ཉེ་ཆར་ཉི་ཧོང་གི་ས་འགུལ་དང་མཚོ་འཁྱོམ་གྱི་གོད་ཆག་ཁྲོད། ཧྥུའོ་
རྒྱ་ནག་ཁོར་ཡུག་སྲུང་སྐྱོབ་སྡེ་ཁག་གིས་ཕྱི་ཚེས་ ༢༦ ཉིན་ཧེ་ལུང་ཅང་མངའ་སྡེ་ཡི་ཤར་བྱང་ཁུལ་དུ་ཉིང་རྡུལ་ལྡོག་གྲངས་ ༡༣༡ ཅན་ཁྱབ་བཞིན་ཡོད་པ་ཤེས་རྟོགས་བྱུང་རྗེས། ཕྱི་ཚེས་ ༢༧ ཉིན་ཁུལ་དེའི་ཝུའུ་ཡོན་དང་། ཧྲོ་ཧི། ཧུའུ་ལིན། ཏུང་ཉིན་བཅས་རྫོང་ཁག་ ༤ ནང་དུའང་ཉིང་རྡུལ་ནུས་པ་ཁྱབ་བརྡལ་དུ་འགྲོ་བཞིན་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་དང་། དེ་ནི་བར་སྣང་མཁའ་དབུགས་བརྒྱུད་ཁྱབ་ཀྱི་ཡོད་པར་ངོས་འཛིན་བྱས་འདུག
ཕྱི་ཚེས་ ༢༦ རྒྱ་ནག་འཕྲོད་བསྟེན་ལྷན་ཁང་གིས། པེ་ཅིན་གཙོས་པའི་ཤར་བྱང་ཁུལ་དང་མཚོ་རྒྱུད་ཁུལ་གྱི་ཞིང་ཆེན་དང་གྲོང་ཁྱེར་ཁག་ ༡༤ ནང་བཟའ་བཅའ་དང་བཏུང་ཆུའི་ཁྲོད་འཕྲོ་ནུས་རང་བཞིན་ལྡན་པའི་ཉིང་རྡུལ་ཁྱབ་ཡོད་མེད་ཞིབ་བཤེར་བྱས་སྐབས། ཉིང་རྡུལ་གྱི་འདུས་ཚད་དམའ་བས་མིའི་གཟིགས་པོར་གནོད་འཚབ་མེད་ལུགས་བརྗོད་ཡོད་ཀྱང་། ཞིབ་བཤེར་སྐབས་ཉིན་སྔོན་མ་དག་དང་བསྡུར་ན་ཉིང་རྡུལ་གྱི་འདུས་ཚད་ཤུགས་ཆེ་རུ་འགྲོ་བཞིན་ཡོད་འདུག
རྒྱ་ནག་གཞུང་གིས་ཕྱི་ཚེས་ ༢༥ ཉིན་ནས་བཟུང་། ཉི་ཧོང་ཧྥོ་ཁའོ་ཞི་མ་སོགས་རྫོང་ཁག་ ༥ ནང་ཐོན་སྐྱེད་བྱས་པའི་སྔོ་ཚོད་དང་ཤིང་ཏོག གཤེར་རིགས་ཐོན་དངོས་རྫས་ནང་འདྲེན་བྱ་རྒྱུ་མཚམས་འཇོག་བྱས་ཡོད་པ་རེད།
གསར་འགོད་པ། ཚེ་རིང་རྒྱལ།