མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ས་ཡ་དྲུག་མེད་པར་གཏོང་བ་ལ་རྒྱབ་སྐྱོར་ཡོད།

བོད། ཤ་ཁྲག་རུས་གསུམ།
༢༠༡༡/༠༤/༢༡
Share on FacebookShare on TwitterShare on EmailShare on Whatsapp

དེང་དུས་འཛམ་གླིང་གི་ཡུལ་གྲུ་གང་སར་བོད་མི་ཟེར་དུས་ལྷད་མེད་པ་དང་དག་གཙང་སྤུས་དག་གི་མི་རིགས་ཤིག་ལ་ངེས་འཛིན་བྱེད་ཀྱི་ཡོད་ལ། དེ་ལ་རྗེས་འགྲེང་ནས་བོད་མི་ཆེས་མི་ཉུང་བ་ཞིག་གིས་ཀྱང་རང་ཉིད་རྫུན་མ་བཟོ་མཁན་གྱི་བོད་མི་བྱུང་དང་བྱུང་བཞིན་ཡོད། དོན་དངོས་སུ་བོད་མི་རིགས་འདི་ཡང་འཛམ་གླིང་མི་དམངས་སྤྱི་དང་འདྲ་བར་དང་བོ་ཕ་མ་གཉིས་ཀྱི་འཁྲིག་སྲེད་ཀྱི་བདེ་བ་ལས་ཁུ་ཁྲག་གི་གྲུབ་པ་དང་། ཕྱིས་སུ་འགྲོ་བ་མི་སྤྱི་མཚུངས་ལྟར་མའི་མངལ་ལས་ཐོན་པ་ཡིན། དེ་ཡིན་དུས་བོད་མི་རིགས་ལ་ཡང་དགའ་སྐྱོ་ཆགས་སྡང་ཡོད་པ་ནི་བཤད་མ་དགོས་པ་ཡིན།

དགའ་སྐྱོ་ཆགས་སྡང་ཡོད་པའི་མི་རིགས་ཤིག་ལ་མཚོན་ན་བྱ་བ་བཟང་ངན་གང་ཡིན་ཡང་ཡོད་ལ། སྐད་ཆ་བཟང་ངན་གང་ཡིན་ཡང་བཤད་ཀྱི་ཡོད། དེ་མཚུངས་བོད་མི་དག་གིས་ཀྱང་སྐད་ཆ་བཟང་ངན་གཉིས་ཀ་བཤད་ཀྱི་ཡོད་ལ། བཤད་དགོས་པ་ཡང་ཡིན། བྱ་བ་ཡང་དེ་མཚུངས་ཀྱི་ཁོང་ཁྲོའི་གནས་སྐབས་ཀྱི་སྐད་ཆ་དང་ངར་ཤུགས་རང་བཞིན་གྱི་ལས་འགུལ་སོགས་འདྲ་མིན་བྱུང་གི་ཡོད་ལ། བྱུང་དགོས་པ་ཞིག་ཀྱང་ཡིན། དེ་དག་གི་འབྲས་པུ་ཡང་དེ་མཚུངས་བཞིན། མིའི་རིགས་ཀྱི་འདོད་བློ་ཞིག་སྒྲུབ་ཐུབ་ཀྱི་ཡོད།

དེས་ན་བོད་མི་དག་གིས་བོད་དོན་ནས་འགོ་བཙུགས་དེ་རང་སྒེར་གྱི་དོན་དག་ཚུན་ཆད་ཅིག་སྒྲུབ་པ་ལ། འཚེ་བ་མེད་པ་དང་ཞི་བདེའི་རང་བཞིན་ཅན་ཞིག་དུ་ཡོང་དགོས་པར་གླེང་གི་ཡོད་ལ། དེ་ནི་ཡོངས་གྲགས་སུ་མཁས་པར་ལོན་པ་དང་ཤེས་ཡོན་ཅན། སྙན་གྲགས་ཅན་དག་གི་སྐད་ཆའི་ཚོམས་ཡིན་པ་ལས། དོན་དངོས་ལ་ཞུགས་དེ་མི་སེམས་ལ་འཁོ་བའི་དུས་ཚོད་ཀྱི་སྐད་ཆ་ཞིག་ཡིན་མིན་ལ་དོགས་པ་བྱས་ན་ཆོག་པ་ཡིན། དེ་བཞིན་དུ་རེ་ཟུང་གིས་དེ་དག་གི་གནད་འགག་ངེས་འཛིན་གྱིས་བོད་མི་རིགས་ལ་ཡང་ཁོང་ཁྲོ་ཡོད་འོས་པ་དང་། དེ་ཡང་ལག་ལེན་དུ་བསྟར་འོས་པ་སོགས་གླེང་དུས་སུ། དེ་དག་ནི་བོད་མི་རིགས་ཀྱི་ཞབས་འདྲེན་དང་། དེ་དག་ནི་བོད་མི་རིགས་ཀྱི་བླ་བཙོང་ཡིན་པ་ལྟ་བུ་ཞིག་གླེང་གི་ཡོད་པ་མ་ཟད། བོད་མི་དེ་ཡི་རིགས་སྤྱི་ཚོགས་ཀྱི་གྲལ་མཐར་བརྫོངས་ཨེ་ཐུབ་ལ་འབད་མཁན་གྱི་ཁ་ཞེ་མི་གཅིག་པའི་མི་ཡང་མང་བོ་ཞིག་བྱུང་གི་ཡོད། དེ་དག་གི་རྗེས་སུ་འགྲེང་ནས་རང་ཉིད་ཀྱི་གང་འདོད་པ་དག་གླེང་མི་འཕོད་པའི་སྐྱེ་བོ་སྡར་མ་ཡང་ཆེས་མི་ཉུང་བ་ཞིག་བྱུང་གི་ཡོད་པ་རེད།

གནད་འགག་སྐབས་སུ་གང་ཡང་བྱེད་འཕོད་པ་དང་། གང་ཡང་བཤད་འཕོད་པ་དང་། གང་ཡང་སྒྲུབ་འཕོད་པ་ཞིག་བྱུང་ན། ད་གཟོད་གནད་འགག་གི་དུས་ལ་འཁོ་བའི་མི་རིགས་ཤིག་གི་སྣེ་ཁྲིད་པ་ཡིན་ཟེར་ན་ཆོག་པ་ཡིན་ལ། མི་རིགས་རང་ལུགས་ཤིག་གི་ལ་རྒྱ་ཡིན་ཟེར་ན་ཡང་འགྲིག ང་ཚོས་གསལ་བོ་ཞིག་ཤེས་དགོས་པ་དེ་ནི་ང་ཚོས་མི་རིགས་རང་ལུགས་ཀྱི་གནད་དོན་དང་མི་རིགས་རང་ལུགས་ཀྱི་གོམ་གཤིས་སོགས་ལ་གཏོར་བཅོམ་ཐེབས་ཀྱི་འདུག་ཟེར་ནས་རྩོད་ཀྱི་ཡོད་པ་ལས། འགྲོ་བ་མིའི་རིགས་ཀྱི་རིག་གཞུང་གོམ་གཤིས་ཤིག་རྩོད་ཀྱི་མེད།

ང་ཚོས་གལ་སྲིད་ང་ཚོས་འགྲོ་བ་མིའི་རིགས་ཀྱི་གོམ་གཤིས་དང་། འགྲོ་བ་མིའི་རིགས་ཀྱི་རིག་གཞུང་ཞིག་ལ་རྩོད་ལེན་བྱེད་ཀྱི་ཡོད་ཟེར་ན། ང་ཚོ་ལ་ཐོག་མར་འགྲོ་བ་མིའི་རིགས་ཀྱི་གོ་ཐོབ་དེ་ཡོད་མེད་ལ་ཞིབ་དུ་བསམ་བློ་གཏོང་རན་ཡིན། དེ་ཡིན་དུས་ད་གཟོད་ང་ཚོས་མི་ཆོས་རང་ལུགས་ལྟར། མི་རིགས་རང་ལུགས་ཀྱི་རྩ་བ་བརྟན་པོར་བཙུགས་དེ། བོད་མི་རིགས་ཤིག་ཤི་གསོན་གྱི་ཁ་མཚམས་འདིར་ཡོད་དུས་སུ། སྐད་ཆ་བཟང་ངན་གཉིས་ཀ་བཤད་དགོས་ལ། དོན་དག་བཟང་ངན་གཉིས་ཀ་སྒྲུབ་དགོས། འོ་རེད། མཐའ་མཇུག་དུ་རྒྱ་མོ་ཞིག་གིས་བོད་དང་རྒྱ་མིའི་བར་དུ་སྐད་ཆ་འདི་འདྲ་ཞིག་བཤད་ཡོད་པ་དེ་ལ་བསམ་བློ་ཞིབ་དུ་གཏོང་རོགས་ཞུ། བོད་མི་ས་ཡ་དྲུག་རེད། རྒྱ་མི་དུང་ཕྱུར་བཅུ་གསུམ་ལྷག་རེད། དེ་གཉིས་བསྡུར་བ་ཡིན་ན། བོད་མི་ས་ཡ་དྲུག་པོ་མེད་པར་གཏོང་བ་ལ་ང་རང་རྒྱབ་སྐྱོར་ཡོད་ཅེས་བཤད་པ་རེད།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་རྣམ་གླིང་རྫོང་ཁོངས་སུ་ཁུང་ཙིའི་སློབ་གསོ་ལག་བསྟར་མགོ་འཛུགས་བྱས།

ཆུ་ཚོད་ ༡༥ སྔོན་ལ།
TTT
Mobile App

བོད་མི་རྣམས་ལ་མཐུན་རྐྱེན་སྦྱོར་སྤྲོད་གང་ཐུབ་གནང་རྒྱུ་ཡིན་པ་བསྐྱར་ནན་གསུངས།

ཆུ་ཚོད་ ༡༨ སྔོན་ལ།
རྩོམ་པ་པོ་འཛུམ་ཤུལ་འཇམ་དབྱངས་ཐབས་མཁས་ལགས་ཀྱིས་བརྩམས་པའི་དཔེ་དེབ་དབུ་འབྱེད། པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༦།༡༢
Mobile App

ང་ཚོས་རྒྱ་ནག་གི་དྲག་གནོན་ལ་འཚེ་མེད་ཞི་བའི་ཐོག་ནས་ཁ་གཏད་བཅག་པ་ནི་རྗེས་དྲན་བྱ་འོས་པ་ཞིག་ཡིན།

༢༠༢༦/༠༦/༡༢
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གཏུག་བཤེར་ཁང་དུ་སྔོན་འགྲོའི་ཉན་ཞིབ་ཚོགས་པ་དང་འབྲེལ་བའི་ཐག་གཅོད་གནང་སྐབས། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་པར།
Mobile App

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

༢༠༢༦/༠༦/༡༢
བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་ལ་མཆོད་འབུལ་སྨོན་ལམ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༦།༡༢
Mobile App

བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་འདས་གྲོངས་སུ་གྱུར།

༢༠༢༦/༠༦/༡༢
Front Slider

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

༢༠༢༦/༠༦/༡༢

མཆན། 4

  1. sha tak ri sim says:
    ལོ་ 15 སྔོན།

    བྱ་གཞུང་འཇམ་དབྱངས་ལགས། ང་ཚོས་རང་གི་བླ་མ་སྟེ། སྤྱི་ནོར་༧གོང་ས་མཆོག་གི་ངེད་ཅག་ལ་མ་གསུང་བའི་བོད་མིའི་སྐྱིད་སྡུག་སྐོར་གང་ཡང་ལུས་མེད་ཚོད་ཡིན། འོན་ཀྱང་། ང་ཚོ་སྟེ། བོད་མི་ཆེས་མང་བོ་ཞིག་གིས་རང་གི་ཁ་ལྟོ་གཉིས་གཙོ་བོར་འཇག་པ་ལས་མི་རིགས་ཀྱི་གནད་དོན་གཙོ་བོར་བསམ་མ་ཐུབ་པའི་ནག་ཉེས་དེ་ཡིས་ད་ལྟའི་གཉེན་འཕྲེང་གི་དུས་ཚོད་འདི་དང་ལེན་བྱེད་ཐུབ་ཀྱི་མེད་པ་རེད། དེ་ཡིན་དུས་ང་ཚོས་གང་ས་ནས་སྐད་ཤུགས་ཆེ་ཙམ་གྱིས་རང་གི་མི་རིགས་འདི་འདི་ལས་སད་པར་བྱེད་དགོས་ལགས།

    Reply
  2. sha tak ri sim says:
    ལོ་ 15 སྔོན།

    འཇམ་མགོན་ལགས། འུ་ཅག་གི་ལས་དབང་འུ་ཅག་གིས་གླེང་དགོས་པ་ནི་མོས་མེད་ཡིན་ལ། འུ་ཅག་གི་འགན་དེ་ཡང་འུ་ཅག་གིས་ཕྲག་དུ་ལེན་དགོས་པ་ཡིན་དུས། མི་རིགས་རང་ལུགས་ཀྱི་གནད་དོན་དེ་ཡང་མ་གླེང་ཐུ་མེད་ཀྱི་གནད་དོན་ཞིག་ཡིན། ལྷག་པར་དུ་མི་རིགས་རྒྱུད་སྤེལ་གྱི་ལམ་ཁ་དེ་ཡང་དངོས་ནས་གལ་ཆེན་ནང་གི་དོན་ཆེན་ཞིག་ཆགས་ཡོད་པ་ཡིན། ང་རང་སྔོན་ཆད་རྡ་སར་ཡོད་དུས་སུ་མཐོ་སྒང་གི་རྒྱབ་མདུན་སྟེང་དུ་ཡང་དེ་ཡི་སྐོར་ཞིག་བྲིས་མྱོང་ཡོད་ལ། སྐབས་དེར་གྲོགས་པོ་ཞིག་གི་ཀུ་རེ་དང་བཅས་ང་ལ་གཡབ་རེ་བྱེད་མི་ཐུབ་པའི་མི་ཞིག་གང་ན་ཡོད་ཟེར། དེ་ཡང་དངོས་ནས་ཟུར་ཟའི་སྐད་ཅིག་ཡིན་ན་ཡང་། འགན་མི་འཁུར་བའི་སྐད་ཆ་དེ་ལྟར་བཤད་ན་འགྲིག་ཡང་། ང་ཚོ་དངོས་ནས་སད་རན་པའི་དུས་ཚོད་གཉན་འཕྲེང་ཅན་ཞིག་གི་ཁྲོད་ཀྱི་མི་རིགས་ཡིན་པ་སེམས་སུ་ངེས་དགོས་ཀྱི་ཡོད་ལགས།

    Reply
  3. ajamyang says:
    ལོ་ 15 སྔོན།

    བོད་མི་ས་ཡ་དྲུག་མེད་པར་གཏོང་བའི་བྱེད་ལས་ང་ཚོས་ཀྱང་བྱེད་ཀྱིན་འདུག
    དེང་སྐབས་བོད་ཀྱི་བུད་མེད་དག་བུ་ཕྲུག་གསོ་སྐྱོང་བྱ་རྒྱུ་དགའ་བོ་མེད་པ་དང་། ཁྱོ་ཀ་དག་ཀྱང་དེ་དག་ལ་འཐད་པ་རེད། དེ་བས་འདིའི་ཕྱོགས་ལ་ང་ཚོས་ངེས་པར་དུ་བསམ་བློ་གཏོང་དགོས་རྒྱུ་འདུག ༧གོང་ས་མཆོག་གིས་ཀྱང་གལ་ནན་གྱིས་འདིའི་སྐོར་ལ་བཀའ་སློབ་གང་མང་ཕེབས་བ་རེད། ཡིན་ན་ཡང་། ཡིད་གཟབ་དང་ཉན་འཇོག་བྱེད་མཁན་མི་འདུག་ཀ ངོ་མ་ཐབས་སྐྱོ་བོ་རེད། ཟིན་བྲིས་བ་དག་གིས་ཀྱང་དེ་སྐོར་གྱི་ཟིན་ཐོ་ཞིག་ད་བར་མཐོང་མ་མྱོང་། དེའི་སྟབས་ཀྱིས་དེའི་སྐོར་ལ་དཔྱད་བརྗོད་དང་བསམ་ཚུལ་གང་མང་གསུངས་ཐུབ་ན་ཡག་པོ་འདུག

    Reply
  4. jamgon says:
    ལོ་ 15 སྔོན།

    གྲོགས་བོད། ཤ་ཁྲག་རུས་གསུམ་ལགས། ཉིད་ནས་སྔར་མི་བཤད་པ་ཞིག་དང་རྒྱུན་ཏུ་དྲན་བཞིན་པ་ཞིག དེ་རིང་ཚང་མའི་མིག་ལམ་ལ། དེ་རིང་ཀུན་གྱི་རྡོག་སྣེ་ལ་འདི་ལྟར་དེད་ནས་ཐོན་ཐང་ཐལ། འདི་ལྟར་བཞུར་ནས་རྒྱུག་བའི་སྒང་རེད། ངོ་མ་ཡིན་འདི་བསམ་ཞིབ་དོན་ལྡན་ཞིག་རེད་ལ་ང་ཚོ་ཚང་མའི་ཕྲག་ལ་བབ་པའི་ལས་འགན་ཞིག་དང་། དོ་ཁུར་དང་ཡིད་འཇོག གཟབ་ནན་དང་ཧུར་ཐག་བྱེད་རན་པའི་སྐབས་ཤིག་ཀྱང་རེད། ལྷག་དོན་རྒྱ་མོ་དེའི་བཤད་པའི་སྐད་ཆ་དེ་༼ བོད་མི་ས་ཡ་དྲུག་རེད། རྒྱ་མི་དུང་ཕྱུར་བཅུ་གསུམ་ལྷག་རེད། དེ་གཉིས་བསྡུར་བ་ཡིན་ན། བོད་མི་ས་ཡ་དྲུག་པོ་མེད་པར་གཏོང་བ་ལ་ང་རང་རྒྱབ་སྐྱོར་ཡོད་ཅེས་བཤད་པ་རེད།༽ ཅེས་བཤད་པ་དེ་ང་ཚོ་ཁོག་འདར་རྒྱག་བྱེད་ཞིག་མ་ཡིན་ནམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese