མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་ཚང་གཅིག་གི་མནར་སྡུག

བོད་ཀྱི་དུས་བབ།
༢༠༡༡/༠༥/༡༤
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཟླ་ ༥ ཚེས་ ༦ ཉིན་རྒྱ་གཞུང་གི་ཉེན་རྟོག་པས་རྔ་པ་ཀིརྟི་དགོན་པའི་རང་ལོ་ ༣༩ ཡིན་པའི་གྲྭ་བློ་བཟང་མཁས་གྲུབ་ལགས་འཛིན་བཟུང་བྱས་ཡོད་ཅིང་། ཁོང་འཛིན་བཟུང་བྱ་དགོས་པའི་རྒྱུ་མཚན་དང་ད་ཆར་གང་དུ་ཡོད་པ་ཤེས་རྟོགས་ཐུབ་མི་འདུག ཁོང་གི་ཕ་ཡུལ་རྔ་པ་ཕྱུགས་ལས་འགབ་མ་ཡིན་ཞིང༌ཕ་མིང་ལ་ཐོས་ལི་ཟེར།

གཞན་ཕྱི་ཟླ་ ༣ ཚེས་ ༡༩ ཉིན་གྱི་མཚན་མོ་རྔ་པ་རྫོང་རྨེའུ་རུ་མའི་རུ་ཆེན་གསུམ་པའི་རང་ལོ་ ༦༠ ཡིན་པའི་དགེ་རིག་ཞུ་བ་འཛིན་བཟུང་བྱས་ཏེ་ད་བར་གར་ཡོད་ཤེས་ཐུབ་མེད་ཅིང་། ཁོང་གིས་ཕྱི་ལོ་ ༢༠༠༨ ལོ་ནས་ད་བར་བོད་ནང་གི་གནས་ཚུལ་མང་པོ་ཞིག་དང་། ལྷག་པར་ཉེ་ཆར་གྲྭ་ཕུན་ཚོགས་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་བའི་སྐོར་ཕྱིར་བསྒྲགས་བྱས་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་པ་ཞིག་ཡིན་འདུག ཐེངས་འདི་ནི་ཁོང་བཀག་ཉར་བྱེད་ཐེངས་གསུམ་པ་ཡིན་ཞིང་། ད་ཆར་ཁོང་དང་གྲྭ་པ་དགུ་ལ་ད་ལོའི་དོན་རྐྱེན་དང་འབྲེལ་བའི་ནག་ཉེས་ཆེ་ཤོས་ཀྱི་ཞྭ་མོ་གཡོགས་ནས་མི་སྤྱོད་ལས་འདས་པའི་སྡུག་སྦྱོང་མནར་གཅོད་གཏོང་གི་ཡོད་པ་དང་། ཁོང་འཛིན་བཟུང་བྱས་རྗེས་ཁོང་གི་གཟའ་ཟླ་བུ་ཕྲུག་དང་ཉེ་འབྲེལ་སོགས་ལའང་དཀའ་ངལ་ཆེན་པོ་བཟོ་བཞིན་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢༠ ཉིན་ཁོང་གི་གཟའ་ཟླ་དོན་ཁོ་འཛིན་བཟུང་དང་། ཕྱི་ཟླ་ ༣ ཚེས་ ༢༢ ཉིན་ཁོང་གི་བུ་མོ་མེ་ཏོག་འཛིན་བཟུང་བྱས་ཏེ། ཁོང་མ་སྨད་གཉིས་ལ་འདྲི་རྩད་གཅར་རྡུང་ཚད་མེད་བཏང་མཐར་ཕྱི་ཟླ་ ༤ ཚེས་ ༢ ཉིན་ཀློད་གྲོལ་བཏང་ཡོད་ཀྱང་། དོན་ཁོ་ལགས་སུ་གཅར་རྡུང་དྲག་པོ་བཏང་སྟེ་གསོན་པའི་རེ་བ་མེད་པ་ལྟ་བུར་བཟོས་ཡོད་ཅིང༌། སྨན་ཁང་དུ་བསྟེན་གཏུག་བྱ་རྒྱུར་ས་གནས་སྲིད་གཞུང་གིས་བཀག་འགོག་བྱས་ཏེ་སྨན་བཅོས་མཐུན་རྐྱེན་གཏན་ནས་མ་རག་པར་ད་ལྟ་ཡང་ཉལ་སར་ལྷུང་ནས་ཡོད་ཅིང༌།

གཞན་ཡང༌། དགེ་རིག་དང་ཉེ་འབྲེལ་ཡོད་པའི་སྐྱ་སེར་མང་པོ་ཞིག་རྒྱ་གཞུང་གིས་འཛིན་བཟུང་བྱ་སྲིད་པའི་དོགས་གཞིའི་འོག་བྲོས་བྱོལ་བྱས་ཡོད་ཀྱང་། དེ་ནས་བཟུང་ཁོང་རྣམས་ཀྱི་གནས་ཚུལ་གང་ཡང་འབྲེལ་ཡོད་ཚོས་ཤེས་རྟོགས་ཐུབ་ཀྱི་མེད་སྟབས་རྒྱ་གཞུང་གིས་འཛིན་བཟུང་བྱས་ཟིན་པ་མིན་ནམ་སྙམ་པའི་སེམས་ཁྲེལ་ཡོང་གི་ཡོད། དགེ་རིག་དང་དོན་ཁོ་གཉིས་ཀྱི་བུ་མོ་ཞིག་སློབ་གྲྭའི་ནང་ཡོད་པ་དེ་ཡང་ཉེན་ཡོལ་དུ་འགྲོ་དགོས་བྱུང་འདུག དགེ་རིག་གི་གཟའ་ཟླ་དོན་ཁོའི་ཚ་བོ་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཚེ་རིང་། རང་ལོ་ ༢༤ ཡིན་པ་ཁོང་འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༦རྗེས་ནས་གར་སོང་ཆ་མེད་དུ་གྱུར་ཡོད་པའི་གནས་ཚུལ་བྱུང་ཡོད།

དེང་སྐབས་དགོན་པའི་ནང་མེད་པའི་གྲྭ་པ་རྣམས་ཀྱི་མིང་ཐོ་བསྒྲགས་བྱས་ཏེ། ཁོང་ཚོ་ད་ནས་བཟུང་དགོན་པའི་ནང་ཕྱིར་གཏན་ནས་ཡོང་མི་ཆོག་ཚུལ་དང་། དེ་བཞིན་གྲྭ་ཤག་སྟོང་པ་རྣམས་ཀྱི་སྒོ་ལ་(སྒོ་ཕྱེ་མི་ཆོག)ཅེས་པའི་ཡི་གེ་རེ་སྦྱར་ཏེ། ད་ནས་བཟུང་ཁང་པ་འདིའི་བདག་པོ་ཕྱིར་ཁང་པ་འདིའི་ནང་ལ་ཡོང་མི་ཆོག་ཚུལ་སོགས་ཀྱི་གསལ་བསྒྲགས་ཡི་གེ་མང་པོ་སྦྱར་བཞིན་ཡོད་འདུག རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་མུ་མཐུད་སྤེལ་བཞིན་ཡོད་པ་མ་ཟད། སློབ་གསོ་སྤེལ་མཁན་གྱི་མིང་ཐོག་ནས་ཉིན་ལྟར་རིམ་པ་སོ་སོའི་ལས་བྱེད་པ་སྟོང་ཕྲག་བརྒལ་བ་ཡོང་བཞིན་ཡོད་པ་དང་། ཕྱི་ཟླ་ ༥ ཚེས་ ༦ ནས་ད་བར་གྲྭ་པ་ ༢༠ ལྷག་འཛིན་བཟུང་བཀག་ཉར་བྱས་ཡོད་ཚུལ་འདུག

འབྲེལ་ཡོད་གསར་འགྱུར།

This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

ཆུ་ཚོད་ ༩ སྔོན་ལ།
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིག་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

ཆུ་ཚོད་ ༡༠ སྔོན་ལ།
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

ཆུ་ཚོད་ ༡༡ སྔོན་ལ།
TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

༢༠༢༦/༠༤/༠༦
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

༢༠༢༦/༠༤/༠༦
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣

མཆན། 13

  1. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    བྱམས་པ་འཕྲིན་ལས་སོགས་དང་རྒྱལ་མཚན་ནོར་བུ་ལགས་ཀྱིས་གནས་ཚུལ་འདི་གོ་ཐོས་བྱུང་མྱོང་ཡོད་དམ་མེད།

    Reply
  2. དྲང་མོ་དྲང་རྐྱང། says:
    ལོ་ 15 སྔོན།

    འདི་ཚང་མ་སུ་ཞིག་གི་བྱེད་སྤྱོད་ལ་བརྟེན་ནས་བྱུང་འདུག་གམ འབྲེལ་ཡོད་ཚང་མས་གཟབ་གཟབ་བྱོས་མ་གཏོགས།

    Reply
  3. ཅང་མེད། says:
    ལོ་ 15 སྔོན།

    ཡ་ང་བའི་གནས་ཚུལ་འདི་འདྲ་མ་ཐོས་ན་འདོད། གོང་གསལ་ལྟར་སྐུ་པར་དང་གསལ་བསྒྲགས་བྱས་ན་གོང་སྤྲོ་དགེ་ཡི་དཔེ་ལྟར་”མིག་སྐྲངས་ཐོག་ཏུ་ཁུ་ཚུར་”ཞེས་པ་ཆགས་མི་འགྲོ་ནམ། ང་ཚོའི་བོད་ནང་གནས་ཚུལ་སོགས་རྒྱལ་སྤྱིའི་གསལ་ལམ་ཆེ་ཁག་ཏུ་ཐོན་གི་ཡོད་དམ། ཡང་ན་(BBC) (CNN) རྒྱ་གར་གྱི་གསལ་ལམ་(INDITV) སོགས་ལ་གནས་ཚུལ་གཏོང་ཐབས་བྱས་ན་མི་ལེགས་ཉམ། གསལ་བསྒྲགས་བྱེད་སྟང་ཐབས་གཞན་རེ་མེད་དམ།
    དཀོན་མཆོག་མཁྱེན་ཅི་འདྲའི་ལས་ཐབས་སྡུག བོད་པ་ཚངངངངངངངངངང་།
    ནུས་པ་མཉམ་དུ་འདོནནནནན། བོད་རྒྱལ་ལོ།

    Reply
  4. འཁྱམས་པོ། says:
    ལོ་ 15 སྔོན།

    ངས་བསམ་ན་འདི་ལྟར་གསལ་ལམ་ཁག་ཏུ་བོད་ནང་དུ་གང་བྱུང་པ་དེ་ཐད་ཀར་བཏོན་ཐུབ་པ་དེ་ཧ་ཅང་གིས་ཡག་པོ་རེད་ལ་གལ་ཆིན་ཡང་རེད་འདོད།
    ཡིན་ནའང་ཚིག་གིས་འགྲེལ་སྟངས་ལ་གཟབ་གཟབ་བྱེད་དགོསཔ་རེད།
    འདི་ལྟར་འགྲེལ་ན་འགལ་རྐྱེན་གང་ཡང་མི་འདུག

    Reply
  5. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    ལྡོག་ཕྱོགས་ནས་བསམ་ན། ཁོང་རྣམས་པ་གསུམ་ལ་བརྗོད་ལས་འདས་པ་དང་བསམ་ཡང་མི་ཕོད་པའི་སྡུག་སྦྱོང་འདི་ལྟ་བུ་ཞིག་བྱུང་འདུག་པའི་ཐོག་ད་དུང་འདི་ལྟར་འདྲ་པར་དང་བཅས་གསལ་གསལ་རྗེན་རྗེན་བྱས་རྒྱུད་ལམ་ཁག་དུ་བཀོད་ཡོང་ན་(མིག་སྐྲངས་ཐོགས་ཏུ་ཁུ་ཚུར་ཞེས་པའི་དཔེ་ལྟར་མ་ཡིན་ནམ)
    ཅིག་གི་མཇོན་དེ་མཁོ་སྤྲོད་བྱས་ཁུལ་དང་ཅིག་གི་གོ་ནས་རྒྱུད་ལམ་ཁག་དུ་གཏོང་རྐྱང་བྱས་ན། གནས་ཚུལ་བྱུང་ཡུལ་ལ་འགན་ཅི་ཡང་མ་ཁུར་བ་མ་རེད་དམ
    ཐབས་མཁས་པོ་ཞིག་བྱས་ན་མ་གཏོགས་གཞིས་བཞུགས་ཚོ་འདི་ལྟར་ཚར་རྒྱུ་རེད་ཡ།

    Reply
  6. བསྟན་འཛིན་ཆོས་འཕེལ། says:
    ལོ་ 15 སྔོན།

    འདི་ལྟར་རྒྱ་ནག་གིས་ནུས་པ་ཡོད་ཚད་ཀྱིས་ང་ཚོ་ལ་མནར་གཅོད་བྱས་ན། ང་ཚོ་ཡང་དུས་ནམ་ཞིག་གི་ཚེ་ལངས་ངེས་ཡིན། དེ་སྔོན་དབྱིན་ཇི་དང་ཇན་པན་འོག་གི་སྡུག་སྦྱོང་དེ་ཞི་བདེ་ལ་དགའ་བའི་ང་ཚོར་སྤྲད་དགོས་པའི་རྒྱུ་མཚན་ཡོད་མ་རེད། སྤུན་ཟླ་ཚོ་མཐུན་སྒྲིལ་བྱོས་དང་ལམ་ཁ་ཡོད་ངེས་ཡིན།

    Reply
  7. བསྟན་འཛིན་ཆོས་འཕེལ། says:
    ལོ་ 15 སྔོན།

    དམར་པོ་གཞུང་གིས་འདི་ལྟར་ང་ཚོ། དུད་འགྲོ་ཞིག་གི་ཚད་དུའང་མི་འཇོག་པར་དུས་ནས་དུས་སུ་མནར་གཅོད་གཏོང་བ་དེ་ལ་མནོ་བསམ་ནན་པོ་བཏང་ཏེ། ནམ་ཞིག་དམྱལ་བ་ལྟ་བུའི་མི་ཡུལ་དེ་བརྒལ་ཐུབ་པ་བྱེད་དགོས། དེ་ནི་ང་ཚོའི་དམིགས་ཡུལ་རེད། དེ་ལ་ཐོག་མར་ཆིག་སྒྲིལ་དགོས་པ་རེད།་

    Reply
  8. བསྟན་འཛིན་ཆོས་འཕེལ། says:
    ལོ་ 15 སྔོན།

    རྒྱ་ནག་གིས། ཐ་ན་སློབ་མ་ཆུང་ཆུང་ལའང་སྡུག་སྦྱོང་གཏོང་གི་ཡོད་པ་དེ་བོད་པ་རྣམས་རྩེད་སྤྱད་ཅིག་བསམ་པའང་ཡོད་མ་རེད། དེ་ཙམ་དུ་མ་ཟད་དུད་འགྲོ་ཞིག་གི་ཚད་དུའང་མི་འཇོག་པར་མནར་གཅོད་གཏོང་བ་དེ་རྒྱུན་གོམས་ཤིག་ཏུ་གྱུར་ཡོད་པ་དེ་ལ་། བོད་པ་ཚོས་ནམ་ཡང་བསམ་གཞིགས་བྱེད་དགོས་ལ་ཕྱིར་བསྒྲགས་ཀྱང་བྱ་དགོས། དུས་ནམ་ཞིག་གི་ཚེ་དྲང་བདེན་ལ་མཐའ་ཡོད་པས་འགྲུབ་ངེས་ཡིན།།

    Reply
  9. རྔ་བ་ཚེ་སྐྱིད། says:
    ལོ་ 15 སྔོན།

    བཀའ་དྲིན་ཆེའོ།། གོང་ཐུབ་ལགས། ཏག་ཏག་རེད་ཡ། ད་ཡིན་ན། བདེན་པའི་འབོད་སྒྲ་གཅིག་ཏུ་སྒྲོག་ཡ། ད་ཡིན་ན། ཆིག་སྒྲིལ་གྱི་ངར་ཤུགས་གཅིག་ཏུ་སྤུངས་ཡ། ད་ཡིན་ན། མཉམ་རུབ་ཀྱི་ནུས་སྟོབས་གཅིག་ཏུ་ཕྱོགས་ཡ།

    Reply
  10. གོང་ཐུབ། says:
    ལོ་ 15 སྔོན།

    རབ་དབང་དང་བདེན་པ་ཁྱད་གསོད་བྱེད་པའི་གནས་ཚུལ་རྣམས་རང་དབང་དང་བདེན་པ་བརྩི་སྲུང་བྱེད་ཡུལ་ལ་བསྒྲགས་གཏམ་སྤེལ་དགོས་པ་གལ་ཆེན་རེད། གདུང་སེམས་མཉམ་བསྐྱེད་དུས་ནམ་ཡང་བྱེད་ཀྱིན་ཡོད།

    Reply
  11. རྔ་བ་ཚེ་སྐྱིད། says:
    ལོ་ 15 སྔོན།

    གནས་ཚུལ་འདིས་ག་རེ་གསལ་བཤད་བྱེད་ཐུབ་ཀྱིན་འདུག་ཟེར་ན། རྒྱ་གཞུང་གིས་ང་ཚོ་བོད་མི་རིགས་དང་རིག་གཞུང་གི་ཐོག་ལ་བཙན་འཛུལ་དང་གཉའ་གནོན་སོགས་ཐབས་སྒོ་སྣ་ཚོགས་ནས་བྱས་དང་བྱེད་ཀྱིན་པའི་གནས་ཚུལ་འདི་འགེབས་ཐབས་མེད་པའི་གསལ་གསལ་ཐིང་ཐིང་རེད་ལ། བོད་ཀྱི་ཡུལ་ལུང་གང་ཞིག་ན་དགོན་པ་དང་མི་དམངས་ཀྱི་སྟོབས་ཤུགས་ཡོད་ན། དེ་ཡང་རྩ་མེད་བཟོས་དང་བཟོ་བཞིན་པའི་གནས་བབ་ནི་ཆེས་གསལ་བོ་ཞིག་ཀྱང་རེད་ལ། ཐ་ན་བཟའ་ཚང་དང་ཁྱིམ་ཚང་རྣམས་ཀྱི་བདེ་སྐྱིད་མཉམ་འཛོམས་གཏོར་བརླག་དང་ཁ་བྲལ་དུ་བཏང་དང་གཏོང་བཞིན་པ་གནས་ཚུལ་འདིའི་ཐོག་ནས་ར་སྤྲོད་གསལ་བོ་ཐུབ་ཀྱི་འདུག་ལགས་ན། རིགས་མཐུན་སྤུན་ཟླ་རྣམ་པ་ལགས། ང་ཚོའི་སྟོབས་ཤུགས་དང་ཆིག་སྒྲིལ་གྱི་ཁ་ཕྱོགས་གཅིག་ཏུ་སྤུངས་རོགས་ཞུའོ།།

    Reply
  12. རྔ་བ་ཚེ་སྐྱིད། says:
    ལོ་ 15 སྔོན།

    གུས་མོས་ཤེས་རྟོགས་བྱུང་བ་ལྟར་ན། རྔ་པ་རྫོང་རྨེའུ་རུ་མའི་རུ་ཆེན་གསུམ་པའི་དགེ་ཚང་གི་དགེ་རིག རང་ལོ་ ༦༠ ཡིན་པ་ཁོང་འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༩ ཉིན་གྱི་མཚན་མོའི་དུས་ཚོད་ ༡༡།༤༠ ཙམ་ལ་རྔ་པ་རྨེའུ་རུ་མའི་ནང་ནས་འཛིན་བཟུང་བྱས་ཏེ་ད་ལྟ་གང་དུ་བཀག་ཉར་བྱས་ཡོད་མེད་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་ཡོང་གི་མེད་འདུག ཁོང་གིས་ཕྱི་ལོ་ ༢༠༠༨ ལོ་ནས་ད་བར་བོད་ནང་གི་གནས་ཚུལ་མང་པོ་ཞིག་དང་ལྷག་པར་ཉེ་ཆར་གྲྭ་ཕུན་ཚོགས་ལགས་ཀྱིས་རང་ལུས་མེར་སྲེག་བཏང་བའི་སྐོར་ཕྱིར་བསྒྲགས་བྱས་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་པ་ཞིག་ཡིན་འདུག་ལ། ད་ཐེངས་ཀྱི་བཀག་ཉར་འདི་ནི་ཁོང་བཀག་ཉར་བྱས་པ་ཐེངས་གསུམ་པ་ཡིན་ཞིང་། ཕྱི་ལོ་ ༡༩༩༨ ལོར་བོད་དོན་དང་འབྲེལ་བའི་ཡི་གེ་སྦྱར་འགྲེམས་བྱས་པའི་དོགས་གཞིའི་འོག་འཛིན་བཟུང་གིས་ཟླ་ ༡ ལྷག་རིང་བཀག་ཉར་བྱས་པ་དང། ཕྱི་ལོ་ ༢༠༠༨ ལོར་ཡང་བོད་གནས་ཕྱིར་བསྒྲགས་བྱས་པའི་དོགས་གཞིའི་འོག་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག དེང་སྐབས་ཤེས་རྟོགས་བྱུང་བར་ཁོང་དང་གྲྭ་པ་དགུ་ལ་ད་ལོའི་དོན་རྐྱེན་དང་འབྲེལ་བའི་ནག་ཉེས་ཆེ་ཤོས་ཀྱི་ཞྭ་མོ་གཡོགས་ནས་མི་སྤྱོད་ལས་འདས་པའི་སྡུག་སྦྱོང་མནར་གཅོད་གཏོང་གིན་ཡོད་པའི་གནས་ཚུལ་ཞིག་འདུག་ལགས།

    Reply
  13. རྔ་བ་ཚེ་སྐྱིད། says:
    ལོ་ 15 སྔོན།

    བཀུར་འོས་དུས་བབ་གསར་འགོད་པ་ལགས།
    《ཕྱི་ཟླ་ ༣ ཚེས་ ༢༢ ཉིན་ཁོང་གི་བུ་མོ་མེ་ཏོག རང་ལོ་ ༢༣ ཡིན་པ་འཛིན་བཟུང་གིས་ཕྱི་ཟླ་ ༤ ཚེས་ ༢ བར་བཀག་ཉར་བྱས་པ་དང། ཉིན་དེར་ཁོང་མོ་གློད་གྲོལ་སྐབས་བཀག་ཉར་ཁང་དུ་གཅར་རྡུང་དྲག་པོ་བཏང་སྟེ་གསོན་པའི་རེ་བ་མེད་པ་ལྟ་བུར་བཟོས་ཡོད་ཅིང་། སྨན་ཁང་དུ་བསྟེན་གཏུག་བྱེད་རྒྱུར་ས་གནས་སྲིད་གཞུང་གིས་བཀག་འགོག་བྱས་ཏེ་སྨན་བཅོས་མཐུན་རྐྱེན་གཏན་ནས་མ་རག་པར་ད་ལྟ་ཡང་ཉལ་སར་ལྷུང་ནས་ཡོད་ཅིང་།
    མོའི་གཟུགས་པོ་ཡོངས་ལ་སྔོ་ཏིག་དང་རྨ་ཁས་ཁེངས་ཤིང་། ཀླད་པ་ཡང་རྒྱུན་ལྡན་མ་ཡིན་པ་ཞིག་ཆགས་ཡོད་འདུག
    བུ་མོ་མེ་ཏོག་ལགས་ནི་ཕྱི་ལོ་ ༢༠༠༨ ལོར་ཡང་རྒྱ་གཞུང་གིས་བཀག་ཉར་འོག་དཀའ་སྡུག་མནར་གཅོད་ཧ་ཅང་མང་པོ་མྱངས་མྱོང་མཁན་ཞིག་ཡིན་ཞིང། ཉེ་ཆར་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་ནི་ཕ་དགེ་རིག་གིས་ཕྱི་ཕྱོགས་སུ་མི་སུ་ལ་འབྲེལ་བ་བྱེད་ཀྱིན་ཡོད་མེད་རྩད་གཅོད་བྱེད་ཆེད་ཡིན་འདུག་ལ། ཁོང་མོས་མོ་བསད་ཀྱང་གང་ཡང་མི་ཤེས་ཞེས་པའི་ལན་གཅིག་པུ་བཏབ་རྐྱེན་དེ་ལྟར་ཚད་ལས་བརྒལ་བའི་གཅར་རྡུང་མནར་གཅོད་ཕོག་པ་ཞིག་ཡིན་འདུག》 ཅེས་འོད་དཀར་དྲ་ཚིགས་ནང་གསལ་བ་ལྟར། ཡིན་པ་ལས་དགེ་རིག་ཁོང་གི་གཟའ་ཟླ་དོན་མ་རེད་ལགས། དེས་ན། བཅོས་རོགས་ཞུའོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese