མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲོས་མོལ་ག་དུས་གནང་ཡང་གྲ་སྒྲིག་ཡོད།

བོད་ཀྱི་དུས་བབ།
༢༠༡༡/༠༥/༡༣
Share on FacebookShare on TwitterShare on EmailShare on Whatsapp

སྐབས་གསུམ་པའི་མ་འོངས་བཀའ་ཁྲིར་འདེམས་ཐོན་པ་བློ་བཟང་སེང་གེ་མཆོག་གིས་རྒྱ་ནག་ལྷན་དུ་གྲོས་མོལ་ག་དུས་གནང་ཡང་གྲ་སྒྲིག་ཡོད་ཅེས་གསུངས་འདུག

ཕྱི་ཚེས་༡༢ཉིན།སྐབས་གསུམ་པའི་བཀའ་བློན་ཁྲི་པའི་འོས་ཐོབ་ཀྱི་མ་འོངས་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས། ལྡི་ལི་གསར་པར་ཨེ་ཕེ་གསར་ཁང་གི་བཅར་འདྲིའི་སྐབས།རིང་མིན་ཁོང་གིས་དབུ་འཁྲིད་པའི་འཛིན་སྐྱོང་བཀའ་ཤག་གསར་བའི་སྲིད་བྱུས་བཟུང་ཕྱོགས་དང་འབྲེལ་བའི་སྐོར་ལན་འདེགས་གནང་ཡོད་པར་མ་ཟད། ལྡི་ལིར་དུས་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གནང་མཁན་གཞོན་ལྷན་རྒྱུན་ལས་རྣམ་པ་གསུམ་ལ་ཆེད་དུ་གཟིགས་སྐོར་འཚམས་འདྲི་གནང་སྟེ། བོད་ནང་བོད་མི་ཚོར་རྒྱབ་སྐྱོར་མཚོན་ཆེད་ཁོང་རྣམ་པས་རང་སྲོག་བློ་གཏོང་གིས་ཟས་བཅད་ངོ་རྒོལ་གནང་བཞིན་པ་དེ་ནི་གཟི་བརྗིད་ལྡན་པ་ཞིག་ཡིན་པའི་བསྔགས་བརྗོད་དང་། ང་ཚོ་བོད་ཀྱི་མ་འོངས་རྩ་དོན་བརྩོད་པར་མགོ་ཁྲིད་མང་པོ་དགོས་པ་དང་། ཁོང་རྣམ་པ་ནི་མགོ་འཁྲིད་མཁན་རྐྱང་རྐྱང་ཆགས་ཡོད་པར་བརྟེན། མ་འོངས་ཕུགས་རྒྱང་རིང་པོར་གཟིགས་ཏེ་ཟས་བཅད་ངོ་རྒོལ་མཚམས་འཇོག་ཡོང་བའི་འབོད་སྐུལ་གནང་འདུག  

བློ་བཟང་སེང་གེ་མཆོག་གིས་ཨེ་ཕེ་གསར་ཁང་གི་བཅར་འདྲིའི་སྐབས། བོད་རྒྱའི་དཀའ་རྙོག་སེལ་ཕྱོགས་ཐད་གསུང་དོན།རྒྱ་གཞུང་དང་ལྷན་ས་ཕྱོགས་གང་དང་དུས་ཚོད་ག་དུས་ཡིན་ཡང་གྲོས་མོལ་གནང་རྒྱུར་གྲ་སྒྲིག་ཡོད་ལ། ཁོང་གིས་དབུ་འཁྲིད་པའི་བཙན་བྱོལ་བོད་གཞུང་གི་ཐོག་ནས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་ལམ་དབུ་མའི་སྲིད་ཇུས་གཞིར་བཟུང་སྟེ། བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་བསྐྲུན་ཐབས་གནང་རྒྱུ་ཡིན་ལ། བཙན་བྱོལ་གཞུང་གི་ཆབ་སྲིད་དབུ་འཁྲིད་པའི་ཆ་ནས་གལ་གནད་ཆེ་བའི་ལས་འགན་གཙོ་བོ་ནི། བོད་ནང་རང་དབང་བསྐྲུན་ཐབས་དང་བོད་མིའི་དབུ་འཁྲིད་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་རང་ཡུལ་བོད་ནང་ཕྱིར་ཕེབས་གནང་ཐུབ་རྒྱུར་འབད་བརྩོན་ཞུ་རྒྱུ་དེ་གཉིས་ཡིན་པས། གཞུང་གསར་བའི་འགན་ཁུར་རྩིས་ལེན་ཞུས་རྗེས་སྲིད་ཇུས་དེ་དག་ལག་བསྟར་གནང་གི་ཡིན་ཞེས་གསུངས་འདུག  

 
གསར་འགོད་པ།ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

ཆུ་ཚོད་ ༡༢ སྔོན་ལ།
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

བལ་ཡུལ་གྱི་སྲིད་བློན་དང་ནང་སྲིད་བློན་ཆེན་ཟུར་བ་གཉིས་འཛིན་བཟུང་བྱས།

ཆུ་ཚོད་ ༡༣ སྔོན་ལ།
TTTT
Mobile App

བོད་མི་དུད་ཚང་ ༨༥༠ ལ་གཞིས་སྤོར་ས་ཁང་བགོ་འགྲེམས་བྱས་ཟིན་ཡོད་འདུག

ཆུ་ཚོད་ ༡༤ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༧
Mobile App

བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་དགོས་གལ་ཆེ།

༢༠༢༦/༠༣/༢༧
Nepal to get new railway line with India as RSP gov’t takes office, its Tibet railway lagging. Edited by tibettimes
Mobile App

རྒྱ་གར་དང་བལ་ཡུལ་བར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་འཆར་འདུག

༢༠༢༦/༠༣/༢༧

མཆན། 7

  1. དགྲ་འདུད། says:
    ལོ་ 15 སྔོན།

    ༼བཙན་བྱོལ་བོད་གཞུང༽་ཞེས་བའི་མིང་དེ་༼བཙན་བྱོལ་བོད་མིའི་སྒྲིག་འཛུགས༽་ལ་བཟོས་བཅོས་རྒྱག་དགོས་བའི་རྒྱུ་མཚན་ཅི།
    ང་ནི་བོད་ནང་ལོག་གི་ཨ་མདོ་བ་ཞིག་ཡིན། ད་ལྟ་ཉི་ཧོང་ན་ཡོད།
    འབྱུང་འགྱུར་ཚོགས་གྲབས་ཡོད་པའི་བོད་རྒྱལ་ཡོངས་གྲོས་ཚོགས་འཚོགས་སྐབས་གླེང་གཞིར་གྱུར་ཡོད་པའི་གཤམ་གྱི་གནད་དོན་ཁག་གཉིས་ལ་བློ་འཚབ་ཆེན་པོ་སྐྱེས་བཞིན་ཡོད་པས། བསམ་ཚུལ་ཐུང་ཙམ་འདོན་འདོད། བོད་ནང་ལོག་གྲོགས་པོ་ཁ་ཤས་ཀྱིས་ཀྱང་དེའི་ཐད་ལ་བློ་འཚབ་དང་ཁོང་ཁྲོ་ཆེན་པོའི་རྣམ་འགྱུར་སྟོན་བཞིན་འདུག
    ༼བཙན་བྱོལ་བོད་མིའི་སྒྲིག་འཛུགས་སུ་བཟོ་བཅོས་རྒྱག་དགོས་པ༽ཞེས་བའི་གྲོས་གཞི་དེ་འདོན་མཁན་ནི་བོད་གཞུང་ཡིན་སྲིད། བོད་གཞུང་གི་ནང་ནས་དེ་ལྟར་བླུན་པོ་སྨྱོན་པ་ལྟ་བུའི་གྲོས་གཞི་མ་གཏོགས་འདོན་མཁན་མི་འདུག་གམ། དེ་འདྲའི་གྲོས་གཞི་འདོན་དགོས་པའི་རྒྱུ་མཚན་ཅི།

    Reply
  2. གངས་རིའི་བུ says:
    ལོ་ 15 སྔོན།

    དགེ་ལགས་ཁྱེད་ཀྱིས་གསུངས་པར་ལྟར་ན། བཙན་བྱོལ་གཞུང་གི་བཀའ་ཤག་དུས་ཡུན་ཐེངས་གཉིས་ལས་མང་བ་བཞག་ན་འགྲིགས་ཀྱི་མ་རེད་གསུངས་སོང་། གང་ཡིན་ཟེར་ན། དུས་ཡུན་རིང་སོང་ན་ཁོས་དངུལ་གྱིས་བསླུ་བྲིད་གཏོང་བའི་ཉེས་འགལ་ཡོད་རེད་ལབ་སོང་།གལ་སྲིད་ཁོས་དངུལ་གྱིས་མི་མང་བསླུས་སྟེ་རྐུབ་སྟེབས་སྟེང་དུ་སླེབས་པ་ཡིན་ན་ཁོང་ལ་ཁེ་ཕན་གང་ཡོད་དམ། རང་ཉིད་ལ་ཁེ་ཕན་ཞིག་ཡོད་པ་ཡིན་ན་གསར་འདེམས་བྱེད་པའི་བཀའ་ཤག་དེས་ཀྱང་དངུལ་གྱིས་མང་ཚོགས་བསླུ་བྲིད་གཏོང་བའི་ཉེ་འགལ་དེ་སླེབས་པ་མ་རེད་དམ། ངའི་བསམ་ཚུལ་བྱེད་པ་ཡིན་ན་བཀའ་ཤག་གི་དུས་ཡུན་ངེས་མེད་བྱེད་པ་ཡིན་ན་དགའ་ཡི་རེད་དྲན་སོང་། གང་ཡིན་ཟེར་ན། བཀའ་ཤག་་དེ་མི་མང་གིས་འོས་འདེབས་བྱས་ནས་སླེབས་པ་ཡིན་ཙང་། གལ་སྲིད་ཁོང་ལ་འཇོན་ཐང་མེད་པ་ཡིན་ན་རྐུབ་སྟེགས་ནས་མར་ཡང་མང་ཚོགས་ཀྱིས་ཕབ་ཆོག་གི་རེད། དཔེར་ན། ད་ལོའི་གསར་འདེམས་བྱེད་པའི་བཀའ་ཁྲི་ལ་ཆ་བཞག་པ་ཡིན་ན། ཁོས་དུས་རྒྱུད་དུ་གསུངས་པ་ལྟར། སྐབས་དང་དུས་ཤར་པ་ཡིན་ན་གོ་སྐབས་བཟུང་ཐུབ་དགོས་ཞེས་གསུངས་པ་ཡིན་ཙང་། དུས་ཡུན་གཉིས་ནང་སྐབས་དང་དུས་མ་ཤར་པ་ཡིན་ན་ཁོང་ལ་བྱེད་ཐབས་བྲལ།

    Reply
  3. བེ་རུ་བཀྲ་ཤིས says:
    ལོ་ 15 སྔོན།

    སྐབས་གསུམ་པའི་བཀའ་བློན་ཁྲི་པའི་འོས་ཐོབ་ཀྱི་མ་འོངས་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་རྒྱལ་གཅེས་དཔའ་བོ་རྣམ་གསུམ་ལ་གཟིགས་སྐོར་དང་འཚམས་འདྲི་གནང་བ་ཐུག་རྗེ་ཆེ།

    Reply
  4. ཅང་མེད། says:
    ལོ་ 15 སྔོན།

    རྒྱལ་གཅེས་དཔའ་བོ་གསུམ་ལ་བཀའ་དྲིན་སྙིང་ནས་ཞུ།

    བོད་ཀྱི་བཀའ་ཁྲི་བློ་བཟང་སེངྒེ་མཆོག་གིས་ལས་དོན་དེ་དེ་བཞིན་འགྲུབ་པར་སྨོན།
    གྲུབ་འབྲས་ལེགས་པོ་ལ་ཡིད་ཆེས་དང་རེ་བའི་འཁེང་།

    Reply
  5. རྔ་བ་ཚེ་སྐྱིད། says:
    ལོ་ 15 སྔོན།

    རྒྱལ་གཅེས་དཔའ་བོ་རྣམ་གསུམ་ལ་ཡི་རངས་བླ་ན་མེད་པ་ཞུའོ།།

    བོད་ཀྱི་བཀའ་ཁྲི་བློ་བཟང་སེངྒེ་མཆོག་གིས་གཟིགས་སྐོར་དང་འཚམས་འདྲི་གནང་བར་ཡིད་སེམས་འགུལ་སོང་བས་ན། བཀའ་དྲིན་ཆེ་ཡང་ཡང་ཞུའོ།།

    Reply
  6. ཁྲུང་ཁྲུང་དཀར་མོ། says:
    ལོ་ 15 སྔོན།

    གཞོན་ནུའི་ད་ཐེངས་ལས་འགུལ་འདིར་བསམ་ཡུལ་ལས་འདས་པ་ཞིག་མ་རེད་གམ། ང་ལ་མཚོན་ན་ཚོགས་གཞོན་དོན་འགྲུབ་ལྷ་དར་མཆོག་དེ་སྔོན་ས་གནས་ཁག་དུ་ཕེབས་སྐབས་ངོ་ཤེས་ཀྱི་ཡོད། ཡིན་ཡང་ད་རིང་བཀའ་ཁྲི་གསར་པ་བློ་བཟང་སེང་གེ་མཆོག་གི་མདུན་དུ་བཞུགས་ཡོད་པའི་བོད་རིགས་དཔའ་བོ་ཁོང་སུ་ཡིན་དང་པོ་ངོ་ཐག་ཆོད་མ་སོང་། དངོས་གནས་ཡིན་ད་ཐེངས་ཁོང་ཡོང་རིང་ནད་གྱི་གནར་བའི་ནད་པ་བཞིན་ངོ་གདོང་ལ་བལྟས་ན་ངོ་ཐག་མཆོད་དཀའ་བ་དང་ཐ་ན་ཡོན་རིང་སྐུ་ཚེ་བསྟན་པ་མི་འདུག་བསམ་ནས་བློ་ཚབ་སྐྱེ་འོས་པ་ཞིག་རེད་འདུག།

    Reply
  7. སེར་སྨད་བློ་དགའ། says:
    ལོ་ 15 སྔོན།

    ཆེས་མཆོག་ཏུ་བཀུར་འོས་པའི་གཞོན་ལྷན་གྱི་ཟས་བཅད་ངོ་རྒོལ་བ་རྣམ་པའི་རྒྱལ་ཞེན་སྙིང་སྟོབས་ལ་བསྔགས་བརྗོད་དང་འབྲེལ་འཚམས་འདྲི་ཡོད། ང་ཚོར་ཁྱེད་རྣམ་པའི་སེམས་ནང་གུང་ཁྲན་གྱི་མེ་མདའི་ཁ་ཡི་བོད་ཀྱི་རྒྱལ་གཅེས་དཔའ་བོ་རྣམས་ལ་གདུང་སེམས་བསྐྱེད་པ་ལྟར། ང་ཚོ་ཡང་ཁྱེད་རྣམས་ཀྱིས་གཙོས་བོད་ནང་གི་རྒྱལ་གཅེས་པ་རྣམས། ནམ་ཡང་སེམས་ཁུངས་སུ་ཉར་ནས་ཡོད་ལ། ཁྱེད་རྣམས་ཀྱི་བསམ་དོན་འགྲུབ་པ་དང་བཀྲེས་ལྟོགས་ཀྱི་ཚོར་བས་གདུང་བ་ཆེས་ཆུང་ཆུང་ནས་མེད་པར་གྱུར་པ་དང་། མྱུར་དུ་འུ་ཅག་སྤུན་ཟླ་རྣམས་གསལ་ཞལ་མཇལ་བའི་སྨོན་འདུན་ཞུ། སྐུ་ཚེ་རིང་། སྐུ་ཚེ་རིང་། སྐུ་ཚེ་རིང་། སྐུ་ཚེ་རིང་། སྐུ་ཚེ་རིང་། སྐུ་ཚེ་རིང་། སྐུ་ཚེ་རིང་། སྐུ་ཚེ་རིང་། སྐུ་ཚེ་རིང་། སྐུ་ཚེ་རིང་། སྐུ་ཚེ་རིང་། སྐུ་ཚེ་རིང་། སྐུ་ཚེ་རིང་། སྐུ་ཚེ་རིང་། སྐུ་ཚེ་རིང་། སྐུ་ཚེ་རིང་། སྐུ་ཚེ་རིང་། སྐུ་ཚེ་རིང་། སྐུ་ཚེ་རིང་། སྐུ་ཚེ་རིང་། སྐུ་ཚེ་རིང་། སྐུ་ཚེ་རིང་། སྐུ་ཚེ་རིང་། སྐུ་ཚེ་རིང་། སྐུ་ཚེ་རིང་། སྐུ་ཚེ་རིང་། སྐུ་ཚེ་རིང་། སྐུ་ཚེ་རིང་། སྐུ་ཚེ་རིང་། སྐུ་ཚེ་རིང་། སྐུ་ཚེ་རིང་། སྐུ་ཚེ་རིང་། སྐུ་ཚེ་རིང་། སྐུ་ཚེ་རིང་། སྐུ་ཚེ་རིང་། སྐུ་ཚེ་རིང་། སྐུ་ཚེ་རིང་། སྐུ་ཚེ་རིང་། སྐུ་ཚེ་རིང་། སྐུ་ཚེ་རིང་། སྐུ་ཚེ་རིང་། སྐུ་ཚེ་རིང་། སྐུ་ཚེ་རིང་། སྐུ་ཚེ་རིང་། སྐུ་ཚེ་རིང་། སྐུ་ཚེ་རིང་། སྐུ་ཚེ་རིང་། སྐུ་ཚེ་རིང་། སྐུ་ཚེ་རིང་། སྐུ་ཚེ་རིང་། སྐུ་ཚེ་རིང་། སྐུ་ཚེ་རིང་། སྐུ་ཚེ་རིང་། སྐུ་ཚེ་རིང་། སྐུ་ཚེ་རིང་། སྐུ་ཚེ་རིང་། སྐུ་ཚེ་རིང་། སྐུ་ཚེ་རིང་། སྐུ་ཚེ་རིང་། སྐུ་ཚེ་རིང་། སྐུ་ཚེ་རིང་། སྐུ་ཚེ་རིང་། སྐུ་ཚེ་རིང་། སྐུ་ཚེ་རིང་། སྐུ་ཚེ་རིང་། སྐུ་ཚེ་རིང་། སྐུ་ཚེ་རིང་། སྐུ་ཚེ་རིང་། སྐུ་ཚེ་རིང་། སྐུ་ཚེ་རིང་། སྐུ་ཚེ་རིང་། སྐུ་ཚེ་རིང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese