མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤི་སོང་ན་ཁྱེད་རང་བརྗེད་སྲིད། དེ་མིན།

བོད། ཤ་ཁྲག་རུས་གསུམ།
༢༠༡༡/༠༢/༢༦
Share on FacebookShare on TwitterShare on EmailShare on Whatsapp

རྨི་ལམ་སྟིག་པོ་ཞིག་གི་ཁྲོད་དུ། ངས་རང་ཉིད་ཀྱི་སེམས་པ་རུམ་པའི་སྔ་དགོང་དེར། དངོས་ཡོད་ལ་སྐོང་ཐུབ་འབྲལ་བའི་ངའི་སེམས་ནང་གི་ཚོར་བ་འདིས་ཁྱེད་རང་ལ་བོས་པ་ཐེངས་ཤིག་མིན་ཚོད་་རེད་འདུག དེ་ནས་བཟུང་། ང་དང་ངའི་ལས་དབང་གི་ལྟེབས་བརྩེགས་ལ་འགྱུར་བ་ག་ཚོད་སོང་ན་ཡང་། སེམས་ནང་གི་དགའ་ཕྱོགས་དེ་ལ་གདོང་གོ་གཉེར་མ་བཞིན་འགྱུར་བ་ཞིག་གཏན་ནས་མ་བྱུང་།

ཁྱེད་རང་ནི་ད་ལྟ་གང་དུ་ཡོད་མེད་ཀྱི་བཤད་ཚོད་མི་ཐུག་མོད། རེད་དེ། རྨི་ལམ་ནང་གི་འདང་ནུབ། ང་རང་ཆེས་ཡིད་འོང་གི་རི་ལུང་ཞིག་གི་ཁང་ཁྱིམ་ཆུང་ཆུང་ཞིག་གི་ནང་དུ་ཁྱེད་དང་འཕྲད། ཁྱེད་རང་ནི་རང་གི་གྲོགས་པོ་ངོ་ཤེས་ཡིན་ཟེར་མཁན་གྱི་གྲོགས་པོ་གྲོགས་མོ་ཁ་ཤས་དང་ལྷན་དུ་འདུག སྐབས་དེ་ཡི་ངང་ཚུལ་དེ་ཡིས་ང་རང་གློ་བུར་དུ་ཁང་ཁྱིམ་དེ་ལས་ཁོང་ཁྲོ་དང་བཅས་དེ་ཕྱི་ལ་ཐོན ཁྱེད་ཀྱིས་ང་རང་མཐོང་མ་ཐག རྒྱབ་ལོག་ནས་སྐད་བརྒྱབས་དེ་བོས་ཀྱང་། ངས་ཕྱིར་མིག་ཙམ་མ་བལྟས་པར་སྐྱོ་སྣང་དྲགས་པོ་ཞིག་གིས་བཟུང་དེ། ཤར་རྒྱུགས་དང་བཅས་རང་གི་མདུན་དུ་རྒྱུགས།

ལམ་སྐབས་སུ་ངུ་མ་དགོད་ཀྱི་ཚོར་བ་དང་་བཅས། ངའི་བསམ་པར་འདི་འདྲའི་དལ་མོ་ཞིག་བྱས་དེ་སོང་ན་གཏན་ནས་འགྲོ་ས་དེར་སླེབས་མི་སྲིད། དེ་ལས་ང་རང་འཕུར་ཐུབ་ན་ཐང་། སྔོན་ཆད་ཐེངས་མང་བོར་འཕུར་མྱོང་ཡོད། དེ་རིང་ཡང་འཕུར་བསྐྱོད་ལ་་བསྟེན་དགོས་སྙམ་ནས་རྐང་བརྡབས་ཤིག་བྱས་པ་དང་ང་རང་འཕུར་ཐུབ་སོང་། ལམ་བར་དུ་མཛེས་ལྗོངས་དང་མཁར་གྲོང་ཆེས་མི་ཉུང་བ་ཞིག་མཐོང་བའི་ཁྲོད་དུ། ངའི་སྤུན་མཆེད་གཅིག་གིས་ང་རང་འབོད་ཀྱི་འདུག ངས་ང་རང་མཐོང་ན་སྟབས་བདེ་བོ་མི་འདུག་སྙམ་ནས། འཕུར་བཞིན་པའི་ལམ་བར་དུ་ཁ་ཕྱིར་འཁོར་ནས་ཁྱེད་ཀྱི་ཕྱོགས་སུ་སྒྱུར།

ཁ་ཕྱིར་འཁོར་བའི་ལམ་སྐབས་སུ་ངས་རང་གི་སྤུན་མཆེད་ཀྱིས་ཁོ་རང་གི་གྲོགས་པོ་དག་ལ་ང་རང་ཆུང་དུས་ནས་བཟུང་དེ་གཤོག་པ་སྐྱེས་ཡོད་པ་ཁོ་རང་གི་མཐོང་མྱོང་ཡོད་ཟེར་ནས་གླེང་བ་དང་ཁོང་ཚོས་ལྷན་གཅིག་དུ་ང་རང་འཕུར་བཞིན་པའི་ཕྱོགས་སུ་ཞིབ་དུ་བལྟ་བཞིན་འདུག སྐད་ཆ་་དེ་ནི་དངོས་ནས་ངའི་བློ་ཡིད་ལས་འདས་པ་ཞིག་རེད། ང་རང་ལ་ཆུང་དུས་ནས་གཤོགས་པ་ཞིག་སྐྱེ་ཡོད་པར་གཏན་ནས་གོ་མྱོང་མེད་ཀྱང་བསམ་ནས་ཁྱེད་རང་བསྡོད་སའི་ཁང་ཆུང་གི་སྒོ་འགྲམ་དུ་འགྱོད་པ་དང་བཅས་དེ་འབྱོར།

ཁྱེད་ཀྱིས་ང་རང་མཐོང་མ་ཐག རྒྱུགས་ཡོང་ནས་ང་རང་གི་ལག་འགོར་འཇུས་སོང་། འཇུ་སྟངས་དེ་ཡང་དུངས་པ་དང་བརྩེད་ཞེན་གྱི་འཁངས་པ་ཞིག་འདུག ཁྱེད་ཀྱིས་ང་རང་འཁྲིད་དེ་ཉེ་འགྲམ་གྱི་རི་སྒང་དེ་ནས་མར་འབབ། རི་ལུང་དེ་ནི་མེ་ཏོག་སེར་ཆེན་གྱི་བཀང་ནས་ཡོད་པ་དང་། གཙང་ཆུ་དྭངས་མོ་ཞིག་ཀྱང་ག་ལེར་རྒྱུ་བཞིན་འདུག ང་རང་མེ་ཏོག་གི་རི་གྲོང་དེ་ནས་སྐར་ཆ་ཁ་ཤས་རིང་དུ་ངལ་ཞིག་གསོས་རྗེས། འཁྲིས་སུ་ཁྱེད་རང་ཡོད་སྙམ་ནས་བལྟས་དུས། ཁྱེད་རང་ང་དང་ཅུང་ཙམ་ཉེ་སའི་གཙང་ཆུའི་དྭངས་མོ་དེ་ཡི་ནང་དུ་འཛུལ་ནས་བསྡད་འདུག ང་རང་གིས་ངང་ཚུལ་དེ་མཐོང་མ་ཐག སྐྲག་སྣང་དང་བཅས་སྐད་ཤུགས་ཇེ་ཙམ་གྱིས་ཁྱེད་རང་གི་མིང་ནས་བོས།

ངང་སྐྲག་དེ་ལས་ང་རང་གཉིད་ལས་སད་སོང་། ད་གཟོད་རང་ཉིད་ནི་བུད་མེད་གཞན་ཞིག་གི་རུམ་ནང་དུ་ཉལ་ནས་ལོ་ངོ་གཉིས་ལྷག་བྱིན་འདུག་ལ། ཨ་ཕ་ཟེར་ནས་འབོད་མཁན་གྱི་བུ་མོ་སྙིང་རྗེ་བོ་ཞིག་ཀྱང་འདུག

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་སྨན་རྫས་རིག་པའི་གཟེངས་རྟགས་ཐོབ་མཁན་གསུམ།

ཆུ་ཚོད་ ༢ སྔོན་ལ།
མངའ་རིས་ས་ཁུལ་ཁག་ཏུ་ཁ་བ་བབས་པའི་རྣམ་པ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

བོད་མངའ་རིས་ས་ཁུལ་ཡོངས་སུ་གངས་ཀྱི་གནོད་སྐྱོན་ཐེབས།

ཆུ་ཚོད་ ༢༤ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དཔའ་བོ་རི་ཆར་ཌི་མོར་སོགས་སུ་མཇལ་ཁ་བསྩལ།

ཆུ་ཚོད་ ༢༤ སྔོན་ལ།
Advertisement for App

གསར་འགོད་པའི་ས་མིག

༢༠༢༦/༡༠/༠༥
Wanying “Heather” Zhang. United States Attorney’s Office Central District of California
Mobile App

ཨ་རིས་རྒྱ་ནག་གི་གསང་ཉུལ་བའི་དོགས་ཡོད་ཅིག་འཛིན་བཟུང་བྱས།

༢༠༢༦/༡༠/༠༥
Mobile App

བོད་ཀྱི་སློབ་གསོ་སྨྲ་བ་ས་ཡུལ་ཁྲོ་བོ་རྒྱལ་མཚན་ལགས་འདས་གྲོངས་ཕྱིན།

༢༠༢༦/༡༠/༠༣

མཆན། 8

  1. achok says:
    ལོ་ 16 སྔོན།

    དྲ་གྲོགས་ལགས། ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུ།

    Reply
  2. sha tak ri sim says:
    ལོ་ 16 སྔོན།

    སྤུན་ཟླ་ཁྱེད་ཅག་རེ་རེ་བཞིན་དུ་་འདིར་་ཡོང་བ་དགའ་ནས་ཡོད། ཡིག་ནོར་འདིས་ང་ལ་ཐུབ་ཚོད་བྱེད་ཀྱི་འདུག་ལ། དུས་ཚོད་ཀྱིས་ཀྱང་ང་རང་ལ་ཐུབ་ཚོད་གཏོང་གི་འདུག ད་དུང་། རྨི་ལམ་སྟུག་པོ་རེ་ཡི་ཁྲོད་དུ་ལས་ཚེགས་ཀྱི་འཐག་ནས་ཤུ་རེ་བྱེད་ཀྱི་ཡོད། དེ་ཙམ་རེད། སྤུན་ཟླ་ཚོ་་་

    Reply
  3. yakbod says:
    ལོ་ 16 སྔོན།

    ཨ་རོ་ད་རྩོམ་པ་པོ་རྒན་པ་ཞིག་ལ་རིག་ནས་ཡིག་ནོར་མང་ག་་་་
    སྟིག་པོ་་ཞེས་བྲིས་ཨ་འགྲིག་ག་་་་་ཧ་ཧ་ཧ་་་་་

    Reply
  4. kalta says:
    ལོ་ 16 སྔོན།

    ཤ་དང་ཁྲག་མ་ཟད་བར་་དུ་ཁྱེད་ཀྱིས་མི་བརྗེད་པ་རེད་པས།

    Reply
  5. sha shoung says:
    ལོ་ 16 སྔོན།

    ཨ་རོགས་ཨེ་སི་རལ། ཡུན་རིང་གོ་ཐོས་གང་ཡང་མ་བྱུང་ཡང་། དོ་དགོང་འདིར་ཁྱེད་ཀྱི་རྨི་ལམ་གྱི་ཟློས་གར་འདི་ཀློག་པའི་སྐལ་བ་ཞིག་བྱུང་བས། ཧ་ཅང་དགའ་བོ་བྱུང་ལ་ཡིད་ལ་འཐད་པོའང་བྱུང་སོང་། ངས་བལྟས་ན་ཁྱེད་ཀྱིས་ང་སུ་ཡིན་མིན་ཤེས་རྒྱུ་མ་རེད། ཧ་ཧ་། ང་ཁྱེད་ཀྱི་གྲོགས་པོ་བྱ་རྒྱ་ཁྱུང་ཆེན་ཡིན། ཧཧཧཧཧཧ། བདེ་བར་བཞུགས།

    Reply
  6. chok zyl says:
    ལོ་ 16 སྔོན།

    དྲ་གྲོགས་དངོས་གནས་ལྷ་སྒྲུང་ཟེར་ན་འདི་འདྲ་ཞིག་བྲིས་ན་དྲོ་བ་ཆེ་ས་རེད།
    ཀློག་ཟིན་ཡིན།

    Reply
  7. dorjie says:
    ལོ་ 16 སྔོན།

    ཨ་རོ་མྱི་ལྡང་སྔོན་སྒྲུང་ཞིག་ཡོད་ནོ་ད་རྫོགས་སོང་ངམ།

    Reply
  8. rajashichen says:
    ལོ་ 16 སྔོན།

    མ་གཞི་ཡག་པོ་བྲིས་འདུག་དྰ་ཡིག་ནོར་ཏོག་ཙམ་འདུག
    ཁ་སང་ཞིག་ལ་ཡང་བཀླགས་ཟིན་པ་འདྲ་བོ་འདུག་མོད་ཀྱང་ཏག་ཏག་ཅིག་དྲན་གི་མི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese