མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་སྤྱི་གཉིས་ཀྱི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས།

བོད་ཀྱི་དུས་བབ།
༢༠༡༡/༠༤/༢༧
Share on FacebookShare on TwitterShare on EmailShare on Whatsapp

བཀའ་ཤག་སྐབས་གསུམ་པ་དང་སྤྱི་འཐུས་སྐབས་བཅོ་ལྔ་བའི་དངོས་གཞིའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་བསྐྱངས་པའི་ནང་། ཁྲིམས་ལུགས་ཆེད་མཁས་པ་བློ་བཟང་སེང་གེ་ལགས་སྐབས་གསུམ་པའི་བཀའ་བློན་ཁྲི་པར་བདམས་ཐོན་བྱུང་འདུག 

དེ་རིང་ཕྱི་ཚེས་ ༢༧ ཉིན་གྱི་ཞོགས་པར་བོད་གཞུང་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་དབུས་འོས་བསྡུ་ལྷན་ཁང་གིས་སྐབས་གསུམ་པའི་བཀའ་བློན་ཁྲི་པ་དང་སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་བསྐྱངས་སོང་། དེ་དག་ལས་སྐབས་གསུམ་པའི་བཀའ་བློན་ཁྲི་པའི་དངོས་གཞིའི་འོས་མི་གསུམ་ལས། བློ་བཟང་སེང་གེ་ལགས་སུ་འོས་ཤོག་ ༢༧༠༥༡ ཐོབ་སྟེ་བརྒྱ་ཆའི་ ༥༥ ཟིན་ཡོད་པ་དང་། བཀའ་ཟུར་བཀྲས་མཐོང་རྣམ་རྒྱལ་ལགས་སུ་འོས་ཤོག་ ༡༨༨༠༥ ཐོབ་སྟེ་བརྒྱ་ཆའི་ ༣༧།༤༢ ཟིན་ཡོད་འདུག དེ་བཞིན། བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་སུ་འོས་ཤོག་ ༣༡༧༣ ཐོབ་སྟེ་བརྒྱ་ཆའི་ ༦།༤༥ བཅས་ཟིན་ཏེ། སྐབས་གསུམ་པའི་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་ཁྲིམས་ལུགས་ཆེད་མཁས་པ་བློ་བཟང་སེང་གེ་ལགས་སུ་ཐོབ་ཡོད།

 

བོད་མི་མང་སྤྱི་འཐུས་སྐབས་བཅོ་ལྔ་བར་ཆོལ་ཁ་རེར་སྤྱི་འཐུས་ ༡༠ རེ་དང་། ཆོས་བརྒྱུད་རེར་སྤྱི་འཐུས་ ༢ རེ། བྱང་ཨ་རི་དང་ཡུ་རོབ་བཅས་སུ་སྤྱི་འཐུས་ ༢ རེ་བཅས་བདམས་ཐོན་བྱུང་ཡོད་པ་ལས་དབུས་གཙང་ཆོལ་ཁའི་སྤྱི་འཐུས་བཅུ་ནི། ཨཱ་ཅརྱ་ཡེ་ཤེས་ཕུན་ཚོགས་ལགས་སུ་འོས་གྲངས་ ༡༣༩༨༣ དང་། པདྨ་འབྱུང་གནས་ལགས་སུ་འོས་གྲངས་ ༡༢༡༡༡ ། ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་སུ་འོས་གྲངས་༡༡༩༩༥ ། དགེ་བཤེས་སྐལ་བཟང་དགྲ་འདུལ་ལགས་སུ་འོས་གྲངས་ ༡༠༥༥༧ །  ཀརྨ་ཡེ་ཤེས་ལགས་སུ་འོས་གྲངས་ ༩༩༠༨ ། ཟླ་བ་ཚེ་རིང་ལགས་སུ་འོས་གྲངས་ ༩༨༥༢ ། སྒྲོལ་མ་ཚེ་རིང་ལགས་སུ་འོས་གྲངས་ ༩༣༣༤ ། བུ་མོ་ཚེ་རིང་ལགས་སུ་འོས་གྲངས་༨༤༧༦ བཅས་དང་། གཞན། ཚེ་བརྟན་ནོར་བུ་ལགས་སུ་བརྒྱ་ཆ་ ༣༡།༨༢ དང་། འཇིགས་མེད་འབྱུང་གནས་ལགས་སུ་བརྒྱ་ཆ་ ༣༡།༤༠ ལས་ལོངས་མེད་སྟབས། འོས་བསྡུའི་སྒྲིག་གཞི་ལྟར་ན་ཁོང་གཉིས་ལ་བརྒྱ་ཆ་ལོངས་མེད་སྟབས་བསྐྱར་འོས་བསྡུའི་ལམ་ནས་ཐག་གཅོད་གནང་རྒྱུ་ཡིན་འདུག  

མདོ་སྟོད་ཀྱི་སྤྱི་འཐུས་བཅུ་ནི། འབའ་བ་སྐལ་བཟང་རྒྱལ་མཚན་ལགས་སུ་འོས་གྲངས་ ༩༦༧༡ དང་། གསེར་རྟ་ཚུལ་ཁྲིམས་ལགས་སུ་འོས་གྲངས་ ༨༠༤༤། འཇུ་ཆེན་དཀོན་མཆོག་ལགས་སུ་འོས་གྲངས་ ༧༧༥༦། འཇམ་དབྱངས་བཟོད་པ་ལགས་སུ་འོས་གྲངས་ ༦༥༣༦། དབུ་དཀར་ཚང་གཡུ་སྒྲོན་ལགས་སུ་འོས་གྲངས་ ༦༢༤༠། ཆོས་སྐྱོང་དབང་ཕྱུག་ལགས་སུ་འོས་གྲངས་ ༦༢༡༩། དབྱངས་ཅན་སྒྲོལ་དཀར་ལགས་སུ་འོས་གྲས་ ༦༠༩༠། ཚུལ་ཁྲིམས་བསྟན་འཛིན་ལགས་སུ་འོས་གྲངས་ ༥༩༣༣། དགེ་བཤེས་གཡུང་དྲུང་རྒྱལ་མཚན་ལགས་སུ་འོས་གྲངས་ ༥༤༩༢། གངས་ལྷ་མོ་ལ་འོས་གྲངས་ ༥༡༣༡ བཅས་རེད།

མདོ་སྨད་ཀྱི་སྤྱི་འཐུས་བཅུ་ནི། སྤེན་པ་ཚེ་རིང་ལགས་སུ་འོས་གྲངས་ ༢༧༧༢ དང་། ཐུབ་བསྟན་ལུང་རིགས་ལགས་སུ་འོས་གྲངས་ ༢༠༤༡ ། རྒྱལ་རོང་ཟླ་བ་ཚེ་རིང་ལགས་སུ་འོས་གྲངས་ ༡༨༢༧ ། འཕེལ་རྒྱས་སྒྲོལ་མ་མཚོ་མོ་ལགས་སུ་འོས་གྲངས་ ༡༧༥༦ ། ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་སུ་འོས་གྲངས་ ༡༤༦༥ ། བསོད་ནམས་རྒྱལ་མཚན་ལགས་སུ་འོས་གྲངས་ ༡༢༧༥ ། སྒྲོལ་དཀར་སྐྱབས་ལགས་སུ་འོས་གྲངས་ ༡༢༠༦། ཡེ་ཤེས་སྒྲོལ་མ་ལགས་སུ་འོས་གྲངས་༡༡༩༨། རྨོག་རུ་བསྟན་པ་ལགས་སུ་འོས་གྲངས་ ༡༠༦༥ ། རྒྱ་རིགས་ཐར་ལགས་སུ་འོས་གྲངས་ ༡༠༠༠ བཅས་རེད།

 

ཆོས་བརྒྱུད་ཁག་དང་བྱང་ཨ་རི། ཡུ་རོབ་བཅས་ཀྱི་སྐབས་བཅོ་ལྔ་བའི་སྤྱི་འཐུས་རྣམས་གསལ་བསྒྲགས་གནང་བ་ལས་ས་སྐྱའི་སྤྱི་འཐུས་གཉིས་ནི། མཁན་པོ་ནོར་བུ་ཚེ་རིང་ལགས་སུ་འོས་གྲངས་ ༣༨༤ དང་། མཁན་པོ་ཆོས་གྲགས་རྒྱ་མཚོ་ལགས་སུ་འོས་གྲངས་ ༣༠༩ ཐོབ་འདུག

དགེ་ལུགས་པའི་སྤྱི་འཐུས་གཉིས་ནི། རོང་བོ་བློ་བཟང་སྙན་གྲགས་ལགས་སུ་འོས་གྲངས་ ༣༣༣༦ དང་། ཨ་ཀྲུག་ཚེ་བརྟན་ལགས་སུ་འོས་གྲངས་ ༣༡༦༡ ཐོབ་འདུག རྙིང་མའི་སྤྱི་འཐུས་གཉིས་ནི། སློབ་དཔོན་བསོད་ནམས་བསྟན་འཕེལ་ལགས་སུ་འོས་གྲངས་ ༡༢༣༢ དང་། རྒྱ་རི་བུ་ཕྲུག་ལགས་སུ་འོས་གྲངས་ ༧༦༢ ཐོབ་འདུག བཀའ་བརྒྱུད་སྤྱི་འཐུས་གཉིས་ནི། ཀ་རྨ་ཆོས་འཕེལ་ལགས་སུ་འོས་གྲངས་ ༣༡༢ དང་། བསྟན་པ་ཡར་འཕེལ་ལགས་སུ་འོས་གྲངས་ ༢༥༦ ཐོབ་འདུག བོན་པོའི་སྤྱི་འཐུས་གཉིས་ནི། དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་སུ་འོས་གྲངས་ ༩༡ དང་། དགེ་བཤེས་རྣམ་དག་གཙུག་ཕུད་ལགས་སུ་འོས་གྲངས་ ༥༦ ཐོབ་འདུག

དེ་བཞིན་བྱང་ཨ་རིའི་སྤྱི་འཐུས་གཉིས་ནི། བདེ་སྐྱིད་ཆོས་དབྱིངས་ལགས་སུ་འོས་གྲངས་ ༢༩༨༨ དང་།  ནོར་བུ་ཚེ་རིང་ལགས་སུ་འོས་གྲངས་ ༢༥༩༦ ཐོབ་འདུག ཡུ་རོབ་སྤྱི་འཐུས་གཉིས་ནི། ཐུབ་བསྟན་དབང་ཆེན་ལགས་སུ་འོས་གྲངས་ ༡༢༢༥ དང་། ཆུང་བདག་ཀོ་རིན་ལགས་སུ་འོས་གྲངས་ ༧༥༢ བཅས་ཐོབ་འདུག    

སྔོན་འགྲོའི་འོས་བསྡུའི་སྐབས་དེབ་སྐྱེལ་གནང་མཁན་མི་གྲངས་ ༧༩༤༤༩ བྱུང་ཡོད་ལ། དེའི་ཁྲོད་འོས་བསྡུའི་ཆ་ཤས་ལེན་མཁན་ ༤༧༩༩༨  ཙམ་བྱུང་སྟེ། སྐབས་སྔོན་མ་དང་བསྡུར་ན་མི་གྲངས་ ༦༦༧༨ ལྷག་ཇེ་མང་དུ་ཕྱིན་ཡོད། ཐེངས་གཉིས་པའི་དེབ་སྐྱེལ་གྱི་གོ་སྐབས་སྤྲད་རྗེས་ཁྱོན་བསྡོམས་དེབ་སྐྱེལ་བྱེད་མཁན་ ༨༣༣༩༩ བྱུང་ཡོད་ཀྱང་། དངོས་གཞིའི་འོས་བསྡུར་ཆ་ཤས་ལེན་མཁན་ ༤༩༡༨༤ ཙམ་བྱུང་སྟེ། བཙན་བྱོལ་བོད་མིའི་བརྒྱ་ཆ་ ༥༨།༩༧  ལྷག་ཟིན་ཡོད་འདུག

 

མཐའ་མར་དབུས་འོས་བསྡུའི་འགན་འཛིན་འཇམ་དཔལ་ཆོས་བཟང་ལགས་ཀྱིས་གསུངས་དོན། དབུས་འོས་བསྡུ་ལས་ཁུངས་ངོས་ནས་སྐབས་གསུམ་པའི་བཀའ་བློན་ཁྲི་པ་དང་སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དེ་གཞུང་གི་འགྲོ་གྲོན་དང་མི་མང་གི་དུས་ཚོད་སོགས་ཕྱོགས་ཡོངས་ལ་གཟིགས་ཏེ། སྐབས་འདིར་སྔོན་དང་མི་འདྲ་བར་བཀའ་སྤྱི་གཉིས་ཀྱི་འོས་བསྡུ་དེ་ཉིན་གཅིག་དུས་གཅིག་ལ་གནང་བ་རེད། འདིའི་ཐད་འོས་བསྡུ་ལས་ཁུངས་ལ་ད་ལྟའི་བར་ལམ་སྲོལ་འདི་འགྲིག་མི་འདུག་ཟེར་མཁན་གཅིག་ཀྱང་བྱུང་མ་སོང་ལ། འོས་བསྡུའི་གྲུབ་འབྲས་ཀྱི་ཐད་ནས་ཀྱང་ཐེངས་འདིར་མི་མང་གིས་དོ་སྣང་ཤུགས་ཆེན་པོ་རེད། འོས་བསྡུའི་ལས་རིམ་ཡང་སྐབས་སྔོན་མ་དག་དང་བསྡུར་ན་གྲུབ་འབྲས་ཡག་པོ་བྱུང་འདུག་བསམ་གྱི་ཡོད། དེ་ཡང་འོས་བསྡུ་ལས་ཁུངས་ཀྱི་ལས་བྱེད་དང་ང་ཚོ་གསུམ་གྱི་འཇོན་པ་ཞིག་མིན་པར། མི་མང་གིས་མཉམ་རུབ་བྱས་པའི་གྲུབ་འབྲས་རེད། མ་འོངས་པར་བོད་གཞིས་བྱེས་གཉིས་མཉམ་འཛོམས་མ་བྱུང་བར་གྱི་འོས་བསྡུའི་ལས་རིམ་ཐད། མི་མང་གི་ངོས་ནས་འགན་འཁུར་དང་བསམ་ཚུལ་བཤད་རྒྱུ་གལ་ཆེན་པོ་རེད། ཅེས་བརྗོད་བྱུང་།

འགོད་པས་དབུས་འོས་བསྡུ་ལས་ཁུངས་ཀྱིས་ཐེངས་འདིའི་བཀའ་སྤྱི་གཉིས་ཀྱི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་མ་བྱས་སྔོན་ནས་སྤྱི་ཚོགས་ནང་འོས་བསྡུའི་གྲུབ་འབྲས་གླེང་སློང་དང་། བརྒྱུད་ལམ་རེ་ཟུང་གིས་ཁྱབ་བསྒྲགས་བྱས་པ་དེ་སྒྲིག་འགལ་ཡིན་མིན་དང་། དབུས་གཙང་སྤྱི་འཐུས་ཁྲོད་བརྒྱ་ཆ་མ་ལོངས་པའི་འོས་མི་གཉིས་ཀྱི་སྐོར། དེ་བཞིན་བལ་ཡུལ་དང་འབྲུག་ནང་གི་འོས་བསྡུའི་ལས་རིམ་བཅས་ཐད་དྲི་བ་བཏོན་པར། རྒྱ་གར་གྱི་ཚགས་ཤོག་ཁག་ཏུ་བཀའ་སྤྱིའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་བྱས་པའི་གནས་ཚུལ་བྱུང་ཡང་། ད་ལྟའི་ཆར་ང་ཚོ་དང་སྤྱི་ཚོགས་ནང་ཁུལ་ནས་མི་འདི་རེད་ཅེས་ངོ་རྟགས་ཆོད་ཀྱི་མེད་པ་དང་གསལ་བོ་བྱུང་མེད་སྟབས། ང་ཚོས་འདི་ལྟར་ལག་ལེན་བྱ་དགོས་ཀྱི་འདུག་དང་སྒྲིག་འགལ་རེད། ཅེས་གསལ་བོ་བཤད་ཁག་པོ་རེད། ཡིན་ནའང་། དབུས་གཙང་སྤྱི་འཐུས་ཁྲོད་བརྒྱ་ཆ་མ་ལོངས་པར་བསྐྱར་དུ་འོས་འཕེན་དགོས་པའི་གནས་སྟངས་ཆགས་ཡོད། བལ་ཡུལ་དང་འབྲུག་ནང་གི་འོས་བསྡུའི་ལས་རིམ་དེ་དཀའ་ངལ་འོག་ལྷག་ཡོད་ཀྱང་། ཐེངས་འདིར་ལམ་སློང་ཏོག་ཙམ་བྱུང་ཡོད་པ་རེད། ཅེས་བརྗོད་བྱུང་། 

གསར་འགོད་པ། དོན་གོ

 

འབྲེལ་ཡོད་གསར་འགྱུར།

Front Slider

འཇམ་དབྱངས་བཀྲ་ཤིས་ཀྱི་གླུ་གཞས་སྒྱུ་རྩལ་གྱི་ལམ་བུ།

ཆུ་ཚོད་ ༨ སྔོན་ལ།
རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གསུམ་པ་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༧།༣
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐོག་རྒྱལ་ཁབ་ ༡༥ ནས་ཚོགས་ཞུགས་བྱས་འདུག

ཆུ་ཚོད་ ༡༡ སྔོན་ལ།
སིམ་ལའི་བོད་མི་ཡོངས་ཀྱིས་༸སྐུའི་གཅེན་པོ་ཞིང་གཤེགས་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་རེ་ཕུལ་སོང་།  ༢༠༢༥།༠༧།༠༢ དུས་བབ་ཀྱི་པར།
Mobile App

༧སྐུའི་གཅེན་པོ་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་བཀའ་ཟུར་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་གཟེངས་རྟགས་ཕུལ།

ཆུ་ཚོད་ ༡༥ སྔོན་ལ།
 ཚེ་དབང་དབྱངས་མཚོ་ལགས་དང་བསྟན་འཛིན་སྲི་སྒྲུབ་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༧།༣
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་གཟེངས་ཐོན་སྲི་ཞུ་བ་གཉིས།

ཆུ་ཚོད་ ༡༥ སྔོན་ལ།
Front Slider

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད།

༢༠༢༥/༠༧/༠༢
Mobile App

བོད་དང་བོད་མིའི་མགྲིན་ཚབ་ཀྱི་བོད་སྒྱུར་ཕྱག་དེབ་འབྱེད་གནང་སོང་། 

༢༠༢༥/༠༧/༠༢

མཆན། 82

  1. གནས་ཚང་། says:
    ལོ་ 14 སྔོན།

    ད་ལྟ་ཕལ་ཆེར་བཀའ་བློན་ལས་རོགས་སྒང་ལ་བབས་ནས་སྐད་ཆ་བཤད་རན་ཡོད་པ་འདྲ། དེ་ན་གུས་པས་མིང་ཁ་ཤས་བཀའ་ཁྲི་བློ་བཟང་སེངྒེ་མཆོག་ལ་སྤྱན་ཕུལ་ཞུ་ཀི་ཡིན།

    དབུས་གཙང་།

    བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ།
    འབྲོང་ཆུང་དངོས་གྲུབ།

    མདོ་སྨད།

    ཨ་ཀྱཱ་རིན་པོ་ཆེ།
    ཀླུ་མཁར་བྱམས།

    མདོ་སྟོད།

    རྒྱ་རི་སྒྲོལ་མ།

    ཡབ་གཞིས།

    བསྟན་འཛིན་སྟག་ལྷ།

    གུས་པས་ཆེད་འབུལ་ལ་དགོས་པ་རྒྱུ་མཚན་མང་པོ་ཡོད། སྐྱ་སེར་གཉིས་ཀྱི་འབྲེལ་བ་མ་ཆད་པ། ཡབ་གཞིས་དང་བོད་ཀྱི་འབྲེལ་བ་མ་ཆད་པ། རྒན་པ་དང་གཞོན་པའི་འབྲེལ་བ་མ་ཆད་པ། གཞིས་བྱེས་གཉིས་ཀྱི་འབྲེལ་བ་མ་ཆད་པ། བོད་རྒྱའི་གནས་སྟངས་མ་ནོར་བ་བཅས་ལ་ཡིན།

    Reply
  2. ཚེ་རིང། says:
    ལོ་ 14 སྔོན།

    མདང་དགོང་ཀུན་གླེང་བརྙན་འཕྲིན་ནང། བཀྲས་མཐོག་བསྟན་འཛིན་རྣམ་རྒྱལ་མཆོག་གིས་བཀའ་བློན་བསྐོ་སྟངས་དེ་ང་ཚོས་མང་པོ་ཞིག་ཡར་མ་བཤད་པར་བཀའ་ཁྲི་སོ་སོས་བསྐོ་ཐུབ་ན་ཡག་པོ་འདུག དེ་ཡར་མང་པོ་ཞིག་བཤད་ན་ཐུགས་ཕན་སོས་པོ་ཨེ་ཡོད་བསམ་གྱི་འདུག་ཅེས་པའི་བཀའ་མོལ་དེ་དོན་སྙིང་ལྡན་པ་ཞིག་རེད།

    Reply
  3. ནགས་མེ། says:
    ལོ་ 14 སྔོན།

    ཁྲིམས་ལུགས་ཆེད་མཁས་པ་བློ་བཟང་སེང་གེ་ལ་བཀྲ་ཤིས་བདེ་ལེགས་ཡོད་ལ། བཀའ་ཤག་
    གསར་པ་འདིས་ལས་དོན་ལ་གྲུབ་འབྲས་ཐོན་པའི་རེ་བ་ཆེན་པོ་ཡོད། ང་ཚོས་ཁྱེད་ལ་
    གཞོགས་འདེགས་གང་ཐུབ་ཅི་ཐུབ་བྱེད་དང་བྱེད།

    Reply
  4. ཤིང་རྟ། says:
    ལོ་ 14 སྔོན།

    བཀའ་ཁྲི་དང་ཆོལ་གསུམ་སྤྱི་འཐུས་ཡོངས་ལ་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་
    ཞུ་བ་དང་སྦྲག་ཁྱེད་རྣམས་ཀྱིས་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ།

    Reply
  5. ཉི་མ་རྒྱལ། says:
    ལོ་ 14 སྔོན།

    དེང་རབས་ཀྱི་ཤེས་ཡོན་ལྡན་པའི་ན་གཞོན་གསར་པ་བློ་བཟང་སེང་གེ་ལགས། ཁྱེད་ཐེང་འདིའི་གངས་རིའི་ལྗོངས་ཀྱི་སྲིད་མཛིན་མཁན་མི་མངས་ཀྱི་འོས་གྲངས་མང་ཉུང་ལས་རྒྱལ་ཁ་ཐོབ་པ་ཁྱེད་ཐོག་མ་ཡིན་པས་བདག་གི་ཁྱེད་ལ་་་་་་་བཀྲ་ཤིས་བདེ་ལེགས་་་་་་་་་་་་་་་་་་་་་་་་་་་་་ཚད་མེད་ཞུ།།
    ཕྱོགས་ཞེན་མེད་པའི་གངས་ཕྲུགས་དར་མ།།
    གངས་རིའི་ལྗོངས་ཀྱི་སྲིད་མཛིན་དར་མ།
    ངས་ཁྱེད་ལ་རེ་བ་བཟང་པོ་ཞིག་གི་ངང་ནས་ཁྱེད་ལ་ལྟས་ནས་བསྡ་ཡོད།།

    Reply
  6. སྨར་ཀླུང་དཔའ་ལ། says:
    ལོ་ 14 སྔོན།

    བོད་རྒྱལ་ཁབ་ཆེན་པོའི་བཀའ་ཁྲི་མཁས་དབང་བློ་སེང་ལ་རྒྱལ་ཁ་ཐོབ་པ་འཛའ་བརྩེའི་མཚམས་འདྲི་དང་ཕྱག་ལས་གང་བརྩམ་པ་ཐམས་ཅད་བསམ་དོན་ཡིད་བཞིན་དུ་འགྲུབ་པའི་རེ་སྨོན་དང་། གཞིས་བྱེས་བོད་མི་ཡོངས་ཀྱིས་གཙོས་པའི་འཛམ་གླིང་ཐ་གྲུ་ཀུན་ཏུ་ཞི་བདེ་དང་འཆམས་མཐུན་རང་དབང་དང་བདེ་སྐྱིད་ཀྱི་ངང་གཞིས་བྱེས་མཉམ་འཛོམ་ཡོང་བའི་འཁོར་ཡུག་ཞིག་བསྐྲུན་ཐུབ་པའི་ཆེད་དུ་སྒོ་ཀུན་ནས་བྱས་རྗེས་ཆེན་པོ་ཞིག་འཇོག་གནང་བའི་རེ་བ་དང་དམིགས་ཡུལ་གཏོད་ཀྱི་ཡོད། དེ་ལྟར་བྱུང་ན་ཕ་ལས་སྐྱེས་པའི་བུའི་དོན་གོ་ངོ་མ་ཆོད་པར་སེམས། གལ་སྲིད་མ་བྱུང་ན?????????????

    Reply
  7. དབུ་མ་པ། says:
    ལོ་ 14 སྔོན།

    སེེངྒ་ལགས་མཚམས་འདྲི་ཡོད། སྐབས་དང་དུས་ལ་བབས་ཏེ་གོ་སྐབས་མ་བླགས་པར་འཇུ་ཐུབ་པར་བྱ་རྒྱུ་གལ་ཆེ་པོ་རེད་ཞེས་ཐེངས་མང་གསུངས་པ་དེ་མི་རིང་བར་ལག་ལེན་དུ་འཁྱོལ་བའི་ཀུན་གྱིས་ཡིད་ཆོས་ཡོད། བོད་ནང་དཀའ་ངལ་ལ་གཟིགས་རོགས་ཞུ།་རྒྱལ་སྤྱིའི་ཁྲིམས་ཁང་ནང་་་་་་་་་་་་་་་་་་་་་་་་་་་་་་་་་་་་།

    Reply
  8. དབུ་མ་པ། says:
    ལོ་ 14 སྔོན།

    ༄༅། །སེང་གེ་ལགས་ཁྱོད་བཀའ་ཁྲིར་ཕེབས་པ་མཚམས་འདྲི་སྙིང་ནས་ཞུ། ཁྱོད་ཀྱི་གསུངས་བཤད་ནང་། ཨ་མའི་བུ་ལ་ཡོན་ཏན་ཡོད་ན། བཀའ་ལན་ཁྲི་པར་བདག་པོ་མེད་གསུངས་པ་དེ་ངོ་མ་བདེན་གི ང་དགའ་ལ་ཐམས་ཅད་ཀྱང་མགུལ། སྤྱི་ཚོགས་ནང་སེང་གེ་རྒྱལ་ན་བོད་རྒྱལ་སེང་གེ་ཤོར་ན་བོད་ཤོར་ཞེས་སྔོན་འགྲོ་དང་དངོས་གཞིས་གཉིས་ཀའི་སྐབས་གསུངས་གི་ཡོད་ན་ད་ནི་བོད་ཀུན་ནས་རྒྱལ་བའི་ཁྱོད་ལ་ངེས་པ་འཇོན་ཐང་དང་ཡིད་ཆོས་ལྡན་དགོས། རྒྱལ་ལོ་རྒྱལ་ལོ་སེང་གེ་རྒྱལ།

    Reply
  9. བསྟན་འཛིན་ཚེ་དཔག says:
    ལོ་ 14 སྔོན།

    བཀའ་ཁྲི་གསར་པ་དང་སྤྱི་འཐུས་ཚང་མར་འཚམས་འདྲི་ཞུ་བ་དང་སྦྲགས། ད་ནི་མང་གཙོའི་ལམ་ནས་འོས་ཐོན་གཞུང་གི་དབུ་ཁྲིད་དང་། མི་མང་གི་སྐུ་ཚབ་ཚོར་གུས་བརྩི་དང་། ལས་དོན་ཐད་གཞོགས་འདེགས་ཞུ་དགོས་པ་ལས་གལ་ཆེ་བ་གང་ཡང་མེད་སྟབས། ཐུན་མོང་གི་ནུས་པ་གཞི་གཅིག་ཏུ་སྤུངས་ནས་སྟོབས་ཤུགས་གསར་པ་ཞིག་བརྩོན་ལེན་བྱེད་པར་ཆས་ཤོག་ཅེས་ཞུ་བར་འདོད་དོ།།

    Reply
  10. ཆོས་འཕེལ says:
    ལོ་ 14 སྔོན།

    ས་སྐྱ་པས་སྤྱི་འཐུས་རྗེ་ཐུབ་འདུག གཞན་རྣམས་ད་དུང་ལུགས་རྙིང་དང་མི་རྙིང་རང་ལ་ཤུགས་རྒྱག་འདུག

    Reply
  11. ཀཱི༔ལུང་ཐུབ་བཟང་། says:
    ལོ་ 14 སྔོན།

    ༈ཨོྃ་སྣད་སྲིད་རྣམ་དག་རང་བཞིན་ལྷུན་གྲུབ་པའི།། བཀྲ་ཤིས་ཕྱོགས་བཅུའི་ཞིང་ན་བཞུགས་པ་ཡི།། སངས་རྒྱས་ཆོས་དང་དགེ་འདུན་འཕགས་པའི་ཚོགས།། ཀུན་ལ་ཕྱག་འཚལ་བདག་ཅག་བཀྲ་ཤིས་ཤོག།

    Reply
  12. ཆོས་འཕེལ says:
    ལོ་ 14 སྔོན།

    ང་ནི་ཁྲིམས་ལུགས་ལ་ཆེད་མཁས་པ་བློ་བཟང་སེང་གེར་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་ལ། འོན་ཀྱང་བོད་མི་འོས་འཕེན་རྒྱ་ཆ་མང་པོ་ཞིག་གིས་བཀའ་ཟུར་བསྟན་འཛིན་རྣམ་རྒྱལ་ལ་རེ་བ་ཤུགས་ཆེན་རྒྱག་ཡོད་པ་དེས་སྐུ་ངོས་ཁོང་གི་འཇོན་ཐང་དང་། མཛད་རྗེས་ཀྱིས་ཡིན་པར་ངེས་པས། གལ་སྲིད་བློ་བཟང་སེང་གེ་རང་ཉིད་ལ་བོད་མི་ཀུན་གྱིས་རྒྱབ་སྐྱོར་རེག་དགོས་ན། བསྟན་འཛིན་རྣམ་རྒྱལ་ལགས་ངེས་པར་ཅན་དུ་བཀའ་བློན་དུ་བསྐོས་དགོས། རང་རེའི་བཙན་བྱོལ་གྱི་སྤྱི་ཚོགས་འདི་འཆོལ་ཁ་དང་ཆོས་ལུགས་ཀྱིས་འཐེན་ཁྱེར་ཤུགས་ཆེན་བྱེད་ནས་བོད་མིའི་དགྲ་བོར་དཀྲུགས་གཞིའི་གོ་སྐབས་མང་པོ་རག་ཡོད་པ་མིག་མཐོང་ལག་ཟིན་རེད་ཀྱང་། ད་ནས་ངེད་ཅག་མགོ་སྐོར་འོག་ཏུ་ཚུད་ཐུབ་ཀྱི་མེད་པའི་གསལ་བཤད་ཡང་དག་པ་ཞིག་ད་ལྟའི་བཀའ་ཁྲིའི་འོས་ཤོག་གི་གྲུབ་འབྲས་ཀྱིས་བྱས་བྱུང་། ངས་དབུས་གཙང་འཆོལ་ཁའི་མི་མང་ཡོངས་ལ། གོང་ས་མཆོག་གི་བཀའ་དགོངས་བཞིན་ཤེས་ཡོན་གྱིས་མང་གཙོ་ལོངས་སུ་སྤྱད་འདུག་ཞེས་བསྔགས་བརྗོད་ཞུ་རྒྱུ་ཡིན། བློ་བཟང་སེང་གེ་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དེ་གནད་འགག་ཆེ་ཤོས་མ་རེད། གྲོས་སྒོ་འབྱེད་རྒྱུ་དེ་གནད་འགགས་ཆེ་ཤོས་རེད། དྲྭ་གྲོགས་ཁ་ཤས་ཀྱི་ཁ་ལ་ཐེམ་བུ་རྒྱག་རོགས་གྱིས།

    Reply
  13. འཁྲུངས་སྐར། says:
    ལོ་ 14 སྔོན།

    སློབ་དཔོན་ཆེན་མོ་བློ་བཟང་སེང་གེ་མཆོག་ལོ་རྒྱུས་རང་བཞིན་ལྡན་པའི་བཀའ་ཁྲིའི་དངོས་གཞི་ཡིས་རྒྱལ་ཁ་ཐོབ་པ་ལ་སྙིང་ནས་མཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ། ཁྱེད་གསུང་ཇི་བཞིན་དམ་བཅའ་གསུམ་པོ་འགྱུར་བ་མེད་པའི་ཡིད་ཆེས་ཡོད། དེ་བཞིན་ཕྱག་རོགས་བཀའ་བློན་རྣམས་ནི་གུས་གིས་ཞུ་ན་འདི་བཞིན་བསམ་ཀྱིས་འདུག ཤེས་རིག་བཀའ་བློན་སྤེན་པ་ཚེ་རིང་དང་བདེ་སྲུང་བཀའ་བློན་དྲུང་ཆུང་དངོས་གྲུབ། འཕྲོད་བསྟེན་བཀའ་བློན་སྐར་མ་ཆོས་འཕེལ། ཆོས་རིག་བཀའ་བློན་པད་མ་འབྱུང་གནས། ཕྱི་འབྲེལ་བཀའ་བློན་རྒྱ་རི་སྒྲོལ་མ་བཅས་བཞག་ན་ཡག་པོ་འདུག་ག ཡིན་ན་ཡང་ཟབ་དགོས་པ་ཞིག་ལ་གང་ཟག་དེ་རང་ལ་མ་བལྟ་བ་དེ་ཡིས་འབྲེལ་ཡུལ་རྣམས་ལ་གཟིགས་དགོས་པ་ནི་གལ་ཆེན་ཡིན།
    དེ་ཡང་།
    ལེགས་བཤད་བྱིས་པའི་ངག་ནས་ཉོན་གསུང་རེད་འ་རོགས།།

    བསྟོད་ཚིག་གསར་པ་རྣམ་གསུམ།

    དུས་རབས་གསར་པའི་ཁ་ཕྱོགས་ལ།
    མི་རབས་གསར་པའི་དབུ་ཁྲིད་བྱོན།
    སྲིད་ཇུས་གསར་པའི་ཁྲིམས་ཡིག་རྩམ།
    ད་ནི་བོད་རྒྱལ་བོད་མིས་འཛིན།།

    Reply
  14. Ngawang Norbu says:
    ལོ་ 14 སྔོན།

    ༄༅། །ལྷོ་ཕྱོགས་ཉི་ཟླས་བྲིས་པའི་ཚིག་བཅད་འདིར།
    བསམ་ཞིང་བསམ་ནས་དྲི་བ་བཏང་འདོད་བྱུང་།
    རེ་བའི་ཕུང་བ་ཁྱེད་ཀྱིས་མཁྱེན་ཟེར་ན།
    མི་ཕུང་ཐབས་ལམ་གང་ཡོད་བསྟན་པར་མཛོད།

    Reply
  15. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 14 སྔོན།

    མགོ་ལོག་ཟླ་བྷེས་སྨོན་ཚིག་འདིའི།།
    སེང་གེ་གསུམ་ལ་རེ་བ་བཞག
    བོད་ཀྱི་རྩ་དོན་རེ་བའི་ཕུང་།།
    འདི་ནི་བོད་མིའི་མཁྱེན་དགོས་སོ།།

    Reply
  16. མགོ་ལོག་ཟླ་བྷེ། says:
    ལོ་ 14 སྔོན།

    བཀུར་འོས་བདམས་ཐོན་དཔལ་ལྡན་སྤྱི་འཐུས་རྣམ་པ་ལ་བཀྲ་ཤིས་བདེ་ལེགས་ཞུ།

    Reply
  17. མགོ་ལོག་ཟླ་བྷེ། says:
    ལོ་ 14 སྔོན།

    ཐོག་མར་ཁྲིམས་ལུགས་ཆེད་མཁས་བློ་བཟང་སེང་གེ་ལགས་ལ ། བོད་ཀྱི་
    བཀའ་བློན་ཁྲི་བའི་འོས་ཐོབ་པ་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་སྦྲགས །
    སྐུ་ཉིད་བཀའ་ཁྲི་ལ་ཕེབས་པ་དང་བོད་ནང་ནས་རྔ་བ་ཀིརྟི་སྡེ་དགོན་གཉིས་
    འཛའ་དྲག་གི་གནས་སུ་ཐུག་ཡོད་པ་ནི།རྒྱལ་སྤྱི་འམ་འཛམ་གླིང་གི་ཁྲིམས་སྒོ་
    ནས་ཕྱག་རྗེས་ཐོག་མ་འཇོག་པའི་གོ་སྐབས་ཞིག་ཡིན་ལ་འཇུ་ཐུབ་པའི་ཡིད་ཆེས་ཀྱང་ཡོད ། གཞན་བཀའ་བློན་སྐོ་ཕྱོགས་ཐད་ལ་འབྲོང་ཆུང་དངོས་གྲུབ་
    དང་། ཚེ་རིང་ཕུན་ཚོགས་རྣམ་པ་གཉིས་ཀྱི་ཁར ། སྤེན་པ་ཚེ་རིང་དང་རྔ་བ་
    ཚེ་རྒྱམ་རྣམ་གཉིས ། ལྷག་པར་དུ་ཤེས་ཡོན། འཇོན་ཐང་། ལྷག་བསམ ། དྲང་
    བདེན་སོགས་མཚོ་བཞིན་འཁྱིལ་ཡོད་པའི་རྒྱ་རི་སྒྲོལ་མ་ལགས་བཅས་ལ་
    ཐུགས་བསམ་བཞེས་རྒྱུའི་རེ་བ་ཡོད །མཇུག་མཐར་བཀའ་ཁྲི་མཆོག་གི་
    བོད་བསྟན་སྲིད་ཀྱི་ཆེད་དང་༸གོང་ས་སྐྱབས་མགོན་ཆེན་པོའི་ཐུགས་བཞེད་དང་བསྟུན་པའི་ཕྱག་ལས་ཐམས་ཅད་།འབད་མེད་ལྷུན་གྱིས་གྲུབ་པའི་བཀྲ་
    ཤིས་སྨོན་འདུན་དང་འབྲེལ་གཞས་ཚིག་ཞིག་འབྲི་ཁུལ་བྱས་ཡོད །

    སེང་གེ་སུམ་འཛོམ།
    ཚིག མགོ་ལོག་ཟླ་བྷེ །
    གངས་རི་དཀར་པོ་དགུང་དང་མཉམ ། །
    གངས་སེང་གཡུ་རལ་དགུང་ལས་མཐོ ། །
    དེ་ནི་བོད་ཀྱི་ཕ་ས་རེད ། །
    རང་ས་རང་བདག་བྱེད་དུ་འགྲོ ། །

    ཕོ་བྲང་དམར་པོ་དགུང་དང་མཉམ ། །
    དུང་སེང་དར་ཆ་དགུང་ལས་མཐོ ། །
    དེ་ནི་བོད་ཀྱི་ཕ་མཁར་རེད ། །
    རང་ཁྱིམ་རང་གིས་འཛིན་དུ་འགྲོ ། །

    བསྟན་སྲིད་བརྗིད་པོ་དགུང་དང་མཉམ ། །
    བློ་སེང་ཤེས་ཡོན་དགུང་ལས་མཐོ ། །
    དེ་ནི་བོད་ཀྱི་བཀའ་ཁྲི་རེད ། །
    རང་དཔོན་རང་མིས་བཀུར་དུ་འགྲོ ། །

    རྟེན་འབྲེལ་སེང་གེ་སུམ་འཛོམ་རེད ། །
    མཐུན་སྒྲིལ་ཆོལ་ཁ་སུམ་འཛོམ་རེད ། །
    བྱ་བཞག་འཆར་གཞི་སུམ་འཛོམ་རེད ། །
    འཛོམ་གསུམ་འཛོམ་པའི་བཀྲ་ཤིས་ཤོག །

    Reply
  18. ནགས་མཚོ says:
    ལོ་ 14 སྔོན།

    མཁས་དབང་བློ་བཟང་སེངྒེ་མཆོག་སྐབས་གསུམ་པའི་བཀའ་བློན་ཁྲི་པར་འདེམས་ཐོན་བྱུང་བ་འདི་བཞིན་བོད་རྒྱལ་ཁབ་ཀྱི་རྒྱལ་རབས་ལོ་རྒྱུས་ནང་དགུང་ལོ་ཆུང་ཤོས་དང་དེང་དུས་ཀྱི་ཤེས་ཡོན་སློབ་སྦྱོང་ཚད་མཐོ་ཤོས་ཆགས་པར་སྙིང་ཁུང་རུས་པའི་གཏིང་ནས་མཚམས་འདྲི་བཀྲ་ཤིས་བདེ་ལེགས་གྲངས་མེད་དུ་ཞུ་བ་དང་ཆབས་གཅིག་བོད་མི་མང་ལ་ཕན་ནུས་ལྡན་པའི་འགྲུབ་འབྲས་རླབས་པོ་ཆེ་ཤིག་གཞག་གནང་ཐུབ་པའིསྨོན་འདུན་དང་བཅས་སྐུ་ཉིད་ཀྱིས་བསམ་དོན་ལྷུན་གྱིས་འགྲུབ་པའི་སྨོན་འདུས་དང་།    ཡང་བོད་མི་མང་སྤྱི་འཐུས་གསར་པ་རྣམས་ལ་ངས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་དང་། མ་འོངས་པར་བོད་མི་རིགས་ཀྱི་ཆེད་དུ་ལས་དོན་གང་བསྒྲུབས་བསམ་དོན་ཡིད་བཞིན་འགྲུབ་པའི་སྨོན་འདུན་ཞུ་རྒྱུདང་།  ཁྱེད་རྣམས་ནས་རང་དོན་སྤང་ནས་གཞུང་དོན་སེམས་ལ་འཇོག་རོགས་གནང་། སྤྱི་འཐུས་སྐབས་༡༤པ་བཞིན་ཁྲུགས་པ་མ་རྒྱབ་རོགས་གནང་། དེ་ནི་གུས་པའི་རེ་བ་དང་སྨོན་ལམ་ཡང་ཡིན་བོད་རྒྱལ་ལོ་་་་་་བོད་རྒྱལ་ལོ།

    Reply
  19. གངས་རིའི་བུ says:
    ལོ་ 14 སྔོན།

    བློ་སེང་ལགས་ཀྱིས་རྒྱལ་ཁ་ཐོབ་པ་ལ་ངས་བློ་རྗེས་འགྲོ་བ་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཡང་ཡང་ཞུ

    Reply
  20. དབུ་མ་པ། says:
    ལོ་ 14 སྔོན།

    ༄༅། །སེང་གེ་ལགས་ཁྱོད་བཀའ་ཁྲིར་ཕེབས་པ་མཚམས་འདྲི་སྙིང་ནས་ཞུ། ཁྱོད་ཀྱི་གསུངས་བཤད་ནང་། ཨ་མའི་བུ་ལ་ཡོན་ཏན་ཡོད་ན། བཀའ་ལན་ཁྲི་པར་བདག་པོ་མེད་གསུངས་པ་དེ་ངོ་མ་བདེན་གི ང་དགའ་ལ་ཐམས་ཅད་ཀྱང་མགུལ། སྤྱི་ཚོགས་ནང་སེང་གེ་རྒྱལ་ན་བོད་རྒྱལ་སེང་གེ་ཤོར་ན་བོད་ཤོར་ཞེས་སྔོན་འགྲོ་དང་དངོས་གཞིས་གཉིས་ཀའི་སྐབས་གསུངས་གི་ཡོད་ན་ད་ནི་བོད་ཀུན་ནས་རྒྱལ་བའི་ཁྱོད་ལ་ངེས་པ་འཇོན་ཐང་དང་ཡིད་ཆོས་ལྡན་དགོས། རྒྱལ་ལོ་རྒྱལ་ལོ་སེང་གེ་རྒྱལ།

    Reply
  21. GYAMTSO says:
    ལོ་ 14 སྔོན།

    བཀའ་ཁྲི་དང་ཆོལ་གསུམ་སྤྱི་འཐུས་ཡོངས་ལ་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཡོད། གཞན་ཡང་འཇུ་ཆེན་དཀོན་མཆོག་དང་དགེ་བཤེས་གཡུང་དྲུང་རྒྱལ་མཚན། སྨོན་ལམ་མཐར་ཕྱིན། ཀ་རྨ་ཆོས་འཕེལ་སོགས་ཀྱི་འདས་པའི་ལོ་རྒྱུས་དྲན་ན་སྐྲག་ནི་གཅིག་རེད། གང་ལྟར་རྣམས་པ་ཚོ་ལ་མི་མང་གི་ཡང་བསྐྱར་རེ་བ་བཅོལ་ཟིན་པས་གུས་བཀུར་ཞུ་རྒྱུ་དང་མི་མང་གི་རེ་བ་སྟོང་ཟད་མི་གཏོང་པར་གཟབ་གཟབ་གནང་རོགས་ཞུ་ཞུ།

    Reply
  22. མི་ཉག་བཙན་པོ says:
    ལོ་ 14 སྔོན།

    མཁན་དབང་བློ་བཟང་སེང་གེ་མཆོག་ལ་བཀའ་ཁྲིའི་རྒྱལ་ཁ་ཐོབ་པ་ལ་བསམ་ན་མི་དམངས་རྣམས་ལྟ་རྒྱ་དང་མཐོང་རྒྱ་སྔར་ལས་ཆེ་རུ་ཕྱིན་ཡོད་པའི་འབྲས་རྟགས་མངོན་འདུག་པས་དགའ་འོས་པ་ཞིག་རེད་མོད།་སྤྱི་འཐུས་འདེམས་ཕྱོགས་ལ་བསམ་ན་མི་དམངས་རྣམས་ད་དུང་རྨོངས་གཉིད་སད་མེད་པ་འདྲ།
    དབུས་གཙང་གི་སྤྱི་འཐུས་ནང་ནས་ཟླ་བ་ཚེ་རིང་དང་བུ་མོ་ཚེ་རིང་སྒྲོལ་མ་ཚེ་རིང་གསུམ་བསྐྱར་འདེམས་བྱུང་བ་ལ་ཞེན་པ་གཏིང་ནས་ལོག་སོང་།
    བཀའ་ཁྲིའི་འོས་མི་དང་བླངས་པ་ཚེ་བརྟན་ནོར་བུའི་མཇུག་འབྲས་ལ་བསམ་ན་སྙིང་རེ་རྗེ།
    མདོ་སྟོད་ཀྱི་སྤྱི་འཐུས་ནང་ནས་འཇུ་ཆེན་དཀོན་མཆོག་དང་ཕྱི་ཚུལ་ཙམ་གྱི་ཆོས་པ་དང་དགེ་བཤེས་ཡིན་ཁུལ་གྱི་གཡུང་དྲུང་རྒྱལ་མཚན་གཉིས་བསྐྱར་འདེམས་བྱུང་བ་ལ་ཁོང་ཁྲོ་གཏིང་ནས་སྐྱེས།ད་དུང་ཚུལ་ཁྲིམས་བསྟན་འཛིན་དང་འཇམ་དབྱངས་བཟོད་པ་སོགས་སྤྱི་འཐུས་ཞིག་ལ་ཚང་དགོས་པའི་ཤེས་ཡོན་གཏན་ནས་མེད།
    མདོ་སྨད་ཀྱི་སྤྱི་འཐུས་ནང་ནས་སྒྲོལ་དཀར་སྐྱབས་དང་རྨོག་རུ་བསྟན་པ་གཉིས་འོས་འདེམས་བྱུང་བ་ལ་གད་མོ་ཤོར་སོང།ད་དུང་རྒྱལ་རོང་ཟླ་བ་ཚེ་རིང་གང་ཡིན།
    ཆོས་ལུགས་ཀྱི་སྤྱི་འཐུས་ནང་ནས་ཕྱི་ཚུལ་རིང་ལུགས་པ་སྨོན་ལམ་མཐར་ཕྱིན་དང་རིག་ཚོར་མེད་པའི་འཁྲབ་སྟོན་པ་ཀ་རྨ་ཆོས་འཕེལ་གཉིས་བསྐྱར་འདེམས་བྱུང་འདུག་པ་པས་རང་དབང་མེད་པར་མིག་ཆུ་ཤོར་སོང་།ད་དུང་ཨ་ཀྲུག་ཚེ་བརྟན་གང་ཡིན།
    གྲོས་ཚོགས་ཪ་བར་མི་དེ་དག་མཐོང་དུས་སེམས་མི་སྐྱོ་མཁན་བོད་མི་སུ་ཞིག་ཡོད།།

    Reply
  23. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 14 སྔོན།

    གུས་ཤིང་བརྩེ་བའི་བཀའ་སྤྱི་ཡོངས་ལ་མཚམས་འདྲི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་དང་ཞུ་བཞིན་ཡོད།
    དྲ་གྲོགས་ཚོ་སྐྱོན་བརྗོད་དང་མི་ལེགས་པའི་ཚིག་ངན་བེད་སྤྱོད་མ་བྱེད་རོགས་བྱས་ཀྱང་ཕན་པ་མེད་སླར་བཟོ་རྒྱུ་ཡང་མེད་པས་ཚང་མའི་གུས་ཞབས་བྱེད་རོགས།
    མི་དམངས་ཀྱི་མང་གཙོའི་འོས་བསྡུའི་ལམ་ནས་ཚང་མ་ཐོབ་ཟིན་པས་ཚང་ལ་གུས་བཀུར་དང་བཅས་བའི་སྒོ་ནས་བོད་གཞུང་ལ་དཔུང་འདེགས་བྱེད་རོགས།
    བོད་གཞུང་ལ་ཆེ་མཐོང་འཇོག་རོགས།

    Reply
  24. མི་ཉག་བཙན་པོ says:
    ལོ་ 14 སྔོན།

    མཁན་དབང་བློ་བཟང་སེང་གེ་མཆོག་ལ་བཀའ་ཁྲིའི་རྒྱལ་ཁ་ཐོབ་པ་ལ་བསམ་ན་མི་དམངས་རྣམས་ལྟ་རྒྱ་དང་མཐོང་རྒྱ་སྔར་ལས་ཆེ་རུ་ཕྱིན་ཡོད་པའི་འབྲས་རྟགས་མངོན་འདུག་པས་དགའ་འོས་པ་ཞིག་རེད་མོད།་སྤྱི་འཐུས་འདེམས་ཕྱོགས་ལ་བསམ་ན་མི་དམངས་རྣམས་ད་དུང་རྨོངས་གཉིད་སད་མེད་པ་འདྲ།
    དབུ་གཙང་གི་སྤྱི་འཐུས་ནང་ནས་ཟླ་བ་ཚེ་རིང་དང་བུ་མོ་ཚེ་རིང་སྒྲོལ་མ་ཚེ་རིང་གསུམ་བསྐྱར་འདེམས་བྱུང་བ་ལ་ཞེན་པ་གཏིང་ནས་ལོག་སོང་།
    བཀའ་ཁྲིའི་འོས་མི་དང་བླངས་པ་ཚེ་བརྟན་ནོར་བུའི་མཇུག་འབྲས་ལ་བསམ་ན་སྙིང་རེ་རྗེ།
    མདོ་སྟོད་ཀྱི་སྤྱི་འཐུས་ནང་ནས་འཇུ་ཆེན་དཀོན་མཆོག་དང་ཕྱི་ཚུལ་ཙམ་གྱི་ཆོས་པ་དང་དགེ་བཤེས་ཡིན་ཁུལ་གྱི་གཡུང་དྲུང་རྒྱལ་མཚན་གཉིས་བསྐྱར་འདེམས་བྱུང་བ་ལ་ཁོང་ཁྲོ་གཏིང་ནས་སྐྱེས།ད་དུང་ཚུལ་ཁྲིམས་བསྟན་འཛིན་དང་འཇམ་དབྱངས་བཟོད་པ་སོགས་སྤྱི་འཐུས་ཞིག་ལ་ཚང་དགོས་པའི་ཤེས་ཡོན་གཏན་ནས་མེད།
    མདོ་སྨད་ཀྱི་སྤྱི་འཐུས་ནང་ནས་སྒྲོལ་དཀར་སྐྱབས་དང་རྨོག་རུ་བསྟན་པ་གཉིས་འོས་འདེམས་བྱུང་བ་ལ་གད་མོ་ཤོར་སོང།ད་དུང་རྒྱལ་རོང་ཟླ་བ་ཚེ་རིང་གང་ཡིན།
    ཆོས་ལུགས་ཀྱི་སྤྱི་འཐུས་ནང་ནས་ཕྱི་ཚུལ་རིང་ལུགས་པ་སྨོན་ལམ་མཐར་ཕྱིན་དང་རིག་ཚོར་མེད་པའི་འཁྲབ་སྟོན་པ་ཀ་རྨ་ཆོས་འཕེལ་གཉིས་བསྐྱར་འདེམས་བྱུང་འདུག་པ་པས་རང་དབང་མེད་པར་མིག་ཆུ་ཤོར་སོང་།ད་དུང་ཨ་ཀྲུག་ཚེ་བརྟན་གང་ཡིན།
    གྲོས་ཚོགས་ཪ་བར་མི་དེ་དག་མཐོང་དུས་སེམས་མི་སྐྱོ་མཁན་བོད་མི་སུ་ཞིག་ཡོད།།

    Reply
  25. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 14 སྔོན།

    བཀའ་ཁྲི་གསར་པ་ལ་འཚམས་འདྲི་ཞུ།

    བོད་རྒྱལ་སིལ་བུར་འཐོར་ནས་ད་ལྟའི་བར་མི་ལོ་སྟོང་ཕྲག་ལྷག་འདས་པའི་དེ་རིང་། གངས་ཅན་པའི་སླར་ཡང་མགོ་བོ་གྱེན་དུ་བཏེག་ནས། མི་རབས་འདིའི་ལོ་རྒྱུས་ནང་ཆོལ་གསུམ་སྤྱི་ལ་དབང་བའི་བཀའ་ཁྲི་གཞོན་སྐྱེས་ཤིག་གཞུང་གི་འདུག་སྟེགས་ཐོག་སླེབས་ཐུབ་པ་ནི། ཆེས་དགའ་འོས་པ་ཞིག་ཡིན་ལ། ལྷག་པར་དུ་༧་གོང་ས་མཆོག་གི་ཐུགས་བཞེད་ལྷུན་གྱིས་འགྲུབ་ཅིང་། བོད་བསྟན་པ་ཆབ་སྲིད་མི་ཉམས་པར་ཡུན་དུ་གནས་པ་དང་། ས་ཡ་དྲུག་གི་བདེན་མཐའ་མྱུར་དུ་སེལ་བར་སྨོན་འདུན་བརྒྱ་ཕྲག་བཅས། བཀའ་ཁྲི་གསར་པ་བློ་སེང་མཆོག་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་ཞུ།།

    Reply
  26. གྲྭ་རྒོད says:
    ལོ་ 14 སྔོན།

    བཙན་བྱོལ་བོད་ཀྱི་སྲིད་འཛིན་བློ་བཟང་སེངྒེ་མཆོག་ལ་འཚམས་འདྲི་དང་རྟེན་འབྲེལ་ཞུ། དུས་རབ་འདི་དང་ད་ལྟའི་བོད་མི་་་་་་་་་་་་་་་ན་གཞོན་འམ་གཞོན་སྐྱེས་ཡར་ཐོན་་་་་་་་དྲང་བདེན་རེད་ནོར་མི་འདུག

    Reply
  27. སྐར་ཁྲི་བཙན། says:
    ལོ་ 14 སྔོན།

    མཁས་དབང་བློ་བཟང་སེང་གེ་ལགས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།

    Reply
  28. Ngawang Norbu says:
    ལོ་ 14 སྔོན།

    ༄༅། །སྤྲོ་ཚིགས་དགེ་འདུན་ལགས། བལྟ་མོ་བལྟས་ནས་བསྡོད་མཁན་དེ་རྒྱ་དམར་གུང་བྲན་རེད་མ་རྟོགས་ང་ཚོ་བོད་མི་ཞིག་ཡིན་པའི་ཆ་ནས་བལྟས་མོ་བལྟས་ནས་བསྡད་པ་ཡིན་ན་མི་དེ་ཡི་ཁོག་ལ་སུ་ཡོད་རྩད་ཞིབ་བྱེད་དགོས་ངེས་ཞིག་རེད། སོང་ཙང་ང་ཚོ་ཚང་མས་ཆར་གྲུ་མཉམ་འདེགས་ཀྱིས་རྒྱབ་སྐྱོར་ཞུ་དགོས། ང་ཚོའི་གཞུང་དེ་ང་ཚོ་རང་གི་ཆེད་དུ་ཡིན་པ་མཁྱེན་དགོས། By the people, for the people and of the people.

    Reply
  29. བློ་རྣམ། says:
    ལོ་ 14 སྔོན།

    ༄༅།།མཁས་དབང་བློ་བཟང་སེང་གེ་མཆོག བཙན་བྱོལ་བོད་གཞུང་གི་བཀའ་ཁྲི་འམ་སྲིད་འཛིན་ལ་འདེམས་ཐོན་བྱུང་བར། མཚམས་འདྲེའི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག གསར་འབྱོར་དང་། བཙན་བྱོལ་ནང་གི་གཞོན་སྐྱེས་མང་བས། ཆོས་ལུགས་དང་ཆོལ་ཁའི་འཐེན་འཁྱེར། རྒྱུ་ནོར་གྱི་གླུ་འཁྲི་དང་སྡིག་ར་སོགས་ལ་མགོ་བུ་མ་སྒུར་བར། བཙན་བྱོལ་བོད་མིའི་ཁྲོད་ཀྱིས། ཨ་ཡོད་ནང་གི་ད་ཡོད་ཞིག རང་མི་དམངས་ཀྱིས་མགོ་འཁྲིད་ལ་འོས་འདེམས་བྱུང་བ་ནི། ཤི་ཟིན་པའི་བོད་རང་བཙན་དང་། བོད་རང་སྲིད་རང་སྐྱོང་གཉིས། འདས་ལོག་ཐུབ་པའི་རེ་བ་དེ་ཙམ་མེད་ཀྱང་། མཐའ་ངེས་ལ་འགྲོ་དང་འགྲོ་བཞིན་པའི་གསར་འབྱོར་དང་། བཙན་བྱོལ་ནང་གི་ཉམ་ཐག རྣམ་ལ་རེ་བའི་སྐྱ་རིངས་ཞིག ཤར་མགོ་ཚུགས་པར། དེ་བས་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།།

    Reply
  30. གཞིས་ལུས་བོད་པ། says:
    ལོ་ 14 སྔོན།

    བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་ལ་བཀྲ་ཤིས་བདེ་ལེགས་ཞུ་ཞུ་ཞུ། །

    Reply
  31. སྤྲོ་ཚིགས་དགེ་འདུན says:
    ལོ་ 14 སྔོན།

    ཨོ་ལགས་ད་ཡིན་ན་བཤད་རྒྱུ་ཀྱང་ར་མེད།
    ལྟད་མོ་ལྟ་ནས་འདུག་རྒྱུ་ལས་མེད།

    Reply
  32. བསྟན་འཛིན་འཕགས་པ། says:
    ལོ་ 14 སྔོན།

    སྤུན་གྲོགས་ཚོ་སྐུ་ཁམས་བཟང་
    དེ་རིང་དགའ་སྤྲོའོ་རབ་ཏུ་ཁེངས་ནས་ཞུ་ཡ་ཞིག་ལ་མཁས་དབང་བློ་བཟང་སེང་གེ་མཆོག་ལ་འཚམས་འདྲའི་བཀྲ་ཤིས་བདེ་ལེགས་ཞུ་།

    ཡིན་ན་དབུས་གཙང་ཆོལ་ཁའི་སྤྱི་འཐུས་ནི་རྒན་རབ་་པ་དབུས་གཙང་ཆོལ་ཁ་ལ་ཤེན་ཁོག་དང་ཤ་ཞེན་ཅན་ཙམ་ལས་གཞན་སླེབས་མི་འདུག་། ད་དུང་མི་གཉིས་རྙད་མི་འདུག་གང་དྲག་།

    Reply
  33. ཨ་ཕོ་མཐུ་ཆེན། says:
    ལོ་ 14 སྔོན།

    བློ་སེང་ཁོང་ལ་འོས་ཤོག་ཐོབ་པར་འཚམས་དྲི་བཀྲ་ཤིས་བདེ་ལེགས་ཡོད། ཡིན་ན་ཡང་ཁོང་ལ་བཀའ་ཁྲིའི་འོས་ཐོབ་པར་དགའ་བསུ་ཞུ་དང་མྱ་ངན་ཞུ་རྗེས་ཕྱོགས་ཕྱག་ལས་གནང་སྟངས་ཀྱི་གྲོས་ལ་བལྟ་རྒྱུ་ལས་ད་ལྟ་ཐག་བཅད་ན་སྔ་འདྲ་བ་འདུག དེ་ཙམ་ཡིན།

    Reply
  34. Ngawang Norbu says:
    ལོ་ 14 སྔོན།

    ༄༅། །གྲོས་ཚོགས་ནང་དུ་སྔར་ཡོད་སྤྱི་འཐུས་རྙོག་ཅན་མང་པོ་ཞིག་སྐྱར་ནས་ཕེབས་འདུག་པར་ཁོང་རྣམ་པར་འབོད་བསྐུལ་ཞིག་ཞུ་འདོད་བྱུང་། སྤྱིར་བཏང་མང་གཙོའི་རྒྱལ་ཁབ་མང་པོའི་གྲོས་ཚོགས་ནང་རྩོད་པ་དང་རྩོད་གླེང་མང་པོ་ཡོང་གི་ཡོད་པ་དང་ཡོང་ཡང་དགོས་ཀྱི་རེད། དེ་མང་གཙོའི་ཐོན་སྟངས་དང་འགྲོ་སྟངས་རེད། ཡིན་ཀྱང་མ་འོངས་པར་དེ་སྔོན་གྱི་རྩོད་རྙོག་རྩོད་གཞི་ཐེབ་ཆགས་དེ་འདྲ་རྒྱ་གར་སྒོར་མོ་འབུམ་རེ་གཉིས་ཀྱི་རྩོད་གཞི་ལ་གྲོས་ཚོགས་ནང་ང་ང་ཁྱོད་ཁྱོད་ཀྱིས་ངར་རྒྱལ་ཐོག་ཕྱིར་འཐོན་གྱི་བྱ་སྤྱོད་མཐའ་ཞན་དེ་འདྲ་མི་ཡོང་བའི་འབོད་བསྐུལ་དང་ཡང་བོད་ཀྱི་རྩ་དོན་ཆེད་དེ་ལྟ་བུའི་རྩོད་གླེང་བྱུང་ན་དགའ་བསུ་ཡོད། ཐུགས་རྗེ་ཆེ། སྐྱར་ནས་འདེམས་འཐོན་བྱུང་བར་བཀྲིས་བདེ་ལེགས་ཡོད།

    Reply
  35. Ngawang Norbu says:
    ལོ་ 14 སྔོན།

    ༄༅། །མཁས་དབང་བློ་བཟང་སེངྒེ་མཆོག་སྐབས་གསུམ་པའི་བཀའ་བློན་ཁྲི་པར་འདེམས་ཐོན་བྱུང་བ་འདི་བཞིན་བོད་རྒྱལ་ཁབ་ཀྱི་རྒྱལ་རབས་ལོ་རྒྱུས་ནང་དགུང་ལོ་ཆུང་ཤོས་དང་དེང་དུས་ཀྱི་ཤེས་ཡོན་སློབ་སྦྱོང་ཚད་མཐོ་ཤོས་ཆགས་པར་སྙིང་ཁུང་རུས་པའི་གཏིང་ནས་མཚམས་འདྲི་བཀྲ་ཤིས་བདེ་ལེགས་གྲངས་མེད་དུ་ཞུ་བ་དང་ཆབས་གཅིག་སྔོན་འགྲོ་དང་དངོས་གཞིའི་སྐབས་རྒྱབ་སྐྱོར་ཡོད་མེད་ལ་མ་ལྟོས་པར་ང་ཚོ་བོད་ཕྱི་ནང་གཉིས་སུ་གནས་པའི་བོད་མི་ཡོད་དོ་ཅོག་གིས་མཁས་དབང་བློ་བཟང་སེངྒེ་མཆོག་གི་སྲིད་གཞུང་ལ་ཆར་གྲུ་མཉམ་འདེགས་ཀྱི་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་དང་འབོད་བསྐུལ་ཡང་ཞུ་འདོད་བྱུང། མི་ཆུང་ཆུང་གི་ཁ་རྒྱག་པ་ཆགས་སོང་བའི་དགོང་སེལ་ཡོང་བ་ཅི་ནས་ཀྱང་ཞུ། །ཐུགས་རྗེ་ཆེ། སྐྱར་ནས་མཁས་དབང་བློ་སེང་མཆོག་ལ་བཀྲིས་བདེ་ལེགས་དང་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ༎༎༎༎༎།

    Reply
  36. འབྲོང་བུ་སོག་ཚ། says:
    ལོ་ 14 སྔོན།

    མཁས་དབང་བློ་བཟང་སེངྒེ་ལགས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་བསྒྲགས། ང་ཚོའི་བོད་དང་ང་ཚོའི་མི་རིགས་འདི་དེ་རིང་བར་གྱི་མུན་ནག་ལས་བསང་ནས། སང་བདེན་པའི་ཉི་མ་ཤར་ཏེ་གཞི་བྱེས་ལྷན་འཛོམས་ཡོང་བའི་སྨོན་འདུན་གྲངས་མེད་ཞུ།

    Reply
  37. གངས་ཅན་པ། says:
    ལོ་ 14 སྔོན།

    བཀའ་བློན་ཁྲི་པ་བློ་བཟང་སེང་གེ་ལགས་དང་བོད་མི་མང་སྤྱི་འཐུས་གསར་པ་རྣམས་ལ་ངས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་དང་། མ་འོངས་པར་བོད་མི་རིགས་ཀྱི་ཆེད་དུ་ལས་དོན་གང་བསྒྲུབས་བསམ་དོན་ཡིད་བཞིན་འགྲུབ་པའི་སྨོན་འདུན་ཞུ་རྒྱུ། ཁྱེད་རྣམས་ནས་རང་དོན་སྤང་ནས་གཞུང་དོན་སེམས་ལ་འཇོག་རོགས་གནང་། སྤྱི་འཐུས་སྐབས་༡༤པ་བཞིན་ཁྲུགས་པ་མ་རྒྱབ་རོགས་གནང་།

    Reply
  38. ལུང་རྟོགས། says:
    ལོ་ 14 སྔོན།

    སྐབ་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་རྣམས་ལ་མཚམ་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབ་གཅིག། ནང་ཁུལ་འཐེན་ཕྱེར་དང་ཕྱོགས་ལྷུང་མེད་པར་སྤྱི་དོན་ཁུར་དུ་ལེན་རྒྱུའི་རེ་བ་སྙིང་ཐག་པ་ནས་ཞུ།

    Reply
  39. ལུང་རྟོགས། says:
    ལོ་ 14 སྔོན།

    མཁས་དབང་བློ་བཟང་སེང་གེ་མཆོག་ལ་བཀའ་ཁྲིའི་རྒྱལ་ཁ་ཐོབ་པར་དགའ་སྤྲོ་ཆེན་པོའི་སྒོ་ནས་མཚམ་འདྲིའི་བཀྲ་ཤིས་བདེ་ལེགས་དང་། བྱ་བ་ལམ་འགྲོ་ཡོང་བའི་སྨོན་ལམ་གྲང་མེད་ཞུ།

    Reply
  40. donglokyima says:
    ལོ་ 14 སྔོན།

    བློ་སེང་ལགས་ཀྱིས་བཀའ་བློན་འདེམས་ཕྱོགས་ལ་ལྟ་གིན་གོང་ཐང་ཞིག་བརྒྱབ་ཆོག

    Reply
  41. བཛྲ་སུ་མ་ཏི། says:
    ལོ་ 14 སྔོན།

    སྤྱི་མཐུས་ནང་ལ་དངོས་གནས་མི་ཕན་མེད་མང་པོ་སླེབས་བྱ། འོས་བསྡུ་ལམ་ལྷོང་བྱུང་མེད་པ་གསལ་པོ་རེད། གསལ་སྒྲག་གསང་བ་ཤོར་བ་དང་ས་གནས་ཁ་ཤས་ནས་འོས་འཕྲོག་པ་སོགས་་་་ལྷག་པར་མདོ་སྨད་སྤྱི་མཐུས་ནང་རང་མགོ་མི་ཐོན་མཁན་མགོ་བདེ་པོ་དེ་འདྲ་ཁ་ཤས་འདུག བོད་མི་དམངས་ཀྱི་ལས་དབང་རེད། མ་འོངས་པར་དབུ་༧གོང་ས་མཆོག་མ་བཞུགས་པའི་སྒང་ལ་འོག་སྤྱི་མཐུས་འདི་འདྲ་རྐྱང་ད་གང་དྲག

    Reply
  42. གནས་ཚང་། says:
    ལོ་ 14 སྔོན།

    ལི་ཐང་བློ་བཟང་སེངྒེ་མཆོག་བཀའ་ཁྲིར་ཕེབས་པར་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་བཀའ་བློན་ལས་རོགས་མ་ནོར་བ་ཞིག་གདམ་ག་གནང་ནས་བོད་འདི་ཆིག་སྒྲིལ། གསར་བཏོད། མཉམ་རུབ་ཕྱོགས་སུ་འཁྲིད་པར་མང་ཚོགས་ཕལ་བ་ཞིག་གིས་རེ་བསྐུལ་ཞུ་བཞིན་ཡོད་ལགས།

    Reply
  43. ལས་འབྲས says:
    ལོ་ 14 སྔོན།

    མཁས་དབང་བློ་བཟང་སེངྒེ་མཆོག་ལ་འཚམས་འདྲིའི་དང་བཀྲ་ཤིས་བདེ་ལེགས་ཞུ
    ཡིན་དེ་རིང་ངའི་དགའ་དྲོའི་བཀྲ་ཤིས་བདེ་ལེགས་མིན་གང་ཡིན་ཟེར་ན་ངས་དགའ་དྲོའི་བཀྲ་ཤིས་བདེ་ལེགས་ནི་ལོ་ལྔའི་རྗེས་ནས་ཡིན།
    སྤྱི་འཐུས་ཁོངས་སུ་དགོས་མེད་ཀྱི་མི་འགའ་སླེབས་འདུག་ཡང་གང་འདྲ་བྱུང་ཡོང་མིན་ཧ་གོ་མི་ཐུབ་ངས་རེ་བ་བཀའ་སྤྱི་གསར་ཕེབས་རྣམས་ལ་ཞུ་སོལ་མི་རིགས་ཤིག་རྒྱལ་ཁབ་ཞིག་ཐུགས་སེམས་རྩེ་གཅིག་ཏུ་ཞེས་རོགས་གནང་ཆོལ་ཁ་ཆོས་ལུགས་བར་མ་རྩོད་རོགས་སྙིང་ནས་རེད་ཡིན།།

    Reply
  44. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    བློ་བཟང་སེང་གེ

    བློ་གྲོས་བཙན་བྱོལ་ཡུལ་ནས་རྒྱས། །
    བཟང་པོའི་སྤྱོད་ཚུལ་རྒན་པས་བསླབས། །
    སེང་སེང་སེང་ལ་ལ་རྒྱ་རྒྱས། །
    གེ་སར་དགྲ་འདུལ་སེང་ཆེན་དྲན། །

    བློ་སེང་གི་བོད་རྒྱལ་ལོ། །

    Reply
  45. མི་རབས་གསར་པ་ says:
    ལོ་ 14 སྔོན།

    མཁས་དབང་བློ་བཟང་སེངྒེ་མཆོག་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་དང་ཆབས་ཅིག་མ་འོངས་བོད་མི་རིགས་ཀྱི་ཆབ་སྲིད་དང་།བོད་མི་མང་གི་ཆེད་དུ་འགན་ཁྲི་ཕྲག་ཏུ་འཁུར་ནས་བྱ་གཞག་གསར་གདོད་དང་།ཁ་ཡོད་ལག་ཡོད་ཀྱི་བོད་མི་མང་ལ་ཕན་ནུས་ལྡན་པའི་འགྲུབ་འབྲས་རླབས་པོ་ཆེ་ཤིག་གཞག་གནང་ཐུབ་པའིསྨོན་འདུན་དང་བཅས་སྐུ་ཉིད་ཀྱིས་བསམ་དོན་ལྷུན་གྱིས་འགྲུབ་པའི་འཚམས་འདྲིི་བཀྲིས་བདེ་ལེགས་གྲངས་མེད་ཡོད་པ་ཞུ། ལྷོ་ཕྱོ་ཀུན་དགའ་ཚེ་རིང་ནས།།

    Reply
  46. གངས་ཆབ། says:
    ལོ་ 14 སྔོན།

    མཁས་དབང་བློ་བཟང་སེངྒེ་མཆོག་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་དང་ཆབས་ཅིག་མ་འོངས་བོད་མི་རིགས་ཀྱི་ཆབ་སྲིད་དང་།བོད་མི་མང་གི་ཆེད་དུ་འགན་ཁྲི་ཕྲག་ཏུ་འཁུར་ནས་བྱ་གཞག་གསར་གདོད་དང་།ཁ་ཡོད་ལག་ཡོད་ཀྱི་བོད་མི་མང་ལ་ཕན་ནུས་ལྡན་པའི་འགྲུབ་འབྲས་རླབས་པོ་ཆེ་ཤིག་གཞག་གནང་ཐུབ་པའིསྨོན་འདུན་དང་བཅས་སྐུ་ཉིད་ཀྱིས་བསམ་དོན་ལྷུན་གྱིས་འགྲུབ་པའི་འཚམས་འདྲིི་བཀྲིས་བདེ་ལེགས་གྲངས་མེད་ཡོད་པ་ཞུ།

    Reply
  47. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    བཀའ་ཁྲིའི་ འོས་མི་ ཐ་མ་ གསུམ་ནང་གི་ གཞོན་ཤོས་ བློ་བཟང་ སེང་གེ་ ལགས་ལ་ འོས་གྲངས་ ༢༧༠༥༡གིས་ སྐབས་གསུམ་པའི་ བཀའ་ཁྲི་ ཐོབ་པར་ད གའ་བསུའི་ བཀྲ་ཤིས་ མཇལ་དར་ སྲིད་ན་ རིང་པ་ ཞིག་དང་ བཅས་ བཅོས་མིན་ དགའ་བསུ་དང་ ཕེབས་བསུ། རྟེན་འབྲེལ་ དགའ་སྟོན་ལ་ འཚམས་འདྲི་ བཀྲ་ཤིས་ བདེ་ལེགས་ཡོད། དགེའོ། བཀྲ་ཤིས། དགེ་ལེགས་ འཕེལ། །

    Reply
  48. རྡོ་རྗེ་ཚེ་རིང་། says:
    ལོ་ 14 སྔོན།

    ཐོག་མར་གསར་དུ་ཕེབས་པའི་བཀའ་ཁྲི་དང་སྤྱི་འཐུས་ཚང་མར་བཀྲིས་བདེ་ལེགས་ཞུ་རྒྱུ་དང་ཆབ་ཅིག་ཁྱེད་རྣམ་ནས་མ་འོངས་པའི་འོས་བསྡུའི་སྐབས་གཤམ་གྱི་དོྭགས་གནས་ཁག་མེད་པ་དང་འགྱུར་བ་འདྲ་བྱུང་ན་གཏོང་རོགས་ཞུ།
    དྭོགས་གནས་དང་པོ། འོས་བསྡུའི་དེབ་སྐྱེལ་བྱས་ཟིན་པ་ཁྲི་བརྒྱད་ལས་བརྒལ་བ་གསལ་བསྒྲགས་ཟིན་ཡང་། དངོས་གཞིའི་འོས་གྲངས་ཁྲི་བཞི་ལྷག་ཙམ་ལས་ཟིན་གྱི་མིན་འདུག འདི་ནི་འགྲེལ་བཤད་ཇི་ལྟར་བརྒྱབ་ཀྱང་ཡིད་རྟོན་དཀའ་བའི་དྭོགས་གནས་ཞིག་རེད།
    གཉིས་པ། འོས་བླུགས་རྒྱུའི་ཐད་མདོ་སྨད་ཀྱི་མི་ཉུང་ཞིག་ལའང་སྤྱི་འཐུས་བཅུ་བླུགས་རྒྱུ་འདུག དབུས་གཙང་གི་མི་མདོ་སྨད་ལས་ལྡབ་ཁ་ཤས་ཀྱི་མང་བ་ཡོད་ཀྱང་འོས་མི་བཅུ་མ་གཏོགས་བླུགས་རྒྱུ་མིན་འདུག འདི་ནི་མང་གཙོ་ཡང་དག་པ་ཞིག་མིན་འདུག་པས་བསྒྱུར་བཅོས་འདྲ་བྱུང་ན་ངེས་པར་དགོས་པར་གཏོང་རོགས། བོད་མི་གཅིག་མཚུངས་སུ་ཐོབ་ཐང་འདྲ་མཉམ་མིན་འདུག
    གསུམ་པ། འོས་ཁྱབ་བསྒྲགས་མ་བྱས་སྔོན་ནས་བང་ཆེན་སོགས་སུ་གསལ་སྒྲགས་བྱས་སོང་། དེ་ནི་དོན་དངོས་ཁ་གྲངས་ཀྱང་ཏག་ཏག་མཐུན་གྱི་འདུག་པས་གང་ལྟར་སུས་གསང་བ་ཕྱི་ལ་ཤོར་ཀྱང་ཉེས་པ་ནན་མོ་ཞིག་གཏོང་དགོས་རྒྱུ་དང་། མ་འོངས་འོས་བསྡུའི་ལས་རིམ་ཁྲོད་དེ་ལྟར་མི་ཡོང་བའི་སྔོན་འགོག་གང་ལེགས་བྱ་དགོས་པར་མཐོང་

    Reply
  49. བློ་བཟང་མཐུ་སྟོབས། says:
    ལོ་ 14 སྔོན།

    མཁས་དབང་བློ་བཟང་སེ་གེ་ལ་བཀྲ་ཤིས་བདེ་ལེགས་ཞུ།

    Reply
  50. ཆུ་ཐིགས་སྔོན་མོ། says:
    ལོ་ 14 སྔོན།

    མཁས་དབང་བློ་བཟང་སེང་གེ་ལགས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་དང་། མ་འོངས་པར་བོད་མི་རིགས་ཀྱི་ཆེད་དུ་ལས་དོན་གང་བསྒྲུབས་ཡིད་དུ་འགྲུབ་པའི་སྨོན་འདུན་ཞུ།
    སྤྱི་འཐུས་ཁོངས་སུ་དགོས་མེད་ཀྱི་མི་འགའ་སླེབས་འདུག་ ང་ཚོའི་འོས་འདེམས་ཕྱོགས་ལྷོང་གི་དབང་དུ་སོང་ནས་བོད་མི་རིགས་ལ་ཕན་ཐོགས་ཡོད་མེད་མ་བལྟས་པའི་རྟགས་མངོན་གསལ་དུ་ཐོན་འདུག་་་འདིའི་ཁོངས་ནས་མི་འགའ་ཤས་ཀྱིས་རང་འགོ་ཡག་པོ་ཞིག་ཐོན་གྱི་མེད་དུས་མི་རིགས་ཤིག་གི་བདེ་སྡུག་ལ་བསམ་བློ་གཏོང་ཐུབ་མིན་སྨོས་ཅི་དགོས། དེ་འདྲ་རེད་

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese