མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལག་འཁྱེར་ཞིག་བཟོ་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༡༡/༠༤/༡༤
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བོད་གཞུང་དྲ་བར་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཚེས་ ༡༢ ཉིན་རྒྱ་གར་དབུ་གཞུང་ཐུན་མིན་ངོ་སྤྲོད་ལག་འཁྱེར་ལས་ཁུངས་ (Unique Identity Authority of India) ཀྱི་ལྕམ་སྐུ་ཤི་ཝ་གྷཱ་མི་ (Ms .Shivagami) ལགས་བཞུགས་སྒར་ངྷ་རམ་ས་ལར་ཕེབས་ཏེ། རྒྱ་གར་དབུས་གཞུང་གིས་རྒྱ་གར་ནང་གནས་སྡོད་ཡུལ་མི་ཚང་མར་ཐུན་མིན་ངོ་སྤྲོད་ལག་འཁྱེར་ཞིག་བཟོ་འཆར་ཡོད་སྐོར་ངོ་སྤྲོད་བྱས་ཡོད་འདུག

གནས་ཚུལ་དེའི་ནང་ལྕམ་ཤི་ཝ་གྷཱ་མི་ཡི་སྐད་ཆ་ལུང་འདྲེན་བྱས་དོན། རྒྱ་གར་ནང་གནས་སྡོད་ཡུལ་མི་ཚང་མར་རྒྱ་གར་དབུས་གཞུང་གིས་ཐུན་མིན་ངོ་སྤྲོད་ལག་འཁྱེར་གནང་རྒྱུའི་ལས་གཞི་ཞིག་མགོ་བརྩམས་ཡོད་པ་དེར་ཨཱ་དར་ (Aadhar) ཞེས་བརྗོད་ཀྱི་ཡོད། ཨཱ་དར་ཞེས་པ་ནི་ཨང་གྲངས་ ༡༢ ཅན་གྱི་ངོ་སྤྲོད་ཨང་རྟགས་ཤིག་རྒྱ་གར་ནང་གནས་སྡོད་བྱེད་མཁན་རྒྱ་གར་ཡུལ་མི་ཙམ་མ་ཟད། ཟླ་དྲུག་སོན་པའི་བྱིས་པ་ཚུན་ལ་གནང་རྒྱུའི་ལས་འཆར་དེ་ལ་ཟེར། ཨཱ་དར་ཞེས་པ་དེ་སུ་ལ་ཐོབ་ཀྱི་རེད་ཅེ་ན། རྒྱ་གར་ནང་གནས་སྡོད་བྱེད་མཁན་ཡིན་པ་གང་ཞིག་ལ། རྒྱ་གར་དབུས་གཞུང་ཐུན་མིན་ངོ་སྤྲོད་ལག་འཁྱེར་ལས་ཁུངས་ཀྱིས་གཏན་ལ་ཕབ་པའི་ཆ་རྐྱེན་ཚང་བའི་གང་ཟག་དེར་ཐོབ་རྒྱུ་རེད། ཅེས་བརྗོད་ཡོད་འདུག  

ལག་འཁྱེར་དེ་བཟོ་བར་དོ་བདག་གིས་གྲ་སྒྲིག་བྱ་དགོས་པའི་ཆ་རྐྱེན་ཁག་ནི། རང་གི་མིང་དང་། སྡོད་གནས་ཁ་བྱང་། ཞལ་པར་ཨང་གྲངས། ཕ་མིང་། གཉེན་སྒྲིག་བྱས་ཡོད་མེད། རང་གི་འདྲ་པར། མཛུབ་མོ་བཅུ་བོའི་མཛུབ་ཐེལ། མིག་གཉིས་པོར་གློག་པར་བཅས་དགོས་ཀྱི་ཡོད་ཀྱང་། འདྲ་པར་དང་མཛུབ་ཐེལ། མིག་གཉིས་ཀར་གློག་པར་སོགས་རྒྱ་གར་དབུས་གཞུང་གིས་ཆེད་གཏོང་བྱས་པའི་ལས་བྱེད་ཚོས་མཐུན་འགྱུར་ཞུ་རྒྱུ་ཡིན་འདུག ངྷ་ས་ཁུལ་དུ་ས་གནས་ཁག་ ༡༤ ནང་འཕྲལ་སེལ་ཐོ་འགོད་ལས་ཁུངས་བཙུགས་ཏེ་མིང་ཐོ་བསྡུ་རུབ་བྱ་རྒྱུ་ཡིན་འདུག་ཅིང་། མི་མང་རྣམས་སོ་སོ་གནས་ཡུལ་ས་གནས་ཐོ་འགོད་ལས་ཁུངས་སུ་བཅར་ཏེ། མིང་ཐོའི་འགེངས་ཤོག་བསྐང་དགོས་ཤིང་། མིང་ཐོ་བསྐངས་རྗེས་ཉིན་གྲངས་ ༢༠ ནས་ ༣༠  བར་སྦྲགས་ཐོག་བརྒྱུད་ངོ་སྤྲོད་ལག་འཁྱེར་དེ་འབྱོར་རྒྱུ་ཡིན་འདུག



གནས་ཚུལ་དེའི་ནང་བརྗོད་ན། བཞུགས་སྒར་གངས་སྐྱིད་ཁུལ་དུ་ཕྱི་ཚེས་ ༡༢ ཉིན་ནས་ལག་འཁྱེར་དེ་བཟོ་རྒྱུ་མགོ་འཛུགས་བྱས་ཟིན་པ་དང་། ལག་འཁྱེར་དེ་རྒྱ་གར་རྒྱལ་ཡོངས་སུ་ཚད་ལྡན་ཞིག་ལ་ངོས་ལེན་གནང་རྒྱུ་ཡིན་སྟབས། འབྲེལ་ཡོད་ཚང་མས་གལ་ཆེན་དོན་ཆེན་དུ་བརྩི་དགོས་ཞེས་བསྟན་འདུག

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 11

  1. གངས་ཅན་པ། says:
    ལོ་ 15 སྔོན།

    ལག་འཁྱེར་དེ་བཟོས་ན་ཡག་པོ་འདུག་བསམ་གྱི་འདུག་གང་ཡིན་ཞེས་ན་ལག་འཁྱེར་དེ་རྒྱ་གར་བ་དང་གཅིག་པ་རེད། R.C་ནང་བཞིན་ལོ་རེ་རེ་ས་རྟགས་ཞུ་དགོས་མེད། ལས་དོ་གང་བྱེད་དགོས་ཀྱང་དེ་ཐུས། གོ་སྐབས་ཡོད་བཟོ་ན་ལེགས།

    Reply
  2. མངའ་རིས་བུ། says:
    ལོ་ 15 སྔོན།

    ད་ཡིན་ན་ལག་འཁྱེར་མང་པོ་ཞིག་བཟོ་བཞིན་འདུག
    དེ་ཡག་རྟགས་དང་སྐྱིད་རྟགས་རང་དབང་གི་རྟགས་ཤིག་མ་རེད།
    བལ་གྱི་ནང་དུ་བཞུགས་པའི་འབུ་ནག་ཆུང་དེ་བལ་ནང་དུ་བཞུགས་ནས་ཕྱིར་འདོན་པའི་ཐབས་མང་པོ་བྱས་རུང།
    དེ་ནི་ཁོ་རང་གི་རྐང་ལག་གཟེར་མོ་དེ་གཡུག་པས་ཚུར་རང་ལུས་སྡམ་དུ་སྡམ་དུ་བྱས་ཏེ་མཐར་བལ་ནང་དུ་ཤི་རྒྱུ་ལས་མེད།
    དེ་བཞིན་རྒྱ་གར་གྱིས་ཀྱང་ད་ལྟ་རང་མོས་རང་ཡན་དུ་འགྲོ་འོང་ཆོག་པའི་རང་དབང་དེ་དག་རིམ་བཞིན་བལ་བཙོན་ཁང་དུ་བཅུག་རྒྱུ་རང་རེད།
    དཔེར་ན།
    ཨ་རི་བཞིན་ཨ་རི་མི་དེ་ཚོར་རང་དབང་ཆེ་མདོག་ཡོད་རེད་དེ།
    དོན་ལ་རང་དབང་སྤུ་ཙམ་མེད།
    རང་གིས་ཅི་བྱས་རང་ལ་ཅི་ཡོད་ཐམས་ཅད་གཞུང་གིས་ཤེས་བཞིན་ཡོད།
    དེ་དུས་ཡིན་མིན་ཞུ་ས་སྣེ་གཅིག་མེད།
    ལམ་ཆེན་དང་ཚོང་ཁང་ལས་སོགས་ཀུན་ལ་གློག་བརྙན་གྱི་འཕྲུལ་ཆས་བཞག་ཡོད་པས་རྟག་ཏུ་འཇིག་སྐྲག་དང་དྭོག་ཟོན་བྱེད་དེ་འགྲོ་འོང་བྱེད་དགོས།

    Reply
  3. གངས་ཅན། says:
    ལོ་ 15 སྔོན།

    རྒྱ་གར་གཞུང་གི་བཟོ་གི་ཡོད་པའི་སྐབས་སུ་སོ་སོའི་རིག་པ་སྒྲིམ་ནས་བཟོས་མ་གཏོགས། རྗེས་མ་མཚམས་འཇོག་བྱས་པ་དང་དགོས་མཁོ་ཡོད་པའི་སྐབས་ཤིག་ལ་ཡང་བོད་གཞུང་གི་ཅིག་བྱས་མ་སོང། ཉིག་བྱས་མ་སོང་ཟེར་བའི་འཕྱིས་དྲགས་པ་རེད། སྔོན་མ་རྡ་སའི་ཉེ་ཁུལ་དུ་སྐྱབས་བཅོལ་ལག་དེབ་སྒོར་སུམ་ཅུ་བཞི་བཅུ་བྱིན་ནས་བཟོ་གི་ཡོད་པའི་སྐབས་སུ་རྗེས་མ་ཡང་གོ་སྐབས་ཡོད་ནི་རེད་བསམ་ནས་མ་བཟོས་པས། རྗེས་ནས་ཁྲི་གཉིས་གསུམ་རེ་བྱིན་ནས་བཟོ་དགོས་པ་གང་མང་མང་བྱུང་ཡོད་པ་ཧ་གོ་དོན་གསལ། ཚང་མས་རིག་པ་སྒྲིམ་ནས་སོ་སོ་དང་འབྲེལ་བའི་གྲོགས་དགའ་ཉེ་ཚང་མ་ལན་འཁྱོལ་བ་བྱས་མ་གཏོགས། རྗེས་མ་དེ་ཡང་སྐྱབས་བཅོལ་ལག་དེབ་ཐོ་འགོད་བྱེད་པའི་ཆ་རྐྱེན་དང། རྒྱ་གར་གྱི་ལས་ཁུངས་ཁག་ནས་ཡིག་ཆ་ལེན་དགོས་པའི་ཆ་རྐྱེན་དུ་གྱུར་ན་དེ་དུས་སྐྱག་པ་ཤོར་ཤོར་མྱང་ཡོང།

    Reply
  4. ཤེལ་དཀར་བློ་བཟང་། says:
    ལོ་ 15 སྔོན།

    དེ་སྔོན་རྒྱ་གར་གཞུང་གིས་མི་འབོར་ཞིབ་བཤེར་བྱེད་ཀྱི་ཡིན་ཞེས་ཐེངས་གཉིས་ཙམ་མི་ཚང་རེ་རེའི་ནང་ཡོང་བ་རེད། ད་དུང་ཞིབ་བཤེར་བྱེད་མཁན་གྱི་ལས་བྱེད་འགའ་ཞིག་གིས་ཚུལ་མིན་གྱི་བཟའ་བཏུང་འདི་དང་འདི་དགོས་ཞེས་དབང་ཡོད་བཤད་འདུག
    ད་རེས་ཀྱི་ལག་ཁྱེར་འདི་དང་སྔ་མའི་མི་འབོར་ཞིབ་བཤེར་གཉིས་ལ་འབྲེལ་བ་ཡོད་དམ། ཡང་ན་གཞི་ནས་ཡང་བསྐྱར་འགེངས་ཤོག་བསྐང་དགོས་ཀྱི་ཡོད།
    ལག་ཁྱེར་དེ་བཟོ་བར་དོ་བདག་གིས་གྲ་སྒྲིག་བྱ་དགོས་པའི་ཆ་རྐྱེན་རྣམས་ལས་མཛུབ་མོ་བཅུ་པོའི་མཛུབ་ཐེལ་དང་། མིག་གཉིས་པོར་གློག་པར་མ་གཏོགས་ཆ་རྐྱེན་གཞན་རྣམས་མི་འབོར་ཞིབ་བཤེར་སྐབས་གནང་ཚར་འདུག
    དེར་བརྟེན་དེའི་སྐོར་ལ་ཞིབ་ཕྲའི་གནས་ཚུལ་མཁྱེན་མཁན་ཞིག་གིས་ལན་འདེབས་གནང་རོགས།

    Reply
  5. སྨྱུག་གསར། says:
    ལོ་ 15 སྔོན།

    ལག་འཁྱེར་འདི་བོད་མི་ཉམ་ཐག་དག་རྒྱ་གར་ནས་ཕྱི་ལོག་ལ་འགྲོ་བའི་འགོག་རྐྱེན་ཞིག་མིན་ན་ཡག་པོ་འདུག དེའི་སྐོར་ནས་གསལ་བཤད་ཅིག་ཡོད་ན་གསར་འགྱུར་འདི་ཡག་ཐོག་ལ་རྒྱན་རེད། དེ་མིན་གསར་འགྱུར་འདིས་ནང་གི་ལས་གཞི་འདི་ཕན་གནོད་གང་ཡིན་ཆ་མ་འཚལ་བས། འདིས་ཕྱོགས་ནས་འབྲེལ་ཡོད་ལས་ཁུངས་དག་ལ་བཅར་འདྲི་ཞིག་བྱེད་རོགས་ཞེས་འབོད་སྐུལ་ཞུ་འདོད་བྱུང་།

    Reply
  6. རྡོ་རྗེ་ཚེ་རིང་། says:
    ལོ་ 15 སྔོན།

    རྒྱ་གར་དབུས་གཞུང་དང་དཔལྡན་དབུས་གཞུང་ཟུང་འབྲེལ་ཟུར་མཚོ་རྒྱ་མཚོ་མཆོག་ལ་དགོངས་སེལ་ཞུ་རྒྱུ་ཡིན། ངེད་གཞུང་གཉིས་མོས་ཐོག་ཁྱེད་རང་གི་རྒྱ་གར་གནས་སྡོད་ལག་འཁྱེར་ལ་ས་རྟགས་ལམ་སེང་རྒྱག་རྒྱུ་དང་སླད་ཧི་མ་ཅལ་མངའ་སྡེ་དང་བོད་གཞུང་ནས་འབྲེལ་ཡོད་གཞུང་ཞབས་ཚང་མ་ཕྱིར་འབུད་བྱ་རྒྱུ་ཡིན། དེ་ལུགས་ཉིད་ནས་ངེད་གཞུང་གཉིས་མོས་ཀྱི་གྲོས་མཐུན་ཐག་གཅོད་དེར་དགོངས་བཞེས་ཀྱིས་སྔར་ཕྱིན་གྱི་ནོར་འཁྲུལ་གང་བྱུང་བ་གུ་ཡངས་ཡོད་པ་མཁྱེན།

    Reply
  7. ཟུར་མཚོ་རྒྱ་མཚོ། says:
    ལོ་ 15 སྔོན།

    རྒྱ་གར་དབུས་གཞུང་ངམ་བོད་གཞུང་ལ་ཞུ་རྒྱུའི་རེ་འདུན།
    ༢༠༠༤དང་༢༠༠༥བར་བོད་ནས་གསར་དུ་འབྱོར་བའི་བོད་མི་མང་པོ་ཞིག་ལ་རྒྱ་གར་གཞུང་ངམ་ཡང་ན་བོད་གཞུང་ནས་R.C ཞེས་དེ་ད་དུང་ཡང་ཆ་ཚང་བ་ཞིག་བཟོ་མ་ཐུབ་པའམ་མ་བཟོས་པ་ཡིན་ན་འདྲ། གང་ལྟར་མགོ་བཙུགས་ནས་མཇུག་མ་སྐྱོང་བར་ལྷག་བསྡད་ཡོད་པ་རེད། ད་རེས་ལག་འཁྱེར་དེ་ཡང་སང་ཉིན་གནང་ཉིན་འདྲ་པོ་ཡིན་གྱི་རེད། བོད་གཞུང་ངམ་རྒྱ་གར་དབུས་གཞུང་ལ་ཞུ་རྒྱུ་ཁྱོད་ཅག་རྣམས་པས་ང་ཚོའི་ R.C ཆ་ཚང་ཞིག་བཟོ་ཐུབ་ཀྱི་ཡོད་ན་གང་མགྱོགས་བཟོ་རོགས་གནང་ཞུ་རྒྱུ་དང་ གལ་སྲིད་བཟོ་མ་ཐུབ་པའམ་བཟོ་འདོད་མེད་ན་གསལ་འགྲེལ་གནང་རོགས། ང་རང་ཚོས་ཐབས་ཤེས་གཞན་བརྒྱུད་ནས་བཟོ་ན་འདྲ་བོད་ལ་ལོག་ནས་རྒྱ་ནག་གི་R.Cཨེ་བཟོ་ཐུབ་ལྟ་།།།།།།།།།།།།།།།།།།།

    Reply
  8. ཀླུ། says:
    ལོ་ 15 སྔོན།

    གསར་འགོད་པ་ལགས། ལག་འཁྱེར་ཅིའི་ཕྱིར་བཟོ་བཞིན་པ་དང་། བེད་སྤྱོད་ཕན་ནུས་གང་ཡོད། ལག་འཁྱེར་རིགས་གང་གི་ཁོངས་སུ་གཏོགས་གསལ་བོ་ཞིབ་ཚགས་རེ་བརྗོད་ན་ཡག་པོ་འདུག

    Reply
  9. མཁས་བཙུན། says:
    ལོ་ 15 སྔོན།

    དུས་བབ་ཚང་ལགས། དག་ཆ་ལ་ཟབ་རོགས་མ་གཏོགས་གུས་པས་ཀྱང་འབྲི་ཐུབ་པའི་དག་ཆ་འགའི་དག་ནོར་རིམ་པ་བཞིན་མཐོང་རྒྱུ་འདུག་གདའ། ད་དུང་ཨཱ་དྷ་བཟོས་ན་བོད་ཀྱི་གནས་བབ་ལ་ཕན་གནོད་ཅི་འདྲ་ཡོད་མེད་མི་བཀོད་དོན་ཅི་ཡིན། བརྟག་བྱེད་མ་ཐུབ་པ་ཨི་རེད་ལགས། བློ་འཚབ་ཀྱིས་གུས་པའི་མཆན་འདི་མ་བསུབ་རོགས་གྱིས། །

    Reply
  10. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    ལག་འཁྱེར་དེས་བོད་མི་རྣམས་བཅིངས་ཐག་ཞིག་མ་ཡིན་པའི་སྨོན་ལམ་དང་། རྗེས་སུ་བོད་ནས་ཕེབས་མཁན་རྣམས་ལ་བཟོ་བདེ་པོའི་ཐོག་ནས་བཟོ་ཐུབ་པ་ཞིག་དང་།
    དཔའ་འབྱོར་གྱི་སྣོན་ཤུགས་ཞིག་ཏུ་མི་འགྱུར་བའི་སྨོན་མདུན་ཞུ།

    Reply
  11. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 15 སྔོན།

    འདི་ནི་ཚང་མས་དོ་སྣང་བྱེད་དགོས་པའི་གནས་ཤིག་ཡིན་པ་འདྲ། ཡིན་ནའང་། ལག་འཁྱེར་དེས་R.Cགོ་ཆོད་ཀྱི་ཨེ་ཡོད་ལ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese