མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བློ་སེང་ལ་རྒྱབ་སྐྱོར་ཚད་མེད་ཞུ་བཞིན་ཡོད།

བོད་ཀྱི་དུས་བབ།
༢༠༡༡/༠༣/༠༧
Share on FacebookShare on TwitterShare on EmailShare on Whatsapp







ཆབ་སྲིད་བཙོན་ཟུར་སྟག་སྣག་འཇིགས་མེད་བཟང་པོ།
ངས་སྔ་མ་ནས་དགུ་བཅུ་གསུམ་ཆབ་སྲིད་བཙོན་ཟུར་རྣམས་ལ་བློ་བཟང་སེང་གེ་ལ་རྒྱབ་སྐྱོར་བྱས་ན་ཡག་པོ་འདུག་ཟེར་ནས་ལབ་ཡོད་ལ་ང་རང་གིས་ཀྱང་འོས་ཤོག་བླུགས་པ་ཡིན།་ངས་མཁས་དབང་བློ་བཟང་སེང་གེ་མཆོག་ལ་རྒྱབ་སྐྱོར་ཚད་མེད་ཞུ་བཞིན་ཡོད།དེ་ཡང་རྒྱབ་སྐྱོར་ཞུ་དགོས་པའི་རྒྱུ་མཚན་འགའ་ཤས་བརྗོད་ན།

དང་པོ། མཁས་དབང་བློ་བཟང་སེང་གེ་བཙན་བྱོལ་ནང་གི་མི་ཚང་སྐྱོ་པོ་ཞིག་གི་ནང་དུ་སྐྱེས་པ་དང། དཀའ་སྤྱད་ཁུར་དུ་ལེན་ཐུབ་པའི་སྙིང་སྟོབས་ཞུམ་པ་མེད་པའི་གཞོན་སྐྱེས་ཤིག་རེད་ལ།  སྔ་ཕྱི་བར་གསུམ་དུ་བོད་ཀྱི་གནད་དོན་དེ་རྒྱལ་སྤྱི་དང་རྒྱ་ནག་གི་མཁས་དབང་རྣམས་དང་བགྲོ་གླེང་རྒྱུན་མར་གནང་བ་དང་། བོད་མི་རིགས་དང་བོད་རྒྱལ་ཁབ་ཀྱི་ཆེད་དུ་ཕྱག་ལས་མང་ཙམ་གནང་ཐུབ་ཡོད་པ་མ་ཟད། སྐྱབས་བཅོལ་གྱི་གནས་བབ་གཉན་འཕྲང་འདི་འདྲའི་སྐབས་ལ་གདོང་ལེན་གྱི་དང་ལེན་ཞུས་པ་དེ་རྒྱུ་མཚན་གཅིག་ཡིན། གཉིས་པ།   ཁོང་བཀའ་བློན་ཁྲི་པའི་འོས་གཞི་ལ་བཞེངས་དོན་གཙོ་བོ་ནི།   བོད་མིའི་བདེན་དོན་མཐའ་གསལ་ཆེད་དུ་ཐབས་སྟོན་མཛད་ནུས་ཡིན་པ་གཞིར་བཞག་ཐོག   ༧གོང་ས་སྐྱབས་མགོན་རིན་པོ་ཆེའི་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ལེགས་སྐྱེས་འབུལ་རྒྱུར་ང་རང་ཧ་ཅང་ཡིད་རང་སྐྱེས་སོང་།

གསུམ་པ། ད་སྐབས་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་ལས་འཁྱོལ་ཟིན་ལ་ཉེ་བའི་སྐབས། མཁས་དབང་བློ་བཟང་སེང་གེ་མཆོག་ལ་གཙིག་མཐོང་འོས་པ་དང་རྒྱ་ནག་ལ་ངོམས་སུ་ཆོག་པ་ཞིག་རེད། གཞན་དེ་འདྲ་བའི་བཀའ་ཁྲི་ལང་མཁན་མེད་པ་དང་། ལྷག་དོན་བོད་རྒྱ་གཉིས་ཀྱི་དཀའ་རྙོག་ཐད། རྒྱ་ནག་གིས་བོད་གཞུང་དེ་བཀས་བཀོད་བརྒྱུད་འཛིན་རོ་ལང་རྒྱག་རྒྱུ་རེད་ཟེར་བ་སོགས་ལ་གནད་ལ་འཁེལ་བའི་ལན་ཞིག་ཐེབས་པ་རེད། ཁོང་ཕ་མ་དཀྱུས་མ་ཞིག་གི་བུ་ཕྲུག་ཞིག་ཨ་རི་རྒྱབ་ཁབ་ཆེན་པོའི་ནང་དུ་ཁྲིམས་ལུགས་ཀྱི་མཐོ་སློབ་ཐོན་ནས་ལག་འཁྱེར་ཐོབ་པའི་གཟི་བརྗིད་དེ་ང་ཚོས་འཛམ་གླིང་ལ་ངོམ་ཆོག་པ་རེད།

བཞི་པ།མཁས་དབང་བློ་བཟང་སེང་གེ་ལགས་ཀྱི་འགྲན་ཟླ་སྐུ་ངོ་བཀྲས་མཐོང་ལགས་ཡོན་ཏན་ཆེ་ཞིང་མི་མང་གི་ཆེ་མཐོང་ཆེ་བས་ངས་བརྩི་བཀུར་ཞུ་བཞིན་ཡོད། དེ་བཞིན་ངས་ཚག་པར་ཁག་ཏུ་གཞོན་སྐྱེས་མཁྱེན་ཡོན་དང་ལྡན་པ་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་གསུངས་གསལ་ལ།    དཔོན་ཆེན་མི་ཆེན་སོགས་བཀས་བཀོད་བརྒྱུད་འཛིན་པ་དང་རྒྱབ་ལྗོངས་ཡོད་པ་ཞིག་མི་འགྲིག་ཚུལ་གསུངས་ཡོད་པ་དང། དེ་དམངས་གཙོའི་ལམ་ལུགས་དང་མི་མཐུན་པ་མ་ཟད་དོ་ཕོག་ཡོང་གི་རེད་གསུངས་འདུག  དེ་ལྟ་བུའི་བསམ་ཚུལ་འདོན་མཁན་གྱི་དགོངས་པར་འདྲ་པོ་ཡོད་ཀྱང་། ད་ལྟའི་སྐབས་དངོས་ཡོད་གནས་ཚུལ་དང་མཐུན་པོ་དང་འགྲིགས་པོ་མི་འདུག

ལྔ་པ། བློ་བཟང་སེང་གེ་ལགས་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་འགྲོ་སྟངས་ཤེས་པའི་མཁས་དབང་ཡིན་པ་དང་ཁྲིམས་རྩོད་པའི་གནས་ཚུལ་ཚང་མ་ཤེས་ཀྱི་ཡོད་པ་རེད། ཁོང་བཀའ་ཁྲིར་འཁོད་པ་ཡིན་ན་ང་ཚོའི་གཞུང་དེ་དྲང་པོ་དྲང་གཞག་གི་གཞུང་ཞིག་ཏུ་གནས་ཀྱི་རེད། དཔེར་ན། ཉིས་སྟོང་བརྒྱད་ལོར་སྤུན་མཆེད་བོད་མི་ཉམས་ཐག་རྣམས་ལ་རྒྱ་རིགས་ཀྱི་ཁྲིམས་རྩོད་པ་དང་བླངས་ཡོང་བའི་སྐབས། རྒྱ་ནག་གི་དབང་འཛིན་པས་བརྟག་དཔྱད་མ་བྱས་པར་ཁྲིམས་རྩོད་པའི་ལག་འཁྱེར་འཕྲོག་པ་དང་། དེའི་རྙོག་དྲ་དེ་ད་དུང་ཡང་མཉམ་འབྲེལ་རྒྱལ་ཚོགས་ནང་ལྷག་བསྡད་ཡོད་པ་རེད། དྲང་བདེན་གྱི་ཤུགས་རྐྱེན་དེ་མང་ཚོགས་ནང་ལ་སླེབ་ཡོང་གི་ཡོད་པས། ཁྲིམས་ཀྱི་འགྲོ་སྟངས་ཤེས་པ་ཞིག་སླེབ་ན་ཡག་པོ་ཡོད་པ་རེད། ངས་ཁོང་ལ་རྒྱབ་སྐྱོར་ཞུ་དགོས་པའི་རྒྱུ་མཚན་བོད་ཀྱི་གནད་དོན་ལ་ཁོ་ན་བརྟེན་ནས་ཡིན་མ་གཏོགས།ཁ་མཁས་པ་དང། ཕྱོགས་ཞེན། རང་དོན། རེ་སྐུལ། རེ་འདོད། འདྲ་ཆགས་གང་གི་ཆ་ནས་ཀྱང་ཞུས་པ་ཞིག་མིན། རང་ཉིད་ལ་བྱས་པ་བཟང་བའི་ལག་རྗེས་བསྟན་རྒྱུ་མེད་ཀྱང༌། སེམས་པ་བཟང་པོས་བོད་གཞུང་དང་བོད་མི་རིགས་ལ་ཞེན་པ་དཀར་བའི་བཙོན་རྒན་ངས། བྲག་ཆའི་གཏམ་མང་ཐལ་བ་འདིས་ཕོག་ཐུག་འདྲ་བྱུང་ཡོད་ན་ངས་ལག་གཉིས་ཐལ་མོ་སྦྱར་ནས་དགོངས་དག་ཞུ་རྒྱུ་ཡིན།

 

འབྲེལ་ཡོད་གསར་འགྱུར།

Mobile App

གཏམ་གླེང་དམར་རྗེན་མ།

སྐར་མ ༡༢ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ། བོད་པའི་སློབ་གྲྭ་ཁག་གི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་རྣམས་ལ་སཱི་ཤེས་ཡོན་སློབ་གསོའི་སྦྱོང་བརྡར་སྤྲད། ༢༠༢༥།༥།༢༡ དུས་བབ་ཀྱི་པར།
Mobile App

འཛམ་གླིང་གི་རྒྱལ་ཁབ་ ༡༤༡ ནང་སཱི་ཤེས་ཡོན་སློབ་གསོ་ངོ་སྤྲོད་གནང་ཟིན་འདུག

ཆུ་ཚོད་ ༢༠ སྔོན་ལ།
FILE PHOTO: Salal Dam on the Chenab river, in Reasi district, J&K, Monday, May 5, 2025. All gates of Salal Dam on the Chenab River were closed following suspension of the Indus Waters Treaty in the aftermath of the Pahalgam terror attack.(PTI)
Mobile App

པཱ་ཀི་སི་ཐན་ནང་ཆུ་རགས་གསར་རྒྱག་གི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་།

ཆུ་ཚོད་ ༢༡ སྔོན་ལ།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁེ་ན་ཌའི་ཨོན་ཊ་རེའོ་བོད་མི་རྣམས་ལ་གསུང་བཤད་གནང་། ༢༠༢༥།༥།༡༨ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་འདི་ལོའི་ཆོས་ཚོགས་ཐེངས་ལྔ་པའི་ཐོག་༧སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཁག་ཅིག་གསལ་པོ་ཆགས་རྒྱུ་ཡིན་སྐོར་གསུངས།

ཆུ་ཚོད་ ༢༣ སྔོན་ལ།
རྒྱ་ནག་བདེ་སྲུང་བློན་ཆེན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཅང་པིན་(Jiang Bin)། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གིས་དམར་དམག་སློབ་ཆེན་གསུམ་གསར་འཛུགས་བྱ་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༠
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༨ པའི་མཇུག་སྡོམ་མཛད་སྒོ་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༢༠
Mobile App

ཞོ་སྟོན་ཐེངས་ ༢༩ པ་ཨོ་ཌི་ཤ་ཕུན་ཚོགས་གླིང་དུ་འཚོག་གཏན་ཁེལ་འདུག

༢༠༢༥/༠༥/༢༠

མཆན། 25

  1. འོད་ཡུག་པའི་འཁྱམས་པོ། says:
    ལོ་ 14 སྔོན།

    ཆབ་སྲིད་བཙོན་པའོ་ཨ་རོགས་ལགས། དགོངས་པ་རྒྱ་ཆེ་ཙམ་བཞེས་རྒྱུ་གལ་ཆེན་པོ་རེད། མ་གཞི་རང་ཆབ་སྲིད་པ་ཞིག་ཡིན་དུས་དགག་དགོས་དུ་མར་གཟིགས་ཡོད་བཞག་ཡིན།

    Reply
  2. རྡོ་རྗེ་ཚེ་རིང་། says:
    ལོ་ 14 སྔོན།

    ཧ་ཧ་ཧ་ཧ་ཧ་ཧ་ཧ། རྒན་རྒོན་རྫི་བརྡིབ་ཚར་འདུག ད་ཡིན་ན་ཆབ་སྲིད་བཙོན་ཟུར་མི་དགོས་ཆབ་སྲིད་བཙོན་པའི་ཨ་ཕ་ཡིན་ཀྱང་བློ་སེང་ལ་འོས་མི་འཕེན་ཐག་གཅོད་ཡིན། ཁོ་རྩ་གང་དགའ་དང་ཆུ་གང་དགའ་ལ་འགྲོ་གི་རེད། ཁེ་ྂཕན་ཞིག་བྱུང་བོད་པ་རྒྱ་ལག་ཏུ་སྤྲོད་ཀྱང་རེད། དེ་ནི་ཁོང་་གིས་གནང་བའི་བཀའ་སློབ་ཚང་མ་ཐེངས་ཁ་ཤས་རེ་ཉན་དང་ཧ་གོ་གི་རེད།
    བྱུང་ན་འཇིག་མེད་བཟང་པོ་ལགས་རང་བློ་སེང་གི་བཀའ་སློབ་ཐེངས་མ་ཁ་ཤས་ཉན། དེ་ནས་རྩོམ་ཡིག་སྤེལ་ན་དོན་ངོ་མའི་བོད་དོན་ལ་བསམ་ནས་བྲིས་པ་རང་རེད། དེ་མིན་ཕྲུ་གུ་ལོ་བརྒྱད་ལ་མགོ་སྐོར་གཏོང་སྟངས་འདྲ་པོ་མ་བྱེད་རོགས། ཁྱོད་རང་ཤི་རན་ཁའི་རྒན་ཁོགས་ཤིག་རེད། འོན་ཀྱང་ང་ཚོ་ཡོང་བཞིན་པའི་མི་རབས་ཡིན། ང་ཚོ་ལ་དགོས་པ་དེ་ཁ་ཞེ་གཉིས་མེད་བོད་དོན་བསམ་མཁན་གྱི་བཀའ་ཁྲི་ཞིག་ཡིན་ལོ།

    Reply
  3. ཉི་ཟླ་སྐར་གསུམ། says:
    ལོ་ 14 སྔོན།

    དྲ་ཐག་འདིར་གཟིགས་དང་། བཀའ་ཁྲིའི་འོད་མི་ཁ་ཤས་དགོངས་པ་རང་ཞུས་ཆགས་འདུག་། ད་ག་རེ་བྱེད་དགོས་རེད་བསམ་བློ་གཏོང་།

    http://www.shambalapost.com/2008-11-09-14-14-57/5468-2011-02-18-14-26-49

    Reply
  4. ལི་ཐང་དོན་གྲུབ། says:
    ལོ་ 14 སྔོན།

    དྲ་གྲོགས་ཚང་མར་ལོ་གསར་ལ་བཀྲིས་བདེ་ལེགས་ཞུ། ཆབ་སྲིད་བཙོན་ཟུར་ཁོང་ལ་དམིགས་གསལ་གྱི་བཀྲིས་བདེ་ལེགས་ཞུ། གང་ཡིན་ཟེར་ན་ཆབ་སྲིད་བཙོན་ཟུར་ཞིག་ཡིན་པའི་ཆ་ནས་མ་འོང་པའི་བཀའ་ཁྲི་སྐོར་ལ་རྩོམ་ཡིག་ཞིག་བྲིས་པ་དེ་ངས་ལྷག་བསམ་རྣམ་དག་ཡིན་པའི་ཡིད་ཆད་ཡོད།

    Reply
  5. ཉི་ཟླ་སྐར་གསུམ། says:
    ལོ་ 14 སྔོན།

    བོད་མི་རིགས་ལ་ཤ་ཞེན་དང་བོད་ཀྱི་གནས་འགག་འདི་གཞོན་སྐྱེས་ཀྱིས་འགན་ལེན་དགོས་ཡོད་ན་། བློ་སེང་ལ་རྒྱབ་སྐྱོར་དང་འོད་བླུག་རྒྱུ་ནི་གལ་ཆེའི་ནང་གི་དོན་ཆེན་རེད་།

    Reply
  6. ཕྱུགས་རྫི says:
    ལོ་ 14 སྔོན།

    དྲ་གྲོགས་ཚང་མ་ལ་བཀྲ་ཤིས་བདེ་ལེགས་ཡོད་ལ་དེང་སང་གནས་ལུགས་མི་གཙོ་ཚིག་མཚོན་གཙོ་བོ་འཛིན་པ་མཐོང་ཡོང་འདུག་པས་དེ་ལས་ལྡོག་ན་བཟང་སྙམ་

    Reply
  7. བསྟན་འཛིན་འཕགས་པ། says:
    ལོ་ 14 སྔོན།

    ཆབ་སྲིད་བཙུན་ཟུར་སྟག་སྣག་འཇིགས་མེད་བཟང་པོ་ལགས་
    ལོ་གསར་པ་ལ་འཚམས་འདྲི་ཞུ་།

    བཀའ་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུ་སླེབས་ལ་ཉེར་བའི་སྐབས་འདི་ལ་ཕྱོགས་ཞེན་ཆེ་བའི་ཀླད་སྟོང་མི་ཉུང་བ་ཞིག་གིས་མི་མང་མགོ་སྐོར་སླུ་འཁྲིད་བྱས་ཐབས་དཀྲོག་གཏམ་དང་ཧམ་བཤད་བརྫུན་གཟོ་སོགས་མང་དག་བྱེད་ཀྱི་ཡོད་པས་སེར་སྐྱ་རྒན་གཞོན་ཚང་མས་ཡིད་གཟབ་གནང་གལ་ཆེ་བ་མཐོང་།མ་ཚད་ཡང་བློན་པོ་ཆུ་སྣ་གང་འཁྲིད་མི་ཡོངས་བའི་རེ་བ་དང་སྨོན་འདུན་ཞུ་།

    Reply
  8. Ngawang Norbu says:
    ལོ་ 14 སྔོན།

    tsering tashi ཟེར་བ་དེ་སུ་ཡིན་རུང་ཁོ་རང་རོ་མ་མཐོང་གོང་ནས་ངུ་མཁན་ཞིག་རེད་འདུག

    Reply
  9. tsering tashi says:
    ལོ་ 14 སྔོན།

    འཇིག་བཟང་ལགས་བཀྲིས་བདེ་ལེགས་།
    རྩོམ་ཡིག་དེ་འཇིག་བཟང་ལགས་ཀྱི་ཡིན་མིན་ལ་དོག་པ་ཡོད།
    ད་ཆ་བློ་སེང་འུག་ཐུག་ཐབས་ཟད་ཆགས་ཏེ་ལོ་རྒན་བརྒྱད་ཅུ་བརྒལ་བའི་རྒྱན་འཁོགས་ཤིག་གི་མཚན་གཡར་ཏེ་རྩོམ་ཡིག་དེ་འདྲ་སྤེལ་འདུག རྒན་འཁོགས་ཁོང་ནི་ཆབ་སྲིད་བཙོན་ཟུར་སྟག་སྣ་འཇིགས་མེད་བཟང་པོ་ལགས་རེད། བློ་སེང་ལགས་ཀྱིས་དང་པོ་གཞོན་སྐྱེས་རྒྱབ་རྩར་འཁྲིད་པ་དང་། བར་དུ་སེར་མོ་འཁྲིད་སླེབས་ཡོད། དེས་ཀྱང་ཕན་ནུས་ཆེར་མ་ཐོན་པར་བརྟེན། ད་ཆ་རྒན་འཁོགས་ཀྱང་འཁྲིད་ཡོང་གི་འདུག

    གལ་སྲིད་དེ་ཁོང་ཁོང་གི་བསམ་ཚུལ་ཡིན་ན། དགུ་བཅུ་གསུམ་ནི་བོད་གཞུང་བདེ་སྲུང་ལྷན་ཁང་གི་འོག་ཏུ་ཤར་བསྐྱོད་བྱེད་མཁན་ཞིག་ཡིན་པ་ལས་ཁྱེད་ནང་བཞིན་བདེ་སྲུང་ལྷན་ཁང་ལ་ཁ་གཏད་ལང་མཁན་དེ་འདྲ་རེད་མི་འདུག་དགོངས་དག་ལོ།

    Reply
  10. ཁྲི་སྲོང་བཙན། says:
    ལོ་ 14 སྔོན།

    ཁང་གསར་ལགས་ནས།

    རྩོམ་འདི་འདྲ་ཞིག་སྤེལ་ཐུབ་པའི་ཡ་མཚན་གྱི་གནས་ཚུལ་འདི་ལ་བཀྲ་ཤིས་བདེ་ལེགས་ཡོད། གསུང་ཤོར་སྟངས་འདི་ལ་བལྟས་ན་དབུ་གཙང་གི་མི་ཞིག་ནས་བློ་སེང་ལ་རྒྱབ་སྐྱོར་བྱེད་པ་རང་ཉིད་ཀྱི་བློ་ཡུལ་ལས་འདས་པ་འདྲ།།

    Reply
  11. tsering tashi says:
    ལོ་ 14 སྔོན།

    འཇིག་བཟང་ལགས་བཀྲིས་བདེ་ལེགས་།
    རྩོམ་ཡིག་དེ་འཇིག་བཟང་ལགས་ཀྱི་ཡིན་མིན་ལ་དོག་པ་ཡོད།
    ད་ཆ་བློ་སེང་འུག་ཐུག་ཐབས་ཟད་ཆགས་ཏེ་ལོ་རྒན་བརྒྱད་ཅུ་བརྒལ་བའི་རྒྱན་འཁོགས་ཤིག་གི་མཚན་གཡར་ཏེ་རྩོམ་ཡིག་དེ་འདྲ་སྤེལ་འདུག རྒན་འཁོགས་ཁོང་ནི་ཆབ་སྲིད་བཙོན་ཟུར་སྟག་སྣ་འཇིགས་མེད་བཟང་པོ་ལགས་རེད། བློ་སེང་ལགས་ཀྱིས་དང་པོ་གཞོན་སྐྱེས་རྒྱབ་རྩར་འཁྲིད་པ་དང་། བར་དུ་སེར་མོ་འཁྲིད་སླེབས་ཡོད། དེས་ཀྱང་ཕན་ནུས་ཆེར་མ་ཐོན་པར་བརྟེན། ད་ཆ་རྒན་འཁོགས་ཀྱང་འཁྲིད་ཡོང་གི་འདུག

    དགུ་བཅུ་གསུམ་ནི་བོད་གཞུང་བདེ་སྲུང་ལྷན་ཁང་གི་འོག་ཏུ་ཤར་བསྐྱོད་བྱེད་མཁན་ཞིག་ཡིན་པ་ལས་ཁྱེད་ནང་བཞིན་བདེ་སྲུང་ལྷན་ཁང་ལ་ཁ་གཏད་ལང་མཁན་དེ་འདྲ་རེད་མི་འདུག་དགོངས་དག་ལོ།

    Reply
  12. ཁྲི་སྲོང་བཙན། says:
    ལོ་ 14 སྔོན།

    རྒྱ་རྙི་ལགས། ཁྱེད་ནས་ཡང་བསྐྱར་འཇིགས་མེད་བཟང་པོ་ལགས་ཀྱི་རྩོམ་དེ་ཐེངས་ཅིག་ཀློག་རོགས། བློ་སེང་གི་སྐྱེས་དམན་ལ་ཡོན་ཏན་ཡོད་ཡོད་ཚུལ་བཤད་པ་ངས་མཐོང་མ་སོང་། གལ་སྲིད་ནང་དོན་མི་གོ་ན་ཤེས་མཁན་ཞིག་དྲིས་ནས་ད་བཟོད་མཆན་རྒྱག་ནས་ཕྱི་དྲགས་ཀྱི་མ་རེད།

    Reply
  13. ལུང་རྟོགས། says:
    ལོ་ 14 སྔོན།

    དཔའ་བོ་འཇིག་བཟང་ལགས་ལ་མཚམ་འདྲི་དང་ལོ་གསར་བཀྲ་ཤིས་བདེ་ལེགས་ཞུ། དེང་སང་སློབ་གྲྭ་མགའ་རེ་ནང་དགེ་རྒེན་ཚོས་སློབ་ཕྲུག་རྣམས་ལ་བཀྲས་མཐོང་ལ་འོས་ཤོག་བླུག་དགོས་པའི་རྒྱུད་བསྐུལ་བྱེད་བཞིན་འདུག་ཟེར། གཏམ་དེ་བདེན་པ་ཡིན་ན། དེ་ནི་མིའི་རང་དབང་ལ་བརྩིས་མེད་གཏང་བ་རེད་ལ། དམང་གཙོའི་གོ་རྟོག་མེད་པའི་རྟགས་ཀྱང་རེད།

    Reply
  14. རྒྱ་རྙི། says:
    ལོ་ 14 སྔོན།

    འཇིགས་མེད་བཟང་པོ་ལགས་ཆབ་སྲིད་བཙོན་པ་ཡིན་པར་རྒྱབ་སྐྱོར་ཡོད།
    ཡིན་ཡང་མི་རྒན་ཤེས་ཡོན་མེད་མཁན་ཞིག་གིས་ཆབ་སྲིད་ཀྱི་སྐད་ཆ་བཤད་ན་འདི་ཡིན་དང་ཡིན་བསམ་པ་ཞིག་སྐྱེས་སོང་།
    གཅིག་ནི་བློ་སེང་གི་སྐྱེས་དམན་དེ་ཡོན་ཏན་ཡོད་ཚུལ་བཤད་པ་རེད།
    གཉིས་ནི་བཙན་བྱོལ་ནང་གི་ཆབ་སྲིད་པ་ཐ་ཤད་བསྟན་འཛིན་བརྩོན་འགྲུས་ལྟ་བུ་ཤེས་བྱེད་དུ་དྲངས་པ་རེད།
    སྐད་ཆ་འདི་གཉིས་ནི་ཆབ་སྲིད་ཤེས་མིན་ཚང་མས་ཆབ་སྲིད་བཤད་ན་ནོར་འཁྲུལ་ཚབས་ཆེ་བའི་མཚོན་རྟགས་ཙམ་རེད།

    Reply
  15. ཁང་གསར་རྡོ་རྗེ། says:
    ལོ་ 14 སྔོན།

    དཔའ་རྒོད་འཇིགས་བཟང་གིས་རང་གི་བསམ་ཚུལ་དང་དེའི་རྒྱུ་མཚན་གསལ་པོ་གསུངས་པར་གུས་བརྩི་ཡོད།
    ཉེ་དུས་གདོང་དེབ་ཀྱི་ནང་དུ། མི་ཞིག་གིས་དཔའ་རྒོད་འཇིགས་བཟང་ལ་སྙུང་ཡོད་བ་དང་། ཧ་ལམ་སྐུ་ཁམས་དང་སྐྱེད་ཡོང་བའི་རེ་བ་མེད་ཚུལ་ཞིག་བྲིས་འདུག ད་ཆ་སྐུ་ཁམས་དྭངས་པ་མ་ཟད་རྩོམ་འདི་འདྲ་ཞིག་སྤེལ་ཐུབ་པའི་ཡ་མཚན་གྱི་གནས་ཚུལ་འདི་ལ་བཀྲ་ཤིས་བདེ་ལེགས་ཡོད།

    Reply
  16. རྩོམ་སྒྲིག་པ། says:
    ལོ་ 14 སྔོན།

    དྲ་གྲོགས་གནམ་ལྕགས་ལགས། འདིར་ཡང་དེ་འདྲའི་དོགས་པ་ཞིག་བྱུང་ཡང་། དོ་བདག་གི་རྩོམ་ཡིག་ནང་རྩོམ་པ་པོའི་མིང་འདི་ལྟར་བྲིས་འདུག་ལ། ལག་སྣེ་སུ་ཞིབ་འཇུག་བྱེད་ས་ཞིག་ཀྱང་མ་རེག་སྟབས། གནས་སྐབས་སུ་འདི་ལྟར་བཞག་པ་ཡིན།

    Reply
  17. གནམ་ལྕགས། says:
    ལོ་ 14 སྔོན།

    རྩོམ་སྒྲིག་པ་ལགས། ཆབ་སྲིད་བཙོན་ཟུར་སྟག་སྣ་འཇིགས་མེད་བཟང་བོ་ཟེར་དགོས་པ་ལས་སྟག་སྣག་ཨེ་ཡིན་ནམ། འདི་ལ་བསྐྱར་ཞིབ་ཅིག་བྱེད་པར་འཚལ།

    Reply
  18. བསྟན་འཇམ། says:
    ལོ་ 14 སྔོན།

    སྟག་སྣ་འཇིགས་མེད་བཟང་པོ་ལ་ལོ་སར་ནང་སྐུ་ཉིད་ཀྱི་བསམ་དོན་ལྷུན་གྱི་འགྲུབ་པའི་བཀྲ་ཤིས་སྨོན་འདུན་ཞུ་བ་དང་ཆབས་གཅིག་བཀའ་ཁྲིའི་འོས་མི་བློ་བཟང་སངྒེ་ལ་རྒྱབ་སྐྱོར་བྱས་པ་རྗེས་སུ་ཡིད་རང་ཡོད །

    ང་མི་ཆུང་ཆུང་ཞིག་གི་ངོས་ནས་བསམ་བློ་རི་འདྲ་བ་རེ་ཐེངས་མང་བཏང་མཐར་འོས་ཤོག་གཅིག་བུ་དེ་བློ་བཟང་སངྒེ་ལ་འཕེན་པའི་སེམས་ཐག་གཙང་བཅད་བྱས་ཡོད ། རྒྱུ་མཚན་དང་ལུགས་མང་པོ་འདྲུད་མི་དགོས་པའི་ཐོག་ནས་གཏམ་དྲང་ཤེད་འགའ་རེ་གླེང་ན། ཡག་སྡུག་གཉིས་གཅིག་ལ་གཅིག་བརྟེན་གྱི་བལྟོས་གྲུབ་ཡིན་པས་ན་དང་ཐོག་བཀའ་ཁྲིའི་འོས་མི་བཅུ་དགུའི་ནང་ནས་བསྲིས་ཏེ་མཐར་འོས་མིར་གསུམ་རང་ཆགས་པ་དེ་ཡང་འདྲ་འདྲ་ནང་ནས་མ་འདྲ་བ་ཞིག་ཕྱིར་རུ་མངོན་ཐུབ་ཡོད ། གསུམ་ནང་གི་ནང་ནས་འཚམས་འོས་ཤོས་དེ་བོད་མི་རིགས་ཀྱི་མ་འོངས་པའི་འཐབ་རྩོད་ལ་གདོང་གཏད་དེ་མི་རབས་འདིའི་པང་དུ་ཐབས་བརྒྱ་ཇུས་སྟོང་གིས་བསྒྲུབ་ཅི་ཐབས་བྱེད་དགོས་སྟབས ། མི་རབས་རྒན་པའི་དཀའ་སྡུག་དང་མཉམ་མྱོང་གི་བསླབ་བྱའི་ཤ་དྲོད་རྩ་དོན་འདི་འཇུག་སྐྱོངས་མཁན་མི་རབས་གསར་བའི་ལག་འཐུལ་ཏུ་འཇོགས་དགོས ། དེ་བས་ན་བློ་བཟང་སངྒེ་ད་ལྟའི་གནས་བབ་འདི་བཀའ་ཁྲིར་འོས་ཤོས་རེད་ཅེས་ལབ་ཀི་ཡོད །

    མི་རབས་གསར་རྙིང་གཉིས་ཀིས་བཀའ་བསྐྱད་འབད་འབུང་མཉམ་བསྲེས་བྱས་ན་ལེགས་ཉེས་ཅི་བྱུང་ཡང་གཅིག་གི་གཅིག་ལ་ཁག་འགེལ་སར་མེད་པའི་མདུན་སྐྱོད་མཉམ་ལས་ཀྱི་ཐད་ལ་ཡང་དགེ་ཕན་ཆེན་པོ་འབྱུང་ངེས་རེད་ ། སྐྱོན་བརྗོད་ཀྱི་ལམ་ནས་བློ་སང་གི་འོས་གྲངས་མར་གཅོག་ཐབས་བྱེད་དང་བྱས་པ་དེ་ཚོར་གཅིག་ནས་གཞི་མེད་བསྙོན་འཛུགས་དང་གཉིས་ནས་མི་གཞི་སྒེར་ལ་སྐྱོན་བཀལ་ཐབས་བྱས་པ་ཙམ་ལས་མ་འོངས་རྩ་དོན་ཐད་ལ་གཞིག་སྟེ་འབྲི་ཐབས་སྦྱད་པ་ཞིག་མ་རེད །

    སྔར་འཇོན་རབས་དང་ཕྱི་ཚུལ་ལ་བལྟས་པ་ཙམ་གྱིས་ཡིད་བློ་ཁེངས་པ་མིན་པར་ད་ལྟའི་བོད་ཀྱི་གནས་བབ་དང་རྒྱལ་སྤྱིའི་ཁ་ཕྱོགས་རིག་ཐུབ་མཁན་ཞིག་ང་ཚོའི་འགོ་ཁྲིད་དུ་སླེབས་དགོས ། ད་ལྟའི་འཛམ་གླིང་འདིར་ཁ་སང་གི་ཨེ་ཇིབ་དང་དེ་རིང་ལིས་བྷེ་ཡ་སང་ཉིན་གི་རྒྱ་ནག་བཞིན་དྲང་གཏམ་ཤེད་ཆེ་བའི་གོ་ལ་དང་ཁྲིམས་ཀྱི་ཁོར་ཡུག་ཅིག་ཏུ་སླེབས་ཀྱི་སྟབས ། ང་ཚོ་ཁེན་ས་ཡོད་ན་མེད་ན་དེ་ཁྲིམས་ལུགས་རང་ཆགས་ཡོད ། ད་ལྟི་དགོས་འདུན་དེ་ཡང་རྒྱ་ནག་གི་རྩ་ཁྲིམས་འོག་ཆོལ་གསུམ་རང་སྲིད་རང་སྐྱོང་སློང་བཞིན་པ་དེ་ཡང་རྒྱ་ནག་གི་ཁྲིམས་ལ་རྒྱབ་རྩ་གཏད་ཡོད ། འུ་ཅག་ཆབ་སྲིད་པའི་རྩ་དོན་སྒྲུབ་མཁན་ཚོར་ད་ལྟའི་སྤྱིའི་གནས་བབ་འདིའི་འོག་ནས་བོད་ཀྱི་གནད་དོན་སེལ་དགོས་ན་རྒྱ་ནག་གི་རྩ་ཁྲིམས་མ་རེ་བའི་ལམ་ཁ་མེད་པས་ཁར ། ཁྲིམས་ལུགས་ཆེད་མཁས་པ་མང་པོ་མེད་པའི་ནང་ནས་བློ་བཟང་སངྒེ་བཀའ་ཁྲིར་ངེས་པར་དུ་སླེབས་དགོས །
    ཡིག་ནོར་དང་གཏགས་ནོར་རེ་ཡོད་ཚེ་ཀློག་པ་བོ་རྣམས་ཀྱིས་བཟོད་སྒོམ་བཞེས་རོགས །

    Reply
  19. ཕྱུགས་རྫི says:
    ལོ་ 14 སྔོན།

    ལོ་གསར་པ་ལ་སྤུན་ཟླ་ཡོང་ལ་་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ད་དང་དྲང་བདེན་ཅན་ལ་དམིགས་བསལ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

    Reply
  20. ཇ་མ་ says:
    ལོ་ 14 སྔོན།

    ཁོང་གི་གསུང་པ་ལ་རྒྱབ་སྐྱོར་ཧ་ཅང་ཡོད།

    Reply
  21. Ngawang Norbu says:
    ལོ་ 14 སྔོན།

    ༄༅། །རི་བོང་ལགས་སུ་ཞུ་རྒྱུར། ཁྱེད་རང་གི་མཚན་དོན་ཧ་ཅང་མཚུང་པོ་འདུག གོང་དུ་ཁྱེད་རང་གི་མཆན་དེར་བལྟ་དུས་སློབ་གྲའི་སློབ་དེབ་ནང་ཡོད་པའི་རི་བོང་ཅལ་འའགྲོགས་ཀྱི་སྒྲུང་དེ་དྲན་གསོ་ཡག་པོ་ཞིག་བྱུང་སོང་། ཁྱེད་རང་རི་བོང་ཅལ་འགྲོགས་རང་རེད་འདུག ཐུགས་འཁྲལ་མེད་པ་ཞུ། ཐུགས་ཆུང་ཆུང་ཐུགས་ལས་མ་གནང་ཞིག དྲོ་ཆུང་ཆུང་ལྷག་པས་འཁྱེར་དྭོགས་མེད།
    འཁྱེར་ཟེར་ན་ལྷག་པ་ཡིན་དྭོགས་མེད།

    Reply
  22. ལྷ་སྲིན་གྱི་བུ། says:
    ལོ་ 14 སྔོན།

    ངས་བཀའ་བློན་ཁྲི་པའི་འོས་མི་གསུམ་ལ་པོ་ལ་གུས་ཞབས་བྱེད་ཀྱི་ཡོད་པ་མ་ཟད་ཁོང་གསུམ་པོ་སུ་ཞིག་ཀའ་བློན་ལ་འཐོབ་པ་ཡིན་ཀྱང་ངས་ཀྱང་མཐའ་གཅིག་ལ་རྒྱབ་སྐྱོར་ཞུ་རྒྱུ་ཡིན།
    འོན་ཀྱང་དྲ་རྒྱའི་ནང་ལ་རྩོམ་ཡིག་འབྲི་མཁན་རྣམས་ཀྱིས་མཁས་དབང་བློ་སེང་གི་མི་གཞི་ལ་སྨ་འབེབས་བྱེད་ནས་གཞི་མེད་དཀྲོག་གཏམ་གང་མང་བྱེད་མཁན་རྣམས་ནི་མི་གཞི་ཀུན་སྤྱོད་ཏག་ཏག་བསྡ་མེད་་ངོས་འཛིན་བྱེད་ཀྱི་ཡོད།
    ཕར་བློ་སེང་ལ་སྐྱོན་འཛུག་མ་བྱས་པའི་སྔོལ་ལ་རང་ཉིད་ཀྱིས་ལོ་སེང་ལས་ལྷག་པའི་བྱས་རྗེས་ཅི་ཞིག་ཞག་ཡོད་་་་འཛུབ་མོ་ནང་ལ་བཀུག་ནས་བསམ་བློ་ཞིབ་པར་ཐོངས་དང།
    གཞི་ནས་ཁྱོད་ཀྱི་བློ་སེང་ལ་སྐྱོན་འཛུག་བྱས་པ་རྣམས་ལ་ཞུ་བཤགས་བྱེད་དགོས་བ་དུ་མ་ཞིག་མཐོང་ཡོང།

    Reply
  23. རྨོངས་སད་སྒྲོན་མེ། says:
    ལོ་ 14 སྔོན།

    རྒྱལ་གཅེས་དཔའ་བོ་རྟ་ནག་འཇིགས་མེད་བཟང་པོ་མཆོག་ལ་་གནམ་ལོ་གསར་ཚེས་ལ་འཚམས་འདྲི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན། གཟུར་གནས་དཔའ་བོ་ཁྱེད་ཀྱིས་བོད་མི་རིགས་ལ་བཅངས་པའི་ལྷག་བསམ་དང་གཅེས་ཞེན་དེ་ནི་ཁ་བཤད་ཆུ་ཡི་དབུ་བ་དང་། ལག་ལེན་གསེར་གྱི་ཐིགས་པ་ཙམ་མ་ཡིན་པར། དོན་དངོས་ལ་གཞིགས་ནས་བཤད་པ་ཞིག་ལ་ཆ་འཇོག་ཐུབ། བཀའ་ཁྲི་འོས་མི་གསུམ་ལས་སུས་བཀའ་ཁྲིའི་བཞུགས་ཁྲི་འཛིན་ནའང་ཁྱད་པར་ཆེན་པོ་མེད་ཀྱང་། སྐབས་བབ་དུས་ཀྱིས་བསྐུལ་བའི་དགོས་མཁོ་དང་། གཞིས་བཞུགས་སྤུན་ཟླ་རྣམས་ཀྱི་མངོན་འདོད་ལྟར་བོད་མི་རིགས་ཀྱི་རང་དབང་འཐབ་རྩོད་ཀྱི་འགན་ཁྲི་དེ་་གཞོན་རབས་པ་རྣམས་ཀྱི་ཕྲག་སྟེངས་ན་འཕོས་ཐུབ་ན་དེ་ལས་དགེ་མཚན་ཆེ་བ་ཅི་ཞིག་ཡོད། སྐུ་བའི་གཅེན་པོ་རྒྱལ་ལོ་དོན་འགྲུབ་ལགས་ཀྱིས་གསུངས་པ་བཞིན། ༧གོང་ས་མཆོག་སྐུ་འཚོ་བཞུགས་སྐབས་སུ་མཁྱེན་ཡོན་གྱིས་འཕྱུག་པའི་གཞོན་རབས་དུ་མ་ཞིག་བཀའ་ཁྲི་ཙམ་མ་ཡིན་པར་གཞུང་ཞབས་ལས་བྱེད་དུ་བསྐོར་བཞག་བྱས་ནས་འགན་འཁྲི་ཞིག་ད་ལྟ་ཁུར་དུ་བཅུག་ན་དེ་བས་དགེ་མཚན་ཆེ་བ་མངོན། དེས་ན་མིག་ལྡན་གཡང་མཆོངས་མ་བྱས་པར། དོན་དངོས་ལ་གཞིགས་ནས་བཀའ་ཁྲི་ཞིག་འཚོལ་དུས་བློ་སེང་ལས་ལྷག་པ་ཞིག་ཕྱོགས་གང་བལྟས་ན་མཐོང་རྒྱུ་མི་འདུག

    Reply
  24. རི་བོང། says:
    ལོ་ 14 སྔོན།

    སྙིང་རྗེ་བསམ་པ་རྣམ་དག་རེད། བློ་སེང་ཁོ་རང་གིས་བྲིས་པ་འདྲ་ཞིག་འདུག དག་སྣང་སྒོམ་མཁན་རང་ཡིན་རེད།

    Reply
  25. གནས་ཚང་། says:
    ལོ་ 14 སྔོན།

    སྟག་སྣ་འཇིགས་མེད་བཟང་པོ་ལགས་ཀྱི་གསུང་འདི་བོད་ནང་བཙོན་འོག་ཏུ་ཡོད་པའི་བཙོན་པ་སྤྱི་ནས་བརྗོད་འདོད་པའི་སྐད་ཆ་རེད་ཅེས་བཤད་ཆོག་ལ། བོད་ཀྱི་གནད་དོན་སེལ་རྒྱུ་དེ་ཐབས་ལ་བརྟེན་དགོས་ཀྱི་ཡོད་པས་ཀྱང་རེེད།

    ལྷག་པར་དུ༼དཔོན་ཆེན་མི་ཆེན་སོགས་བཀས་བཀོད་བརྒྱུད་འཛིན་པ་དང་རྒྱབ་ལྗོངས་ཡོད་པ་ཞིག་མི་འགྲིག་ཚུལ་གསུངས་ཡོད་པ༽ཞེས་པ་བོད་ནང་གི་མི་རབས་གསར་བའི་རེ་སྙེག་རེད་ལ། གལ་སྲིད་བོད་དོན་ལ་མི་རབས་གསར་བའི་འགན་འཁུར་འོས་ཀྱི་ཡོད་ན། ཁ་ཕྱོགས་འདིར་སུས་ཀྱང་འགོག་རྐྱེན་བཟོ་མི་འོས་པ་ཞིག་ཡིན། ད་དུང་རྒྱ་གཞུང་གིས་ཞིང་བྲན་ལམ་ལུགས་རོ་ལངས་རྒྱག་འདུན་རེད་ཅེས་པར་བྱ་སྤྱོད་ཀྱི་སྒང་ནས་ལན་དཔོག་ཡོད་པ་རེད།

    དེ་བས། རྒྱ་གཞུང་གི་འདོད་འདུན་སྒྲུབ་རྒྱུ་ཡིན་ནམ། བོད་དོན་མཐར་འཁྱོལ་བ་གནང་གི་ཡིན་མིན་ཚང་མ་ལོར་གདམ་གར་ལྷག་ཡོད་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese