རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཀྱི་ཞིང་དང་གྲོང་རྡལ་ཁུལ་ཏུ་རྒྱ་སྒོར་དུང་ཕྱུར་བཅུ་དྲུག་ལྷག་གི་འགྲོ་གྲོན་བཏང་སྟེ་སྐད་གཉིས་སློབ་གྲྭ་ ༢༠༨ གསར་རྒྱག་བྱ་རྒྱུ་ཡིན་ཟེར།
ཕྱི་ཚེས་ ༢༡ ཉིན་རྒྱ་ནག་གཞུང་འབྲེལ་གསར་གནས་ཀྲུང་གོའི་བོད་ལྗོངས་དྲ་བའི་སྟེང་གནས་ཚུལ་སྤེལ་བ་ལྟར་ན། འདི་ལོ་ནས་བཟུང་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཀྱི་ཞང་དང་གྲོང་རྡལ་ཁག་ཡོངས་སུ་སྐད་གཉིས་སློབ་ཁྲིད་བྱེད་སའི་སློབ་གྲྭ་ ༢༠༨ ཙམ་གསར་འཛུགས་བྱ་རྒྱུ་ཡིན་པ་དང་། རྒྱ་སྒོར་དུང་ཕྱུར་ ༡༦ ལྷག་གི་འགྲོ་གྲོན་བཏང་སྟེ་སྔོན་འགྲོའི་སློབ་གྲྭ་གསར་རྒྱག་དང་ཉམས་གསོ་རྒྱ་སྐྱེད་ཀྱི་ལས་གཞི་ཞིག་སྤེལ་རྒྱུ་ཡིན་འདུག ལས་འཆར་དེའི་ནང་བོད་རང་སྐྱོང་ལྗོངས་ཀྱི་ཞང་དང་གྲོལ་རྡལ་ཡོངས་སུ་སྔོན་འགྲོའི་སློབ་གྲྭ་ ༢༠༨ གསར་འཛུགས་དང་། སློབ་གྲྭ་ ༦༨ ཙམ་བསྐྱར་གསོ་རྒྱས་བསྐྲུན་བྱས་ཏེ་འདི་ལོའི་ལོ་མཇུག་བར་སློབ་གྲྭ་དེ་དག་ཏུ་སློབ་ལོ་སོན་པའི་སློབ་མ་འབུམ་ལྔ་དང་ཆིག་ཁྲི་ ༥༡༠༠༠༠ ཙམ་ཞུགས་ཐབས་བྱ་རྒྱུ་ཡིན་སྐོར་བརྗོད་འདུག
གསར་འགོད་པ། དོན་གོ