མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཊེ་སྦེ་ན་ཚ་ཅན་མང་ཆེ་ཤོས་གཞོན་སྐྱེས་རེད།

བོད་ཀྱི་དུས་བབ།
༢༠༡༡/༠༣/༡༥
Share on FacebookShare on TwitterShare on EmailShare on Whatsapp
དེང་སང་ཊེ་སྦེ་ན་ཚ་ཅན་མང་ཆེ་ཤོས་གཞོན་སྐྱེས་དང་། དེའི་ནང་ནས་ཀྱང་བོད་པའི་གཞོན་སྐྱེས་ཚོ་མང་ཤོས་ཆགས་ཡོད་སྟབས། ང་ཚོས་རྩེད་རིགས་འདི་བརྒྱུད་དེ་ན་ཚ་དེའི་རིགས་སྔོན་འགོག་གི་ཐབས་ཤེས་བྱ་དགོས་པའི་རེ་བ་ཞུ་བཞིན་ཡོད་ཟེར།
ཁ་སང་ཕྱི་ཚེས་༡༤ཉིན་གྱི་ཕྱི་དྲོ་གངས་སྐྱིད་ལག་རྩེད་སྤོ་ལོ་རྩེད་ཐང་དུ་བོད་གཞུང་འཕྲོད་བསྟེན་ལས་ཁུངས་བདེ་ལེགས་སྨན་ཁང་དང་།  ཨི་ཊ་ལིའི་གཞུང་འབྲེལ་མིན་པའི་ཚོགས་པ་ AISPO བཅས་མཉམ་རུབ་ཐོག་འཛམ་གླིང་ཊེ་སྦེ་ཉིིན་མོ་སླེབས་ལ་ཉེ་བའི་སྐབས་དང་སྟབས་བསྟུན་ཏེ།ལག་རྩེད་སྤོ་ལོའི་འགྲན་བསྡུར་ཞིག་གོ་སྒྲིག་གནང་ཡོད་པ་དང་། དེ་ནི་བཙན་བྱོལ་སྤྱི་ཚོགས་ནང་ཊེ་སྦེ་(TB)ན་ཚ་ཁྱབ་བརྡལ་དུ་འགྲོ་བཞིིན་པ་དང་། དམིགས་བསལ་ཉེན་ཚབས་ཅན་གྱི་ Multi_Drug Resistant TB སྔོན་འགོག་དང་མཚམས་འཇོག བཀག་འགོག་བཅས་ཡོང་ཐབས་ལ་དམིགས་པ་ཞིག་ཡིན་འདུག  
དེའི་ཐད་བདེ་ལེགས་སྨན་ཁང་གི་ཨེམ་ཆི་ཚེ་བརྟན་ལགས་ཆེད་ཕེབས་ཀྱིས་འགྲན་བསྡུར་དབུ་འཛུགས་དང་མཉམ་དུ། ཐེངས་འདིའི་འགྲན་བསྡུར་གྱི་དམིགས་ཡུལ་དང་འབྲེལ་གཏམ་བཤད་གནང་དོན། དེང་སྐབས་ཊེ་སྦེ་ནད་གཞི་ཁྱབ་བརྡལ་ཏུ་འགྲོ་བཞིན་པར་བརྟེན། ང་ཚོའི་ངོས་ནས་གཞོན་སྐྱེས་ཚོས་དོ་སྣང་བྱ་རྒྱུ་གལ་ཆེན་དུ་གཟིགས་ཏེ་ལས་འགུལ་འདི་སྤེལ་བ་ཡིན། གང་ཡིན་ཞེ་ན། དེང་སང་ནད་གཞི་དེ་ན་མཁན་མང་ཆེ་ཤོས་གཞོན་སྐྱེས་ཆགས་ཡོད་པ་དང་། དེའི་ནང་ནས་ཀྱང་ན་ཚ་འདིའི་རིགས་ན་མཁན་མང་ཤོས་བོད་པའི་གཞོན་སྐྱེས་ཚོ་ཆགས་ཡོད་སྟབས། ང་ཚོ་ལས་ཁུངས་མི་འདྲ་བ་གསུམ་མཉམ་རུབ་ཀྱིས་རྩེད་རིགས་འདི་བརྒྱུད་དེ་བོད་པའི་གཞོན་སྐྱེས་ཚོའི་སྔར་ལྷག་དོ་སྣང་བྱ་ཡོང་བའི་རེ་བ་བྱེད་ཀྱིན་ཡོད་ལ། དེ་ཡང་བཙན་བྱོལ་ནང་གཅིག་པུ་མ་ཡིན་པར་གཞིས་སུ་གནས་པའི་བོད་མི་གཞོན་སྐྱེས་ཚོས་ཀྱང་རང་ངོས་ནས་ན་ཚ་དེའི་རིགསསྔོན་འགོག་བྱ་རྒྱུར་ཐབས་ཤེས་འདྲ་མིན་གནང་དགོས་པའི་རེ་སྐུལ་ཞུ་བཞིན་ཡོད། ཅེས་བརྗོད་བྱུང་།
སྐབས་དེར་ཁོང་ལ་ད་ལྟའི་ཆར་བོད་ཕྱི་ནང་གཉིས་ཀྱི་ཊེ་སྦེ་ན་ཚའི་གནས་སྟངས་ག་འདྲ་ཞིག་ཆགས་ཡོད་མེད་དང་། མ་འོངས་པར་ན་ཚ་དེའི་རིགས་ལ་སྔོན་འགོག་གི་ཐབས་ལམ་ག་འདྲ་ཡོད་མེད་དྲིས་པར། ཁོང་གིས། སྤྱིར་བོད་པའི་སྤྱི་ཚོགས་ནང་ཊེ་སྦེ་ན་ཚའི་གནས་སྟངས་དེ་སྔོན་མའི་དུས་དང་བསྡུར་ན་ཡག་ཏུ་ཕྱིན་ཡོད་པ་དང་། ལྷག་པར་དུ་འདས་པའི་ལོ་ ༢༠ ལྷག་གི་སྔོན་ནས་བཟུང་རྒྱ་གར་ནང་བསྡད་མཁན་དག་ལ་ན་ཚ་འདིའི་རིགས་ཉུང་བའི་གནས་སྟངས་ཆགས་ཡོད། ཡིན་ནའང་། ཕྱིས་སུ་ལོ་ལྔ་དང་དྲུག་གི་ཡར་སྔོན་ནས་བཟུང་བོད་ནས་བསླེབས་པའི་བོད་མིའི་ཁྲོད་ཊེ་སྦེ་ན་ཚ་ཡོད་མཁན་མང་རུ་ཕྱིན་པ་ལ་བརྟེན་ནས་བཙན་བྱོལ་ནང་ན་ཚ་དེ་མང་རུ་འགྲོ་བཞིན་པའི་གནས་སྟངས་ཆགས་ཡོད། དེ་དག་ལས་ང་ཚོས་བོད་ནང་ན་ཚ་དེའི་རིགས་ཁྱབ་ཆེན་པོ་ཡིན་པའི་རྟགས་གསལ་བོ་མཐོང་ཐུབ། དེ་ཡང་གཙོ་བོ། བོད་ནང་གི་བོད་མི་ཚོའི་འཕྲོད་བསྟེན་གྱི་གནས་སྟངས་དང་དཔལ་འབྱོར་གནས་སྟངས། སྤྱི་ཚོགས་ཀྱི་གནས་སྟངས་སོགས་དཀའ་ངལ་གང་མང་ཞིག་ལ་བརྟེན་ནས་བྱུང་བ་གསལ་བོ་རེད། ང་ཚོས་ཐད་ཀར་བོད་ནང་གི་གནས་སྟངས་འདིར་བདག་པོ་བྱ་ཐབས་མེད་ནའང་། མ་འོངས་པར་ང་ཚོས་བཙན་བྱོལ་སྤྱི་ཚོགས་གཅིག་པུ་མིན་པར་ཐབས་ཤེས་འདྲ་མིན་གྱི་ལམ་ནས་བོད་ནང་ན་ཚ་འདིའི་རིགས་སྔོན་འགོག་གི་ཐབས་ཤེས་བྱ་རྒྱུ་གལ་ཆེན་པོ་རེད་བསམ་གྱི་ཡོད།  མ་འོངས་པར་བོད་ཕྱི་ནང་གཉིས་ཀྱི་བོད་མི་སུ་ཡིན་ཡང་། གཙོ་བོ་ཟས་བཅུད་དང་སྤྱོད་ལམ་སོགས་ཚད་དང་ལྡན་པ་ཞིག་ཡོང་ཐབས་བྱ་རྒྱུ་གལ་ཆེན་པོ་རེད། ན་ཚ་འདིའི་རིགས་གཙོ་བོ་སློབ་གྲྭ་དང་གྲྭ་ཚང་སོགས་མི་མང་པོ་འཛོམས་སའི་གནས་སུ་འགོས་ཁྱབ་དུ་འགྲོ་བཞིན་ཡོད་སྟབས། བོད་མི་ཚོས་ན་ཚ་དེ་དང་འབྲེལ་བའི་རྒྱུན་ཤེས་སྐོར་ཤེས་རྟོགས་བྱ་རྒྱུ་དང་། ནམ་རྒྱུན་འཕྲོད་བསྟེན་གྱི་ལམ་ནས་ན་ཚ་འདིའི་རིགས་ལ་རང་ངོས་ནས་སྔོན་འགོག་བྱ་རྒྱུ་གལ་ཆེན་པོ་རེད། ཅེས་བརྗོད་བྱུང་།
 གསར་འགོད་པ། དོན་གོ
 
 

འབྲེལ་ཡོད་གསར་འགྱུར།

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ་ལགས་འཛིན་བཟུང་བྱས་ཏེ་གཅར་རྡུང་བྱས།

ཆུ་ཚོད་ ༣ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

ཆུ་ཚོད་ ༢༠ སྔོན་ལ།
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

ཆུ་ཚོད་ ༢༡ སྔོན་ལ།
Mobile App

བལ་ཡུལ་གྱི་སྲིད་བློན་དང་ནང་སྲིད་བློན་ཆེན་ཟུར་བ་གཉིས་འཛིན་བཟུང་བྱས།

ཆུ་ཚོད་ ༢༡ སྔོན་ལ།
TTTT
Mobile App

བོད་མི་དུད་ཚང་ ༨༥༠ ལ་གཞིས་སྤོར་ས་ཁང་བགོ་འགྲེམས་བྱས་ཟིན་ཡོད་འདུག

ཆུ་ཚོད་ ༢༢ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༧
Mobile App

བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་དགོས་གལ་ཆེ།

༢༠༢༦/༠༣/༢༧

མཆན། 3

  1. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    ཧ་ཧ་སྨན་པ་གླན་པ་ཞིག་རེད་འདུག། ནད་ལ་དཔྱད་མི་ཤེས་ཀྱང་།ནད་དེའི་རིག་ཕོག་པའི་མི་ཞིག་གི་ཉིན་མཚན་ལྟོས་མེད་ཀྱི་ས་མཚམས་བརྒལ་དེ་ཁུར་ཡོང་མི་ཐུབ་པ་གསལ་པོ་མ་རེད་དམ།

    Reply
  2. རྒྱ་སྟག་དཀར་པོ says:
    ལོ་ 15 སྔོན།

    སྨན་པ་ཚེ་བརྟན་སྨན་ལ་མཁས་སྲིད་ཀྱང་། བོད་ཕྱི་ནང་གི་གནས་སྟངས་ལ་རྒྱུས་མངའ་གཏན་ནས་མི་འདུག
    གཞིས་ཀྱི་བོད་མི་རྣམས་ལ་སྤྱི་ཚོགས་ཆབ་སྲིད་ཀྱི་དཀལ་ངལ་ཡོད་དང་ཡོད་ན་ཡང་། དཔལ་འབྱོར་དང་འཕྲོད་བསྟེན་གྱི་གནས་སྟངས་རྒྱ་གར་གནས་སྡོད་པ་ལས་བཟང་དུ་མེད་ན་ངན་དུ་མེད་པ་སུས་ཀྱང་ཤེས་ངེས་རེད། གླེན་ལྐུག་ཞྀག་གམ་ཡང་ན་དྲང་བདེན་མིན་པས་འཁྱོག་བཤད་ཙམ་ལས་དོན་དངོས་གནས་ཚུལ་ཡང་ཁྱོན་ནས་མ་རེད། མ་ཟད་གསར་འབྱོར་རྣམས་བོད་ནས་TBན་ཚ་དང་བཅས་ཏེ་ཡོང་མཁན་བརྒྱ་ཆ་ཤིན་ཏུ་ཉུང་ཡང་། རྒྱ་གར་བསླེབས་དུས་འཚོ་བའི་ཆ་རྐྱེན་སྔར་ལས་སྐྱོ་བས་ཕྱི་གཟུགས་པོའི་ཟུང་ཟད། མི་རིགས་གང་མང་གི་བརྙས་བཅོས་ཡང་ཡང་མཐོང་ཞིང་མྱོང་བས་ནང་སེམས་ཀྱི་སྤྲོ་བ་གཞི་མེད་དུ་སོང་བས་ནད་ངན་འདི་བྱུང་བ་རེད།

    Reply
  3. སོག་ནག་ཚང་། says:
    ལོ་ 15 སྔོན།

    བོད་ནང་དུ་ཊི་བྷིའི་ན་ཚ་མང་པོ་ཡོད་པའི་རྟགས་མཚན་རེད་ཟེར་བ་འདི་ནི་རྟགས་ཡང་དག་ཅིག་མ་རེད། བོད་ནས་ཕེབས་པའི་གཞོན་སྐྱེས་ཚོར་བོད་ནས་སླེབས་དུས་ནས་ཊི་བྷིའི་ན་ཚ་ཡོད་མཁན་དཀོན་པོ་ཡིན། རྒྱ་གར་དུ་སླེབས་རྗེས་ཟས་བཅུད་ཀྱི་མ་འདང་བ་དང་། སེམས་ཁམས་ལ་དཀའ་ངལ་འཕྲད་པ་། སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་པ་སོགས་ཀྱི་ཉེར་ལེན་ལས་ཊི་བྷིའི་ན་ཚ་བྱུང་བཞིན་ཡོད་པ་ཨེམ་རྗེ་མཆོག་གིས་བསྐྱར་དུ་ཉམས་ཞིབ་གནང་རོགས་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese