མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡང་སྙིང་པཎ་ཆེན་ཆུང་སྲིད་མཆོག་གང་དུ་ཡོད་དམ།

བོད་ཀྱི་དུས་བབ།
༢༠༡༡/༠༤/༢༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ངྷ་སའི་གཞུང་འབྲེལ་མིན་པའི་ཚོགས་པ་ལྔས་པཎ་ཆེན་ཆུང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༢༢ ལ་སོན་པའི་དགའ་སྐྱོ་ཟུང་གི་འཁྲུངས་སྐར་སྲུང་གཙི་དང་འབྲེལ་རྒྱ་ནག་གཞུང་ལ། རིན་པོ་ཆེ་མཆོག་གང་དུ་བཞུགས་པ་དང་སྐུ་ཡི་གནས་སྟངས་གང་འདྲ་ཡོད་མེད་གསལ་འདེབས་དགོས་པའི་བསྒྲགས་གཏམ་སྤེལ་སོང་།

དེ་རིང་ཕྱི་ཚེས་ ༢༥ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠ པའི་སྟེང་བཞུགས་སྒར་ངྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལྔའི་གོ་སྒྲིག་ཐོག ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སྐུ་འཁྲུངས་ཏེ། མི་ལོ་ཧྲིལ་པོ་ ༢༢ འཁོར་བའི་དུས་དྲན་མཛད་སྒོ་ཞིག་ཚོགས་ཡོད་ཅིང་། མཛད་སྒོ་དབུ་འཛུགས་མ་བྱས་སྔོན་ལ་དགེ་འདུན་འདུས་མང་གིས་ཆུང་སྲིད་རིན་པོ་ཆེ་གང་མགྱོགས་ཀློད་གྲོལ་ཡོང་བར་གསོལ་སྨོན་རྒྱས་པ་ཞིག་ཚོགས་ཡོད་ལ། མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་ཕེབས་འདུག  

ཐོག་མར་ཚོགས་པ་ཁག་གི་སྐུ་ཚབ་ཀྱིས་བོད་དབྱིན་ཧིན་གསུམ་གྱི་ལམ་ནས་པཎ་ཆེན་ཆུང་སྲིད་ཀྱི་གནས་སྟངས་སྐོར་སྒྲོག་སྦྱང་བྱས་སོང་ལ། ཞུ་ཡིིག་དེའི་ནང་བཀོད་དོན། པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་གྱི་ཉིན་འདིར། ང་ཚོས་རྒྱ་གཞུང་ལ་ཆུང་སྲིད་མཆོག་གང་དུ་བཞུགས་ཡོད་མེད་ཀྱི་དཔང་རྟགས་གསལ་པོ་སྟོན་དགོས་པའི་ནན་བརྗོད་བྱ་རྒྱུ་ཡིན། ༢༠༡༡ ལོའི་ཕྱི་ཟླ་ ༤ ཚེས་ ༢༥ ཉིན་ནི། དགེ་འདུན་ཆོས་ཀྱི་ཉི་མ་དགུང་ལོ་ ༢༢ སོན་པའི་འཁྲུངས་སྐར་ཉིན་མོ་ཡིན་ལ། འཛམ་གླིང་ཕྱོགས་མཐར་གནས་པའི་ནང་པའི་མི་རིགས་ཁག་གིས་ཆུང་སྲིད་རིན་པོ་ཆེའི་འཁྲུངས་སྐར་སྲུང་གཙི་བྱེད་བཞིན་ཡོད། ད་ལྟ་མི་རྣམས་ཀྱིས་སེམས་འཚབ་བྱེད་བཞིན་པ་ནི། ཆུང་སྲིད་མཆོག་གི་ད་ལྟའི་གནས་སྟངས་དངོས་ཇི་འདྲ་ཡིན་མིན་གྱི་སྐོིར་ཡིན་ཞིང་། ༡༩༩༥ ལོར་༧གོང་ས་མཆོག་གིས་དགེ་འདུན་ཆོས་ཀྱི་ཉི་མ་པཎ་ཆེན་སྐུ་ཕྲེང་བཅུ་བའི་ཡང་སྲིད་དུ་ངོས་འཛིན་གནང་སྟེ། ད་བར་མི་ལོ་ཧྲིལ་པོ་ ༡༦ ཙམ་ཕྱིན་ཡོད་ནའང་། མི་རྣམས་ཀྱིས་ཆུང་སྲིད་མཆོག་དང་ཁོང་གི་ཡབ་ཡུམ་སྐུ་འཁོར་འཚོ་བཞུགས་ཡོད་མེད་ཀྱི་གནས་སྟངས་ཤེས་རྟོགས་ཐུབ་ཀྱི་མེད། ཅེས་བཀོད་ཡོད།

༢༠༡༠ ལོའི་ཟླ་ ༣ པའི་ནང་བོད་རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་པདྨ་འཕྲིན་ལས་ཀྱིས་གསར་ལམ་ཁག་ཏུ། ཆུང་སྲིད་དང་ཁོང་གི་ཡབ་ཡུམ་སོགས་མི་མང་གཞན་དང་འདྲ་བར་བདེ་འཇགས་ཀྱི་འཚོ་བར་ལོངས་སུ་སྤྱོད་བཞིན་ཡོད་སྐོར་བརྗོད་ཡོད་ཀྱང་། རྒྱ་གཞུང་ལ་ད་དུང་ཡང་དགེ་འདུན་ཆོས་ཀྱི་ཉི་མ་གང་དུ་བཞུགས་ཡོད་མེད་ཀྱི་བརྡ་ལན་ཁ་གསལ་མེད་ན། ཉིན་འདི་ནས་བཟུང་ང་ཚོས་པདྨ་འཕྲིན་ལས་ཀྱི་ཧམ་བཤད་ལ་ཡིད་ཆེས་བྱ་ཐབས་མེད། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་བུད་མེད་དང་བྱིས་པའི་ཐོབ་ཐང་དང་། ཆོས་ལུགས་ཚོགས་སྡེ་ཁག་གིས་ཀྱང་ཆུང་སྲིད་མཆོག་གི་ད་ལྟའི་གནས་སྟངས་ཐོག་བློ་འཚབ་བྱེད་ཀྱིོན་ཡོད། ཅེས་བཀོད་འདུག

ཞུ་ཡིག་དེར་མུ་མཐུད་བཀོད་དོན། རྒྱ་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་བཟང་སྤྱོད་རྡོག་རོལ་དུ་བཏང་སྟེ། ཆུང་སྲིད་རིན་པོ་ཆེ་དགུང་ལོ་དྲུག་ཐོག་འཛིན་བཟུང་བཙོན་འཇུག་གིས་གར་སོང་ཆ་མེད་ཆགས་ཡོད་སྟབས། བོད་པ་གཙོས་པའི་འཛམ་གླིང་མི་མང་གིས་རིན་པོ་ཆེ་འཚོལ་བཞིན་ཡོད་པའི་སྐབས་འདིར། ང་ཚོས་རྒྱ་གཞུང་ལ་ནན་ཏན་གྱིས་ཆུང་སྲིད་མཆོག་གང་དུ་བཅུག་ཡོད་མེད་ཁ་གསལ་ལན་འདེབས་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ལ། ཆུང་སྲིད་མཆོག་དགུང་ལོ་ཉེར་གཉིས་སུ་ཕེབས་པའི་ཉིན་འདིར་ཡང་། རྒྱ་གཞུང་གིས་ཆུང་སྲིད་མཆོག་དང་ཡབ་ཡུམ་སྐུ་འཁོར་བཅས་བཙོན་འཇུག་བྱས་པར་ངོ་རྒོལ་ཤུགས་ཆེན་བྱ་རྒྱུ་ཡིན། ཞེས་ཅེས་བཀོད་ཡོད་འདུག

མཇུག་ཏུ་སྐུ་མགྲོན་གཙོ་བོ་རྒྱ་རི་སྒྲོལ་མ་མཆོག་གིས་གསུངས་དོན། དེ་རིང་གི་ཉིན་མོར་འདིར་བོད་མི་སུ་འདྲ་ཞིག་ཡིན་རུང་། ༧རྒྱལ་བ་པཎ་ཆེན་རྣམ་གཉིས་ཀྱིས་བོད་ཀྱི་བསྟན་སྲིད་ལ་བཀའ་དྲིན་བསྐྱངས་བར་རྗེས་དྲན་དང་། ལྷག་པར་དུ་རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་མཆོག་དང་། པཎ་ཆེན་སྐུ་ཕྲེང་བཅུ་བ་དང་བཅུ་གཅིག་པའི་ངོས་ནས་བོད་བསྟན་སྲིད་དང་མི་རིགས་ཀྱི་ཆེད། བོད་ཀྱི་ལོ་རྒྱུས་ནང་བྱུང་མ་མྱོང་བའི་ཛ་དྲག་གི་གནས་སྟངས་ཐོག་ཐུགས་འགན་བཞེས་ཡོད་སྟབས། རླབས་ཆེན་མཛད་འཕྲིན་དེ་ལྟ་བུ་ཞིག་བསྐྱངས་བར་ངས་བོད་མི་ཡོངས་ཀྱི་ཚབ་བྱས་ཏེ་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན། ཞེས་དང་།

དེ་རིང་གི་གོ་སྐབས་དང་སྟབས་བསྟུན་ནས། རྒྱ་དམར་གུང་ཁྲན་གྱིས་བཙན་གནོན་འོག་ཡོད་པའི་གཙང་བཀྲ་ཤིས་ལྷུན་པོའི་དགེ་འདུན་པ་རྣམས་དང་། བཙན་བྱོལ་དུ་ཡོད་པའི་བཀྲ་ཤིས་ལྷུན་པོའི་བླ་སྤྲུལ་དགེ་འདུན་པ་ཡོངས་ལ། མང་གཙོའི་འགྲོ་ལུགས་ཐོག་འོས་འདེམས་བྱས་པའི་བོད་རིགས་མང་ཚོགས་ཀྱིས་ཚབ་མཚོན་ཐུབ་པའི་སྒྲིག་འཛུགས་འདིའི་ངོས་ནས་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན། ཞེས་གསུངས་བྱུང་།

ཡང་ཁོང་གིས་པཎ་ཆེན་གྱི་གནས་སྟངས་དང་འབྲེལ་ནས་འབོད་སྐུལ་ཞུས་དོན། ང་ཚོ་ཚང་མས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་ད་ལྟ་གང་དུ་ཡོད་པ་དང་། གནས་སྟངས་ཇི་འདྲ་ཞིག་གི་འོག་ཡོད་མེད་ཤེས་རྟོགས་ཐུབ་ཀྱི་ཡོད་པ་མ་རེད། ལོ་གཉིས་ཀྱི་སྔོན་ལ་གསར་འགྱུར་བརྒྱུད་ལམ་ཞིག་གིས། པཎ་ཆེན་རིན་པོ་ཆེ་འཚོ་བཞུགས་མེད་པའི་གནས་ཚུལ་སོགས་བཀོད་མྱོང་ཡོད་པ་རེད། ༢༠༡༠ ལོའི་ཕྱི་ཟླ་ ༣ པའི་ནང་པདྨ་འཕྲིན་ལས་ཀྱིས་པཎ་ཆེན་རིན་པོ་ཆེ་སྐུ་གཟུགས་བདེ་ཐང་ཡིན་པའི་སྐད་ཆ་ཞིག་བཤད་པ་རེད། སྤྱིར་སྐད་ཆ་དེར་ཡིད་ཆེས་བྱ་ཐུབ་པ་ཞིག་མིན་ནའང་། ང་ཚོས་སྐད་ཆ་དེར་རེ་བ་རྒྱག་དགོས་བྱུང་ཡོད། ཅེས་དང་།

ཡང་ཁོང་མོས་མུ་མཐུད་དོན། དེ་རིང་འཁྲུངས་སྐར་ཉིན་མོ་འདིར་བཙན་བྱོལ་དུ་ཡོད་པའི་བཀྲ་ཤིས་ལྷུན་པོའི་ངོས་ནས། དོན་ཚན་བཞི་ཅན་གྱི་འབོད་སྐུལ་གསལ་བསྒྲགས་ཤིག་སྤེལ་འདུག་ལ། དེའི་དང་པོ་ནི། པཎ་ཆེན་རིན་པོ་ཆེ་སྐུ་འཚོ་བཞུགས་ཡོད་མེད་ཀྱི་གནས་ཚུལ་ཁ་གསལ་བཟོ་དགོས། གཉིས་པ། རང་དབང་ཅན་གྱི་སྒྲིག་འཛུགས་ཤིག་གིས་རིན་པོ་ཆེར་མཇལ་འཕྲད་ཀྱི་གོ་སྐབས་སྤྲོད་དགོས་རྒྱུ།  གསུམ་པ།  བྱ་བྲལ་རིན་པོ་ཆེ་གཙོས་པའི་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་ཀློད་གྲོལ་དགོས་པ། བཞི་བ། ༧གོང་ས་མཆོག་ལ་གཞི་མེད་ཀྱི་བསྙོན་འཛུགས་སོགས་རྩ་བ་ནས་བྱེད་ཆོག་གི་མེད་ཅེས་བཀོད་འདུག དོན་ཚན་བཞི་དེར་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་རྒྱབ་སྐྱོར་གཙང་མ་བྱ་རྒྱུ་ཡིན་པ་མ་ཟད། ང་ཚོའི་འབོད་སྐུལ་ཡང་ཁོང་ཚོ་དང་གཅིག་མཚུངས་ཡིན། ཞེས་གསུངས་སོང་།  

                                                                                                                                            གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 2

  1. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    རྒྱལ་བ་འོད་དཔག་མེད་མིའི་རྣམ་སྤྲུལ་༸པཎ་ཆེན་༸སྐུ་ཕྲེང་༡༡པ་མཆོག་༸སྐུ་ཚེ་ཡུན་བརྟན་ཤོག །

    Reply
  2. ལྷ་མོ་དོན་གྲུབ། says:
    ལོ་ 15 སྔོན།

    ངས་འདིར་རྒྱ་གཞུང་གིས་ཆབ་སྲིད་ལག་ཆར་བེད་སྤྱོད་པའི་པཎ་ཆེན་མཚན་འཛིན་པ་གང་ལ་ཡང་འཚམས་འདྲི་ཞུ་ན་འདོད། ཁོང་ནི་པཎ་ཆེན་ཡང་སྲིད་ངོ་མ་མིན་ན་ཡང་ད་ལྟ་ཁོང་གི་སྐུ་ཚབ་ངོ་མ་ཞིག་གནང་འདུན་ཡོད་པར་རེ་བ་རྒྱག་འོས། གལ་ཏེ་འདི་ནི་རྣོ་ངར་ལྡན་པའི་རལ་གྲི་ཞིག་ལ་མཚོན་ན། རལ་གྲི་སོ་ཉིས་མ་ཞིག་དང་འདྲ་བས། དེ་སུས་བེད་སྤྱོད་ཐུབ་མིན་ལ་རག་ལས་ཡོད། ངའི་བསམ་པར་ཁོང་ལ་ནང་ཆོས་ཀྱི་ཐོས་བསམ་སྒོམ་གསུམ་གཙང་མ་ཞིག་གནང་རྒྱུའི་གོ་སྐབས་བྱུང་བས་སྤྱིར་བཏང་གི་མི་ཕལ་བ་ཞིག་ཡིན་ན་ཡང་མི་བཟང་པོ་ཞིག་མ་ཆགས་ཀྱང་ངན་པ་ཞིག་ཏུ་མི་འགྱུར་བར་ཚོད་དཔག་བྱེད་ཆོག་པ་ཞིག་རེད། སྤྱིར་བཏང་དེང་སང་བླ་མ་དང་སྤྲུལ་སྐུའི་མིང་འཛིན་པ་ཧ་ཅང་མང་ལ། དེ་དག་ཁྲོད་ན་རྫུན་མ་ཡང་ཧ་ཅང་མང་བས། མདོ་དོན་སུ་ཞིག་གིས་མིང་དོན་མཚུངས་པའི་ཕྱག་ལས་ཤིག་གནང་ཐུབ་མིན་དེ་གཙོ་བོ་མ་ཡིན་ནམ།

    ཞོར་དུ་དག་ཆ་ཞིག་་སྲུང་གཙི་་་་་ཡིག་ནོར་འདི་ཐེངས་མང་པོར་བྲིས་སོང། རྗེས་མ་ནས་ སྲུང་བརྩི་་ཞེས་འབྲི་རོགས་གནང།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese