ཡིད་སྐྱོའི་གསལ་བསྒྲགས།
འཇིགས་མེད་སྙིང་སྟོབས་བླ་ན་མཐོ་བའི་དཔའ་བོའི་རང་གཤིས་རྫོགས་པའི་སྲས།
ཁྱེད་ཀྱིས་བཞག་པའི་ཞབས་རྗེས་རེ་ལ་ཁ་བ་རི་བོའི་ལས་དབང་འཁྱིལ།།
མིེ་འདོད་རྐྱེན་གྱིས་གློ་བུར་འཕྲོག་པའི་མི་རིགས་ཤིག་གི་ནོར་བུ་འདིའི།།
རླབས་ཆེན་དགོངས་གཞི་སྲིད་པའི་མཐར་ཡང་ཉམས་པ་མེད་པར་སྙིང་ལ་གནས།།
འདི་ཟླའི་ཚེས་ ༡༤ ཉིན་རྒྱལ་གཅེས་པ་འཇིགས་མེད་ནོར་བུ་མཆོག་ཨ་རིར་གོམ་བགྲོད་སྐབས་རླངས་འཁོར་བརྡབས་རྐྱོན་འོག་སྐུ་སྲོག་ཤོར་འདུག་ལ། རང་ལོ་ ༤༥ སོན་པའི་འཇིགས་མེད་ནོར་བུ་ལགས་ཁོང་གི་ཡབ་དམ་པ་དང་མཉམ་དུ་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་རབ་དང་རིམ་པ་སྤེལ་ཡོད་ཅིང། ད་རེས་གློ་བུར་ཁོང་རྐྱེན་ངན་གོད་ཆགས་ཀྱི་འོག་སྐུ་སྲོག་ཤོར་བ་དེ་ནི་ང་ཚོའི་འཐབ་རྩོད་ཀྱི་གྱོང་གུན་ཆེན་པོ་ཞིག་ཡིན་སྟབས་། འདི་ག་ང་ཚོ་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ངོས་ནས་དམ་པ་དེ་དང་གང་གི་ནང་མིའི་ཆེད་དུ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མར་མེའི་སྟོང་མཆོད་ཕུལ་བས་མཚོན། གང་གི་མཛད་རྗེས་ལ་གདེང་འཇོག་དང་འཕགས་མཆོག་ཐུགས་རྗེ་ཆེན་པོས་རྗེས་སུ་འཛིན་པའི་སྨོན་ལམ་གྲངས་མེད་དང་བཅས།།
བོད་ཀྱིི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས།
སྤྱི་ལོ་ ༢༠༡༡ ཟླ་ ༢ ཚེས་ ༡༧ ཉིན།