མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ད་ལོ་རིཊ་གཅིག་རྐང་འཛིན་གྱི་ལས་རིམ་འགྱུར་བ་བཏང་ཡོད།

བོད་ཀྱི་དུས་བབ།
༢༠༡༡/༠༥/༡༧
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གི་ཐུགས་རེ་དང་སྐུ་སྒེར་ཡིག་ཚང་གི་རོགས་དངུལ་འོག ཕྱི་ལོ་ ༢༠༠༤ ལོ་ནས་བོད་གཞུང་ཤེས་རིག་ལས་ཁུངས་འོག་རིགས་གཅིག་རྐང་འཛིན་གྱི་ལས་གཞི་ཞིག་མགོ་འཛུགས་བྱས་ཡོད་ཀྱང་། རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་ལས་གཞི་འདི་དེ་ཙམ་ལམ་ལྷོང་ཡོང་བར་ཆད་མཐུད་རིམ་པར་བྱུང་ཡོད་ལ། གནད་དོན་དེར་སྤྱི་འཐུས་གྲོས་ཚོགས་ནང་དུའང་གླེང་སློང་སྔ་རྗེས་སུ་བྱུང་ཡོད། བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་རིགས་གཅིང་རྐང་འཛིན་གྱི་ལས་རིམ་ཐོག་བསྐྱར་དུ་ཞིབ་འཇུག་བརྒྱུད། འདི་ལོར་རྣམ་པ་གསར་པ་ཞིག་གི་ཐོག་ནས་བསྐྱར་དུ་མགོ་འཛུགས་བྱས་ཏེ། ཉེ་ཆར་སྐབས་དྲུག་པའི་རིགས་གཅིག་རྐང་འཛིན་ཉམས་ཞིབ་པ་གསར་བསྡུ་གནང་ཡོད།

འདི་གའི་གསར་འགོད་པས་ཤེས་རིག་དྲུང་འཕར་བཀྲ་ཤིས་དོན་གྲུབ་ལགས་སུ་ད་ལོའི་རིགས་གཅིག་རྐང་འཛིན་གྱི་ཉམས་ཞིབ་པ་གསར་བསྡུ་དང་འབྲེལ་བའི་ཐོག་བཅར་འདྲི་ཞུས་པར་ཁོང་གིས་ཐོག་མའི་བྱུང་རིམ་སྐོར་ནས་ངོ་སྤྲོད་གནང་དོན། ང་ཚོ་བཙན་བྱོལ་དུ་ཐོག་མར་འབྱོར་དུས་ནས་ཤེས་ཡོན་རྨང་གཞི་འཛུགས་རྒྱུར་འབད་བརྩོན་གནང་ཡོད་པ་ལྟར། ༡༩༩༨ ལོའི་མི་འབོར་ཞིབ་བཤེར་ནང་ཡིག་རྨོངས་སེལ་ཚད་བརྒྱ་ཆ་ ༧༤ ། ༦ ཙམ་དང་། ༢༠༠༩ ལོར་བརྒྱ་ཆ་༨༤ ལྷག་ཏུ་བསླེབས་ཡོད། དེས་ཅི་ཞིག་སྟོན་གྱི་ཡོད་ཟེར་ན། ང་ཚོའི་གཞི་རིམ་ཤེས་ཡོན་གྱི་རྨང་གཞི་ཡག་པོ་བྱུང་ཡོད་པ་བསྟན་ཡོད། རྨང་གཞི་མེད་པའི་སྐབས་སུ་རྨང་གཞིའི་སྐོར་བཤད་རྒྱུ་ལས་རིགས་གཅིག་རྐང་འཛིན་ཐོག་ཤུགས་བརྒྱབ་ནའང་ནུས་པ་དེ་ཙམ་ཐོན་རྒྱུ་ཁག་པོ་རེད། ད་ཆ་ང་ཚོར་རྨང་གཞིའི་ཤེས་ཡོན་གང་འཚམ་འགྲིགས་ངེས་ཡོད་དུས། ༸གོང་ས་མཆོག་གི་བཀའ་དགོངས་བཞིན་ངེས་པར་དུ་རིགས་གཅིག་རྐང་འཛིན་ཐོག་ཤུགས་སྣོན་རྒྱག་དགོས། རིགས་གཅིག་རྐང་འཛིན་ཅི་ཙམ་མང་དུ་ཐོན་ཐུབ་ན། སྤྱི་ཚོགས་ནང་གསར་གཏོད་བྱ་ཐུབ་མཁན་དེ་ཙམ་གྱིས་མང་དུ་འགྲོ་བ་རེད། ཅེས་དང་།

 

ཁོང་གིས་མུ་མཐུད་དུ་གསུངས་དོན། ༢༠༠༤ ལོ་ནས་རིགས་གཅིག་རྐང་འཛིན་གྱི་སློབ་ཡོན་མགོ་བཙུགས་ཡོད་ཀྱང། སྒྲིག་ཞུགས་ཀྱི་སློབ་ཡོན་ལས་གཞི་དེ་ཤེས་རིག་སློབ་ཡོན་ནང་སྔོན་མ་ནས་ཡོད་བསྡད་པ་ཞིག་རེད། སློབ་ཡོན་དང་ས་མིག་སྔོན་མ་ལས་མང་དུ་ཕྱིན་ཡོད། ༢༠༠༤ ལོར་༸གོང་ས་མཆོག་གིས་རིགས་གཅིག་རྐང་འཛིན་ཆེད་ཧིན་སྒོར་འབུམ་ ༢༠༠ གསོལ་རས་གནང་ཡོད། ང་ཚོས་སྒྲིག་ཞུགས་དང་སྒྲིག་ཞུགས་མ་ཡིན་པ་གཉིས་སུ་དབྱེ་སྟེ་སློབ་ཡོན་འབུལ་བཞིན་ཡོད་ལ། སྒྲིག་ཞུགས་པ་ཚོར་མཐོ་རིམ་སློབ་གྲྭའི་རྒྱུན་ལྡན་འགྲོ་སྟངས་བཞིན་ལག་བསྟར་བྱེད་ཀྱི་ཡོད། སྒྲིག་ཞུགས་མ་ཡིན་པ་ཕྱི་ལོགས་མཐོ་སློབ་ཁག་ཏུ་སྦྱང་རྒྱུ་མེད་པའི་བོད་ཀྱི་རིག་གནས་སྐོར་ཡིན། དང་ཐོག་ང་ཚོས་མི་ལྔ་ཙམ་བསྡུས་ཏེ་རིམ་བཞིན་ས་མིག་མང་དུ་གཏོང་རྒྱུར་ཐག་གཅོད་བྱས་ཏེ། ༢༠༠༤ ལོ་ནས་ ༢༠༠༨ བར་ལོ་རེར་སྒྲིག་ཞུགས་དང་སྒྲིག་མ་ཡིན་པ་ ༥ རེ་བསྡུས་ཡོད། ཅེས་བརྗོད་བྱུང་།

 

ཡང་གསར་འགོད་པས་ཞིབ་འཇུག་རྣམ་གྲངས་དང་བརྗོད་གཞིའི་ཐོག་ཆ་རྐྱེན་ཅི་འདྲ་དགོས་ཀྱི་ཡོད་མེད་དྲིས་སྐབས། སྒྲིག་ཞུགས་ཉམས་ཞིབ་ཀྱི་བརྒྱུད་ལམ་བོད་ཡིག་ཡིན་དགོས་པའི་ངེས་པ་མེད། དེར་གཙོ་བོ་སློབ་གྲྭའི་བརྒྱུད་རིམ་ཆ་ཚང་ཞིག་དགོས་པ་རེད། འོན་ཀྱང་ད་བར་བོད་ཡིག་མ་ཡིན་པ་རྐྱང་བསླེབས་འདུག སྒྲིག་ཞུགས་མ་ཡིན་པ༌བོད་ཡིག་ཁོ་ན་རེད། སྒྲིག་ཞུགས་ཚོས་སོ་སོས་བརྗོད་གཞི་བདམས་པ་དེར་མཐོ་སློབ་ཀྱིས་ངོས་ལེན་བྱས་ན། ཟླ་བ་ ༦ རེའི་མཚམས་སུ་ཞིབ་འཇུག་བྱས་ཏེ་རྩོམ་ཡོན་སྤྲོད་ཀྱི་ཡོད། སློབ་ཡོན་རྫོགས་མཚམས་ང་ཚོར་མཐའ་མའི་ཆེད་རྩོམ་གྱི་ངོ་བཤུས་འབུལ་དགོས་ལ། སྒྲིག་ཞུགས་མ་ཡིན་པ་ཚོར། ཐོག་མ་ནས་བརྗོད་གཞི་མང་པོ་ཡོད་པར་མ་ཟད། དེར་སོ་སོའི་འདོད་མོས་བཞིན་གདམ་ག་བྱས་ན་འགྲིག་གི་ཡོད་ཀྱང་། རྗེས་སུ་སྤྱི་ཚོགས་ནང་སློབ་སྟོན་པའམ་ཆེད་རྩོམ་ཞིབ་འཇུག་པ་རག་དཀའ་བ་དང་བརྗོད་གཞི་ཉིས་ཟློས་མི་ཡོང་ཆེད་ང་ཚོས་ལོ་རེར་བརྗོད་གཞི་ ༡༠ གཏན་ཁེལ་བྱས་པ་ཡིན། སྒྲིག་ཞུགས་པ་ཚོས་བརྗོད་གཞི་བཅུ་ལས་གང་རུང་ཞིག་ལ་སྙན་ཞུ་ཕུལ་ཏེ་འགྲན་རྩོད་བྱ་དགོས་པ་བཟོས་ཡོད། ཅེས་བརྗོད་བྱུང་།

 

རིགས་གཅིག་རྐང་འཛིན་ཐོག་མཐུན་རྐྱེན་དང་ལམ་སྟོན་པ་མ་རག་པའི་དཀའ་ངལ་ཡོད་མེད་དྲིས་པར།  རིགས་གཅིག་རྐང་འཛིན་ནང་ཞུགས་མཁན་ཚོར་འདོད་པ་ཁེངས་ཀྱི་མེད་པ་ཡོང་སྲིད་པ་རེད། ལས་གཞི་འདི་ ༢༠༠༩ དང་ ༢༠༡༠ ལོར་རེ་ཞིག་མཚམས་འཇོག་གིས་བསྐྱར་ཞིབ་བྱ་དགོས་བྱུང་བ་རེད། ༢༠༠༥ ལོར་ཚུད་རྒྱུགས་ནང་མི་ ༥ བྱུང་བའི་ནང་མི་ ༢ དགོངས་པ་ཞུས་པ་རེད། ༢༠༠༦ ལོར་མི་ ༡ ལས་མ་བྱུང་བ་རེད། ཚུད་རྒྱུགས་ནང་ཞུགས་མཁན་ཉུང་དུ་འགྲོ་བཞིན་འདུག་ལ། ཞུགས་མཁན་གྱི་སྤུས་ཚད་ཀྱང་འདོད་བློ་ཁེངས་པ་ཞིག་ཡོང་གི་མི་འདུག སློབ་སྟོན་པ་རག་མིན་དང་མཐུན་རྐྱེན་ཆ་ཚང་བ་ཞིག་སྦྱར་ཐུབ་ཡོད་མིན་དེ་ཡང་། སློབ་སྟོན་པ་འཇོག་རྒྱུ་དང་ཟབ་སྦྱོང་སྤྲོད་རྒྱུ་ཙམ་མིན་པར། ཁོང་ཚོར་ཞོར་ལས་ལས་གཞན་པའི་རང་དབང་ཆ་ཚང་བ་སྤྲད་ཡོད། སློབ་སྟོན་པ་བསྐོ་མ་ཐུབ་པ་མིན་ཡང། དེས་སློབ་གཉེར་བར་ཚོད་འཛིན་བྱེད་རྒྱུ་མང་དྲགས་ན་ཕན་ལས་གནོད་ཆེ་བའི་གནད་འགག་ཅིག་ཡོད། འོན་ཀྱང། སྒྲིག་ཞུགས་མ་ཡིན་པའི་རང་དབང་ཉམས་ཞིབ་ཀྱི་ལམ་ཁ་དེར་འགྲོ་རྒྱུ་ཡིན་ལབ་མཁན་ཚོས་སྐབས་རེར་ཁོང་ཚོར་སློབ་སྟོན་པ་དགོས་ཀྱི་འདུག ཉམས་ཞིབ་བྱེད་སྟངས་ཤེས་ཀྱི་མི་འདུག་ཅེས་བཤད་སྟབས། ང་ཚོས་གནས་སྟངས་ལ་བལྟས་ཏེ་ཟབ་སྦྱོང་ཐེངས་གཉིས་ཙམ་གོ་སྒྲིག་བྱས་ཡོད།  ཟབ་སྦྱོང་སྤྲོད་པ་དང་སློབ་སྟོན་པ་བསྐོ་རྒྱུ་སོགས་ཆ་རྐྱེན་མང་པོ་བཟོས་པ༌ཡིན་ན། སྒྲིག་ཞུགས་དང་སྒྲིག་ཞུགས་མ་ཡིན་པ་གཉིས་ཀྱི་ཐོག་མའི་དམིགས་ཡུལ་འདྲེས་འགྲོ་བཞིན་ཡོད་སྟབས། ལོ་གཉིས་རིང་མཚམས་འཇོག་བྱས་ཏེ། གནད་དོན་དེར་བསྐྱར་ཞིབ་རིམ་པར་བྱས་ཡོད། ད་ལོ་རྣམ་པ་གསར་པ་ཞིག་གི་ཐོག་ལས་གཞི་བསྐྱར་འཛུགས་གནང་ཐུབ་པ་བྱུང་བ་རེད། ཅེས་བརྗོད་བྱུང་།

 

འདི་ལོ་ནས་རིགས་གཅིག་རྐང་འཛིན་གྱི་ཚུད་རྒྱུགས་ལ་འགྱུར་བ་གཏོང་དོན་ཅི་ཡིན་དང་དེའི་དགེ་མཚན་སྐོར་དྲིས་སྐབས། ད་བར་ང་ཚོས་སྒྲིག་ཞུགས་མ་ཡིན་པའི་རིགས་གཅིག་རྐང་འཛིན་ཐེངས་ ༥ ཙམ་བསྡུས་ཡོད་ལ། ལས་རིམ་དེར་ཞུགས་མཁན་ཚོར་རིགས་གཅིག་རྐང་འཛིན་ཐོག་མི་ཚེ་ཧྲིལ་པོ་གཏོང་ཐུབ་པའི་ཆོད་སེམས་བརྟན་པོ་དགོས་ལ། ཆོད་སེམས་ཡོད་པ་བཞིན་དཀའ་ལས་རྒྱག་ཐུབ་མཁན་ཞིག་དགོས་པ་རེད། ང་ཚོའི་སྤྱི་ཚོགས་ནང་དེ་འདྲ་ཉུང་ངུ་ལས་མེད་ལ། ཕར་ཞིབ་འཇུག་བྱས་སྐབས། སྤྱི་ཚོགས་ནང་ཤེས་ཡོན་ཐོག་རྩེ་ཕུལ་གྱི་ལམ་ལ་ཞུགས་མཁན་ཧ་ལམ་དཀོན་པོ་ཡིན་དུས། ལས་གཞི་དེར་འགྱུར་བ་ཞིག་གཏོང་དགོས་བྱུང་བ་རེད། སྔོན་མ་ཡིན་ན། ཟླ་རེར་སློབ་ཡོན་ ༤༥༠༠ རེ་སྤྲད་ཅིང་། དེའི་ཟུར་དུ་ལས་ཀ་བྱ་ཆོག་གི་མེད། ཚུད་རྒྱུགས་ནང་ཞུགས་མཁན་མང་ཆེ་བ་བོད་ནས་ཕེབས་མཁན་གསར་འབྱོར་བ་ཡིན་པ་དང་། ཁོང་ཚོ་ཕལ་ཆེ་བའི་སྡོད་ས་ངྷ་ས་ཡིན་སྟབས། ཟས་སོང་དང་ཁང་གླ༌སོགས་འཚོ་བའི་དཀའ་ངལ་འཕྲད་ཀྱི་ཡོད་པ་དངོས་ཡོད་རེད། ཅེས་གསུངས་སོང་།  

 

ཁོང་གིས་མུ་མཐུད་དུ་གསུངས་དོན། ཁོང་ཚོའི་སློབ་ཡོོན་སྤར་ཏེ་སྲི་ཞུའི་ལས་བྱེད་སྤྱི་མཚུངས་ལྟར་བྱ་རྒྱུ་དེའང་གཞི་རིམ་གྱི་ལྟ་གྲུབ་དང་མཐུན་གྱི་མི་འདུག དེ་ནས་ང་ཚོས་ལོ་གཉིས་རིང་བསྐྱར་ཞིབ་བྱས་ཏེ། ལས་ཀ་བྱེད་ཀྱི་ཡོད་མེད་ལྟོས་མེད་ཐོག་ཉམས་ཞིབ་ཀྱི་སྤུས་ཚད་དང་གྲུབ་འབྲས་གཙོ་བོར་བཟུང་ཡོད། ང་ཚོས་སྔོན་མ་རིགས་གཅིག་རྐང་འཛིན་གྱི་སློབ་མ་བསྡུས་པ་རེད། ད་ལྟ་ང་ཚོས་རིགས་གཅིག་རྐང་འཛིན་སློབ་གཉེར་བ་མིན་པར། རིགས་གཅིག་རྐང་འཛིན་ཉམས་ཞིབ་པ་སྐྱེད་སྲིང་གི་ལས་གཞི་ཞིག་སྤེལ་གྱི་ཡོད། སློབ་ཁོངས་སུ་སྐྱ་སེར་ཕོ་མོ་རྒན་གཞོན་གྱི་ཁྱད་པར་མེད་ཐོག་ལོ་ཚད་ལའང་ཚད་བཀག་མེད། ཚུད་རྒྱུགས་སྐབས་ངག་རྒྱུགས་ལ་བརྒྱ་ཆ་ ༢༥ ཡོད་པ་ཕུད། གཞན་བརྒྱ་ཆ་ ༧༥ ནི་སྙན་འབུལ་བའི་ཤེས་ཡོན་གྱི་ཉམས་མྱོང་དང་། གྲུབ་འབྲས། འཆར་གཞི་སོགས་ཡིག་ཆ་ཁག་གཞི་རྩར་བཞག་སྟེ་འདེམས་སྒྲིག་གནང༌བཞིན་ཡོད། འདེམས་སྒྲིག་གནང་ཕྱོགས་ཐད་སྒྲིག་གཞིའི་དགོངས་དོན་བཞིན་ཚོགས་ཆུང་ཟུར་འཛུགས་གནང་ཡོད་པ་དང་། ཚོགས༌ཆུང་ནང་ཤེས་རིག་གི་ཚོགས་མི་གཅིག་མ་གཏོགས་གཞན་ཚང་མ་ཕྱི་ལོགས་ནས་ཡོང་བ་རེད། ཅེས་བརྗོད་ཡོད།

 

ཡང་ཁོང་ལ་རིགས་གཅིག་རྐང་འཛིན་གྱི་ཉམས་ཞིབ་པ་སློབ་ཐོན་སྐབས། ལག་འཁྱེར་དང་ཐོབ་ཐང་གང་འདྲ་ཡོད་མེད་དྲིས་པར་ཁོང་གིས། ང་ཚོའི་ལས་གཞི་དེ་སྒྲིག་ཞུགས་མ་ཡིན་པ་རེད། ང་ཚོའི་སློབ་ཡོན་གྱི་དུས་ཡུན་ལོ་གསུམ་རྒྱས་བཅད་ཡོད་ནའང་། གལ་སྲིད་བཟློག་ཏུ་མེད་པའི་དཀའ་ངལ་འཕྲད་ཚེ་ཉམས་ཞིབ་དུས་ཚོད་ཕར་འགྱང་བྱ་ཆོག་གི་རེད། རིགས་གཅིག་རྐང་འཛིན་གནང་མཁན་དག་གི་ཉམས་ཞིབ་རྫོགས་རྒྱུར་སྔ་ཕྱི་ཡོང་གི་ཡོད་སྟབས། མི་རེར་མཛད་སྒོ་རེ་འཚོགས་རྒྱུ་ཡོང་གི་མི་འདུག ཡིན་ནའང་། མཐའ་མའི་ཆེད་རྩོམ་ལ་ཆེད་ལས་མཁས་པའི་ཚོགས་ཆུང་བཙུགས་ཏེ་ཞིབ་འཇུག་མཐིལ་ཕྱིན་བྱས་མཐར༌སྒྲུབ་ཕྱོགས་ཀྱི་རྒྱབ་གཉེར་འབྱོར་རྗེས། ཆེད་རྩོམ་དམ་བཅའི་རྣམ་པ་ཞིག་གི་ཐོག་བགྲོ་གླེང་གི་ལས་རིམ་ཞིག་འཚོགས་དགོས་ལ། དམ་བཅའ་དེའི་ཐོག་རྒྱབ་གཉེར་ཐོབ་ཚེ། ད་གཟོད་ལག་འཁྱེར་སྤྲོད་ཀྱི་ཡོད་པ་རེད། ལག་འཁྱེར་དེ་ནི། ༼རིགས་གཅིག་རྐང་འཛིན་ཉམས་ཞིབ་པ༽ ཞེས་པའི་སློབ་ཐོན་ལག་འཁྱེར་ཙམ་ལས། འབུམ་རམས་པ་ Ph.d  དང། གཙུག་ལག་རབ་འབྱམས་པ་ MA  སོགས་དང་ཐོབ་མཚུངས་ཡིན་ཟེར་བའི་ལག་འཁྱེར་གང་ཡང་སྤྲོད་རྩིས་མེད། ང་ཚོའི་ལག་འཁྱེར་དེར་སྤྱི་ཚོགས་ཀྱིས་ཚུར་གོང་ཚད་རྒྱག་རྒྱུ་བྱུང་ན་བཟང་བ་ལས། དང་པོ་ནས་ཕར་གོང་ཚད་རྒྱག་རྒྱུ༌དང་རྗེས་འབྲང་བྱ་རྒྱུའི་བསམ་བློ་གཏོང་གི་མེད། ཅེས་བརྗོད་ཡོད།

 

འདི་གའི་གསར་འགོད་པས་སྐབས་དང་པོའི་རིགས་གཅིག་རྐང་འཛིན་སློབ་ཐོན་པ་ལྷ་ཆབ་སྦྱིན་པ་ལགས་སུ། རིཊ་གཅིག་རྐང་འཛིན་གྱི་ཉམས་ཞིབ་ལ་གྲུབ་འབྲས་གང་འདྲ་བྱུང་ཡོད་མེད་དང་། སྤྱི་ཡོངས་ནས་ལས་གཞི་འདིའི་ཐོག་ལྟ་ཚུལ་ཅི་ཡོད་སྐོར་དྲིས་སྐབས་ཁོང་གིས་ལན་འདེབས་གནང་དོན། ང་ལ་མཚོན་ན། རིཊ་གཅིག་རྐང་འཛིན་གྱི་ཉམས་ཞིབ་ལས་གཞིའི་ཐོག་འདོད་པ་ཁྱོན་ནས་ཁེངས་མ་སོང་། གཙོ་བོ་ཉམས་ཞིབ་བརྒྱུད་རིམ་ཁྲོད་མཐུན་རྐྱེན་མ་འདང་བའི་དཀའ་ངལ་བྱུང་སོང་། ཟླ་རེར་ཧིན་སྒོར་བཞི་སྟོང་ཙམ་མ་གཏོགས་ཉམས་ཞིབ་ཀྱི་རྒྱུ་ཆ་དང་། ཉམས་ཞིབ་ཆེད་འགྲོ་སྐྱོད་ཀྱི་མཐུན་རྐྱེན་གཅིག་ཀྱང་སྦྱར་ཡོད་པ་མ་རེད། གཉིས་པ། ཐོག་མའི་ཆ་རྐྱེན་ནང་། རིཊ་གཅིག་རྐང་འཛིན་སློབ་ཐོན་སྐབས། གཞུང་ལ་སྲི་ཞུ་བསྒྲུབ་དགོས་སྐོར་བཀོད་ཡོད་ཀྱང་། ང་ཚོ་སློབ་མཐར་ཕྱིན་རྗེས་ཤེས་རིག་གིས་ལས་ཀ་གང་ཡང་གོ་སྒྲིག་བྱས་མ་སོང་ལ། ཉམས་ཞིབ་རྫོགས་ཏེ་གྲུབ་ཡར་ཕུལ་ཡོད་ཀྱང་། མཛད་སྒོ་དང་བགྲོ་གླེང་དེ་འདྲ་ཚོགས་མེད་པ་མ་ཟད། ལག་འཁྱེར་ཡང་ད་བར་སྤྲད་མ་སོང་། ལྷག་པར་དུ། འདི་ལོར་ཡིག་རྒྱུཊ་གཏོང་མི་དགོས་པར་རིཊ་གཅིག་རྐང་འཛིན་ནང་ཚུད་ཐབས་བྱས་པ་དེས། ལག་འཁྱེར་མེད་པའི་གསར་འབྱོར་བ་མང་པོ་ཞིག་ལ་དཀའ་ངལ་འཕྲད་ངེས་རེད་དྲན་གྱི་འདུག ཅེས་བརྗོད་བྱུང་།  

 

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༧ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༢༢ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༢༤ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 5

  1. རྟ་མགྲིན། says:
    ལོ་ 14 སྔོན།

    རིགས་གཅིག་རྐང་འཛིན་ཉམས་ཞིབ་པ་ཞེས་པའི་ཕྱག་ཁྱེར་དེར་ངེས་པར་ཚད་འཛིན་ས་ཞིག་དགོས་ཀྱི་རེད།ས་མཚམས་མེད་པར་བཞག་ན། རྗེས་སོར་ལས་ཀ་འཚོལ་དུས་ལག་ཁྱེར་དེར་ཚད་འཛིན་ས་མེད་པའི་དཀའ་ངལ་ཏན་ཏན་ཡོང་གི་རེད། དེའི་ཐོག་ཤེས་རིག་གི་ཚོགས་ཆུང་ངོས་ནས་གསལ་བོ་བཟོ་དགོས།
    གདན་ས་ཁག་གི་ཕར་ཕྱིན་རབ་འབྱམས་པ་དང་།དབུ་མ་རབ་འབྱམས་པ་སོགས་ཕྱག་ཁྱེར་རྣམས་ལའང་ཝ་ཎ་ནང་ཤེས་རིག་སོགས་ནས་ཚད་འཛིན་ས་ཞིག་ཡོད། ཤེས་ཚོད་ལྟར་ན་སྒྲིག་ཞུགས་མིན་པའི་རིགས་གཅིག་རྐང་འཛིན་ཁོངས་སུ་མཐོ་རིམ་རིག་གནས་རབས་འབྱམས་པ་སྟེ་འཛིན་རིམ་བཅོ་ལྔ་ཐོན་པའི་ཚད་འཛིན་ལག་ཁྱེར་ཡོད་པའི་ཁར་དགེ་རྒན་འོས་སྦྱོང་གྲུབ་ནས་ལོ་གསུམ་རིང་རིགས་གཅིག་རྐང་འཛིན་གནང་མཁན་ཡང་མི་ཉུང་བ་ཞིག་ཡོད་སྐད་ཐོས། དེ་ལྟར་ཡིན་རིགས་གཅིག་རྐང་འཛིན་གྱི་ལག་ཁྱེར་ནི་དེ་ལས་གོང་འཕར་གྱི་ཤེས་ཡོན་ཕྱག་ཁྱེར་ཚད་ལྡན་ཞིག་ལ་ངོས་འཛིན་གནང་དགོས། དཀའ་ངལ་ད་ལྟ་ནས་སངས་མ་ཐུབ་ན་རྗེས་སོར་ཏན་ཏན་མགོ་རྙོག་ཅན་ཞིག་ཆགས་སྲིད། དེ་དག་སྐབས་འདིའི་ཤེས་རིག་ལས་ཁུངས་ལ་འགན་ཡོད་པ་ཞིག་རེད། ང་ཚོས་ལས་དོན་མང་པོ་འདི་ལྟར་འཐུས་ཤོར་ལ་ཕྱིན་ནས་མགོ་རྙོག་ཆགས་པ་བགྲངས་གིས་མི་ལངས།

    Reply
  2. རྩོམ་སྒྲིག་པ། says:
    ལོ་ 14 སྔོན།

    བཟོད་རྒྱམ་ལགས་ཅུང་གཟིགས་ནོར་ཐེབས་པ་མིན་འགྲོ གསར་འགྱུར་དེར་བསྐྱར་བཅོས་ཐེངས་འགར་བྱས་མོད། ལྷ་ཆབ་ཀྱི་སྐད་ཆའི་ནང་དོན་དེ་ག་རང་རེད། གཞན། རིག་པ་དེ་དྲ་དངོས་སུ་སྤེལ་རྒྱུར་ཅུང་འགོར་ཡོད་སྲིད་ཀྱང་། རིག་པའི་ནང་དོན་ལ་འདི་ནས་བཟོ་བཅོས་གཏོང་ཐབས་ཡོད་པ་མ་རེད། དེ་ལ་དོགས་པ་ཁྱོན་ནས་མ་ཟ་རོགས།

    Reply
  3. གཅན་བཟོད་རྒྱམ། says:
    ལོ་ 14 སྔོན།

    ངས་མཆན་བུ་དེར་དུས་ཚོད་བཅུ་ཙམ་ལ་སྒུག་རྗེས་གཞི་ནས་དྲ་ངོས་སུ་བཏང་འདུག ད་དུང་བཟོ་བཅོས་བརྒྱབས་ཚར་བ་ཡིན་ཚེ་དེ་ལྟར་དུ་གསལ་བཤད་མི་དགོས་མོད། ཁྱོད་ཚོས་རང་རྩོམ་ལ་བཟོ་བཅོས་བྱས་མེད་ཚེ་ངའི་ལྷ་ཆབ་པའི་ཁ་རྡུང་མཐོང་ཆུང་འདི་གཟེད་དགོས་དོན་མི་འདུག་སྙམ།
    ལྷ་ཆབ་འདིས་ཚིག་བཙན་པ་ལ། དེ་འདྲ་ཞིག་བཤད་དགོས་དོན་ཨེ་ཡོད་ན། སྐད་ཆ་བཤད་སྟངས་དངོས་གནས་ཡག་ཙམ་གནང་རོགས་ཞུ།
    ངས་ཀྱང་རིགས་གཅིག་རྐང་འཛིན་པའི་སློབ་སྦྱོང་གནང་ཟིན་པ་ཚོས་སྡུག་སྐད་དེ་བསྐྱར་བཤད་རེ་བྱས་པ་ལས། ང་ལ་དེ་འདྲ་ཞིག་མ་རེག་པའི་སྡུག་བསྔལ་ཏིལ་ཙམ་ཡང་མེད་ཡ།
    སྔོན་མའི་རིགས་གཅིག་རྐང་འཛིན་སློབ་མ་ཚོར་ཟླ་རེར་སློབ་ཡོན་ཧིན་སྒོར་༣༥༠༠ དང་། ཉམས་ཞིབ་རྒྱུ་འཚོལ་སྒྲུབ་ཆེད་ཕྱོགས་སྐྱོད་འགྲོ་གྲོན་ཟླ་རེར་ཧིན་སྐོར་༥༠༠ བཅས་ཁྱོན་ཟླ་རེར་ཧིན་སྒོར་༤༠༠༠ ཏག་ཏག་ཐོབ་ཀྱི་ཡོད་པ་རེད།
    རྗེས་ནས་ང་ཚོ་བགྲོ་གླེང་ངམ་(ཁོང་ཚོས་བཤད་ན་)ཟབ་སྦྱོང་ཚོགས་སྐབས་སློབ་ཡོད་ཉུང་བའི་དཀའང་ལ་ཡོད་སྐོར་བཤད་པའི་རྗེས་སུ་སློབ་ཡོན་ཅུར་སྤར་འདུག ཨོ་རེད། སྐབས་དེར་ང་སློབ་ཐོན་པའི་གྲས་ཡིན། ཡང་ངའི་དགོས་མཁོའི་ཆེད་དུ་རེད་ཟེར་ན་ཐང་། སྐབས་དེར་ངས་གཞུང་ཕོག་ཁྲི་གཅིག་ཟ་གི་ཡོད་པ། དེ་འདྲ་རེད།

    Reply
  4. ལྷ་ཆབ་སྦྱིན་པ། says:
    ལོ་ 14 སྔོན།

    གྲོགས་བཟོད་རྒྱམ་ལགས། ཁྱེད་ཀྱིས་མིག་བཙུམ་ནས་བལྟས་པ་མིན་ན། བདག་གིས་ཧིན་སྒོར་བཞི་སྟོང་ལྷག་གང་དུ་བཤད་འདུག གསར་འགོད་པས་ཀྱང་ཙམ་སྒྲ་ཞིག་བཞག་པའི་མཚམས་དེ་ལྷག་ལས་ཀྱང་མཐོའམ། ད་དུང་དེ་ལ་དོགས་པ་ཡིན་ན་ཅིག་ཟ་གི་ཟེར། དོགས་པ་དེ་རང་གི་རྣམ་དཔྱོད་ལ་ཟ་ན་འགྲིག་གི་འདུག་སྙམ།

    བསོད་ནམས་རྒྱ་མཚོར་སྤྲད་པ་དེ་ལག་འཁྱེར་མ་རེད། ངོ་སྦྱོར་རེད། ཁྱེད་ལ་དེ་ལྟ་བུ་ཞིག་མ་རག་པར་བསྡད་ཡོད་ན། དེ་ནི་ནམ་སོང་རུང་སྤྲོད་ངེས་རེད། བདག་གི་རེ་བ་ནི་རྒྱལ་ཁབ་ཅིག་གི་རིགས་གཅིག་རྐང་འཛིན་པ་སློབ་མཐར་ཕྱིན་སྟངས་དེ་མ་རེད། སློབ་ཆུང་ཞིག་མཐར་ཕྱིན་སྐབས་ཀྱང་འདི་འདྲ་མ་རེད། ངས་ནི་དུས་ནམ་ཡང་ཁྱི་ནག་ནག་གི་གསེང་ནས་འོ་མ་དཀར་དཀར་ཞིག་འཇོ་རྒྱུ་མེད་པར་ངོས་འཛིན་བྱ་བཞིན་ཡོད། དེ་ཙམ་ཡིན།

    Reply
  5. གཅན་བཟོད་རྒྱམ། says:
    ལོ་ 14 སྔོན།

    སྤྱིར་རིགས་གཅིག་རྐང་འཛིན་གྱི་སྐོར་ལ་སྐད་ཆ་འགས་རྫོགས་འགྲོ་བ་ཞིག་མ་རེད། འོན་ཀྱང་འདིར་ཤེས་རིག་དྲུང་འཕེར་བཀྲ་ཤིས་དོན་གྲུབ་དང་རིགས་གཅིག་རྐང་འཛིན་གནང་བ་ལྷ་ཆབ་གཉིས་ཀྱིས་ཟླ་རེར་ཧིན་སྒོར་བཞི་སྟོང་ལྷག་ཅིག་ཡོད་རབ་བཤད་འདུག འོན་ཀྱང་ངས་ནི་སྤྱི་ལོ་༢༠༠༥།སྤྱི་ཟླ་༩ ནས་༢༠༠༨ ལོའི་སྤྱི་ཟླ་༩ བར་དུ་ཟླ་རེར་ཧིན་སྒོར་༤༠༠༠ ཏག་ཏག་ལས་ལྷག་ཅིག་ཐོབ་མྱོང་མེད་པས་འདིར་དོགས་པ་འདྲ་ཞིག་སྐྱེས་སོང་།

    གཉིས་ཀྱང་རིགས་གཅིག་རྐང་འཛིན་ཐོན་དང་པོའི་གྲས་ནས་བསོད་ནམས་རྒྱ་མཚོ་ལགས་ལ་སློབ་ཐོན་ལག་ཁྱེར་ཐོབ་ཡོད་པ་རེད། གཞན་རིག་གཅིག་རྐང་འཛིན་པ་༡༣ ཙམ་པ་སློབ་སྦྱོང་གི་ལོ་གསུམ་གྱི་བརྒྱས་བཅད་དུས་ཚོད་རྫོགས་ཟིན་པ་དང་། སྦྱངས་འབྲས་དཔྱད་རྩོམ་དེ་ཡང་ཁག་ཕར་དཀྲིས་ཚུར་དཀྲིས་བྱེད་བཞིན་ད་བར་དུ་ལྷག་ཡོད་པ་རེད། འདིར་བཤད་རྒྱུ་གཙོ་དེ་ད་ལོའི་སྒྲིག་ལམ་གསར་པ་མ་བཅས་སྔོན་གྱི་སློབ་ཐོན་པ་ཚོར་ལག་ཁྱེར་(བསོད་ནམས་རྒྱ་མཚོ་ལ་གང་སྤྲད་དེ་དང་)གཅིག་མཚུངས་ཤིག་སྤྲོད་པའི་རེ་བ་ད་དུང་ཤི་མེད་ལགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese