མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ངའི་སྙིང་ཆུང་གས་གྲབས་བྱེད་པའི་སྐད་ཆ་ཞིག

བོད། ཤ་ཁྲག་རུས་གསུམ།
༢༠༡༡/༠༣/༡༣
Share on FacebookShare on TwitterShare on EmailShare on Whatsapp

ཏྰ་ལའི་བླ་མ་ཚར་སོང་བ་རེད་ཅེས་གློ་བུར་བའི་སྐད་ཆ་འདི་བཤད་མཁན་ནི་ང་རང་གི་ལས་ཀ་བྱེད་ས་ནས། དུས་རྒྱུན་དུ་ཁ་ལག་རིགས་ཟ་ཁང་ལ་བཙོང་སྒྱུར་བྱེད་མཁན་གྱི་ཨེས་སུ་རལ་གྱི་གཞོན་སྐྱེས་ཤིག་རེད། ཁོ་བོས་ཐོག་མར་ང་རང་མཐོང་དུས་སུ་རྒྱ་མི་ཞིག་ཡིན་བཞག་གིས་ང་ལ་ཨ་རོགས་རྒྱ་མི་ག་རེ་དགོས་ཟེར་ནས་དྲིས་མྱོང་ཡོད།

ཕྱིས་སུ་ཁོ་ལ་ངས་རང་ཉིད་བོད་མི་ཞིག་ཡིན་ཚུལ་ཞིབ་དུ་བཤད་རྗེས་སུ་རྒྱུན་དུ་ང་ལ་ཨ་རོགས་བོད་མི་ཁྱེད་རང་ལ་དགོས་པའི་ཅ་དངོས་གང་ཞིག་འདུག་ཞེས་དྲི་བ་ནི་ཁོ་རང་གི་ཐོག་མའི་ང་ལ་སྐད་ཆ་བཤད་སྟངས་དེ་ཡིན།

གསུམ་བཅུའི་དུས་དྲན་ཉིན་མོ་ང་རང་ལས་ཀ་ན་ཡོད་ལ། ཁོ་རང་གིས་ང་ལ་ཞོགས་པ་དེར། ཏྰ་ལའི་བླ་མ་ཚར་བ་རེད་ཅེས་བཤད་མ་ཐག ངའི་སྙིང་ཆུང་ཁ་ནས་ཐོན་གྲབས་བྱེད་ཀྱིན། ཁོག་ལ་སྐོར་ལོག་ཞིག་དྲན་དུ་བཅུགས་སོང་བ་དང་ཁྱབ་གཅིག ངས་ཁོ་ལ་ཁྱེད་རང་གིས་ག་རེ་གསུངས་ཀྱི་ཡོད། ཏྰ་ལའི་བླ་མ་ཚར་བ་རེད་ཟེར་དོན་ཅི་ཡིན་ཞེས་དྲིས་དུས།

ཁོ་རང་གིས་ཁོ་རང་བོད་མིའི་སྲིད་འཛིན་ལས་དགོངས་པ་ཞུས་འདུག་ཞེས་ཅུང་རྒྱུན་ལྡན་རང་བཞིན་གྱིས་རྣམ་འགྱུར་དང་བཅས་ང་ལ་ལན་འདེབས་སྟབས་བདེ་བོ་དེ་གནང་མ་ཐག ངའི་སེམས་པ་ལྷོད་དུ་འབབ་ཞོར། ཁྱེད་རང་གིས་སྐད་ཆ་དེ་འདྲ་ཞིག་གང་ནས་ཐོས་པ་ཡིན།

                                                གསར་འགྱུར་ལས།
                                                གསར་འགྱུར་གང་ནས། བརྙན་འཕྲིན། རླུང་འཕྲིན་རེད།
                                                བརྙན་འཕྲིན་རེད།
                                                འོ་ན། ག་དུས་བསྟན་སོང་། 
                                                ཁ་སང་ཕྱི་དྲོ།

ཨོ་རེད་རེད། དེ་ནི་གསར་བ་གང་ཡང་མ་རེད། ཁྱེད་ཚོས་ད་གཟོད་མ་གཏོགས་མ་གོ་བ་རེད་མ་གཏོགས། ཁོང་གིས་སྔ་མོ་ནས་བགྲེས་ཡོལ་ཕྱེད་གནང་ཟིན་པ་རེད་ལ། ཟླ་ངོ་ཁ་ཤས་ཀྱི་སྔོན་ནས་བཟུང་ཁོང་གིས་ང་ཚོ་བོད་མི་དག་ལ་བགྲེས་ཡོལ་ཆ་ཚང་གནང་རྒྱུའི་བཀའ་སློབ་གསལ་བོ་གནང་ཡོད་པ་རེད། ཡིན་ཡང་། ཁྱེད་ཀྱིས་ཏྰ་ལའི་བླ་མ་ཚར་སོང་ཟེར་བའི་སྐད་ཆ་དེ་ནི་ཡག་པོ་མ་རེད། ཏྰ་ལའི་བླ་མ་ནི་ནམ་ཡང་ཚར་རྒྱུ་ཡོད་པ་མ་རེད། བོད་མིའི་ཆོས་ལུགས་ཀྱི་དབུ་ཁྲིད་དུས་དང་ནམ་པ་ཀུན་དུ་ཡིན་པ་རེད་ཅེས་རང་གིས་གང་ཤེས་ཁོ་ལ་གསལ་བཤད་བྱས་པ་ན། ཁོ་རང་གིས་མགོ་བོ་གཡུགས་ཞོར་དུ། རེད་རེད། ཆོས་ལུགས་ཀྱི་དབུ་ཁྲིད་རྐྱང་བ་ལས། སྲིད་བློན་གྱི་ལས་འཁུར་རྫོགས་པ་རེད། གང་ལྟར། ཁོ་རང་ཚར་བ་རེད་ཅེས་ཁོའི་སྐད་ཆ་མཇུག་བསྡུ་གྲབས་བྱས།

ངས་རང་གི་ལས་ཀ་རེ་ཞིག་བཞག་ནས་ཁོ་ལ་མུ་མཐུད་དུ་བོད་མིའི་སེམས་ནང་གི་ཏྰ་ལའི་བླ་མ་ངོ་སྤྲོད་བྱས་པ་ན། མ་བྱན་ཆེན་མོ་དེས་མི་དེར་ད་འགྲིག་སོང་། འགྲིག་སོང་། ཆབ་སྲིད་ཀྱི་སྐད་ཆ་དེ་ཚོ་ང་ཚོ་ལ་དགོས་པ་མ་རེད་ཅེས་བར་མཚམས་གཅོད་རྩིས་བྱས་ན་ཡང་། ངས་ཁོ་ལ་བཙན་བྱོལ་བོད་མིའི་སྲིད་བློན་ནི་ལོ་ངོ་བཅུའི་གོང་ནས་ཡོད་པ་དང་། ད་སྐབས་ཀྱང་བཙན་བྱོལ་བོད་མིའི་སྲིད་བློན་གསར་བ་འདེབས་བཞིན་པའི་སྒང་རེད། མི་རིང་བར་ཡང་གསར་བ་ཞིག་སླེབས་ངེས་རེད་ཅེས་བཤད་པ་ཡིན།

དངོས་ནས་སྐད་ཆ་དེ་ཏྰ་ལའི་བླ་མ་ཚར་སོང་བ་རེད་ཅེས་པའི་དོན་དེར་བོད་མི་དག་གིས་ག་རེ་བསམ་གྱི་ཡོད་ན་སྙམ་ནས། ངས་དེ་རིང་ཆེད་དུ་ཏྰ་ལའི་བླ་མ་ཚར་སོང་བ་རེད་ཅེས་པའི་རྩོམ་ཆལ་འདི་བོད་མི་གང་ན་སུ་ཡོད་པ་དག་གི་མིག་ངོར་བཀྲམས་པ་ཡིན། ང་ཚོ་ལ་ཏྰ་ལའི་བླ་མ་ལས་གཞན་པའི་བོད་ཀྱི་བདེ་སྡུག་ལ་ཁ་ཡང་བྱེད་ཐུབ་མཁན་གྱི་སྲིད་བློན་ཞིག་རེག་གི་རེད་དམ། སྲིན་བློན་དེ་འདྲ་ཞིག་འཛམ་གླིང་མི་མང་གི་མིག་ནང་དུ་སླེབས་ཐུབ་སྲིད་དམ།

ད་ནི་སྐད་ཞོར་འཕྲོས་ཤིག་ཞུས་པ་ཡིན་ན། རྒྱལ་བ་རིན་པོ་ཆེ་ཚང་གིས་དགོངས་བཞེས་གནང་བ་ཡིན་ན། ག་རེ་ཡིན་ཡང་བྱེད་བདེ་བོ་ཡོད་པར་འདོད་མཁན་གྱི་སྲིད་དོན་པ་དག་གིས་དངོས་ནས་བོད་དོན་དུ་འགུལ་བསྐྱོད་ཅིག་རྒྱགས་ཐུབ་བམ་ཅི།

དགོངས་མོ་དེར་སླར་ཡང་བརྙན་འཕྲིན་ལས་གསུམ་བཅུའི་དུས་དྲན་གྱི་༧གོང་ས་མཆོག་གི་གསུང་བཤད་གནང་བའི་སྐོར་ཞིག་དང་བཅས་བརྙན་འཕྲིན་ལས་ཁོང་གིས་བོད་མིའི་སྲིད་དོན་གྱི་ཐུགས་མཁན་བཞེས་མཚམས་བཞག་པའི་སྐོར་མདོར་བསྡུས་ཤིག་བསྟན་སོང་།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་འགྱུར་ལྡོག རེ་བ་དང་གདོང་ལེན་གླེང་བ། ༢༠༢༣།༠༦།༨-༡༠ དུས་བབ་ཀྱི་པར།
Mobile App

རྒྱ་ནག་གི་བཙན་གནོན་མྱོང་བཞིན་པའི་མི་རིགས་མི་འདྲ་བས་མ་འོངས་ནུས་པ་མཉམ་སྤུང་གི་གཞི་རྟེན་འཚོལ་གྱི་འདུག

༢༠༢༣/༠༦/༠༨
Advertisement for App

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སྐབས་གཉིས་པའི་འབུམ་རམས་སློབ་མ་གསར་བསྡུའི་གསལ་བསྒྲགས།

༢༠༢༣/༠༦/༠༨
Sikyong Penpa Tsering and the members of the Tibetan Parliament’s Standing Committee with the diplomats of the US Embassy, Photo : TibetDotNet
Mobile App

བཀའ་སྤྱི་གཉིས་ཀྱིས་རྒྱལ་ས་ལྡི་ལིར་བོད་དོན་ཞུ་གཏུགས་ལས་འགུལ་སྤེལ།

༢༠༢༣/༠༦/༠༨
Mobile App

བོད་ཀྱི་འདས་དོན་གྱི་བསམ་ཚུལ་འགའ་གླེང་བར་བྱ།

༢༠༢༣/༠༦/༠༧
བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་།

༢༠༢༣/༠༦/༠༥
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

༢༠༢༣/༠༦/༠༥

མཆན། 12

  1. sha tak ri sim says:
    ལོ་ 12 སྔོན།

    སྤུན་ཟླ་དག་གི་རེ་སྐུལ་དང་ལེན་བྱས་ཡོད། ཁྱེད་ཅག་གི་བསམ་ཚུལ་གསུངས་པ་དེར་དགའ་ནས་ཡོད། རྗེས་སུ་ཕེབས་རྐྱང་བྱོས། ག་རེ་ཡོད་ན་དྲང་མོ་གསུང་རོགས། དེ་ནས་བསམ་ཚུལ་བརྗེ་ལེན་བྱེད་ཆོག་གི་རེད། ཡག་ས་རྐྱང་བར་བལྟས་དེ་མ་འདུག སྡུག་ས་ལ་བསམ་བློ་ཞིབ་མོ་གཏོང་རོགས་ཞུ།

    Reply
  2. ogyen dorjee says:
    ལོ་ 12 སྔོན།

    དྲྭ་གྲོགས་ལགས།
    མགོ་བརྗོད་སྙན་མོ་མི་འདུག བརྗེ་བོ་རྒྱག་རོགས།

    Reply
  3. tinzen123456 says:
    ལོ་ 12 སྔོན།

    ཨ་རོ། ཐན་ཁ་ཁྱོད་ཀྱིས་ཅི་ཟེར་བ་ཡིན། མིང་བྱང་འདི་འདྲ་ཞིག་བཏགས་བཟོད་པ་དེ། ཁྱོད་ཀྱི་སེམས་ནང་ན་སྐྱབས་མགོན་རིན་པོ་ཆེ་ལ་རྩིས་འདང་དེ་འདྲ་ཞིག་ལས་མེད་པའི་མཚོན་རྟགས་རེད། མིང་ངན་དེ་དགྲ་བོའི་སྟེང་དུ་སྒྱུར། །བསྒྱུར་ངོ་མ་རྒྱ་མིའི་སྟེང་དུ་སྒྱུར། །

    Reply
  4. tajamt says:
    ལོ་ 12 སྔོན།

    ཨ་རོགས། ད་ནི་དངོས་གནས་ཁྱོད་ཀྱི་རྩོམ་གྱི་དམིགས་གཏད་ས་དེ་དོན་དངོས་ཀྱི་སྤྱི་ཚོགས་དང་རང་ཉིད་ཀྱི་ཁོར་ཡུག་ཡིན་པ་ཤེས་ཀྱི་འདུག དེ་ལས་འགྲེལ་བཤད་དང་གནས་ཚུལ། གནས་ལུགས་ཤིག་ཀྱང་འདྲེན་གྱི་ཡོད་པས། ངས་ཀྱང་ཁྱོད་ལ་ཨུ་ཚུགས་ཀྱི་ལྟ་བ་ཞིག་བཟུང་ནས་རེ་ཞུ་ཡང་ཡང་བྱས་པ་ཡང་འདིའི་རིགས་ཀྱི་འགོ་འབུས་ན་སྙམ་པས་ཡིན། ད་ལྟ་ཁྱོད་ཀྱིས་གཞི་ནས་འགོ་འཛིན་བཞིན་པའི་སྐབས་སུ་མཆིས་པས། ཅི་ཞིག་ནས་གང་ཞིག་ཏུ་བསྐྱལ་བའི་གོ་རིམ་དེ་ཡང་ཅུང་བན་བུན་ཞིག་ཡིན་སྲིད་ཀྱང་། ག་ལེར་གོམས་པར་གྱུར་ཚེ་དེ་བས་ཀྱང་བཀྲག་མདངས་ཤིག་རྒྱས་པར་བདག་ལ་ཡིད་ཆེས་ཟབ་མོ་ཡོད།

    Reply
  5. sonamgyaltsen says:
    ལོ་ 12 སྔོན།

    བརྩམ། སོགས་སུ་བཅོས་རོགས།

    Reply
  6. sonamgyaltsen says:
    ལོ་ 12 སྔོན།

    འཇར་པན་གྱིས་ལོ་འགའི་སྔོན་ལ་འཁྲབ་པའི་ས་ཡོམ་དང་ཉིང་རྡུལ་གློག་ཁང་འཇིག་པ་སོགས་ཀྱི་གློག་བརྙན་མང་པོ་ཞིག་ད་ཆ་འདི་དང་ཨ་ན་མ་ན་ཆགས་ན་ད་ལྟ་འཇར་པན་པས་རྣམ་རྟོག་བྱེད་པའི་མགོ་རྩམ་འདུག
    མ་གཞི་ལྟས་དབང་རེད་ལ་བསམ་བློ་དེ་རིགས་རྨོང་དད་ཡིན་སྲིད་ཀྱང་། ལ་ཉེ་དང་འཛེམས་བྱ་ཟེར་བ་དེ་མེད་མཁན་གྱི་སྤྱི་ཚོགས་ཤིག་སའི་སྟེང་ན་མེད།
    ཁྱད་པར་སྐུ་མདུན་ཡིད་བཞིན་ནོར་བུའི་མཚན་འབྲེལ་གྱི་འདི་ལྟ་བུའི་མགོ་བརྗོད་ཅན་གྱི་གནས་ཚུལ་སྤེལ་བར་མོས་མཐུན་ཞུ་ཐུབ་ཀྱི་མི་འདུག
    ང་ཚོས་གནད་དོན་གང་གི་ཐད་ནས་ཀྱང་རྨི་ལམ་དུ་ཡང་འདི་འདྲའི་ཚིག་ཐོས་རྒྱུར་རེ་བ་བྱེད་ཀྱི་མེད།
    སྐྱོན་བརྗོད་མིན་ཡང་ཞུ་བ་ཡིན། མགོ་བརྗོད་བརྗེ་བོ་རྒྱག་རོགས།
    དུས་བབ་ཀྱི་ཟིན་བྲིས་པ་རྒན་ཤོས་ལགས།

    Reply
  7. dongbu says:
    ལོ་ 12 སྔོན།

    ཤ་ཁྲག་ལགས། བཀྲ་ཤིས་བདེ་ལེགས།
    དེ་ད་རེད་མོ། རྩོམ་བྱང་འདིས་ང་རང་འདྲོགས་སུ་བཅུག་སོང།
    ༧རྒྱལ་བ་རིན་པོ་ཆེ་ནི་བོད་མི་ས་ཡ་དྲུག་གི་༧སྐྱབས་མགོན་རེད། སྔོན་མ་ཡང་རེད་ལ། ད་ལྟ་ཡང་ཡིན་པ་མ་ཟད། མ་འོངས་པར་ཡང་རེད། བོད་མི་ས་ཡ་དྲུག་གི་སེམས་ཁོང་གི་༧རྒྱལ་བ་རིན་པོ་ཆེའི་ཚབ་སུས་ཀྱང་བྱེད་ཐུབ་ནི་མ་རེད། ངས་དུས་དང་རྣམ་པ་ཀུན་ཏུ་༧ཡིད་བཞིན་ནོར་བུ་ནི་བོད་མི་ས་ཡ་དྲུག་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་སྒྲིལ་གནང་མཁན་གྱི་༧སྐྱབས་མགོན་དངོས་དེ་ཡིན་པར་བསམ་བཞིན་ཡོད། འདི་ནི་ང་ཚོས་༧ཁོང་ལ་བཅངས་བའི་ཡིད་ཆེས་དང་དད་པ། དམ་ཚིག་བཅས་ལས་བྱུང་བ་རེད་ལ། ༧ཁོང་གིས་ང་ཚོར་ཡེ་ཤེས་སྤྱན་གྱིས་གཟིགས་ཤིང་བྱམས་པའི་ཐུགས་ཀྱིས་བསྐྱངས་བས་རེད།

    ད་ནས་བཟུང། སྲིད་བློན་གསར་པ་ཞིག་བོད་ཀྱི་ཆབ་སྲིད་ཀྱི་སྟེགས་བུ་མཐོ་ཤོས་དེར་སླེབས་པར་ངེས་ལ། སྲིད་བློན་གསར་པ་དེ་འགལ་ཟླའི་ལྟག་སྤྲོད་དུ་ཁེར་ཚུགས་ཀྱིས་ལངས་དགོས་པ་རེད། བསམ་གཞིགས་བྱེད་ཁག་པོ་ཞིག་རེད། ད་ལྟའི་བོད་པའི་སྤྱི་ཚོགས་ཀྱི་བསམ་བློའི་གནས་བབ་ལ་བལྟས་ན། འཛམ་གླིང་གི་མིག་ནང་གི་སྲིད་བློན་དེ་ཅི་འདྲ་ཡིན་མིན་ཕར་ཞོག ཐ་ན་བོད་པ་ཚོས་ཀྱང་གོང་དུ་བཀུར་ཁག་པོ་རེད། གང་ལྟར། ང་ཚོ་ལམ་ཁ་འདི་རུ་འདི་ལྟར་འགྲོ་དགོས་པས། བོད་པ་ཚོས་ཕྱོགས་ཞེན་དང་འཐེན་འཁྱེར་མེད་པར་གུ་ཡངས་དང་མཐུན་སྒྲིལ་གྱི་བསམ་བློ་ཞིག་འཁྱེར་དགོས་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་གོམ་སྟབས་དེ་ཡིན་པར་འདོད།

    Reply
  8. salygyal says:
    ལོ་ 12 སྔོན།

    ཤ་ཁྲག་ལོ་ལོ།
    རྩོམ་བྱང་དེ་བརྗེ་རོགས། ཟིན་བྲིས་དང་འཚམས་པའི་རྩོམ་བྱང་གཞན་པ་ཞིག་བྲིས་ན་འགྲིག་གི་རེད། ངས་རྣམ་རྟོགས་བྱས་བ་མིན་མོད། ཁ་ཉེས་བོས་ན་ལ་ཉེས་སྟེང་ལ་འགྲོ་ཟེར་སྲོལ་ཡོད་བ་རེད། ཁྲི་ལོ་བརྟན་པར་ཤོག་ཅེས་བའི་ཁ་གཡང་དེར་ནུས་བ་ཡོད་ན་ཚར་སོང་ཞེས་བའི་ཁ་ཉེས་དེ་ལ་དེའི་ཚོད་ཀྱི་ནུས་བ་ལོས་ཡོད། མི་ངན་ཁ་ན་གཏམ་ངན་ཞེས་བ་དེ་རེད། འདི་ནི་གྲོགས་པོ་རྙིང་བ་ཞིག་གི་ནང་གཏམ་ཡིན། མིས་བཤད་པའི་སྐད་ཆ་ཞིག་ཡིན་ནའང་ཁྱོད་ཀྱིས་དེ་བསྐྱར་ཟློས་བྱེད་དགོས་དོན་མི་འདུག ཐུགས་རྒྱལ་མ་བཞེངས། བདེ་མོ།

    Reply
  9. meylangdongnag says:
    ལོ་ 12 སྔོན།

    གྲོགས་པོ་ལགས། ཁྱི་སྐྱག་དེ་སུ་རེད། སྙིང་ལ་བདུད་ཞུགས་པ་མིན་ན་
    ཁ་སྟོང་ནང་ནས་ཚིག་སྟོང་དེ་འདྲ་འབུད་རྒྱུ་མ་རེད། སྐྱོ་བ་ལ།

    Reply
  10. sha tak ri sim says:
    ལོ་ 12 སྔོན།

    དངོས་ནས་ང་རང་ལ་སྐད་ཆ་འདི་བཤད་མཁན་གྱིས་ཅུང་ཙམ་རིང་སྙིང་ཆུང་ཁ་ནང་དུ་སླེབས་སུ་བཅུགས་སོང་བ་དེས་རྐྱེན་པས་ཁ་བྱང་འདི་རང་འཇག་དུ་བཞག་ནས་བྲིས་པ་ཡིན། ཁྱེད་གཉིས་མགྱོགས་ཀི་ཡ་་་

    བོད་ཀྱི་སྲིད་བློན་སྐོར་ཞིག་གསུང་དང་་་

    Reply
  11. rajashichen says:
    ལོ་ 12 སྔོན།

    ལྟས་ངན་གྱི་མགོ་ལ་སྟ་རེ་བརྒྱོབས ། ཁ་བྱང་དེས་ང་ཧད་དུ་བཅུགས་སོང་། ཁ་བྱང་འདི་ངའི་སྙིང་རྩ་གཅོད་མཁན་གྱི་ལག་དམར་ལ་ཐུག་པ་དང་གཅིག་པ་རེད །

    Reply
  12. chentsasopa says:
    ལོ་ 12 སྔོན།

    ཡག་བྱུང་གྲོགས་པོ་ལགས། ད་ཁྱོད་ཀྱི་ཟིན་བྲིས་ལ་བྲོ་བ་ཆེ་རུ་འགྲོ་གི་འདུག ངོ་མ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist