མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚོགས་ཆེན་ཇི་ལྟར་མཇུག་བསྡུ་ངེས་ཡིན།

བོད། ཤ་ཁྲག་རུས་གསུམ།
༢༠༡༡/༠༥/༢༡
Share on FacebookShare on TwitterShare on EmailShare on Whatsapp

བོད་མི་ཞིག་དང་བོད་དོན་དུ་སེམས་འཁུར་ཡོད་མཁན་གྱི་བོད་མི་གང་ན་སུ་ཡོད་པ་དག་གིས་དེ་རིང་རྣ་བ་ཅོར་ཅོར་བྱས་དེ་རྡ་སའི་རི་སྒང་དུ་ཚོགས་བཞིན་པའི་བོད་རྒྱལ་ཡོངས་ཚོགས་ཆེན་ཆེན་མོའམ། བོད་བཙན་བྱོལ་གཞུང་གི་སྒྲིག་འཛུགས་ཀྱི་ཚོགས་ཆེན། ཡང་ན། བོད་ཀྱི་མགྲིན་ཚབ་དུ་འབོད་རུང་བའི་བོད་མི་འབུམ་གཅིག་ལྷག་གི་གནད་དོན་ལ་ཐུགས་འཁུར་ཆེན་པོས་སྒོ་ནས་ལྟ་སྐྱོང་བྱེད་མཁན་གྱི་གཞུང་ངམ་སྒྲིག་འཛུགས་དེ། དེ་རིང་ནས་ཉིན་ཁ་ཤས་རིང་དུ་ཚོགས་ཀྱི་ཡོད་ལ། དེ་ཡི་ཐོག་ལ་བོད་ཕྱི་ནང་གི་སེམས་ཀྱི་འབྲེལ་ཐག འདི་ཕྱི་གཉིས་ཀྱི་སྐྱབས་གནས་སུ་འབོད་པའི་༧རྒྱལ་བ་རིན་པོ་ཆེ་མཆོག་གི་ང་རང་བགྲེས་ཡོལ་དུ་ཕེབས་པར་གཏན་འཁེལ་བ་ཡིན་ཞེས་པའི་གསུང་སྐད་དེ་ཡིས་བསླངས་པའི་ཚོགས་འདུ་ཟེར་ན་ཡང་ཆོག

ཛ་དྲག་ཟེར་ན་རེད། གནད་འགག་གི་དུས་ཤིགས་ཟེར་ན་ཆོག གང་ལྟར། མི་ཞིག་གིས་ལོ་ངོ་བཅུ་དྲུག་ནི་ནས་བཟུང་དེ། མི་ལོ་བདུན་བཅུ་དོ་བདུན་ལ་སླེབས་རེག་བར་དུ་བོད་མི་རིགས་ཀྱི་འཆི་གསོན་གྱི་འགན་བཞེས་དེ་བཞུགས་པ་ཡིན་ལ། ད་དུང་། དེ་དག་གིས་དེ་ལ་བསམ་ཤེས་གནང་དེ་ཁྱེད་ཀྱི་སྐུ་ཚེགས་ལ་དངོས་ནས་མཐའ་མེད་པ་དང་། ད་ནི་དངོས་ནས་སྐུ་ཉིད་ཀྱིས་ངལ་ཞིག་གསོས་ན་རེད། ང་ཚོས་དངོས་ནས་གང་འཇོན་ཅི་འཇོན་གྱིས་བོད་ཀྱི་བདེན་མཐའ་གསལ་བའི་ཆེད་དུ་ཉིད་ཀྱིས་བཀའ་གསུང་དང་དུ་བླངས་དེ་འབད་པར་བྱེད། ཉིད་ཀྱིས་ངེད་ཅག་ལ་མ་སྟོན་པའི་ལམ་ནི་མེད་ལ། ངེད་ཅག་ལ་མ་གསུང་པའི་བཀའ་སློབ་གང་ཡང་ལུས་མེད། ད་ནི་ང་ཚོའི་ལག་ལེན་དུ་སྤྱར་ཐུབ་མིན་དེ་གཅིག་བུ་ལས་ལུས་མེད། སྐུ་ཉིད་ཀྱིས་དཀའ་ལས་ཁག་སོང་། ངལ་ཞིག་གསོ་རོགས་ཞུ་ཟེར་རྒྱུའི་ཚབ་དུ། ཁྱེད་ནི་རྒས་མེད་འཆི་མེད་ཡིན་ཟེར་བ་དང་འདྲ་བར། གསོལ་བ་ཨུ་ཚུགས་ཀྱིས་འདེབས་པ་དང་། སྙན་ཞུ་མཁྲེགས་བཟུང་གིས་འབུལ་བཞིན་ཡོད་ལ། ཚོགས་ཆེན་དེ་ཡང་བཅོས་མའི་ཟོལ་གྱིས་བསྡུས་ཡོད།

འདི་ལྟར་བྱུང་བས་སྟབས་ཀྱི་བོད་ལ་རང་གི་འགོ་ཁྲིད་བྱེད་ཐུབ་མཁན་གྱི་མི་སྣ་ཞིག་བྱུང་བར་གོ་སྐབས་ཤིག་རེག་གི་མེད་ལ། རེག་པའི་ལམ་ཁ་བསྟན་ཡང་། ཕྱིར་ཁོང་གི་བཀའ་གསུང་བརྩི་བ་ལས་ལྡོག་ནས་ཁྱེད་ནི་ག་དུས་ཡིན་ཡང་བོད་མི་རིགས་ཀྱི་སྙིང་ཡིན། སྲོག་ཡིན། བདེ་སྡུག་ཞུ་ཡུལ་ཡིན། འདི་ཕྱིའི་མགོན་སྐྱབས་ཡིན། ཆོས་སྲིད་གཉིས་ཀྱི་དབུ་ཁྲིད། བོད་མི་རིགས་ཀྱི་སྟོན་པ་ཡིན་ཟེར་ནས་སྒྲོག་བཞིན་ཡོད། སྒྲོག་མཁན་དག་གིས་ཁོང་གི་བཀའ་གསུང་དུས་ལྟར་ཉན་ཡོད་སྲིད་ཀྱང་། ཉན་སྟངས་ཀྱང་མི་ཤེས། སྙིང་དོན་ཡང་མི་ཤེས་པར། གནད་འགག་ལ་ཡང་མི་འཇུ་བར། ཁོང་མེད་དུས་བོད་མི་རིགས་ནི་ཚར་བར་གླེང་རྒྱུའི་སྐད་ཆ་ནི་མང་དུ་འགྲོ་བ་དེ་ནི་ཁོང་ཉིད་ཀྱིས་སྤྱི་ཚོགས་ཀྱི་ཟ་ཟུར་ནས་ཁོང་གི་རྣ་བར་གསན་ནས་འོང་དུས། ཁོང་གི་སེམས་ནང་དུ་དངོས་ནས་ང་རང་ནམ་ཞིག་མེད་དུས་སུ། ངའི་མི་རིགས་འདི་དག་གིས་ག་རེ་བྱེད་སྲིད་དམ་སྙམ་ན། ཁོང་ཉིད་ཀྱིས་རང་ཉིད་སྐུ་འཚོ་གཞུགས་ཀྱི་རིང་འདི་ལ། བོད་མི་རིགས་ཀྱི་གང་ཞིག་བྱེད་ཐུབ་མིན་དེ་ལ་ཡང་དངོས་སུ་གཟིགས་འདོད་ཅིག་ལོས་ཡོད།

བསམ་པ་དེ་ཙམ་ཡང་རྟོགས་མི་ཐུབ་པ་དང་། དེ་ཙམ་ལ་ཡང་འགན་མི་འཁུར་བའི་སྒྱིད་ལུག་གི་ངང་ཚུལ་ཁྲོད་དུ་གཞན་བསྟེན་གྱི་སྟེགས་བུ་སྲུང་མཁན་གྱི་མི་ཆེས་མང་བོ་ཞིག་གིས། ཡོད་ཚད་ཁོང་གི་ཕྲག་པར་སླར་ཡང་གཏོད་འདོད་ཀྱི་སྐད་ཤུགས་འདི་ནི་འཛམ་གླིང་གི་ཕར་ཕྱོགས་ཚུར་ཕྱོགས་གང་སར་བསྒྲགས་དུས། རྒྱ་ནག་པོའི་སྲིད་གཞུང་གི་དཔོན་ངན་དེ་དག་གིས་འདོད་ཐོག་དུ་རྟ་རྒྱུགས་པ་དང་བསམ་ཐོག་དུ་ཆར་འབབ་ཀྱི་ཡོད་པ་དེ་ཡང་ང་ཚོས་མ་ཤེས་པ་ཡིན་རྒྱུ་མ་རེད། སྐད་ཆ་བཤད་ནས་མཚམས་འདི་ལ་སླེབས་དུས་སུ། ང་རང་དངོས་ནས་མིག་ཆུ་ཤོར་གྲབས་བྱེད་ཞོར་དུ། སླར་ཡང་ཚོགས་ཆེན་འདི་ཡང་གཟི་བརྗིད་ལྡན་པའི་ངང་གྲོལ་སོང་ཟེར་ནས། གཅིག་གིས་གཅིག་ལ་འཁེན་ནས་ང་ཚོས་ཁོང་ལ་གསོལ་བ་འདེབས་དགོས་ཞེས་ཨུ་ཚུགས་ཀྱི་ངང་། གཞུང་ཞབས་རེ་ཟུང་གི་ལག་པར་ཁ་བཏགས་ཤིག་བཟུང་དེ། ༧རྒྱལ་བ་རིན་པོ་ཆེ་ཚང་གི་ཕོ་བྲང་གི་མཐའ་སྐོར་དུ་འཛོམ་མི་ཡོང་ངམ་བསམ་ན། དངོས་ནས་བཀའ་བརྩི་སྲུང་ཐུབ་མཁན་གྱི་མི་རིགས་དེ་ཉིད་རྫོགས་པར་གྱུར་བར་རྟགས་དངོས་སུ་བསྟན་པ་རེད་ལ། བོད་ཟེར་བ་འདི་༧རྒྱལ་བ་རིན་པོ་ཆེ་ཡི་མིང་དང་ལྷན་དུ་རྫོགས་ཀྱི་ཡོད་པས་གསལ་བསྒྲགས་ཐུང་ཐུང་ཞིག་ཀྱང་འཛམ་གླིང་དང་རྒྱ་ནག་སྲིད་གཞུང་ལ་བྱས་པ་ཡིན།

ངས་དེ་ལྟར་བསམ་བློ་སྣ་ཚོགས་ཤིག་འཁོར་གྱིན་ཡོད་དུས་སུ། ངས་མུ་མཐུད་དུ་སྐད་ཆ་འདི་ཡི་སྐོར་གླེང་མ་ཐུབ་པར། བོད་སྙིང་ལ་ན་ཟུག་གི་གཅུན་ནས་འོང་བའི་ཚོར་བ་འདི་རེ་ཞིག་ཏིང་སྙོམས་ཀྱི་ཚུལ་དུ་བཞག་པ་ཡིན། ཉིན་མ་ཁ་ཤས་ཀྱི་རྗེས་སུ། དངོས་ནས་སྐད་ཆ་ག་འདྲ་ཞིག་ང་ཚོས་གོ་སྲིད་པ་ཡིན། ཚོགས་མཇུག་དེ་ཕལ་ཆེར་དོན་སྙིང་ཟེར་བ་ཞིག་དང་མཉམ་དུ་མཇུག་བསྡུ་བར་རེ་བ་རྒྱགས་ཐུབ་མཁན་གྱི་བོད་མི་ག་ཚོད་ཅིག་ཡོད་ངེས་ཡིན། གང་ལྟར། ང་རང་ལ་སེམས་ཁྲལ་འདུག སེམས་ཁྲལ་དེ་ཡང་བོད་དོན་དུ་སླར་ཡང་༧རྒྱལ་བ་རིན་པོ་ཆེ་མཆོག་སྲིད་ཁྲིའི་ལས་སུ་ཞུགས་པར་ཨུ་ཚུགས་བྱེད་མི་ཡོང་ངམ་སྙམ་པ་དེ་ཡིན།

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༡༧ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༧ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༢༡ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

མཆན། 2

  1. Baichung says:
    ལོ་ 15 སྔོན།

    ཡོང་ཡོད་ད།

    Reply
  2. drikungpa says:
    ལོ་ 15 སྔོན།

    དངོས་གནས་ཡག་པོ་གསུངས་འདུག ང་ཚོའི་མི་དེ་དག་བསམ་བློ་ག་འདྲ་བཏང་གི་ཡོད་མེད་བཤད་ཚོད་དཀའ་མོ་འདུག ད་དུང་སྐྱབས་མགོན་རིན་པོ་ཆེར་གསོལ་བ་བཏབ་ནས་ཁོང་དབུ་འཁྲིད་ལ་བཞུགས་དགོས་ལབ་ན་དེ་ནི་བསམ་བློ་རྙིང་པ་རང་རེད། གལ་སྲིད་རིན་པོ་ཆེ་ཁོང་སྐུ་གཤེགས་ན་འོ་ན་བོད་ལ་དབུ་འཁྲིད་ཟེར་བ་ཞིག་ཡོད་མི་སྲིད་པ་རེད་དམ། གང་ལྟར་ཁོང་བཞུགས་པའི་སྐབས་འདིར་བོད་པའི་འགན་ཡོང་རྫོགས་བཀའ་ཁྲིས་འཁུར་ན་ད་གཟོད་བོད་མི་རིགས་དང་ལྷག་པར་བཙན་བྱོལ་གཞུང་འདི་བརྟན་པོ་ཞིག་ཆགས་ཀྱི་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese