མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞན་ཡུལ་ན་ལས་ཀ་དང་འཚོ་བ་འདི་འདྲ་རེད། ཉེར་བཞི།

བོད། ཤ་ཁྲག་རུས་གསུམ།
༢༠༡༡/༠༦/༢༣
Share on FacebookShare on TwitterShare on EmailShare on Whatsapp

                      ཉེར་བཞི།

རླངས་འཁོར་ནི་སྔར་བཞིན་སྣུམ་ནག་གི་གཞུང་ལམ་སྟེང་དུ་ཤར་བསྐྱོད་ཀྱིས་རྗོ་སུ་ལམ་གྱི་ཕྱོགས་སུ་འགྲོ་བཞིན་ཡོད་ལ། མཛའ་མོས་ངས་གང་ཞིག་བཤད་བཞིན་པ་དེ་དག་ལ་ཉན་ནས་བསྡད་ཡོད། ངས་མུ་མཐུད་དུ། རྒྱལ་ཁབ་འདིའི་ནང་དུ་གཞན་མི་གནས་སྤོ་བྱེད་པ་ལ་དགའ་བསུ་མི་བྱེད་པའི་ཐད་དུ་ཁྱེད་རང་གིས་མོས་མཐུན་མི་བྱེད་དོན་གང་ཡིན་ཞེས་དྲིས་དུས། མོ་རང་གིས་དཔེར་ན་རྒྱལ་ཁབ་གཞན་ན་ཡོད་པའི་ཁ་ཆེ་མི་ཉུང་བ་ཞིག་ཕྱིར་ས་ཁུལ་འདིར་ཡོང་བར་རེ་བ་བྱེད་ཀྱི་ཡོད་པ་རེད། དེ་དག་ཡོང་བར་དགའ་བསུ་བྱས་པ་ཡིན་ན། ང་ཚོ་ལ་དཀའ་ངལ་མང་དུ་འགྲོ་བ་ཡིན།

ངས་དུས་རྒྱུན་དུ་མོ་རང་ནི་འགྲོ་བ་མི་སྤྱི་ལ་ལྟ་ཚུལ་གཅིག་པ་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད་ན་ཡང་། མི་རིགས་རང་ལུགས་ཀྱི་ལྟ་བའི་འཇུ་བཟུང་ཁྲོད། མོ་རང་ནི་རང་གི་རིགས་ལ་ཤ་ཞེན་ཆེ་ཞིང་། རང་གི་རིགས་རུས་ཀྱི་བདེ་དོན་ཆེད་དུ། མི་གཞན་དག་གི་བདེ་སྡུག་ལ་ཁ་ཡ་བྱེད་པར་དེ་འདྲའི་གལ་ཆེན་པོ་མི་བྱེད་པ་འདིས། ངས་རང་གི་མཛའ་མོའི་མི་རིགས་རང་ལུགས་ཀྱི་ལྟ་བ་ནི་དངོས་ནས་མཁྲེགས་པོ་དང་། རང་གི་མི་རིགས་ཀྱི་ཆེད་དུ། མི་རིགས་གཞན་དག་གི་བདེ་སྡུག་ལ་དེ་འདྲའི་དོ་སྣང་བྱེད་པར་སྤྲོ་སྣང་མེད་པ་གཞི་ནས་ཤེས་སུ་བཅུགས་སོང་།

སྤྱིར་ན་ངའི་མཛའ་མོ་ནི་སེམས་རྒྱུད་བཟང་བ་དང་། མི་ལ་འགྲོགས་འདྲིས་བདེ་བ་དང་སེམས་ཐག་ཉེ་བའི་གྲངས་དུ་འགྲོ་ན་ཡང་། སེམས་ཧ་ཅང་སྙི་མོ་ཞིག་ཡོད་པ་དེ་ཡིས་མོ་རང་གི་མིག་ཆུ་ནི་དུས་རྟག་དུ་རང་ལག་དུ་ཡོད་པ་ཞིག་ཡིན། དེ་ཡིས་མོ་རང་ལ་རྟག་དུ་འཚོ་བ་ནི་སྐྱུར་མོ་ཞིག་དང་། ཉེ་འབྲེལ་ནི་རང་གི་དཀའ་ངལ་དུ་གྱུར་བཞིན་ཡོད། མཚམས་རེར་རང་གི་ཕ་མ་ལ་ཡང་སེམས་ཐག་ཅུང་རིང་དུ་འགྲོ་བར་སེམས་ཚོར་ཡང་བྱུང་གི་ཡོད། མོ་རང་གིས་ང་ལ་ཁྱེད་ཀྱིས་སྐད་ཆ་བཤད་ན་ཚིག་ཧ་ཅང་རྩུབ་མོ་དང་སྐད་ཤུགས་ཆེན་པོའི་སྒོ་ནས་བཤད་ཀྱི་འདུག་ཟེར། ངས་དེ་ནི་ཁྱེད་རང་གིས་ཉན་ཕྱོགས་ཤིག་རེད། ང་ནི་རྒྱུན་དུ་སྐད་ཆ་བཤད་སྟངས་འདི་འདྲ་ཞིག་ཡིན་པ་ཉིད་ནས་ཤེས་ན་རེད། སྐབས་རེར་ཁྱེད་རང་གིས་ངས་སྐད་ཆ་བཤད་ཀྱི་མི་འདུག་ཟེར། བཤད་ན་ཡང་ཚིག་རྩུབ་ཀྱི་རང་བཞིན་དུ་གྱུར་འདུག་ཟེར། དེས་ན་ངས་ཁྱེད་ལ་ཁ་བརྡ་ཇི་ལྟར་བྱེད་དགོས་པ་རེད་ཅེས་ག་ལེར་ངེད་གཉིས་ཀྱིས་རྒྱལ་ཁབ་འདིའི་མི་རིགས་གཞན་དག་ལ་འཛིན་པའི་ལྟ་སྟངས་སྐོར་གླེང་མཚམས་བཞག་པ་ཡིན།

བར་སྐབས་ཤིག་ལ་མོ་རང་གིས་ང་ལ་ཁྱེད་རང་གི་གྲོགས་པོ་བུ་ཆུང་ལ་དགའ་རོགས་ཡོད་པ་རེད་དམ་ཟེར། ངས་དེ་ཡི་སྐོར་མོ་རང་ལ་གསང་བ་མི་བྱེད་རང་བྱེད་ཡིན། རྒྱུ་མཚན་ནི་མོ་རང་གི་གྲོགས་མོ་དང་ང་རང་གི་གྲོགས་པོ་བུ་ཆུང་གི་བཟའ་ཐོར་ཟིན་པའི་བུད་མེད་ཤེས་རབ་ལྷ་མོ་ཁོ་གཉིས་སེམས་ཐག་ཉེ་བའི་གྲོགས་དུ་གྱུར་ཡོད་སྟབས། ངས་སྐད་ཆ་དྲང་མོ་བཤད་མི་ཉན་པ་ངས་ཤེས་ཀྱི་ཡོད། དེ་ཡི་སྟབས་ཀྱིས་ངས་མོ་རང་ལ་ངས་ཤེས་ཀྱི་མེད། ཡོད་རྒྱུ་མ་རེད་བསམ་གྱི་འདུག ཡོད་པའི་དབང་དུ་བཏང་ན་ཡང་། ཤེས་རབ་ལྷ་མོ་ལ་འབྲེལ་བ་མི་འདུག་ཞེས་བཤད་དུས། མོས་སྐད་ཆའི་ཚིག་ལ་ངར་ཤུགས་དང་བཅས། ཁྱེད་རང་གིས་དེ་ལྟར་བསམ་གྱི་འདུག་གམ་ཟེར། ངས་ཡིན་དང་ཡིན། ཁོ་གཉིས་ཁ་ཁ་བྱས་ཚར་བ་རེད། ཟླ་རེ་བུ་མོའི་ནུ་རིན་གྱི་སྒོར་མོ་དེ་དག་དུས་ཚོད་ལྟར་སྤྲོད་ཀྱི་ཡོད་པ་རེད། ད་མོ་རང་ལ་ག་རེ་དགོས་པ་རེད།

མོ་རང་གིས་ང་ལ་ཁྱེད་རང་གིས་དེ་ལྟར་བསམ་གྱི་འདུག་གམ་ཟེར། ངས་དེས་ན་ཁྱེད་རང་གིས་བལྟས་ན་ག་རེ་བསམ་གྱི་འདུག ང་རང་ཤེས་རབ་ལྷ་མོ་ཡིན་ན། ཁ་ཁ་བྱས་ཟིན་པ་རེད། དོན་མེད་དུ་རོགས་པ་དགོས་མིན་གཉིས་ཀ་བུ་ཆུང་ལ་རོགས་སྐུལ་བྱེད་མི་སྲིད། དངོས་ནས་རོགས་པ་འདྲ་དགོས་གལ་བྱུང་ན། མོ་རང་གིས་འབོད་སྐུལ་བྱེད་མི་དགོས་པར་བུ་ཆུང་ཁོ་རང་ཏན་ཏན་སླེབས་ངེས་རེད་སྙམ་གྱི་ཡོད། མོ་རང་གིས་དགོས་མི་དགོས་གཉིས་ལ་རོགས་སྐུལ་བྱས། ཐ་མ་དེར་རོགས་བྱས་པ་དེར་བཀའ་དྲིན་ཆེ་མེད་པར། གང་བྱས་པ་དེར་ངན་བྱས་རབས་དང་དྲང་མོ་མ་བྱས་རབས་བཤད་པ་དེ་ནི་དངོས་ནས་ཡག་པོ་མ་རེད་སྙམ་གྱི་འདུག

ངའི་མཛའ་མོ་ཡིས་ག་ལེར་སྐད་ཆ་ཉུང་དུ་ཕྱིན་ནས་ངས་གང་བཤད་པ་དག་ལ་ཉན་ནས་མདུན་ཕྱོགས་ཀྱི་གཞུང་ལམ་དུ་དམིགས་པ་གཏད་ནས་རླངས་འཁོར་གཟབ་ནན་གྱིས་གཏོང་གི་ཡོད། ང་དང་བུ་མོ་ཐར་མ་མཚོ་གཉིས་ལྟག་རྒྱབ་ཀྱི་རྐུབ་སྟེགས་སྟེང་དུ་ཡོད་ལ། བུ་མོ་ཡང་ག་ལེར་གཉིད་ཁུགས་པའི་འགོ་བརྩམས། ནང་དུ་སླེབས་པ་དང་ང་རང་གིས་ཅ་དངོས་ཚང་མ་གང་དུ་གཏོགས་པ་དེར་བཞག་ནས་ཁ་ལག་ཞིག་བཟོས་རྗེས་དཀྲུས་ཁང་དུ་འཛུལ།

ཕྱིར་ཉིན་ནི་སྔ་བོ་ནས་ལས་ཀ་རྒྱུན་ལྡན་དུ་སོང་། ལས་ཀ་ནི་སྔར་བཞིན་ཡིན་ཞིང་། ང་རང་གིས་ཉིན་གུང་གི་ཁ་ལག་ཟ་བའི་དུས་ཀྱི་སྐར་མ་ལྔ་དྲུག་ཞིག་དང་། འཚིག་ཇ་འཐུང་བའི་སྐར་མ་ཁ་ཤས། དེ་མ་གཏོགས་ལས་ཀ་འགོ་བཙུགས་ནས་ཚར་རེག་བར་དུ་ངལ་གསོ་མེད་པ་ཉིན་ལྟར་གཅིག་པ་ཡིན། ལས་ཀ་བྱེད་སའི་སྤྱིན་བདག་གིས་ང་ལ་ལས་ཀ་མཚམས་བཞག་རྗེས་སུ་ངས་ཁྱེད་རང་ལ་སྐད་ཆ་ཞིག་བཤད་དགོས་ཀྱི་ཡོད་ཅེས་བཤད་པ་ལྟར། ང་རང་གིས་ལས་མཚམས་བཞག་མ་ཐག སྤྱིན་བདག་གིས་འགྲམ་དུ་སོང་། སྤྱིན་བདག་གིས་ད་ནི་དབྱར་ཁ་སླེབས་སྟབས། ཟ་མ་ཟ་མཁན་ཡང་ཉུང་དུ་འགྲོ་བཞིན་ཡོད་པ་ཡིན། དེ་ཡིན་དུས་ཨ་ཧོས་སང་ཉིན་ནས་ཟ་ཁང་གཞན་པ་དེར་ལས་ཀ་བྱེད་དུ་གཏོང་གི་ཡིན། ངས་ཁྱེད་རང་གཏོང་འདོད་ཡོད་ཀྱང་། མ་བྱན་ཆེན་མོས་ཁྱེད་རང་འདི་ནས་དགོས་ཀྱི་ཡོད། ཁྱེད་རང་གིས་དེ་ཡིན་དུས་ཁོ་རང་གི་ཚབ་དུ་གཙང་མ་བཟོ་བ་དང་ག་རེ་རོགས་དགོས་མིན་དེ་དག་བྱེད་དགོས་ཀྱི་ཡོད། ཟླ་ངོ་ལྔའི་རིང་དུ་ཟེར། ངའི་སེམས་ནང་དུ་དེ་ནི་ང་རང་གིས་རྒྱུན་དུ་བྱེད་ཀྱིན་པ་ཞིག་རེད། ཁོ་ཡོད་མེད་ལ་ཁྱད་པར་མེད་པ་ཡིན་སྙམ་ཞོར། འགྲིག་གི་རེད་ཅེས་ལན་བཏབས་པ་ཡིན། ངས་གོ་སྐབས་དེ་བཟུང་ནས་ང་རང་གི་གླ་ཆ་སྤར་དགོས་ཀྱི་ཡོད་རབས་བཤད་ན་འགྲིག་ཡང་། ངས་རང་ཉིད་བོད་མི་ཞིག་ཡིན་པའི་འགན་ཞིག་གམ། བོད་མི་ཟེར་བ་ནི་བཟང་བོ་ཞིག་དང་ལས་ལ་བརྩོན་པ་ཞིག་ཡིན་པར་བདེན་དབུང་བྱེད་ཆེད་དུ་དེ་ལྟར་ལན་བཏབས་པ་ཡིན།

དངོས་ནས་བཤད་ན་དབྱར་ཁ་སླེབས་པ་དང་ཟ་མ་ཟ་མཁན་དམིགས་བསལ་གྱིས་ཉུང་དུ་གང་ཡང་སོང་མེད། ང་རང་གིས་ལས་ཀ་དག་ནི་རྒྱུན་ལྡན་ལྟར་བྱེད་ཀྱི་ཡོད། མ་འགྲིག་ས་གཅིག་ཡོད་པ་དེ་ནི་ངས་ལས་ཀ་ལ་གཡོ་སྒྱུ་མ་བྱས་པར་མི་གཉིས་གསུམ་ཞིག་གི་ལས་ཀ་དེ་ང་རང་གིས་བྱས་པ་དེ་ཡིས་ལན་འདུག དངོས་ནས་བཤད་ན་ཁོང་ཚོ་ལ་ཟ་ཁང་གཞན་པ་དེར་ལས་ཀ་བྱེད་མཁན་གྱི་མི་འཁོ་ཡོད་པ་དེ་ཡིན། མི་གཞན་ཞིག་ལ་གླ་ཆ་སྤྲོད་འདོད་མེད་པའི་ཧམ་སེམས་ཁོ་ན་རེད། དེ་དག་སེམས་ཁོང་ནས་གསལ་བོ་ཤེས་ན་ཡང་། ང་རང་གིས་ལས་ཀ་འདི་ནས་དུས་ཡུན་ག་ཚོད་ཅིག་བསྐྱེལ་མིན་དེ་ནི་ད་ལྟ་གསལ་བོ་མི་ཤེས་པའི་ཡིན། དེ་ཡི་རིང་དུ་གཏམ་ངན་མེད་པར་ཤུ་རེ་བྱེད་ཐུབ་པ་ཡིན་ན། བོད་པ་ཟེར་བའི་མིང་ཞིག་ལ་ཡང་ཕན་ངེས་རེད་སྙམ་ནས། ལས་རོགས་སུ་ལ་ཡང་ཁ་ལན་ལོག་མྱོང་མེད། དངོས་ནས་མཚམས་རེར་དཀའ་ངལ་འདུག མི་གཅིག་གི་སྒང་ན་མི་རིགས་ཤིག་གི་བསམ་བློ་འདི་འཁུར་ནས་ལས་ཀ་བྱེད་དུས་སུ། རྗེས་སུ་ཕན་ཐོག་རེ་ཡོང་བར་རེ་བ་ཡོད་པ་དེར་བསམ་ནས་དཀའ་ངལ་དག་ལ་གདོང་ལེན་གང་ཐུབ་བྱེད་ཀྱིན་ལས་ཀ་ནས་འབད་བརྩོན་ལྷོད་མེད་བྱས་པ་ཡིན།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 4

  1. kadorse says:
    ལོ་ 15 སྔོན།

    དྲ་གྲོགས་ལགས།
    བཀླགས་ཡིན།

    Reply
  2. kadorse says:
    ལོ་ 15 སྔོན།

    དྲ་གྲོགས་ལགས།
    བཀླགས་ཡིན།

    Reply
  3. sha tak ri sim says:
    ལོ་ 15 སྔོན།

    ཉིད་རང་དུས་རྒྱུན་སླེབས་ནས་བསམ་ཚུལ་གསུངས་པ་དེར་དགའ་གུས་ཞུ།

    Reply
  4. kawakarpo says:
    ལོ་ 15 སྔོན།

    ངས་དོན་དག་ཅིག་རྙེད་སོང་། ཁྱེད་ཀྱི་མཛའ་མོའི་སེམས་ཁོང་དུ་ཨི་ཟི་རལ་ལ་ཕྱིར་སྡོད་ཁ་ཆེ་དག་ཡོང་ན་དཀའ་རྙོག་ཆེ་རུ་འགྲོ་སྲིད་པའི་བསམ་བློ་ཡོད་པ་དེ་མཐའ་གཅིག་ཏུ་མི་འགྲིགས་པ་ཞིག་མ་རེད། ང་ཚོ་བོད་པ་ཚོས་ཀྱང་རྒྱ་མི་རིགས་འབོར་ཆེན་བོད་ལ་ཡོང་ན་འཚོ་གནས་ཀྱི་དཀའ་རྙོག་ཆེ་རུ་འགྲོ་བའི་འཇིགས་སྣང་བྱེད་བཞིན་པ་མ་ཡིན་ནམ། འདི་གཅིག་བྱས། དེ་ནས་ཁྱེད་ཀྱིས་རང་གི་གླ་ཆ་སྤར་དགོས་པའི་བསམ་ཚུལ་འདོན་ཆོག་པ་ཞིག་རེད། དེ་ནི་ཁྱེད་ཀྱིས་མི་གཉིས་གསུམ་གྱི་ལས་ཀ་ལས་བཞིན་ཡོད་པས་རེད། གལ་སྲིད་ནམ་རྒྱུན་ལས་ཀ་ལ་གཡོ་སྒྱུ་བྱེད་མཁན་ཞིག་ཡིན་ན་དེ་ལྟར་བྱེད་པའི་ཐོབ་ཐང་མེད་པ་བདེན་ཡང་། ཉིད་ཀྱིས་དེ་ལྟར་མིན་པར་ལས་ཀར་འབད་པ་དེ་ཙམ་བྱེད་བཞིན་ཡོད་པས་གླ་ཆ་སྤར་དགོས་པའི་བརྡ་སྤྲོད་རྒྱུ་གལ་ཆེ་གི་འདོད། འདི་ནི་ང་ཚོ་བོད་པས་རང་གི་ཐོབ་ཐང་དེ་ཁེ་དབང་ལ་བརྩོན་ལེན་མི་བྱེད་པའི་སྐྱོན་ཆ་ཞིག་རེད། ང་ལ་ཡང་སྐྱོན་ཆ་འདི་ཡོད། དུས་ཚོད་འདི་ནི་གླ་ཆའི་སྐོར་གླེང་བའི་དུས་ཚོད་ཡག་ཤོས་ཤིག་རེད། ཡིན་ན་ཡང་དེ་ལྟར་གླེང་ན་ཁྱེད་ཀྱི་ལས་ཀ་འཆོར་རྒྱུའི་ཉེན་ཁ་དེ་འདྲ་མཐོང་ན་མ་གཏོགས་ཁྱེད་ཀྱིས་དེ་ལྟར་གླེང་ཆོག་པ་ཞིག་ངས་ཀྱང་མཐོང་གི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese