའི་གྲུབ་འབྲས་ཤིག་མ་རེད་དམ། གཡུར་དུ་ཟ་བའི་གྲུབ་འབྲས་འདིས་མགོ་ནག་བོད་པ་རྣམས་དང་ལྷག་པར་དུ་ཤེས་ཡོན་ལ་དོན་གཉེར་ཅན་རྣམས་ལ་མིག་དཔེ་བསྟན་ཡོད།

 

ཁོང་གིས་གོ་སྐབས་འདི་དམ་འཛིན་དང་ཤེས་ཡོན་ལ་དོན་གཉེར་ཆེན་པོས། ཕྱི་ལོ་ ༢༠༠༤ ལོར་ཁྲིམས་ལུགས་ཚན་རིག་གི་སློབ་དཔོན་ཐོན་ཐུབ་པ་དང་། ཤར་ཨེ་ཤི་ཡའི་ཁྲིམས་ཀྱི་ཉམ་ཞིབ་པའི་ལས་གནས་སུ་ཧར་ཝར་ཌིའི་སློབ་དཔོན་ཆེན་མོར་བསྐོ་བཤག་གནང་། འདི་ནི་ཨེ་ཤ་ཡའི་རྒྱལ་ཁབ་སོག་པོ་དང་འབར་མ་སོགས་མི་སྟོང་ཕྲག་མང་པོའི་ནང་དུ་བྱུང་མ་མྱོང་བ་དང་། ༧སྐྱབས་མགོན་རིན་པོ་ཆེ་མཆོག་གིས་ཀྱང་ཡང་ཡང་གསུངས་བཞིན་པའི་རིག་གཅིག་རྐང་འཛིན་གཟེངས་ཐོན་གྱི་མིག་དཔེར་འོས་པའི་མི་སྣ་གཅིག་ཆགས་ཡོད།

 

ཁོང་གི་ཤེས་ཡོན་གྲུབ་འབྲས་དང་ལྷག་པར་དུ་རང་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་ཆོད་སེམས་བརྟན་པོས། བོད་ཀྱི་གནས་བབ་དང་རྒྱ་ནག་གི་འགྱུར་འགྲོས་སོགས་ལ་ལོ་ཟླ་མང་པོའི་རིང་འཚོལ་ཞིབ་བྱས་པས་ཧར་ཝར་ཌི་གཙུག་ལག་སློབ་གྲྭ་ཆེན་མོ་དང་ཁྲིམས་ཀྱི་སློབ་གྲྭའི་ནང་དུ་གནད་དོན་དེ་དག་གི་ཐོག་བཀའ་འདྲི་ཞུ་ཡུལ་མི་སྣ་ཚད་ལྡན་ཞིག་ཏུ་ངོས་འཛིན་ཞུ་བཞིན་པ་དང་། དེ་བས་འདས་པའི་ལོ་ངོ་བཅོ་ལྔའི་རིང་རྒྱ་ནག་གི་ཤེས་ཡོན་ཅན་སྟོང་ཕྲག་མང་པོ་དང་ལྷན་ཏུ་བོད་དོན་གོ་བསྡུར་དང་དངོས་ཡོད་བདེན་འཚོལ་ཀྱིས་བོད་རང་དབང་སླར་གསོའི་ཐོག་གསར་བཏོད་ཀྱི་རྣམ་པས་མདུན་མཆོངས་ཀྱི་ལེའུ་གསར་པ་ཞིག་བསྐྲུན་པ་རེད། འདི་ནི་༧སྐྱབས་མགོན་རིན་པོ་ཆེས་རྒྱ་ནག་གི་ཤེས་ཡོན་ཅན་རྣམས་དང་ལྷན་ཏུ་བསམ་ཚུལ་བརྗེ་ལེན་བྱེད་དགོས་ཞེས་ཡང་ཡང་གསུངས་པ་ལག་ལེན་ཏུ་འཁྱོལ་པ་མ་རེད་དམ།

 

མཁས་དབང་བློ་བཟང་སེང་གེས་སླར་ཡང་༧སྐྱབས་མགོན་རིན་པོ་ཆེའི་བཀའ་དགོངས་བཞིན།  རང་ཉིད་ཀྱི་སྐབས་འཕྲལ་གྱི་ལས་དོན་དོར་ནས་ཕུགས་རྒྱང་རིང་པོས་བཙན་བྱོལ་བོད་གཞུང་ལ་ལས་ཀ་བྱེད་པའི་ཆོད་སེམས་བརྟན་པོ་ཡོད་པ་ནི་ང་ཚོ་དགའ་འོས་པའི་གནད་དོན་གཅིག་རེད། དེས་ཁོང་གི་ལྷག་བསམ་དང་རིགས་ཞེན་མངོན་ཐུབ་ངེས་རེད། ད་ལྟ་བོད་ཀྱི་ཤེས་ཡོན་པ་མང་དག་ཅིག་ཕྱི་ཡུལ་གྱི་མེ་སེར་ཆགས་པ་དང་ནུབ་ཕྱོགས་པ་རྣམས་ལ་ཞབས་ཞུ་སྒྲུབ་པ་ལས་བོད་མི་རིགས་ཀྱི་ཆག་འཇིག་དང་བདེ་སྡུག་ལ་བསམ་གཞིགས་བྱེད་མཁན་ཤིན་ཏུ་དཀོན། འདིས་ཕྱི་ཡུལ་གྱི་ཤེས་ཡོན་པ་རྣམས་རང་ཡུལ་ལ་ཁ་ཕྱོགས་དགོས་པ་གསལ་འདོན་བྱས་ཡོད།

 

འོ་ན་ང་ཚོར་མགོ་འཁྲིད་ག་འདྲ་ཤིག་དགོས་པ་རེད་དམ། ང་ཚོས་ནམ་རྒྱུན་བཤད་བཞིན་པའི་ཉམས་མྱོང་། ལྷག་བསམ།  མི་རབས་རྒན་པ།  བོད་ཡིག་གི་ཤེས་ཚད་ཡག་པོ་ཡོད་པ་ཞེས་པའི་འགྲེལ་ལོག་བསྐྱར་ཟློས་ཀྱི་ཚིག་འབྲུ་འདི་དག་གིས་བཀའ་བློན་ཁྲི་པའི་མཚན་ཉིད་གཞལ་ཐུབ་བམ། རྒྱལ་ཁབ་ཅིག་འཛིན་སྐྱོང་བྱེད་པར་ངེས་པར་དུ་ཁྲིམས་ལུགས་གཞིར་བཞག་གིས་མདུན་བསྐྱོད་བྱ་དགོས་ན་ཁྲིམས་ལུགས་ཆེད་མཁས་པ་ཞིག་གིས་འཛིན་སྐྱོང་བྱེད་ཐུབ་པ་གོར་མ་ཆག

 

དེར་བརྟེན་ཁོང་རྒྱལ་སྤྱིའི་ཁྲིམས་ལུགས་དང་འགྲོ་བ་མིའི་ཐོབ་ཐང་། མང་གཙོའི་ལམ་ལུགས། རྩོད་རྙོག་འདུམ་འགྲིག་བཅས་ལ་དམིགས་བསལ་ཆེད་ལས་པ་ཡིན་པ་མ་ཟད། རྣམ་དཔྱོད་དང་ལྡན་པའི་འཆར་འགོད། གཏམ་བཤད་ཀྱི་སྒྱུ་རྩལ་ལྡན་པ། འདི་དག་རྒྱལ་ཁབ་ཅིག་གི་སྲིད་ཀྱི་སྣེ་མོར་གཏོགས་པ་རྣམས་ལ་དགོས་ངེས་ཀྱི་ཆ་རྐྱེན་རེད། དེ་ཡང་རྒྱ་གར་གྱི་ཡབ་ཆེན་དུ་གྱུར་བའི་སེམས་དཔའ་ཆེན་པོ་གྷན་ངྷི་དང་སྲིད་བློན་ནེ་རུ། ཨ་རི་བྲན་གཡོག་ལམ་ལུགས་མེད་པར་བཟོ་མཁན་ལིན་ཁན། ད་ལྟའི་ཨ་རིའི་སྲིད་འཛིན་ཨོ་བྷ་མ་སོགས་ཁྲིམས་ལུགས་ཀྱི་ཆེད་མཁས་པ་ཤ་སྟག་རེད།

 

གནད་དོན་གཞན་ཞིག་གླེང་ན་ཉམས་མྱོང་ནི་ལས་དོན་དང་མཉམ་ཏུ་ཡོང་རྒྱུ་ལས། ཉམས་མྱོང་དང་ལས་དོན་གཉིས་ཐ་དད་དུ་དབྱེ་རྒྱུ་མེད་པ་རེད། ཁོང་གི་ལོ་རྒྱུས་ལ་ཕྱིར་མིག་བལྟས་ཚེ་ཁོང་ནི་ཤེས་ཡོན་དང་སྤྱི་ཚོགས་གང་ཅིའི་ཐད་ལ་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པ་སྨྲ་མ་དགོས། འདི་ནི་མི་རབས་གསར་རྙིང་གི་དབྱེ་འབྱེད་དང་ཕྱོགས་ཞེན་མིན་པར་མི་རབས་གཉིས་ཀྱི་མཐུད་མཚམས་རེད།

 

འདི་ནི་མཁས་དབང་བློ་བཟང་སེང་གེའི་ཤེས་ཡོན་གྱི་བརྒྱུད་རིམ་དང་གྲུབ་འབྲས། རང་ཡུལ་ལ་ཁ་ཕྱོགས་པའི་ལྷག་བསམ། གསར་བཏོད། མི་རིགས་དང་རྒྱལ་ཁབ་ལ་བཅངས་བའི་དུངས་ཞེན། གཞིས་ཆགས་ནས་འཚར་ལོངས་བྱུང་བའི་བོད་ཕྲུག་དཀྱུས་མ་ཞིག་བཀའ་བློན་ཁྲི་པའི་སྲིད་སྟེགས་སུ་བཞེངས་བ་ནི་ཕྱི་ཡུལ་གྱི་མང་གཙོ་འཛམ་གླིང་ལ་མངོན་པ་ཡིན་ནོ།  །

 

 

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༦ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༧ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༡༡ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 10

  1. པད་བསྟན། says:
    ལོ་ 15 སྔོན།

    འབྲུག་ཐར་རྒྱལ་ལགས། ཡག་པོ་བྲིས་འདུག རྗེས་མ་ནས་མང་ཙམ་འབྲི་རོགས། ང་ཁྱེད་ཀྱི་ཀློག་པ་པོ་ཞིག་ཡིན། རང་གི་བསམ་ཚུལ་ངོ་མ་བོ་དེ་བྲིས་ན་ཡག་གི་རེད། ཡར་རྒྱས་འགྲོ་གི་རེད། ཕན་ཐོགས་ཡོང་གི་རེད།

    Reply
  2. ཡུལ་གྱི་མཚེར་ས says:
    ལོ་ 15 སྔོན།

    རྩོམ་ཡིག་འདི་ཧ་ཅང་གི་བཟང་། དངོས་དོན་བདེན་ཐོག་ཏུ་སྟོན་པའི་རྩོམ་ཞིག་སོང་། དུས་ནམ་ཡང་འདི་འདྲའི་རིགས་ལ་དགའ་བསུ་ཞུ། བོད་རྒྱལ་ལོ།།།།།། མི་རབས་གསར་པའམ་མ་འོང་བོད་ཀྱི་སོན་རྩ་་རྣམས་རྒྱལ་གྱུར་ཅིག

    Reply
  3. ལུང་རྟོགས། says:
    ལོ་ 15 སྔོན།

    བོད་ཁྱིམ་སློབ་མས་བོད་ཡིག་འདི་ལྟར་བྲི་ཐུབ་པ་ནི་ཡ་མཚན་རེད། འོན་ཀྱང་ཁྱེད་རང་བོད་ནས་བོད་ཡིག་སྦྱངས་ཏེ་རྒྱ་གར་ལ་འབྱོར་བ་ཞིག་ཡིན་པ་ཤེས་ཐུབ་གི གཞན་བོད་ཁྱིམ་སློབ་མས་བོད་ཡིག་འདི་ལྟར་མི་ཤེས་པ་ནི། བོད་ཁྱིམ་དབུ་འཛིན་ཚོའི་བོད་ཡིག་ཐོག་གི་གཟིགས་ཚུལ་ལ་ཉན་ན་ཡང་ཤེས་ཐུབ་གི

    Reply
  4. བེ་རུ་བཀྲ་ཤིས says:
    ལོ་ 15 སྔོན།

    བཀྲ་ཤིས་བདེ་ལེགས། སྐུ་ཞབས་འབྲུག་ཐར་རྒྱལ། ཁྱེད་རང་གི་ན་གཞོན་གྱི་སེམས་ཤུགས་དེར་བརྩི་བཀུར་ཡོད།
    བོད་རྒྱལ་ཁབ་དང་མི་རིག་ལ་དགོས་པས་བཀའ་ཁྲི་ཞིག་ཕེབས་ཐུབ་པར་ཤོག དཀོན་མཆོག་མཁྱེན།

    Reply
  5. ཁྲི་སྲོང་བཙན། says:
    ལོ་ 15 སྔོན།

    འབྲུག་ཐར་རྒྱལ་ལགས། ཁྱེད་ཀྱི་བོད་ཡིག་གི་ཤེས་ཚད་དང་། ཆབ་སྲིད་ཀྱི་གོ་རྟོགས། རེ་བའི་མིག་རྒྱངས་དང་གདེང་ཚོད་སོགས་ལ་བལྟས་ན་ཁྱེད་ཡང་བོད་མི་རིགས་ཀྱི་ཆེད་དུ་གང་ཡང་གཏོང་ཕོད་པའི་རླབས་ཆེན་གྱི་མི་བུ་ཞིག་ཡོང་བའི་རེ་བ་ཡོད། བཀྲིས་བདེ་ལེགས། མུ་མཐུད་སློབ་སྦྱོང་གི་བརྩོན་པ་ཆད་མེད་རྒྱུགས་ཆུར་བསྟེན་རོགས།

    Reply
  6. བྱམས་རྒྱལ། says:
    ལོ་ 15 སྔོན།

    བུ་ཁྱོད་ཀྱི་རེ་བཟང་ལ་བར་ཆད་མི་ཡོང་བའི་སྨོན་ལམ་འདེབས།

    Reply
  7. སྐྱེས་སར་ཀླུ་སྒྲུབ། says:
    ལོ་ 15 སྔོན།

    སྐུ་ཞབས་འབྲུག་རྒྱལ་ཐར། ཁྱེད་རང་གི་ན་གཞོན་གྱི་སེམས་ཤུགས་དེར་བརྩི་བཀུར་ཡོད།

    Reply
  8. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    ཞི་མོ་བཀྲ་ཤིས་སྒྲོལ་མ་མིང་ཅན་ལགས། ཁྱེད་རང་ཧང་སངས་དགོས་དོན་མེད་ཁུ། སློབ་གྲྭ་དེ་དག་ལ་བོད་ཡིག་གི་ཕྱོགས་ནས་རྩོམ་ཡིག་འབྲི་མཁན་ཙམ་མིན་པར་ཚད་ངེས་ཅན་དུ་བསླེབས་ཡོད་ནི་མང་། ད་དུང་དབྱིན་ཇི་སོགས་སྐད་ཡིག་གཉིས་གསུམ་སྨྲ་མཁན་ཡོད་རེད། སློབ་གྲྭ་དེ་དག་གི་ནང་ནས་དཔེར་མཚོན་ཙམ་ཞུས་ན། སྦྲ་རིགས་ཐོགས་མེད་ཅེས་པའི་དཔྱད་རྩོམ་འགྲན་བསྡུར་ཞིག་ཡོད་ན་ཕལ་ཆེར་ཨང་དང་པོ་དང་གཉིས་པ། ་མ་མཐའ་ཨང་ཞིག་ལེན་པར་ངེས་པ་དེ་བཞུགས་ཡོད་རེད། ད་དུང་དེ་བས་ཀྱང་མང་བ་ཡོད་མོད། འདིར་བཀོད་པ་ལ་དགོས་པ་ཆེར་མ་མཐོང་ནས་ངལ་བ་བྱས་མེད།

    རྩོམ་ཡིག་འདི་འབྲི་མཁན་འབྲུག་ཐར་རྒྱལ་ལགས་སུ་ངས་སེམས་གཏིང་ནས་ཡག་པོ་འདུག་ཅེས་ལབ་ན་འདོད།

    Reply
  9. གླང་དར་མ། says:
    ལོ་ 15 སྔོན།

    འབྲུག་ཐར་ཡག་པོ་བྲིས་འདུག། ད་དུང་གང་མང་འབྲི་རོགས་གནང་མ་འོང་པར་རེ་བ་འདུག། བོད་རྒྱལ་ལོ།།།

    Reply
  10. བཀྲ་ཤིས་སྒྲོལ་མ། says:
    ལོ་ 15 སྔོན།

    གུས་མོས་དུས་ཚོད་ཀྱི་བར་གསེང་ཞིག་སྤྱད་ནས་དྲྭ་ངོས་འདིར་མིག་ཤད་ཐེངས་ཤིག་བྱས་པ་ཡིན། ཡ་མཚན་པ་ཞིག་ལ་དེ་རིང་གོ་པལ་པུར་བོད་ཁྱིམ་སློབ་གྲྭའི་ནང་ནས་ཀྱང་བོད་ཡིག་ཐོག་ནས་འདི་ལྟར་རང་ཉིད་ཀྱི་བསམ་ཚུལ་སྤེལ་ཐུབ་མཁན་གྱི་སློབ་མ་རེ་ཐོན་བཞིན་ཡོད་པ་མཐོང་སོང་། དངོས་གནས་དགའ་འོས་པ་ཞིག་རེད། དེང་བོད་ཁྱིམ་ན་ཡང་འདི་ལྟར་བོད་ཡིག་གི་ལམ་ནས་རྩོམ་ཡིག་སྤེལ་ཐུབ་མཁན་གྱི་སློབ་མ་རེ་ཐོན་བཞིན་འདུག དངོས་གནས་དགའ་འོས་པ་ཞིག་རེད། མུ་མཐུད་འདི་ལྟ་བུའི་བོད་ཁྱིམ་གྱི་སློབ་མ་ལ་ཁ་མིག་ཡར་བལྟ་བྱས་ཏེ་སློབ་ཕྲུག་ཚོ་བོད་ཡིག་གི་དྲྭ་བར་ཕེབས་པར་འབད་བརྩོན་བྱེད་རོགས། མུ་མཐུད་གཅིག་རྗེས་གཉིས་མཐུད་བྱས་ཏེ་ཕེབས་ཤོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese