དངུལ་ལ་མཐའ་གཅིག་ཏུ་བློ་གཏད་པ་ཡིན་ན་རང་ཉིད་ལ་དཀའ་ངལ་ཆེན་པོ་འཕྲད་སྲིད་པས། བྱམས་དང་བརྩེ་བར་གཞི་བཅོལ་བའི་བདེ་སྐྱིད་འཚོ་བ་ཞིག་སྐྱེལ་ཐབས་ལ་འབད་དགོས། ཞེས་༧གོང་ས་མཆོག་གིས་གསུངས་ཡོད།
ཨར་ལན་ཌི་བྱིས་པའི་ཐེབས་རྩ་ཁང་གཙོས་པའི་ཚོགས་པ་ཁག་གསུམ་ཐུན་མོང་གི་གདན་ཞུ་ལྟར། ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་༧གོང་ས་མཆོག་ཡུ་རོབ་ཨར་ལན་ཌིའི་གྲོང་ཁྱེར་ཌོབ་ལིན་ Dublin དུ་འཚོགས་བཞིན་པའི་༼ ༢༠༡༡ ལོའི་བསྒྱུར་བཅོས་ཀྱི་གོ་སྐབས་ ༽ཞེས་པའི་ཚོགས་འདུའི་སྟེང་ཆིབས་བསྒྱུར་བསྐྱངས་ཡོད་ཅིང་། ཡུལ་དེའི་སྲིད་འཛིན་ཟུར་བ་དང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་འགན་འཛིན་ཟུར་པ་ལྕམ་མེ་རི་རོ་བྷིན་སན་ Mary Robinson ལགས་གཙོས་པའི་ས་གནས་མང་ཚོགས་ ༢༠༠༠ ལྷག་ལ་བཀའ་སློབ་བསྩལ་ཡོད་འདུག
སྐབས་དེར་༧གོང་ས་མཆོག་གིས་གསུངས་དོན། དེང་སང་སྤྱི་ཚོགས་ནང་འཕྲད་བཞིན་པའི་དཀའ་ངལ་མང་དག་ཅིག་འགྲོ་བ་མིས་བཟོས་པ་ཞིག་རེད། གལ་སྲིད། ང་ཚོས་འགྲོ་བ་མི་ཁོ་ན་