མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམག་ཁུལ་ཨང་ ༣༨ ནང་སོག་ལ་ཆེད་གཏོང་།

བོད་ཀྱི་དུས་བབ།
༢༠༡༡/༠༥/༣༡
Share on FacebookShare on TwitterShare on EmailShare on Whatsapp

སོག་རིགས་མི་མང་གིས་རྒྱ་གཞུང་ལ་གཞི་རྒྱ་ཆེ་བའི་ངོ་རྒོལ་ཁྲོམ་སྐོར་བྱས་སྟབས། རྒྱ་གཞུང་གིས་དམག་ཁུལ་ཨང་ ༣༨ ནང་སོག་ཏུ་མངགས་གཏོང་བྱས་ཡོད་འདུག 

ཕྱི་ཚེས་ ༡༡ ཉིན་རྒྱ་རིགས་རླངས་འཁོར་བ་ལོ་བ་ཞིག་གིས་སོག་རིགས་མའོ་རི་ཀིན་བསམ་བཞིན་དམར་གསོད་བཏང་བས་རྐྱེན་གྱིས། ཕྱི་ཚེས་༢༥ཉིན་སོག་རིགས་སློབ་མ་དང་མང་ཚོགས་༢༠༠༠ལྷག་གིས་ནང་སོག་་ཡིས་ལིན་ཧའོ་ཐི་སྲིད་གཞུང་གི་སྒོ་འགྲམ་དུ་ངོ་རྒོལ་སྐད་འབོད་བྱེད་མགོ་བཙུགས་པ་ནས་བཟུང་།ད་ལྟའི་བར་ནང་སོག་གི་ས་ཁུལ་སོ་སོར་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་འདྲ་མིན་བྱུང་བཞིན་པ་ལྟར། ཁ་སང་ཕྱི་ཚེས་ ༣༠ ཉིན་ནང་སོག་ཧོ་ཧི་ཧོ་ཐི་གྲོང་ཁྱེར་དུ། ཧོ་ཧི་ཧོ་ཐི་སློབ་ཆེན་དང་། ནང་སོག་སྐད་ཡིག་སློབ་གླིང་སོགས་གཙོས་པའི་ནང་སོག་མི་རིགས་ཀྱི་སློབ་གྲྭ་ཁག་གི་སློབ་མས་གཙོས་པའི་མི་མང་སྟོང་ཕྲག་མང་པོ་མཉམ་འཛོགས་ཐོག་གཞི་རྒྱ་ཆེ་བའི་ངོ་རྒོལ་ཁྲོམ་སྐོར་ཞིག་བྱས་ཡོད་པ་དང་།དེ་དང་བསྟུན་ནས་ཨ་རི་དང་།འཇར་མན་དང་ཉི་ཧོང་། ཕྱི་སོག་པོ་རྒྱལ་ཁབ། དབྱིན་ཇི། ཧོ་ལན་ཌི། སུད་སི་བཅས་ཀྱི་སོག་རིགས་རྣམས་ཀྱིས་ཀྱང་། ནང་སོག་མི་མང་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་རྒྱ་ནག་གི་གཞུང་ཚབ་ཁང་ཁག་གི་སྒོ་འགྲམ་དུ་ངོ་རྒོལ་སྐད་འབོད་བྱས་ཡོད་པར་མ་ཟད། རྒྱ་གཞུང་ལ་དགོས་འདུན་དོན་ཚན་གསུམ་བཏོན་སྟེ།གཅིག ནང་སོག་ཀུའུ་ཞིས་ཝུ་ཆི་ས་ཁུལ་གྱི་ཕྱུགས་རྫི་མའོ་རི་ཀིན་བསམ་བཞིན་དམར་གསོད་བཏང་བའི་དོན་རྐྱེན་དྲང་བདེན་ཐག་གཅོད་མ་བྱུང་བ་དེ་ནི། སོག་རིགས་མི་མང་གི་ཆེ་མཐོང་དང་ཁེ་དབང་ལ་བརྩི་འཇོག་མ་བྱས་ཤིག་ཡིན་པས།གང་མགྱོགས་དྲང་བདེན་ཐག་གཅོད་བྱ་དགོས། གཉིས། རྒྱ་གཞུང་གིས་ནང་སོག་རྩྭ་ཐང་ལ་གཏོར་བརླག་བཟོ་རྒྱུ་འཕྲད་དུ་མཚམས་འཇོག་བྱས་ཏེ་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབ་བྱ་དགོས།གསུམ།ནང་སོག་མི་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད། 

གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ད་ལྟ་རྒྱ་གཞུང་གིས་གྲོང་ཁྱེར་ཡོངས་ལ་དྲག་ཆས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ། ནང་སོག་ཁུལ་གྱི་སློབ་གྲྭ་ཁག་ལ་བཀག་སྡོམ་གྱིས་སློབ་མ་རྣམས་སློབ་གྲྭའི་ཕྱི་ལོགས་སུ་འགྲོ་རུ་འཇུག་གི་མེད་པར་མ་ཟད། ངོ་རྒོལ་སྐད་འབོད་བ་མང་པོ་འཇུ་བཟུང་བཀག་ཉར་བྱེད་བཞིན་ཡོད་པར་མ་ཟད། མི་མང་ཡར་ལངས་འབྱུང་བར་དོགས་ཏེ་རྒྱ་ནག་ཧི་པེ་ཞིང་ཆེན་པའོ་ཏེན་དུ་རྟེན་གཞི་བྱས་པའི་དམག་ཁུལ་ཨང་༣༨ནང་སོག་ཏུ་ཆེད་གཏོང་བྱས་ཡོད་འདུག

གསར་འགོད་པ། ཚེ་རིང་རྒྱལ།

 

 

 

 

འབྲེལ་ཡོད་གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞབས་སོར་བདེ་བར་བཀོད། ༢༠༢༦།༡༢།༡༢ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞབས་སོར་བདེ་བར་འཁོད།

༢༠༢༥/༡༢/༡༢
བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱ་ཕྱོགས་ཐད་ཐེ་ཇུས་དང་འགན་དབང་ཡོད་སྐོར་བརྗོད་བཞིིན་པར་མཐའ་གཅིག་ཏུ་འགག་པ་ཡོད་པའི་བསྒྲགས་གཏམ་སྤེལ། ༢༠༢༥།༡༢།༡༢ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་ལ་ཐེ་ཇུས་བྱེད་བཞིན་པར་ངོ་རྒོལ་ཡོད།

༢༠༢༥/༡༢/༡༢
The Panchen Lama (right) says reincarnated living Buddhas must be identified within China and approved by the central government. Photo: Handout
Mobile App

རྒྱལ་མཚན་ནོར་བུས་རྒྱ་གཞུང་གི་ཆོག་མཆན་འོག་ནས་ཡང་སྲིད་འཚོལ་དགོས་པ་བསྐྱར་ཟློས་བྱས།

༢༠༢༥/༡༢/༡༡
TT
Mobile App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཞབས་སོར་བདེ་བར་འཁོད།

༢༠༢༥/༡༢/༡༡
tibettimes
Mobile App

༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༦ འཁོར་བའི་དུས་དྲན་སྲུང་གཙི་ཞུས་སོང་།

༢༠༢༥/༡༢/༡༠
བོད་མི་གཉིས་ཀྱིས་རྒྱ་གར་རྒྱལ་ཡོངས་སུ་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་མགོ་བཙུགས། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༥།༡༢།༡༠
Mobile App

རྒྱ་གར་རྒྱལ་ཡོངས་སུ་ཟླ་གསུམ་རིང་སྦག་སྦག་སྐོར་སྐྱོད་ཀྱི་བོད་དོན་ལས་འགུལ་སྤེལ་མགོ་བཙུགས་སོང་། 

༢༠༢༥/༡༢/༡༠

མཆན། 4

  1. ཇ་མ་ says:
    ལོ་ 15 སྔོན།

    སོག་པོ་རྒྱ་དགའ་མ་ཚོ་ལངས་རྒྱུ་ཡོད་ནི་མ་རེད།

    Reply
  2. ཇ་མ་ says:
    ལོ་ 15 སྔོན།

    དམག་ཁུལ་ཨང་༣༨པ་ཟེར་བ་འདི་ལོ་ཉེར་གཉིས་སྔོན་གྱི་པེ་ཅིན་ཐེ་ཨན་མིན་ཐང་ཆེན་དུ་དམངས་གཙོ་དོན་གཉེར་པའི་སློབ་མ་རྣམས་གསོད་མཁན་གྱི་དམག་ཁུལ་དེ་རེད། དམག་ཁུལ་འདི་དེང་སང་ཧོས་ཅིན་ཐོའི་དམག་ཁྱུའི་ནང་གི་གཅིག་ཡིན།

    Reply
  3. གཞིས་ལུས་བོད་པ། says:
    ལོ་ 15 སྔོན།

    སོག་པོ་ཚོ་ལ་ཅིག་འགུལ་རྒྱུ་ཡོད་ན་འགུལ་རན་རེད།

    Reply
  4. གཟི་མིག་༣པ says:
    ལོ་ 15 སྔོན།

    དེ་ནི་དངོས་ནས་མི་རིགས་ལ་སྣང་ཆུང་དང་དམའ་འབེབས་རེད་རྒྱ་གུང་གྲན་གྱི་ལམ་ལུགས་སྲོལ་འདི་ལྟར་ཡིན་ དེ་འདྲ་སོང་ཙང་ནང་སོག་དང་དེ་བཞིན་ཧན་མི་རིགས་ཡུ་གུལ་མི་རིགས་བོད་མི་སོགས་་ཚང་མས་གཅིག་བསྒྲིལ་ངང་ནུས་ཤུགས་སྟོན་ན་རྒྱ་དམར་གུང་གྲན་རྩ་གཏོར་གཏོང་ཐུབ་ངེས་རེད་ལ་དེ་ལ་དུས་ཚོད་ཡང་མང་པོ་མི་དགོས་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese