མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐབས་ཤེས་མེད་པའི་གནས་སྟངས་ཆགས་སྲིད།

བོད་ཀྱི་དུས་བབ།
༢༠༡༡/༠༥/༢༡
Share on FacebookShare on TwitterShare on EmailShare on Whatsapp

ལོ་རྒྱུས་ཀྱི་བདག་དབང་རང་བཞིན་ལྡན་པའི་བོད་རྒྱལ་ཁབ་ཀྱི་མཚན་འཛིན་དབུ་ཁྲིད་ཀྱི་མཚན་གནས་དེ་༸གོང་ས་མཆོག་ལ་འབུལ་དགོས་ཀྱི་འདུག

དེ་རིང་ཉིན་རྒྱབ་ཆུ་ཚོད་ ༢ ནས་བཟུང་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་ཚོགས་ཞུགས་པ་ཡོངས་ཚོགས་ཆུང་བཅུ་ལ་ཆ་བགོས་བྱས་ཏེ།   ཚོགས་ཆུང་སོ་སོ་ནས་ཚོགས་གཙོ་གཅིག་དང་ཚོགས་དྲུང་གཉིས་རེ་བསྐོ་འདེམས་བྱས་རྗེས།བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གི་སྙན་ཐོའི་སྔོན་གླེང་དང་།དོན་ཚན་དང་པོའི་སྐོར་ལ་བགྲོ་གླེང་དང་བསམ་ཚུལ་བསྡུ་རུབ་གནང་མགོ་བརྩམས་ཡོད་པ་རེད།གོང་གསལ་གླེང་གཞི་དོན་ཚན་ཁག་གི་ཐད་བསམ་ཚུལ་ག་འདྲ་བྱུང་མིན་ཚོགས་ཞུགས་པ་རྣམས་ལ་བཅར་འདྲི་ཞུས་པར། 
ཚོགས་ཆུང་དྲུག་པའི་ཚོགས་གཙོ་སྤྱི་འཐུས་འབའ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་བརྗོད་དོན། དེ་རིང་ཕྱི་དྲོ་ཚོགས་ཆུང་དྲུག་པའི་ནང་གལ་ཆེ་ཤོས་ཏེ།སྔོན་གླེང་ནང་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་པ་དེར་དགེ་སྐྱོན་ཅི་ཡོད་སྐོར་དང་།དེ་བཞིན་སྔོན་གླེང་ནང་བོད་བཙན་པོའི་དུས་སྐབས་ནས་བཟུང་སྟེ་རྒྱལ་རབས་རིམ་བྱུང་ཅི་ཡོད་ཚང་མ་གསལ་བོར་འགོད་དགོས་པའི་བསམ་ཚུལ་མང་པོ་ཡོང་གི་འདུག དེར་མ་ཟད།༸གོང་ས་མཆོག་གི་གསུང་འཕྲིན་དང་འབྲེལ་བའི་ཐོག་ནས་ཚང་མས་སེམས་འཚབ་ཆེ་ཤོས་ནི།་༸གོང་ས་མཆོག་དང་བོད་མི་དམངས་བར་གྱི་ལས་སྨོན་གྱི་འབྲེལ་བ་དེ་ངོ་བོ་གསལ་བོ་ཞིག་གི་ཐོག་ནས་མཚོན་དགོས་པ་དང་། དེ་མིན་སྔོན་གླེང་ནང་སྐུ་དབང་ཡོང་རྫོགས་མི་མང་ལ་རྩིས་སྤྲོད་ཅེས་བཀོད་འདུག་པ་དེ། གོང་ས་མཆོག་གི་གསུང་འཕྲིན་ནང་གསལ་མི་འདུག་པར་མ་ཟད། གཤམ་འོག་གི་དོན་ཚན་དང་པོའི་ནང་གསེས་དོན་ཚན་གསུམ་ལ་ཡང་འགལ་ཟླ་ལྟ་བུ་ཆགས་འདུག་པའི་སྐོར་ལ་གླེང་སློང་ཤུགས་ཆེན་པོ་ཡོང་གི་འདུག ཅེས་བརྗོད་བྱུང་།  
ཚོགས་ཆུང་གཉིས་པའི་ཚོགས་ཞུགས་པ་བོན་གཞིས་རྒྱལ་བ་སྨན་རི་དགོན་པའི་བླ་སྤྲུལ་ཉི་མ་གྲགས་པ་ལགས་ཀྱིས་བརྗོད་དོན། སྤྱིར་བཏང་༸གོང་ས་མཆོག་གིས་དགོངས་པ་རྒྱ་ཆེན་པོ་བཞེས་ཏེ།དེ་སྔ་ནས་བོད་རྒྱ་ཆེའི་མི་མང་ལ་དམངས་གཙོའི་ལམ་སྟོན་གནང་སྟེ་ད་ལྟའི་བར་འགྲོ་བཞིན་པ་ཞིག་རེད། ལྷག་དོན་ཉེ་ཆར་བཅའ་ཁྲིམས་བསྐྱར་བཅོས་ཀྱི་གནས་ཚུལ་དེ་ནི། ༸གོང་ས་མཆོག་གིས་གཞུང་གི་སྲིད་དབང་གི་འགན་ཆ་ཚང་མི་མང་གིས་བདམས་པའི་མགོ་ཁྲིད་ལ་རྩིས་སྤྲོད་གནང་རྒྱུའི་དགོངས་པ་བཞེས་ཏེ་མར་གསུང་འཕྲིན་བསྩལ་བ་ཞིག་ཆགས་ཡོད་པ་རེད། དེ་རིང་ཕྱི་དྲོ་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ནང་བཀོད་པའི་སྔོན་གླེང་གི་སྐོར་ལ་བགྲོ་གླེང་དང་སོ་སོའི་བསམ་ཚུལ་ཕུལ་བ་རེད། ང་རང་གི་བསམ་ཚུལ་ཡིན་ནི།༸གོང་ས་མཆོག་གིས་མར་བསྩལ་བའི་བཀའ་ཡིག་དེའི་ནང་དུ་བོད་ཀྱི་འདས་པའི་རྒྱལ་རབས་ལོ་རྒྱུས་དང་ད་ལྟའི་གནས་སྟངས།ལྷག་པར་དུ་བཅའ་ཁྲིམས་བསྒྱུར་བཅོས་གཏོང་དགོས་པའི་དགོས་པ་རྒྱུ་མཚན་དང་བཅས་པ་གསལ་བོ་གསལ་རྐྱང་བཀོད་འདུག   དེར་བརྟེན།༸གོང་ས་མཆོག་གི་གསུང་འཕྲིན་དེ་སྔོན་གླེང་གི་ཚབ་ཏུ་བཀོད་པ་ཡིན་ན། གཞིས་བྱེས་མི་མང་ཚང་མས་ཀློག་སྐབས་རྒྱུ་མཚན་གནད་དོན་གོ་འཛོལ་མེད་པར་མཐོང་ཐུབ་པ་ཞིག་དང་། ཕྱིའི་མི་ཡིས་བལྟ་དུས་ཀྱང་གསལ་བོ་རྟོགས་ཡོང་བར་མ་ཟད། སྔོན་གླེང་ལ་༸གོང་ས་མཆོག་གི་གསུང་འཕྲིན་ཇི་མ་ཇི་བཞིན་དུ་བཀོད་ན། བོད་མི་གཞིས་བྱེས་ཡོངས་ལ་གོ་བརྡ་འཕྲོད་པ་དང་ཆ་འཇོག་ཡོང་བར་ཕན་ཐོགས་ཆེན་པོ་འདུག་བསམ་སོང་། ཞེས་བརྗོད་བྱུང་།
གས་ཆུང་གཉིས་པའི་ཚོགས་ཞུགས་པ་ཨེ་ཛི་རེལ་བོད་དོན་ཐེབ་རྩ་ཚོགས་པའི་གཡུ་སྒྲོན་དོན་ལྡན་ལགས་ཀྱིས་བརྗོད་དོན།    ངས་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཀྱི་སྔོན་གླེང་དང་འབྲེལ་བའི་ཐོག་ནས་གནད་འགག་ཆེན་པོ་གཉིས་མཐོང་གི་འདུག དང་པོ།བོད་གཞུང་གི་མིང་དེ་སྒྲིག་འཛུགས་ལ་བརྗེ་བོ་བརྒྱབ་པ་ཡིན་ན་ཉེན་ཁ་ཆེན་པོ་འདུག གཉིས་པ།༸གོང་ས་མཆོག་གི་ཆབ་སྲིད་ཀྱི་མཚན་གནས་དེ་མི་མང་གིས་བདམས་པའི་དབུ་ཁྲིད་ཀྱིས་ལེན་དགོས་ནའང་། ལོ་རྒྱུས་ཀྱི་བདག་དབང་རང་བཞིན་ལྡན་པའི་བོད་རྒྱལ་ཁབ་ཀྱི་མཚན་འཛིན་དབུ་ཁྲིད་ཀྱི་མཚན་གནས་ཤིག་ཕུལ་དགོས་རྒྱུ་འདུག རྒྱུ་མཚན། ང་ཚོས་ད་ལྟ་ནས་བོད་གཞུང་གི་མིང་དེ་སྒྲིག་འཛུགས་ལ་བརྗེ་བོ་བརྒྱབ་པ་དང་། ༸གོང་ས་མཆོག་གི་མཚན་གནས་ཡོངས་སུ་རྫོགས་པ་མེད་པ་བཟོས་པ་ཡིན་ན། མ་འོངས་པར་༸གོང་ས་མཆོག་མི་བཞུགས་པའི་དུས་ཤིག་དང་། བོད་གཞུང་གི་ཆེ་མཐོང་དང་བདག་དབང་ཉམ་ཆག་བྱུང་བའི་དཀའ་ཉེན་གྱི་དུས་ཤིག་སླེབས་ཡོང་གི་རེད། དེ་དུས་ཐབས་ཤེས་རྩ་བ་ནས་མེད་པའི་གནས་སྟངས་དེ་འདྲ་ཆགས་སྲིད་པ་རེད། དེ་འདྲའི་གནས་སྟངས་མི་འབྱུང་བའི་ཆེད་དུ། ད་ལྟའི་དཀལ་ངལ་ཆུང་ཚེགས་ལ་གཡོལ་ཆེད་བློས་གཏོང་ཆེན་པོ་མི་གནང་བར་གདོང་ལེན་བྱ་རྒྱུ་དེ་གལ་ཆེན་པོ་རེད།ཅེས་བརྗོད་བྱུང་།  
གསར་འགོད་པ། ཚེ་རིང་རྒྱལ།
 
 
 

འབྲེལ་ཡོད་གསར་འགྱུར།

TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

ཆུ་ཚོད་ ༡༢ སྔོན་ལ།
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

བལ་ཡུལ་གྱི་སྲིད་བློན་དང་ནང་སྲིད་བློན་ཆེན་ཟུར་བ་གཉིས་འཛིན་བཟུང་བྱས།

ཆུ་ཚོད་ ༡༣ སྔོན་ལ།
TTTT
Mobile App

བོད་མི་དུད་ཚང་ ༨༥༠ ལ་གཞིས་སྤོར་ས་ཁང་བགོ་འགྲེམས་བྱས་ཟིན་ཡོད་འདུག

ཆུ་ཚོད་ ༡༤ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༧
Mobile App

བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་དགོས་གལ་ཆེ།

༢༠༢༦/༠༣/༢༧
Nepal to get new railway line with India as RSP gov’t takes office, its Tibet railway lagging. Edited by tibettimes
Mobile App

རྒྱ་གར་དང་བལ་ཡུལ་བར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་འཆར་འདུག

༢༠༢༦/༠༣/༢༧

མཆན། 1

  1. ཉི་མ་བཀྲ་ཤིས། says:
    ལོ་ 15 སྔོན།

    སྤྱི་འཐུས་འབའ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་གསུང་པ་དེ་རྣ་བར་འགྲོ་བོ་བྱེ་བྲག་འདུག།་སོང་ཙམ་བཀའ་དྲིན་ཤིན་ཏུ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese