མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

པེ་ཅིན་གྱི་བློ་སེང་བསྐྱར་དུ་བཀླཊ་པ།

བོད་ཀྱི་དུས་བབ།
༢༠༡༡/༠༢/༢༦
Share on FacebookShare on TwitterShare on EmailShare on Whatsapp

ཕྱུག་པོས་རྫ་མ་བཅག་ན་བཙེམ་སྲོལ་ཡོད། དབུལ་བོས་གོ་རེ་བཅག་ན་ཟ་སྲོལ་མེད།

ཐེ་བོ་ཤེས་རབ་རྒྱ་མཚོ།

རྙིང་རྒྱུ་དང་ཟད་རྒྱུ་མེད་པའི་སྡོམ་ཚིག་ཅི་འདྲའི་ལྗིད་པོ་ཞིག་རེད་ཨང་། མ་གཞི་ཆབ་སྲིད་པ་དག་གིས་ག་དུས་ཡིན་ནའང་གནད་དོན་མ་ཡིན་པ་ཞིག་གནད་དོན་ལ་བསྒྱུར་ནས་ཚབས་ཇེ་ཆེར་གཏོང་རྒྱུར་ཧ་ཅང་དགའ་ཞིང་། དེ་ལ་བརྟེན་ནས་མང་ཚོགས་རྣམས་ཅི་འདོད་གང་འདོད་དུ་ཁ་ལོ་བསྒྱུར་ཏེ་རང་ཉིད་ཀྱི་དགོས་འདུན་ཁག་སྒྲུབ་ཐབས་བྱེད་ཀྱི་ཡོད་པ་དང་། བྱེད་ཐབས་དེའི་རིགས་ལ་འཇིག་རྟེན་དུ་མི་རྣམས་ཀྱིས་ལྐོག་གཡོ་ངན་ཇུས་འཐེན་པ་ཟེར་བ་རེད། འོན་ཀྱང་ཁྱོད་ནི་རང་ཉིད་ཀྱི་བླ་སྲོག་དང་གཉིས་སུ་མ་མཆིས་པའི་སྙུ་གུ་འཛིན་མཁན་གྱི་རྩོམ་པ་པོ་ཞིག་ཡིན་པའི་ངོས་ཐད་ནས་བཤད་ན། བྱེད་སྟངས་དེའི་རིགས་ནི་ཧ་ཅང་སྐྱུག་བྲོ་བ་ཞིག་ཡིན་པས་གནད་འགག་གི་སྐབས་སུ་ཁྱོད་ལ་མ་མཐའ་ཡང་མི་གཞི་དྲང་མོ་མདའ་འདྲ་བ་ཞིག་ངེས་པར་དུ་ཡོད་དགོས་པ་རེད། ད་ལན་གྱི་བཀའ་ཁྲིའི་འོས་གཞི་དང་འབྲེལ་བའི་ཀླན་ཀ་འདི་འདྲ་མང་པོ་ཞིག་ད་སྐབས་རང་ཉིད་རྩོམ་པ་པོ་ཡིན་པར་འདོད་པའི་སྨྱུ་གུ་ཐོགས་མཁན་ཚོའི་སྨྱུག་རྩེ་ནས་ངན་གཡོ་དང་བཅས་ཏེ་ཕྱོགས་བཞི་མཚམས་བརྒྱད་ལ་བཞུར་ནས་འགྲོ་བཞིན་པ་འདི་ཅི་འདྲའི་ཕངས་པ་ལ་ཨང་།

ད་ལྟའི་བཀའ་ཁྲིའི་འོས་མི་དག་དང་འབྲེལ་བའི་ཀླན་ཀ་མང་པོ་ཞིག་འཚོལ་གྱིན་པའི་སྐབས་འདིར། བློ་སེང་གིས་རྒྱ་ནག་གི་ལག་འཁྱེར་ཞིག་བསྣམས་ནས་པེ་ཅིན་དུ་ཕྱིན་པ་དེ། མི་མང་པོ་ཞིག་གིས་ཧ་ཅང་ཚབས་ཆེ་བའི་གནད་དོན་ཞིག་ཏུ་བརྩིས་ནས་ཕྱོགས་བཞི་མཚམས་བརྒྱད་ལ་བློ་སེང་པེ་ཅིན་དུ་སོང་བ་དེ་བརྒྱུད་བསྒྲགས་བྱེད་གང་ཐུབ་བྱེད་ཀྱིན་པ་འདི། ངས་བསམ་ན་དྲང་བདེན་གྱི་བྱེད་སྟངས་ཤིག་མ་རེད་སྙམ། ཁ་ཤས་ཀྱིས་ད་དུང་གལ་སྲིད་བློ་སེང་ལ་སྐབས་གསུམ་པའི་བཀའ་ཁྲིའི་མཐའ་མའི་རྒྱལ་ཁ་དེ་ཁྱེད་ལ་ཐོབ་སོང་བའི་དབང་དུ་བཏང་ན། ཉིན་མོ་དེར་རྒྱ་ནག་གིས་ཚུར་གླེང་རྙོག་མི་བཟོས་པའི་ངེས་པ་མེད་པས་སྐབས་དེར་ཁྱེད་ཀྱིས་ཁྲིམས་ལུགས་ཀྱི་ཐོག་ནས་གསལ་བཤད་ཇི་ལྟར་བྱ་རྩིས་ཡོད་དམ་ཞེས་དྲི་བ་བཏོན་མྱོང་ཡོད་ནའང་། ངས་བསམ་ན་དྲི་བ་དེའི་རིགས་ནི་རི་བོང་གནམ་རྡིབ་ཀྱི་སྡུག་བསྔལ་ལྷུར་དུ་བླངས་པ་ཞིག་རེད་ལ། ཡང་གཅིག་བཤད་ན་ཧ་ཅང་བྱབ་ཆུང་གི་དྲི་བ་ཞིག་ཀྱང་རེད། རྒྱ་ནག་གིས་ཚུར་བསྙོན་འཛུགས་རྒྱུར་དོགས་ཟོན་བྱས་ཚེ་ང་ཚོ་གངས་སྐྱིད་ཀྱི་དཀྱིལ་འཁོར་ཆུང་ཆུང་འདིའི་ནང་ཆབ་སྲིད་ཀྱི་འགུལ་སྐྱོད་ངོ་མ་ཞིག་རྒྱག་ཐབས་གཏན་ནས་མེད་པ་མཁྱེན་ཐབས་གནང་དགོས། ཡང་གཅིག་བཤད་ན། མ་གཞི་ནས་རྒྱ་ནག་གཞུང་གིས་ང་ཚོ་བཙན་བྱོལ་བོད་གཞུང་འདི་ཁྲིམས་མཐུན་གྱི་སྲིད་གཞུང་ཞིག་ལ་བརྩིས་མྱོང་ཡོད་དམ།

དེ་རིང་གི་ཤོད་སྟངས་འདིར་བལྟས་ཡོང་ན་ང་ཚོའི་སེམས་ནས་ལོ་རྒྱུས་དུམ་བུ་ཞིག་གཏན་དུའམ་གཏིང་བརྗེད་དུ་སོང་ཟིན་པ་དང་འདྲ་སྟེ། མ་གཞི་དགོས་དབང་ཞིག་གི་ཆེད་ང་ཚོས་ལོ་རྒྱུས་དུམ་བུ་རེ་འདི་ལྟར་མ་གླེང་ནའང་ཆོག་ལ་དེ་ལྟར་བརྗེད་དུ་བཅུག་ནའང་ཆོག འོན་ཀྱང་ལོ་རྒྱུས་ཀྱིས་ང་ཚོ་མི་གླེང་བར་འཇོག་སྲིད་དམ། ལོ་རྒྱུས་ཀྱིས་ང་ཚོ་བརྗེད་སྲིད་དམ། ལོ་རྒྱུས་ཀྱིས་ང་ཚོ་མག་མོག་དང་རབ་རིབ་ཀྱི་ངོ་བོར་འཇོག་སྲིད་དམ། གཏན་ནས་མི་སྲིད།

༡༩༥༤ ལོ་ནས་ཡུན་རིང་པོ་ཞིག་ལ་ྋགོང་ས་མཆོག་གིས་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་གཙོ་གཞོན་པའི་མཛད་འགན་བཞེས་མྱོང་ཡོད་པ་དང་། མཛད་འགན་བཞེས་སའི་ས་གནས་རྒྱ་ནག་གི་རྒྱལ་ས་པེ་ཅིན་ཡིན། འདིའི་སྐོར་ལ་ཞིབ་འཇུག་བྱེད་འདུན་མཆིས་ཚེ་ <<བཙན་བྱོལ་ནང་གི་རང་དབང་>> ཞེས་པའི་མཛད་རྣམ་དེར་གཟིགས་རོགས་ཞུ་རྒྱུ་དང་། སྔ་ཕྱི་ཐེངས་དགུ་ཙམ་ཕེབས་ཟིན་པའི་སྐུ་ཚབ་ཚོས་ཀྱང་ལག་འཁྱེར་གང་ཞིག་བསྣམས་ནས་པེ་ཅིན་དུ་ཕེབས་ཡོད་པའི་སྐོར་ལ་ཀླན་ཀ་འཚོལ་མཁན་མེད་པ་དང་། ལྷག་པར་དུ་པེ་ཅིན་གྱི་སྙིང་རྩ་དང་གཞི་གཅིག་ཏུ་འབྲེལ་བའི་རྡི་ལིའི་རྒྱ་ནག་གཞུང་ཚབ་ཁང་གི་སྒོ་འགྲམ་ན་རྒྱ་མི་འབྲུག་འཁྲབ་མཁན་ནང་བཞིན་གྱི་བང་རིམ་རིང་པོ་རེ་འགྲིགས་ནས་ལག་འཁྱེར་ཞུ་རྒྱུར་སྒུག་བཞིན་པའི་བཙན་བྱོལ་བོད་མི་དེ་དག་གིས་ཞུས་པའི་ལག་འཁྱེར་དེའི་སྐོར་ལའང་ཅི་ཡང་མི་སྨྲ་བའི་རྟུལ་ཞུགས་ལྷུར་དུ་བླངས་ཡོད། འོན་ཀྱང་ང་ཚོས་ངོས་ནས་འདི་དག་ཚང་མ་གནད་འགག་ཅིག་ཏུ་གཏན་ནས་བརྩིས་མྱོང་མེད་ལ་རྩི་ཡང་མི་སྲིད།

ད་དུང་འདིར་ཧ་ཅང་བགྲང་འོས་པའི་དཔེ་མཚོན་གཞན་ཞིག་ཡོད་པ་ནི། གངས་ཅན་སྐྱིད་གཤོང་གི་དཀྱིལ་འཁོར་ནང་ནས་གྲོས་ཚོགས་ཀྱི་འཐུས་མིའི་ལས་འགན་འཁུར་མྱོང་བའི་མི་ཡང་བོད་དུ་ཕྱིར་ལོག་རྗེས་རྒྱ་ནག་གི་པེ་ཅིན་དུ་བསྐྱོད་ནས་ཏང་གིས་བྱིན་པའི་གོ་གནས་སྟེང་འཁོད་མྱོང་ཡོད་པ་དང་། འུ་ཚོའི་སྨྱུ་གུ་འཛིན་མཁན་རྣམས་ཀྱིས་འདིའི་ཐད་གླེང་སློང་གཏན་ནས་བྱས་མེད་ལ་བྱ་ཡང་མི་སྲིད་པ་ངས་ཤེས་ཡོད། ཡིན་ཡང་གནས་ཚུལ་དང་གནད་དོན་རེ་འགའི་ཐད་ཁོང་ཚོ་ཧ་ཅང་ཚོར་བ་རྐྱེན་པོའི་ཐོག་ནས་ཤོག་སྦུག་འཚང་བྱེད་རྒྱུར་ཤིན་ཏུ་ནས་ཀྱང་དགའ་བོ་ཡོད་པ་འདི་ཧ་ཅང་ཡ་མཚན་པ་ཞིག་རེད། ད་དུང་གནད་དོན་གཞན་ཞིག་ནི་ང་ཚོའི་མང་ཚོགས་ཧ་ཅང་མང་པོ་ཞིག་བཙན་བྱོལ་བོད་གཞུང་གི་གྲུ་གཟིངས་འདིའི་ནང་ཞུགས་ནས་སྐྱོད་ཀྱིན་ཡོད་ནའང་། ཧ་ཅང་ཕངས་པ་ཞིག་ལ་མང་ཚོགས་མང་ཤས་ཀྱིས་རང་ཉིད་ཞུགས་སའི་གྲུ་གཟིངས་འདི་ཁ་ཕྱོགས་གང་དུ་བསྒྱུར་ནས་སྐྱོད་ཀྱིན་པ་གཏན་ནས་ཤེས་ཀྱི་མེད་སྟབས། འདིས་ཀྱང་གནད་འགག་གི་སྐབས་སུ་དཀའ་ངལ་འཕར་མ་རེ་སྤྲོད་ཀྱིན་ཡོད།

གོང་གི་སྐད་ཆ་འདི་ཚོ་གནད་དོན་ཞིག་གསལ་པོ་ཆགས་རྒྱུར་དམིགས་ནས་བཤད་པ་ཡིན་པས་ཤོད་སྟངས་ཐད་ཚོར་བ་རྣོ་བའི་བརྗོད་ཚིག་ཐལ་དྲགས་པ་རེ་བྱུང་ཡོད་ཚེ་སེམས་གཏིང་ནས་ཁྱོད་ལ་དགོངས་དག་ཞུ་རྒྱུ་ཡིན་ལ། ད་དུང་དྲང་ཚུགས་ཀྱི་ཐོག་ནས་བརྗོད་གཞི་དང་འབྲེལ་བའི་སྟེང་ངའི་ལྟ་ཚུལ་དང་མཐུན་མིན་ལ་མ་ལྟོས་བར་བགྲོ་གླེང་ཅི་བྱུང་ལ་སེམས་གཏིང་ནས་ཁྱོད་ལ་དགའ་བསུ་ཞུ་རྒྱུ་ཡིན། མཐའ་དོན་རིང་མིན་བསླེབ་ལ་ཉེ་བའི་སྤྱི་ཟླ་གསུམ་པའི་ཚེས་ཉི་ཤུའི་ཉིན་སྐབས་གསུམ་པའི་བཀའ་ཁྲིའི་འོས་ཤོག་འཕེན་མཁན་ཚོར་དྲན་སྐུལ་སྣོན་པ་ཞུ་རྒྱུ་ཞིག་ལ། ད་ལན་ང་ཚོས་བོད་མི་མང་གི་ཆེད་དུ་བོད་མི་མང་གི་བཀའ་ཁྲི་གཅིག་འོས་འདེམ་བྱེད་ཀྱིན་པ་འདི་ཁྱོད་ཀྱིས་ངེས་པར་དུ་སེམས་ལ་ཡག་པོ་ཉར་རོགས། གཏན་ནས་བརྗེད་དུ་མ་འཇུག

འབྲེལ་ཡོད་གསར་འགྱུར།

བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ། བོད་པའི་སློབ་གྲྭ་ཁག་གི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་རྣམས་ལ་སཱི་ཤེས་ཡོན་སློབ་གསོའི་སྦྱོང་བརྡར་སྤྲད། ༢༠༢༥།༥།༢༡ དུས་བབ་ཀྱི་པར།
Mobile App

འཛམ་གླིང་གི་རྒྱལ་ཁབ་ ༡༤༡ ནང་སཱི་ཤེས་ཡོན་སློབ་གསོ་ངོ་སྤྲོད་གནང་ཟིན་འདུག

ཆུ་ཚོད་ ༧ སྔོན་ལ།
FILE PHOTO: Salal Dam on the Chenab river, in Reasi district, J&K, Monday, May 5, 2025. All gates of Salal Dam on the Chenab River were closed following suspension of the Indus Waters Treaty in the aftermath of the Pahalgam terror attack.(PTI)
Mobile App

པཱ་ཀི་སི་ཐན་ནང་ཆུ་རགས་གསར་རྒྱག་གི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་།

ཆུ་ཚོད་ ༨ སྔོན་ལ།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁེ་ན་ཌའི་ཨོན་ཊ་རེའོ་བོད་མི་རྣམས་ལ་གསུང་བཤད་གནང་། ༢༠༢༥།༥།༡༨ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་འདི་ལོའི་ཆོས་ཚོགས་ཐེངས་ལྔ་པའི་ཐོག་༧སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཁག་ཅིག་གསལ་པོ་ཆགས་རྒྱུ་ཡིན་སྐོར་གསུངས།

ཆུ་ཚོད་ ༡༡ སྔོན་ལ།
རྒྱ་ནག་བདེ་སྲུང་བློན་ཆེན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཅང་པིན་(Jiang Bin)། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གིས་དམར་དམག་སློབ་ཆེན་གསུམ་གསར་འཛུགས་བྱ་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༠
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༨ པའི་མཇུག་སྡོམ་མཛད་སྒོ་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༢༠
Mobile App

ཞོ་སྟོན་ཐེངས་ ༢༩ པ་ཨོ་ཌི་ཤ་ཕུན་ཚོགས་གླིང་དུ་འཚོག་གཏན་ཁེལ་འདུག

༢༠༢༥/༠༥/༢༠
US Secretary of State Marco Rubio on Sunday demanded the immediate release of Gedhun Choekyi Nyima, the 11th Panchen Lama, who was abducted by Chinese authorities 30 years ago at the age of six. | X @CTA_TibetdotNet & File Pi
Mobile App

རྒྱལ་སྤྱིའི་གནད་ཡོད་མི་སྣས་༧པཎ་ཆེན་རིན་པོ་ཆེ་མཆོག་གང་མགྱོགས་ཀློད་གྲོལ་དགོས་པའི་འབོད་སྐུལ་གནང་།

༢༠༢༥/༠༥/༡༩

མཆན། 25

  1. ཁམས་པའི་ཕོ་རྒོད། says:
    ལོ་ 14 སྔོན།

    ང་རང་གི་ངོས་ནས་བློ་བཟང་སེང་གེ་ལ་རྒྱབ་སྐྱོར་ཡོད་

    Reply
  2. བསྟན་འཛིན་ཚེ་འཚོ། says:
    ལོ་ 14 སྔོན།

    ཁ་བྱང་གི་དག་ནོར་ན་ཡང་བློ་སེང་གིས་ལྟ་དགོས་པ་འདུག གཅིག་བྱས་ན་དུས་བབ་ནོར་ཡོད་ཀྱང་སྲིད། གང་ལྟར་ཁ་བྱང་ལ་ཡང་བཟོད་རྒྱུ་འདུག

    Reply
  3. ལྷ་ཆབ་སྦྱིན་པ། says:
    ལོ་ 14 སྔོན།

    སྔར་བདེ་སྲུང་དྲུང་ཆེ་གནང་མྱོང་མཁན་མཐར་བོད་གཞུང་ལ་བློ་ལོག་ནས་བོད་དུ་ཕྱིར་ལོག་ནས་ལྷ་སར་སྡོད་པ་དང་དགྱ་ནག་གི་གཞུང་ཞབས་སུ་འཛུལ་བ་ཞིག་ང་ལ་གསལ་གསལ་ཐིང་ཐིང་ཞུ་རྒྱུ་ཡོད། ངས་ད་དུང་དེའི་གྲོགས་པོ་ཞིག་གི་ལོ་རྒྱུས་ཀྱང་བྲིས་མྱོང་།

    Reply
  4. tsering tashi says:
    ལོ་ 14 སྔོན།

    ནུབ་ཕྱོགས་ཕོ་ཉ་ལགས་ཅི་ཕྱིར་བློ་སེང་ཁོ་བས་རྡ་ས་ཆུ་བཞི་སྒང་དྲུག་གི་དྲུང་ཆེ་བྱེད་མྱོང་བ་མང་ཚོགས་ལ་གསང་བ་རེད་དམ།

    Reply
  5. ནུབ་ཕྱོགས་ཕོ་ཉ། says:
    ལོ་ 14 སྔོན།

    དབྱིང་ཡིག་མིང་ ཚེ་རིང་བཀྲ་ཤིས་ཟེར་མཁན་
    སོ་སོའི་ལྟོ་ཕུར་པ་མ་ཏོག་མ་མཐོང་མཁན ། ལི་ཐང་ཨ་ཐར་གྱི་ཁ་གཏད་དུ་བློ་སེང་སོགས་ཀྱིས་ཆུ་སྒང་གསར་པ་བཙུགས་ཡོད་ན་དེ་ལ་ངེས་པར་དུ་རྒྱབ་སྐྱོར་བྱེད་དགོས་རེད། གང་ཡིན་ཟེར་ན་རྒྱུ་མཚན་དེ་ཙམ་གྱི་བོད་གཞུང་དང་༧གོང་ས་མཆོག་ལ་ངོ་ལྐོག་མེད་པ་ལྷག་བསམ་རྣམ་དག་གིས་རྒྱབ་ཅོར་ཡོད་པ་མཚོན་གི་རེད་། ད་ལྟ་བར་དུ་གོང་ས་མཆོག་དང་བོད་གཞུངས་ལ་མཛད་དཀའ་བཟོ་མཁན་དེ་
    དོལ་རྒྱལ་ཚོག་པ་དང་ སྔོན་མ་ཐེ་ཝན་བོད་སོག་ལས་ཁུངས་གྱི་ཕོག་ཟ་མཁན་ཀླད་སྙིང་ཁྲིགས་བཟུང་བྱས་མཁན་དེ་ཚོ་རེད་། རྒྱལ་ཅེས་དཔའ་བོ་ལི་ཐང་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་གི་ཆུ་བཞི་སྒང་དྲུག་ཙུག་དགོས་ཡག་དམིག་ཡུལ་གཙོ་བོ་དེ་རྒྱལ་དམར་ལ་ཁ་གཏད་དུ་ལངས་བ་རེད་མ་ཏོག་ བོད་གཞུང་དང་༧གོང་ས་མཆོག་ལ་མཛད་དཀའ་བཟོག་ཡག་དུ་ཙུག་བ་མ་རེད་ ང་རང་གི་བློ་བཟང་སེང་གེ་ལ་རེ་བ་ག་རེ་རྒྱབ་ཡོད་ཟེར་ན། ལི་ཐང་བ་དེ་དངོས་བྱ་རྗེས་ཅན་དེ་ཚོའི་རྐང་རྗེས་ལག་པར་མ་བསུབ་བ་
    ཞིག་དང་ བོད་གཞུང་དང་༧་གང་ས་མཆོག་ལ་ཡིད་ཆེས་ཡོད་མཁན་ཞིག་དང་ ཆོལ་ཁ་གསུམ་པོ་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་བཟོ་ཐུབ་ཡག མི་རབས་གསར་པ་ཚོ་ལ་མི་རབས་རྒན་པའི་ལེགས་ཆ་དེ་ཚོ་ངོ་སྤྲོད་བྱེད་ཐུབ་ཡག མི་རབས་རྒན་པ་ཀླད་སྙིང་འཁྲིག་བཟུང་ཅན་དེ་ཚོའི་གཡོ་འོག་དུ་མ་ཚུད་དང་
    མི་རབས་གསར་པ་ཚོ་ལ་ཆོལ་ཁ་དང་ཆོས་ལུགས་གི་ཐན་འཁྱེར་གྱི་ན་ཚ་དེ་ཕན་ཡག་ལ་སྨན་ཡག་པོ་སྤྲོད་ཐུབ་བའི་རེ་བ་ཡོད་
    ཁྱོད་ཀྱིས་ཨ་རིའི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་དང་། འཆར་འགོད་སྤྱི་ཁྱབ་འགན་འཛིན་དཀོན་མཆོག་བརྩོན་འགྲུས་གཉིས་ལ་གདོང་ཟུག་བྱེད་དགོས་ཡག་གང་རེད་ ཁྱོད་ལ་ཐེན་འཁྱེར་གྱི་ཅིང་གྲོལ་མ་ཐོབ་མཁན་ཡིན་པ་ར་སྤྲོད་གསར་པོ་ཆགས་འདུག

    Reply
  6. tsering tashi says:
    ལོ་ 14 སྔོན།

    དྲ་གྲོགས་ཚོས་འདིར་གཟིགས་དང།
    ༤) དེ་ནས་བློ་བཟང་སེང་གེས་གནས་ཚུལ་མང་བོ་ཞིག་སྦས་སྐུང་བྱེད་བཞིན་འདུག དཔེར་ན།
    ཀ) ལི་ཐང་ཨ་དར་གྱི་ཁ་གཏད་དུ་བློ་སེང་སོགས་ཀྱིས་ཆུ་སྒང་གསར་པ་བཙུགས་པ་དང་། དེའི་དྲུང་ཆེ་བྱས་པའི་ཉམས་མྱོང་ཡོད་ཀྱང་། ཉམས་མྱོང་ཡོད་པ་དེ་མ་བཤད་པར། ཉམས་མྱོང་མེད་པ་གཞོན་ནུའི་དབུས་རྒྱུན་དངོས་མ་ལོ་མང་བྱས་པ་ཡིན་ཟེར་བ་དེ་གནད་ དོན་གཅིག་རེད།
    ཁ) ཧ་ཝར་ཌི་གཙུག་ལག་སློབ་ཁང་དུ། འཕྲལ་སེལ་ཉམས་ཞིབ་པ་ཞིག་ཡིན་ཡང་། སྐབས་རེ་དེའི་སློབ་དཔོན་ནམ་ཉམས་ཞིབ་པ་རྒན་པ་ཡིན་ཞེས་སྒྲོག་པ།
    ག) ཧ་ཝར་ཌི་གཙུག་ལག་སློབ་ཆེན་དུ་སློབ་ཁྲིད་བྱས་པའི་གླ་ཕོགས་ནི། སློབ་ཁང་དེ་ནས་གནང་གི་མེད་པར་ཕྱི་ནས་གནང་གི་ཡོད་ཀྱང་། བོད་མིའི་སྤྱི་ཚོགས་ནང་འགྲོ་སོང་དེ་ཚོ་གཙུག་ལག་སློབ་ཁང་དེས་གནང་གི་ཡོད་ཚུལ་ སྒྲོག་པ་ལྟ་བུ་རེད།
    དོན་དངོས་སུ་ཧ་ཝར་ཌི་ སློབ་ཆེན་ནང་བློ་སེང་ལ་འགྲོ་སོང་གཏོང་མཁན་དེ་སུ་རེད། འདི་གནད་དོན་ཧ་ཅང་ཆེན་པོ་ཞིག་རེད། ད་ཕན་བཀྲ་ཤིས་དབང་འདུད་དང་བཀྲས་མཐོང་གཉིས་ཀྱིས་རང་གི་འགྲོ་སོང་ཡོང་ཁུངས་གང་ ཙམ་གྱིས་གསལ་པོ་བཟོས་ཡོད། འོན་ཀྱང་བློ་སེང་གིས་ཧ་ཝར་ཌིས་གནང་བ་རེད། མང་པོ་ཞིག་ང་རང་སྒེར་གྱིས་བཏང་བ་ཡིན། འགྲོ་སོང་ཆུང་ཆུང་རེད། ཆེན་པོ་མ་རེད་ཅེས་སོགས་སྤོམ་སྤོམ་ཞིག་ལས་བཤད་མེད།
    ༥) ད་དུང་གསལ་པོ་བཤད་དགོས་པ་ཞིག་ནི། བློ་སེང་གི་རྒྱབ་ལྗོངས་སུ་ཡོད་པའི་གཞུང་འབྲེལ་མི་སྣ་ཁ་ཤས་རེད། དཔེར་ན། ཨ་རིའི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་དང་། འཆར་འགོད་སྤྱི་ཁྱབ་འགན་འཛིན་དཀོན་མཆོག་བརྩོན་འགྲུས་གཉིས་ཀྱིས། གཞུང་གི་གོ་གནས་སྤྱད་དེ། བློ་བཟང་སེང་གེར་འོས་ཤོག་ཐོབ་ཐབས་བྱེད་བཞིན་ཡོད། དོན་གཅོད་བཀའ་ཟུར་བློ་བཟང་སྙན་གྲགས་དང་བློ་བཟང་སེང་གེའི་དབར་ཉིན་རེར་ཁ་པར་ ཐེངས་གཉིས་གསུམ་གྱི་འབྲེལ་བ་འཆར་ཅན་དུ་ཡོད་པ་རེད། འདི་ནི་གནད་དོན་ཆེན་པོ་ཞིག་ཡིན། དཔེར་ན། བློ་བཟང་སེང་གེས་དང་བླངས་དཔྱ་དངུལ་དུས་ཐོག་གྲངས་ཚང་ཕུལ་འདུག་ཅེས་པའི་དཔང་ ཡིག་སྤྲོད་མཁན་བློ་བཟང་སྙན་གྲགས་རེད། དཔང་ཡིག་དེའི་རྒྱབ་རྟེན་ཡིག་ཆར་དོགས་པ་མང་བོ་འདུག་ཀྱང་། ང་ལ་ད་དུང་དཔྱད་གཞི་མ་འཛོམས་པས་འདིར་མང་པོ་མི་འབྲི།

    Reply
  7. ཡུལ་གྱར་གྱི་མཚེར་ས says:
    ལོ་ 14 སྔོན།

    ཁྱོད་ཀྱི་བཤད་པ་བདེན། མཁས་དབང་འཇམ་དབྱངས་ནོར་བུས་ཁོང་གི་ཉེ་འབྲེལ་བཀྲས་མཐོང་ལ་རྒྱབ་སྐྱོར་གནང་འོས་ཀྱང་བཀའ་ཁྲིའི་འོས་མི་གཞན་ལ་གཞི་མེད་སྐྱོན་མཛུགས་པ་དེ་དག་ནི་མཁས་པས་དམ་བཅའ་ཤོར་བས་ཡིད་ཕམ་པ་ལ།

    Reply
  8. རིག་པའི་རལ་གྲི says:
    ལོ་ 14 སྔོན།

    དྲྭ་གྲོགས་རྣམ་པ་ལྷན་རྒྱས་ལ་ཞུ་རྒྱུར། འཛམ་གླིང་རྒྱལ་སྤྱིའི་ཆབ་སྲིད་མི་ཤེས་ལ། བོད་གཞུང་སྐྱབས་བཅོལ་དུ་ཡོད་པའི་སྒྲིགས་གཞི་ཡང་ཞིབ་ཆ་ཤེས་ཀྱི་མེད། འོན་ཀྱང་ང་རང་གི་བསམ་ཚོད་ལྟར་ན་བོད་ཀྱི་ཤ་ཁྲག་ལས་གྲུབ་ཤིང་། བོད་སྐད་རང་སྐྱ་འཕེར་མཁན། བོད་པར་ཁ་ཞེ་གཉིས་མེད་དུ་ཞལ་གྱི་བཞེས་མཁན་ཞིག་ཡོད་ནས་བཟུང་། ལག་ཁྱེར་གང་འདྲ་ཞིག་ཁྱེར་ན་འདྲ། མི་སེར་གང་གི་ཁོང་དུ་ཆགས་ཡིན་ན་འདྲ། བཀའ་ཁྲིར་ལ་ཕེབས་ཆོག་པར་སེམས།
    གལ་སྲིད་ད་ལྟའི་ཆབ་སྲིད་པ་རྣམས་ཀྱིས་བསམ་ཚུལ་ནང་བཞིན་བྱས་ན། བོད་དུ་ཡོད་པའི་བོད་མིར་བཙན་བྱོལ་དུ་གནས་པའི་བོད་གཞུང་གི་ཆ་ཤས་ཏིལ་ཙམ་ཡང་ལེན་མི་ཆོག་པའི་གནས་ཚུལ་ཞིག་བོད་སྐྱབས་བཅོལ་པའི་སྒྲིགས་གཞི་དང་། བོད་སྐྱབས་བཅོལ་དུ་གནས་པའི་བསམ་ཚུལ་དུ་འདུག བོད་ལ་ཡོད་པའི་བོད་མིས། ཨ་རིའི་མི་སེར་གྱིས་བཙན་བྱོལ་བོད་གཞུང་གི་ཆ་ཤས་ལེན་ཆོག་པ་ནང་བཞིན་པ་བཙན་བྱོལ་དུ་གནས་པའི་བཀའ་བློན་ཁྲི་བར་ཞུགས་ཆོག་པ་ཞིག་བྱུང་ན། བཀའ་ཁྲིར་ལོངས་ཆོག་གི་རེད་པས། ཅེས་དཔྱོད་ལྡན་རབ་གསལ་སོགས་། ཁ་བརྡ་ཚང་། དུས་བབ་ཚང་། གསར་འགྱུར་འགོད་མཁན་དང་དྲྭ་གྲོགས་ཡོང་ལ་འདྲི་བཞིན་ཡིན།

    Reply
  9. གཡག་རྒོད says:
    ལོ་ 14 སྔོན།

    ཆབ་སྲིད་ཀྱི་གནད་མི་རྟོགས་པའི་བོད་མི་ལ་ལས་བློ་བཟང་སེང་གེས་རྒྱ་ནག་གི་ལག་ཁྱེར་བསྣམས་ནས་བོད་དུ་ཕེབས་པ་དེ་ནི་གནད་འགག་ཆེར་མེད་པ་ཞིག་རེད་གསུང་གྱིན་འདུག་མོད། རྒྱུ་མཚན་ནི། བཙན་བྱོལ་བོད་གཞུང་གི་སྲིད་བྱོས་དེ་དབུ་མའི་ལམ་ཡིན་པ་རྒྱབ་བཅོལ་གྱི་ཡོད་པ་དེ་རེད། ངའི་བཤད་འདོད་པ་ནི། ད་དུང་དབུ་མའི་ལམ་ནས་བོད་དོན་ཐག་གཅོད་བྱེད་ཐུབ་མེད་པ་དེ་རེད། དེ་ནས་རྒྱ་གཞུང་ནི་གཡོ་རྒྱུ་ལ་གོམས་ཤིང་། དྲང་བདེན་དང་གནས་ལུགས་འགྲོ་ས་མེད་པའི་སྲིད་གཞུང་ཞིག་ཡིན་པའི་གནད་དོན་དེ་རེད། བློ་སེང་གིས་བོད་དོན་ཐག་མ་ཆོད་བསྔོན་དུ་ཕྱི་བསྡོད་རྒྱ་མའི་ལག་ཆེར་བེད་སྤྱོད་བྱས་པ་དེ་མ་འོངས་པར། རྒྱ་གཞུང་གི་ཆབ་སྲིད་ཀྱི་ལག་ཆ་རུ་འགྱུར་སྲིད་པ་དེ་གནད་དོན་བསམ་གཞིགས་བྱེད་དགོས་ས་ཤིག་རེད། མདོ་དོན་བློ་སེང་གིས་རྒྱ་ནག་ཏུ་འགྲོ་བ་ལ་རྔམས་སྟེ་གཟབ་གཟབ་མ་བྱས་པ་ད་རེད་མ་གཏོགས་ཁོང་ལྷག་བསམ་ལ་སྐྱོན་ཡོད་པའི་དོག་པ་མེད།

    Reply
  10. tsering tashi says:
    ལོ་ 14 སྔོན།

    དེ་ཡང་ལེགས་བཤད་ལས།
    ཁྱི་རྒན་ཀུ་ཅོ་སྒྲོག་པ་ནི།
    རྒྱུ་མཚན་མེད་པ་ག་ལ་ཡིན་ཞེས་གསུངས་པ་ལྟར་་་་་་་་་་་་་་་་།

    Reply
  11. གངས་ཆབ། says:
    ལོ་ 14 སྔོན།

    ཐེ་བོ་ཤེས་རབ་རྒྱ་མཚོས་ཟིན་བྲིས་ལེགས་པོ་ཞིག་སྤེལ་འདུག
    ད་དུང་ངས་བརྗོད་འདོད་པ་ཞིག་ལ།དེ་སྔོན་གངས་ཅན་སྐྱིད་གཤོངས་སུ་རྐུབ་བཀྱགས་ཟིན་མྱོང་མཁན་མཐར་བོད་དུ་ལོགས་ནས་བོད་རང་སྐྱོང་ལྗོང་ཆབ་སྲིད་གྲོས་ཚོགས་སུ་ད་ལྟའང་ཡོད་པ་ངས་ཤེས་ཀྱིན་ཡོད།རྒྱུ་མཚན་ནི།ཁོང་རང་རང་གིས་བྲིས་བཞག་པའི་ལོ་རྒྱུས་དེབ་ཐེར་ཞིག་ལག་སོན་བྱུང་ནས་ཉེ་ཆར་ངས་བཀླགས་རྒྱུ་བྱུང་།ཁོང་གི་མཚན་བརྗོད་དགོས་པར་རྒྱུ་མཚན་དུ་མ་མཐོང་བའི་འདི་འགོད་ཀྱིན་མིན།ཐོག་མར་ཁོང་༡༩༥༩ལོར་བཙན་བྱོལ་དུ་འབྱོར་ནས་ལྡི་ལིར་དོན་གཅོད་ལས་ཁུངས་དུ་ཕྱག་ལས་གནང་བ་དང་དེ་ནས་ཤེས་རིག་ལས་ཁུངས་ཀྱི་དུང་ཆེ་ཡང་བྱས་མྱོང་མཁན་ཞིག་རེད་འདུག
    འདིར་ངས་འགྲེལ་བརྗོད་ཙམ་ཡིན་ཞིབ་ཕྲ་འབྲི་དགོས་པ་མཐོང་།

    Reply
  12. བདེ་ཆེན་ལྷུན་གྲུབ། says:
    ལོ་ 14 སྔོན།

    འདི་འདྲའི་གཞི་མེད་སྐྱོན་འཛུགས་ཁག་ལ་ཕྲན་ནི་དགའ་པོ་རྩ་བ་ནས་མེད། བློ་བཟང་སེང་གེ་རྒྱ་ནག་གི་ལག་ཁྱེར་བསྣམས་ནས་བོད་དུ་ཕེབས་པ་དེ་ནི་ལུགས་མཐུན་དུ་མཐོང་། གང་ཡིན་ཞེ་ན་བོད་དེ་དབུ་མའི་ལམ་དང་། ཕྱེད་རང་བཙན་གྱི་ལམ་དུ་བསྐྱོད་ན་རྒྱ་ནག་གི་འོག་ཏུ་འགྲོ་རྒྱུ་རེད། དེར་འགྲོ་ན་ལག་ཁྱེར་རྒྱ་ནག་གི་ལག་ཁྱེར་མ་ཁུར་ན་གང་ཁྱེར་རམ། དེ་སྔོན་བོད་རྒྱ་ཞི་མོལ་དུ་ཕེབས་མཁན་ཚོ་ཡང་ལག་ཁྱེར་གང་བསྣམས་ཀྱི་ཡོད་དམ། ཧཧཧཧཧ་་་

    Reply
  13. རྡོ་རྗེ་ཚེ་རིང་། says:
    ལོ་ 14 སྔོན།

    དེ་རིང་ཡང་ཐེ་བོ་དེའི་དགོད་དྲོ་བའི་སྐད་ཆ་ཞིག་བྲིས་འདུག གངས་ཅན་སྐྱིད་གཤོངས་དུ་རྐུབ་བཀྱགས་ཟིན་མྱོང་བ་ད་ལྟ་པེ་ཅིན་གིས་བྱིན་པའི་གོ་གནས་སྟེང་འཁོད་མྱོང་ཟེར་བ་དེ་སུ་རེད་དམ། ཁྱེད་རང་གི་ཁ་གསལ་པོ་བྱས་ནས་ཤོད་དང་། དེ་མིན་ཁྱེད་རང་གིས་ཉིན་ལྟར་དུས་བབ་བཀངས་གང་ཐུབ་ལས་དོན་སྙིང་མིན་འདུག་

    Reply
  14. མངའ་རིས་ཕོ་ཉ། says:
    ལོ་ 14 སྔོན།

    ཐེ་བོ་ལགས་རྩོམ་ཡིག་དྲང་མོ་ཞིག་དུས་བབ་ཚང་དུ་བཀོད་འདུག་གུས་བཀུར་དང་ཡི་རངས་བསྔགས་བརྗོད་ཡོད། ད་དུང་དུས་བབ་ཚང་ལ་བོད་ཀྱི་མི་རིགས་དང་རྒྱལ་ཁབ་ཆབ་སྲིད་སྐོར་ལ་རྩོམ་ཡིག་དྲང་མོ་ཞིག་སྤེལ་བར་དགའ་བསུ་ཡོད།

    Reply
  15. གཡག་རྒོད says:
    ལོ་ 14 སྔོན།

    ཡར་བཤད་མར་བཤད་ག་རེ་བྱས་ཀྱང་རུང་། ཕྱིར་བསྡོད་རྒྱ་མའི་མི་སེར་གྱི་ཐོག་ནས་རྒྱ་ནག་ལ་སོང་བ་གསལ་བོ་རེད་འདུག། དེ་ཡིན་དུས་གནད་དོན་འདི་གཅིག་པོའི་ཐོག་ནས་བློ་སེང་ཡང་རྒ྄ྱུ་ག་འདྲ་ཡིན་པ་རོབ་ཙམ་ཧ་གོ་གི་འདུག་པས། ངའི་འོས་ཤོག་གཅིག་པོ་དེ་ཁོ་ལ་མི་སྤྲོད་སེམས་ཐག་ཡིན།

    Reply
  16. ཉི་ཟླ་སྐར་གསུམ། says:
    ལོ་ 14 སྔོན།

    http://www.shambalapost.com/2008-11-09-14-14-57/5468-2011-02-18-14-26-49
    རྒྱུ་མཚན་ཡག་ཕོ་འདུག་། ད་དུང་དྲ་ཐག་འདིར་གཟིགས་ན་རྒྱུ་མཚན་གཞན་འདུག་།

    Reply
  17. བྱམས་རྒྱལ། says:
    ལོ་ 14 སྔོན།

    ཐེ་བོ་ཁྱེད་ཤིན་ཏུ་བདེན་ རང་ཉིད་ཞུགས་སའི་གྲུ་གཟིངས་འདི་ཁ་ཕྱོགས་གང་དུ་བསྒྱུར་ནས་སྐྱོད་ཀྱིན་པ་གཏན་ནས་ཤེས་ཀྱི་མེད་སྟབས། འདིས་ཀྱང་གནད་འགག་གི་སྐབས་སུ་དཀའ་ངལ་འཕར་མ་རེ་སྤྲོད་ཀྱིན་ཡོད་གསུངས་བ་ད་ག་རང་རེད་ལགས་།

    Reply
  18. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 14 སྔོན།

    དྲ་གྲོགས་ཐེ་བོ་ལགས་ཀྱིས་རྣོ་ལ་མྱུར་བའི་རིག་པ་ཚ་བོ་ཞིག་བཏང་འདུག
    ད་དུང་ངས་ཀྱང་སྡིག་ར་ཞིག་སྐུལ་འདོད། བློ་སེང་ཤོག་བུ་དཀར་པོ་བཟུང་ནས་རྒྱ་ནག་ལ་ཕེབས་པར་དགག་པ་བྱེད་མཁན་ནང་ན་དབུ་མའི་ལམ་པ་བ་ཚོ་ཁ་རོག་གེར་སྡོད་ཨང་། ཁྱེད་ཚོ་ལ་འདི་ལ་དགག་པ་བྱེད་པའི་ཐོབ་ཐང་ཞིག་མེད།

    Reply
  19. བེ་རུ་བཀྲ་ཤིས says:
    ལོ་ 14 སྔོན།

    ཐེ་བོ་ཤེས་རབ་རྒྱ་མཚོ་ལགས་ནི་རྩོམ་པ་པོ་དྲང་མོ་ཞིག་ཡིན་པས་བརྩི་བཀུར་བྱེད་འོས་བ་ཞིག་རེད། བཀྲ་ཤིས་བདེ་ལེགས བསམ་ཚུལ་མཐུན་སང། ཡིན་ན་ཡང་ནོར་ཡོད་མེད་མི་ཤིས། བོད་སྤྱི་ལ་ཕན་ཐོག་ཡོང་བའི་སྨོན་ལམ་ཞུ།

    Reply
  20. ཁྲི་སྲོང་བཙན། says:
    ལོ་ 14 སྔོན།

    ཨ་རིའི་མི་སེར་བཟོ་སྐབས་ཁྲིམས་ཐོག་ནས་དོ་བདག་དེས་མཁས་ལེན་དགོས་པའི་ཆ་རྐྱེན།
    ༡། རང་ཉིད་དེ་སྔོན་རྒྱལ་ཁོངས་གང་ཡིན་གསལ་པོ་བཀོད་དགོས། བོད་མི་ཚང་མས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཀོད་པ་ལས་གཞན་ཐབས་སེས་མེད་པ་གསལ་པོ་རེད། འོན་ན་བཀྲས་མཐོང་དང་འཇམ་ནོར་གྱི་ཨ་རིའི་མི་སེར་ལག་ཁྱེད་ནང་རྒྱལ་ཁོངས་རྒྱ་ནག་བཀོད་ཡོད་པ་ཨ་རིར་ཡོད་པའི་བོད་རིགས་ཚོར་གསལ་པོར་ཤེས་ཡོད།
    ༢། ཨ་རིའི་རྒྱལ་ཁབ་ཀྱི་སླད་དུ་ཅི་དང་གང་ཡང་བློས་གཏོང་གི་ཡིན་ཟེར་གནའ་བསྐྱལ་དམ་འབུལ་ཞུ་དགོས། གནད་དོན་འདིའི་ནང་གལ་སྲིད་ཨ་རིའི་གཞུང་ལ་གནོད་ན་བོད་དོན་ཡང་དོར་དགོས་པ་ཚུད་ཡོད། བཀྲས་མཐོང་དང་འཇམ་ནོར་གྱི་དམ་འབུལ་དམིགས་གསལ་ཞིག་ཐུ་པ་ཡིན་ནམ།

    Reply
  21. ལྷ་སྲིན་གྱི་བུ། says:
    ལོ་ 14 སྔོན།

    གྲོགས་པོ་ཚོ་བློ་བཟང་སེངྒེ་ལ་མུ་མཐུད་ནས་ཞིབ་འདུག་བྱ་ན་སྐྱེ་བ་སྔ་མ་ལ་ཡང་ཞིབ་འཇུག་བྱེད་པའི་ཉེཉ་ཁ་འདུག་ཨ།ཧཧཧཧཧ

    Reply
  22. ཚ་རོང་བུ། says:
    ལོ་ 14 སྔོན།

    ཡག་པོ་བྲིས་འདུག མི་ཁག་ཅིག་གིས་གནས་ཚུལ་ཆུང་ཆུང་ཚབ་ཆེ་རུ་བཏང་ནས། རང་ཉིད་ཀྱི་དགོས་འདུན་བསྒྲུབ་ཐབས་བྱེད་ཀྱིན་འདུག བློ་སེང་རྒྱ་ནག་ལ་ཕྱིན་པ་དེ་བོད་དོན་ལས། སྒེར་དོན་མིན་པ་དང་། མ་ཚད་བོད་གཞུང་དང་སྐུ་སྒེར་ཡིག་ཚང་ཚང་མར་བཀའ་འདྲི་ཞུས་ཡོད་པ་རེད། དེ་འདྲའི་ཚབ་ཆེ་བའི་ནག་ཉེས་ཤིག་ཡིན་ན། ཁོང་ཚོས་ཀྱང་ག་རེ་བྱས་ནས་བཏང་བ་རེད།
    མ་ཚད་བོད་དེ་ཀྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞི་ནང་སྡོད་རྒྱུ་ཡིན་ཟེར་གྱིན་མིན་ནམ།
    གོ་རྒྱུ་རྩ་བ་ནས་མེད་པའི་བོད་མི་འདི་ཚོ་ཨ་ཁ་ཁ། ད་དུང་ཕྱོགས་ཞེན་དང་འདྲ་ཟིག་བྱེད། བོད་ཕུང་བལྟས་རེད།
    དེ་རིང་ནས་བཟུང་ཡིག་ཉོག་འཁྱར་འཁྱོར་དཀྲུགས་ཤིང་རྒྱག་མཁན་དེ་ཚོ་མཚམས་འཇོག་རོགས། གོ་བ་མེད་པའི་གླང་རྒན་ཚོ།

    Reply
  23. ཆོས་འཕེལ། says:
    ལོ་ 14 སྔོན།

    བཀའ་ཁྲིར་ཕེབས་མཁན་གསུམ་གྱིས་སྙིང་སྟོབས་དང་ལྷག་བསམ་ལ། སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཁྱབ་གཅིག་ཏུ། ངས་ཁ་སེང་འཇམ་དབྱངས་ནོར་བུའི་དྲྭ་གནས་སུ། དྲི་བ་ཁ་ཤས་ཞུས་པ་ཡིན་ནའང་ལན་གང་ཡང་མི་འདུག ངས་དྲི་བ་དེ་སླར་ཡང་འདིར་འགོད་ཀྱི་ཡིན་ལ། ཤེས་མཁན་རྣམས་ཀྱིས་ལན་གསལ་ཐུང་ཞིག་གནང་རོག་ཞུ་རྒྱུ་ཡིན་ལ། མི་ཤེས་མཁན་རྣམས་ཀྱིས་དྲྭ་གནས་གཟིགས་མི་བདེ་བ་མ་མཛད་རོག་ཞུ་རྒྱུ་ཡིན།
    གལ་སྲིད་སྐྱེ་སྐབས་བོད་ཡིན་རུང་ད་ལྟར་ཨ་རིའི་མི་སེར་ཚད་ལྡན་ཆགས་ཟིན་པ་ཞིག སྐྱབས་བཅོལ་གྱི་དབུ་ཁྲིད་དུ་ཕེབས་པ་ཡིན་ན། དེ་རྒྱལ་སྤྱིའི་ཁྲིམས་དང་མཐུན་གྱི་རེད་དམ། དེ་དང་གང་ལྟར་བོད་མའི་བཀའ་བློན་དེ་ཨ་རིའི་མི་ཞིག་ཆགས་སྐབས། བོད་ཀྱི་ལོ་རྒྱུས་ནང་དུ་གང་འདྲ་ཞིག་ཆགས་སམ།
    མ་འོང་པར་བོད་དེ་ཨ་རིའི་ཆར་གཏོགས་སུ་ཡིན། གང་ཡིན་ཟེར་ན་བོད་ཀྱི་དབུ་ཁྲིད་གྲས་སམ་གཙོ་བོ་སྲིད་བློན་ལྟ་བུའི་བཀའ་བློན་ཁྲི་བ་དེ་ཨ་རིའི་མི་སེར་ཞིག་ཡིན་ཟེར་རྩོད་པའི་ཉེས་ཁ་ཡོང་གི་མ་རེད་པས། བཀྲ་ཤིས་བདེ་ལེགས

    Reply
  24. ཁམས་པ། says:
    ལོ་ 14 སྔོན།

    གངས་ཅན་སྐྱིད་གཤོང་གི་དཀྱིལ་འཁོར་ནང་ནས་གྲོས་ཚོགས་ཀྱི་འཐུས་མིའི་ལས་འགན་འཁུར་མྱོང་བའི་མི་ཡང་བོད་དུ་ཕྱིར་ལོག་རྗེས་རྒྱ་ནག་གི་པེ་ཅིན་དུ་བསྐྱོད་ནས་ཏང་གིས་བྱིན་པའི་གོ་གནས་སྟེང་འཁོད་མྱོང་ཡོད་པ་དང་ཟེར། དེ་སུ་རེད། ད་སྔོན་གོ་མ་མྱོང་། ཁོ་སུ་རེད།

    Reply
  25. རྡོ་རྗེ says:
    ལོ་ 14 སྔོན།

    ཐེ་བོ་ཤེས་རབ་རྒྱ་མཚོ་ལགས་ཁྱོད་ནི་རྩོམ་པ་པོ་དྲང་མོ་ཞིག་ཡིན་པས་བརྩི་བཀུར་བྱེད་འོས་བ་ཞིག་རེད སོ་སོའི་རྣམ་དཔྱོད་ཀྱིས་སོ་སོའི་འོས་མི་ལ་དཔྱད་པའི་ཐོབ་ཐང་ཡོད་པ་ལས་གཞན་གྱི་འོས་མི་ལ་དམའ་འབེབ་བྱེད་པ་དང་གཞན་ལ་སོ་སོའི་འདོད་པའི་འོས་མི་ལ་འོས་བླུགས་དགོས་བའི་སྐུལ་འདེད་བྱེད་པའི་ཐོབ་ཐང་མེད

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese