མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འདྲེ་རུ་སྐྱེ་བའི་སྔ་གཞུག་གི་མྱི།

བོད། ཤ་ཁྲག་རུས་གསུམ།
༢༠༡༡/༠༤/༢༦
Share on FacebookShare on TwitterShare on EmailShare on Whatsapp

ཁ་རོག་གེར་བསྡོད་པ་དེ་ནི་ཁྱེད་རང་གི་རང་གཤིས་སུ་གྱུར་ཉིན་ནས། སུ་ལ་ཡང་འདྲིས་ཤིང་མ་གཤིབ་པའི་མི་གཤིས་སྐྱུར་མོའི་དེ་ཡི་ལྟག་རྒྱབ་ན། ཁ་རོག་གེར་སྐོང་ནས་སྟོང་ལབ་ལ་གོམ་པའི་མྱི་ངན་ཁྱེད་རང་། འཇིག་རྟེན་གྱི་གནས་ལུགས་དང་རྒྱུ་མཚན་ལས་བརྒལ་ནས། མྱི་སེམས་མང་བོ་ཞིག་གི་ཕ་རོལ་ན། ཁེར་རྐྱང་གི་རུམ་ཁ་ཞིག་འཚོལ་བའི་དུས་སུ། ཁྱེད་རང་ལ་ཁྱེད་རང་ལས་ལྷག་པའི་འགྲེལ་བཤད་གང་ཡང་མ་མཆིས་མོད། ཡིན་ཡང་། ཁྱེད་རང་ཤེས་མཁན་གྱི་ཁྱེད་རང་དེ་ནི་མྱི་མ་རེད། འདྲེ་རེད། འདྲེ་དེ་ཡང་མི་ཚོགས་ཤིག་གི་ལྟག་རྒྱབ་ན། ཁ་རོག་གེར་ལབ་རྒྱག་པར་གོམ་པའི་མྱི་ཁྱེད་རང་རེད།

གནམ་སའི་རིག་ངེས། རྒྱུ་འབྲས་ཀྱི་ཚད་འཇལ་ངེས། ལས་དབང་གི་ཐག་གཅོད་བྱེད་ངེས། དཀོན་མཆོག་གི་ཐར་བ་གཏོང་མི་སྲིད། ཐག་རིང་ཐུང་གང་རུང་གི་མྱི་ཁྱེད་རང་། ཁྱེད་རང་ནི་གྲུབ་མ་འདྲེ་བར་གྱུར། གྲུབ་མར་དགའ་བ་འདྲེ་ཡི་རང་གཤིས་ཡིན་ཟེར། ཏག་ཏག་ཁྱེད་རང་འདྲེ་ཡིན་ངེས་རེད། བྱེད་སྟངས་ཀྱང་འདྲེ་ཡི་བྱེད་སྟངས་ཤིག་འབྱོར་ཡོད། མྱིས་མི་ཤེས་ས་ཤིག་ནས། མྱིས་མི་རིག་ས་ཞིག་ནས། མྱིས་མི་གོ་ས་ཞིག་ནས། ཁྱེད་རང་ནམ་རྒྱུན་གྱི་མྱི་དེ་གཏན་ནས་མིན་པར་གྱུར་འགྲོ དེ་ཡང་ཁོར་ཡུག་དང་ཁང་ཁྱིམ། བྱིས་པ་དང་མཛའ་མོ། ཕ་མ་དང་ཉེ་དུ། བརྩེ་དུང་དུང་ལ་རྒྱ། དེ་དག་བརྗེད་པའི་སྐབས་ཀྱི་ཁྱེད་རང་། མྱི་མ་རེད། འདྲེ་རེད། འདྲེ་དེ་ཡང་ཕྱི་ཐག་མེད་པའི་འདྲེ་ཞིག་རེད། སྐབས་དེ་དུས་ཀྱི་ཁྱེད་རང་ནི། གནམ་འོག་འདིས་ཆེས་མི་ལེགས་པའི་མྱི་ཞིག་ཡིན།

སྐད་ཆ་བཤད་ཤེས་པ་དེ་ཡང་དོན་སྙིང་མེད་ནི་ཞིག་བཤད་ཀྱི་ཡོད། འདང་རྒྱགས་པ་དེ་ཡང་རྒྱུ་མཚན་མེད་ནི་ཞིག་འདང་རྒྱགས་ཀྱི་ཡོད། བསམ་བཞིན་པ་དེ་ཡང་དགོས་པ་མེད་པ་ཞིག་བསམ་བཞིན་ཡོད། འཚོལ་བཞིན་པ་དེ་ཡང་ཕུགས་འབྲས་མེད་པ་ཞིག་ཡིན། གང་ལྟར། ཁྱེད་རང་ནི་མྱི་འབག་གྱོན་པའི་འདྲེ་ཞིག་ཡིན། ཁྱེད་ཀྱིས་མྱི་མང་བོ་ཞིག་གི་སེམས་སུ་ན་ཟུག་བསྐྲུན་ཡོད། ཁྱེད་ཀྱིས་མྱི་མང་བོ་ཞིག་ལ་དྲན་གདུང་བཞག་ཡོད། ཁྱེད་ཀྱིས་མྱི་མང་བོ་ཞིག་དོན་མེད་དུ་བསྡིག་ལ་གཏད་ཡོད། དོན་དངོས་ཐོག གང་ཡང་མི་འཇོན་པའི་ཁྱེད་རང་ནི། མྱི་གྲལ་ནས་འདུག་པ་ལས། རིག་མི་ཐུབ་པའི་འདྲེ་སུ་འབོད་པའི་གྲལ་རིམ་དེར་འཛུལ་བཞུགས་བྱེད་ཐུབ་ན་ཡག་ས་རེད།

དེ་ན་ཁྱེད་ལ་གོ་ས་ཞིག་ཡོད་སྲིད། དེ་ལ་ཁྱེད་ལ་མཛའ་གྲོགས་ཡོད་སྲིད། དེ་ན་ཁྱེད་ལ་རང་དབང་ཡོད་སྲིད། དེ་ན་ཁྱེད་ལ་གནས་ཚང་ཡོད་སྲིད། དེ་ན་ཁྱེད་ལ་སྐད་ཤུགས་ཡོད་སྲིད། དེ་ནས་ཁྱེད་རང་གི་འདྲེ་ངོ་མའི་བྱེད་ལུས་འགུལ་བསྐྱོད་ཐ་དག་གི་རམ་འདེགས་ཡོད་སྲིད། མྱི་གཟུགས་ལ་འདྲེ་ཡི་རྣམ་ཤེས་ཅན་ལགས། ཁྱེད་རང་འདི་ནས་ག་ལེར་ཕེབས་ན་རེད།

འབྲེལ་ཡོད་གསར་འགྱུར།

26 Trade Passes Issued As India-Tibet Border Trade Resumes Photo (ETV Bharat Archives)
Mobile App

འཕགས་བོད་གཉིས་ཀྱི་ལི་པུ་ལེག་ཚོང་ལམ་སྒོ་ཕྱེ་ནས་རྒྱ་གར་གྱི་ཚོང་པ་ཤར་གཏོང་བྱ་རྒྱུ་ཡིན་འདུག 

སྐར་མ ༥༧ སྔོན་ལ།
TTT
Mobile App

སྲི་ཞུའི་ལས་བྱེད་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༠ སྔོན་ལ།
Mobile App

རྒྱ་གར་གྱིས་རྒྱ་ནག་ལ་བརྟེན་མི་དགོས་པར་རང་སྐྱ་འཕེར་བའི་ཉི་གློག་བཟོ་སྐྲུན་གྱི་སྲིད་ཇུས་གསར་པ་ཞིག་སྤེལ་རྒྱུ་རེད།

ཆུ་ཚོད་ ༢༠ སྔོན་ལ།
TT
Mobile App

ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སྡེ་ཚན་གྱི་ལས་བྱེད་དང་མཇལ་འཕྲད་གནང་།

ཆུ་ཚོད་ ༢༠ སྔོན་ལ།
Sakkar Tashi’s profile on X. Screenshot taken on 24 June 2026.
Mobile App

རྒྱ་ནག་གཞུང་གིས་ས་དཀར་བཀྲ་ཤིས་ལགས་ཀྱི་བོད་ནང་གི་ནང་མི་རྣམས་ནག་ཉེས་ཅན་གྱི་ཐོ་གཞུང་དུ་བཅུག་འདུག

ཆུ་ཚོད་ ༢༡ སྔོན་ལ།
སྲིད་སྐྱོང་མཆོག་གི་ཨ་རི་དང་ཡུ་རོབ་ཀྱི་གཞུང་འབྲེལ་ཕྱོགས་ཕེབས་མཇུག་བསྒྲིལ། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༦།༦།༢༤
Mobile App

སྲིད་སྐྱོང་མཆོག་གི་ཨ་རི་དང་ཡུ་རོབ་ཁུལ་གྱི་ཕྱོགས་ཕེབས་མཇུག་བསྒྲིལ། 

༢༠༢༦/༠༦/༢༤

མཆན། 3

  1. sha tak ri sim says:
    ལོ་ 15 སྔོན།

    ཁྱེད་གཉིས་གཅིག་རྗེས་གཅིག་གིས་མཐུད་དེ་ཡོང་ནས་བསམ་ཚུལ་གསུངས་དེར་མོས་གུས་ཡོད། རྗེས་སུ་ཡི་རུང་ཞུ།

    Reply
  2. Baichung says:
    ལོ་ 15 སྔོན།

    དྲ་གྲོགས་ཤ་ཁྲག་རུས་གསུམ་ལ་བཀྲ་ཤིས་བདེ་ལེགས་ཞུ
    ཨ་རོ། ཁ་རོག་གེར་སྡོད་ཀྱིན་དང་ཡང་སྟོང་ལབ་རྒྱག་གི་བོ
    སུ་ལའང་འབྲེལ་འདྲིས་མེད་མཁན་ཞིག་གིས་ཡུལ་སྟོང་བ་ལ་སྟོང་ལབ་བྱ་བཞིན་ན་དེས་མིའི་སྤྱི་ཚོགས་ལ་དཀྲུགས་ཤིང་དང་ཆག་སྒོ་མི་བཟོ་བས་སྐྱོན་མི་འདུག ཧ ཧ ཧ རྩེད་མོ་མིན་ན་དུམ་པ། འགྲོ་རྒྱུ་ཡིན།

    Reply
  3. karmadentse says:
    ལོ་ 15 སྔོན།

    ཚོར་བའི་བ་སྤུ་ཆ་བོ་གཟེངས་ཡོད་སྐབས་ཤིག་ལ་བྲིས་པ་རེད་བསམ་སོང་།

    གང་ལྟར་མྱི་ཀླད་པས་དབང་བསྒྱུར་ན་ཡག་ནོ་མ་གཏོགས་ཚོར་བས་དབང་བསྒྱུར་ན་ཡག་རྒྱུ་མི་འདུག

    དེ་ཙམ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese