མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སེར་མོ་བའི་འདུ་ཤེས་མེད་པའི་སེར་མོ་བ།

བོད་ཀྱི་དུས་བབ།
༢༠༡༡/༠༦/༢༤
Share on FacebookShare on TwitterShare on EmailShare on Whatsapp

སེར་གཙང་ལྡོང་ཕྲུག་ཐུབ་བསྟན་བློ་གྲོས།

དེང་གི་ཁྲ་ཁྲ་ཟིང་ཟིང་གི་དུས་ཚོད་དེར་མི་རྣམས་ལ་འགྱུར་ལྡོག་ཆེན་པོ་སྔར་དང་མ་འདྲ་བ་ཞིག་ཐེབས་ཀྱིན་ཡོད།  འོན་ཀྱང་། འགྱུར་ལྡོག་དེ་ལ་བཟང་ཕྱོགས་ཀྱི་འགྱུར་པ་ཞིག་དང་ངན་ཕྱོགས་ཀྱི་འགྱུར་པ་གཉིས་སུ་དབྱེར་རིགས་ཏེ། བཟང་ཕྱོགས་ཀྱི་འགྱུར་པར་མཚོན་ན། དེང་གི་ཆར་མི་རྣམས་རང་འདོད་ལྟར་ཤེས་རིག་གི་བདུད་རྩིར་རོལ་རྒྱུའི་ཕྱི་ནང་གི་མཐུན་རྐྱེན་དང་གྱ་ནོམ་པ་དེས་མི་རྣམས་ཤེས་ཡོན་ཅན། རྣམ་དཔྱོད་ཅན། བསམ་བློ་པ་བཅས་ཆགས་ཐུབ་པ་དེ་རེད། ངན་ཕྱོགས་ཀྱི་འགྱུར་པར་མཚོན་ན། མཚན་རིག་གི་ལག་རྩལ་ལས་འཁྲུངས་པའི་ཉེར་འཁོའི་ཅ་དངོས་རྣམས་ས་ཁྱབ་རྡོ་ཁྱབ་ཏུ་འགྲོ་བཞིན་པའི་དུས་འདིར་མི་རྣམས་བག་མེད་དུ་གཡེང་ནས་སློབ་གྲྭ་ཁག་ལ་མཚོན་ན་སློབ་གྲྭའི་ཤེས་རིག་གི་ཆུ་ཚད་དམའ་རུ་འགྲོ་བཞིན་ཡོད་པ་དང་། སློབ་གཉེར་པའི་བསམ་བློ་དང་རྒྱང་ཐག་རིང་དུ་བྲལ་འགྲོ་པ་སོགས་ནི་ངན་ཕྱོགས་ཀྱི་འགྱུར་པ་ཞིག་ལ་ཁོ་པས་འདོད།

དེ་བཞིན་དུ་ན་གཞོན་སེར་མོ་པ་མང་དག་ཅིག་ལ་མཚོན་ན། ཕྱིའི་ཀུན་སྤྱོད་དང་ནང་གི་ཀུན་སློང་ཕྱོགས་ངོས་མང་པོ་ཞིག་ཏུ་དགེ་འདུན་པའི་རྟགས་ཙམ་འཛིན་པ་ལས་ཀྱང་ཐབས་ཇེ་རྡུགས་སུ་འགྲོ་བཞིན་ཡོད་པ་ཉིན་རེ་བཞིན་ཇེ་མང་རེད། དཔེ་མཚོན་ཆུང་ཆུང་ཞིག་ཞུས་ན། གྲྭ་གཞོན་མང་དག་ཅིག་དགོན་པའི་སྲང་ལམ་གཡས་གཡོན་དུ་འགྲོ་སྐྱོད་བྱེད་སྐབས་སྐབས་སྤོབས་པ་མཐོན་པོས་ལག་ཐོགས་ཁ་པར་ལས་དབྱིན་སྐད་དང་ཧིན་སྐད་སོགས་ཀྱི་གཞས་རིགས་འདྲ་མིན་སྒྲ་གདངས་མཐོན་པོས་གཏོང་བཞིན་འགྲོ་ལ། དེ་ཙམ་དུ་མ་ཟད། ཚུལ་མཐུན་ལོ་ཆུང་གི་དགེ་འདུན་པ་གཟན་ཤམ་ནབ་སྟངས་སོགས་ཕྱིའི་ཀུན་སྤྱོད་མཛེས་ཤིང་ལག་ཏུ་ཕྲེང་བ་ནར་ནར་དུ་ཐོགས་མཁན་འགའ་རེ་མཐོང་ཚེ་བླ་རྒན་དང་དགྲ་བཅོམ་པ་སོགས་ཀྱི་བརྙས་ཚིག་འདྲ་མིན་བེད་སྤྱད་ནས་འཕྱ་སྨོད་བྱེད་པ་སོགས་མདོར་ན་རང་ངོ་རང་གིས་མ་ཤེས་པའི་སེར་མོ་པའི་ཆ་འདྲ་པ་གདན་ས་གྲྭ་ཚང་ཁག་ལ་མང་ལས་ཆེ།

དོན་ངོ་མར་མནོ་བསམ་བཏང་ན་གང་ཟག་དེའི་རིགས་ནི་རང་ཉིད་སེར་མོ་པ་ཞིག་ཡིན་པའི་འདུ་ཤེས་མེད་པ་དང་། ཤེས་རིག་གི་རྗེས་མ་ཟིན་པའི་ཐ་ཤལ་པ་ཞིག་ཏུ་འཁུམས། དེ་རིང་འདིར་ཁོ་པོས་སྐད་ཆ་འདི་ལྟར་གླེང་དགོས་དོན་ནི། འུ་ཚོར་ཁ་བྱང་རྫིག་པོ་ཐེག་པ་ཆེན་པོ་པ་དང་། དེ་བཞིན་དུ་གཞིས་དགོན་ཆུང་ཆུང་ཞིག་ཡིན་ཀྱང་ཐེག་ཆེན་གླིང་སོགས་ཀྱི་མིང་བྱང་རྫིག་པོ་བཀོལ་སྤྱོད་བྱེད་ཀྱི་ཡོད་ཀྱང་དོན་ངོ་མར་འུ་ཚོ་མི་རེ་ངོ་རེར་ཐེག་པ་ཆེན་པོ་པ་ཞེས་པ་འདི་དོན་དང་མཐུན་པ་ཞིག་བྱས་འདུག་གམ་མི་འདུག་དེ་ནི་རང་ལ་ཁ་བསྐོར་ནས་འདང་རྒྱག་དགོས་པ་ཞིག་ཡིན་པས་སོ། 

ཐེག་ཆེན་ནི་ཐེག་དམན་ལས་ལྟ་སྒོམ་སྤྱོད་གསུམ་གང་གི་ཀྱང་ཁྱད་པར་དུ་འཕགས་པས་ཐེག་པ་ཆེན་པོ་པ་དེ་ཡང་ཐེག་དམན་པ་ལས་ཕྱི་ཡི་ཀུན་སྤྱོད་སོགས་གང་ཐད་ནས་གོང་དུ་མ་བསླེབས་རུང་རྗེས་སུ་མ་ལུས་པ་ཞིག་བྱ་གལ་ཆེ་ཡང་དེང་གི་དུས་འདིར་དེ་ལས་ལྡོག་སྟེ་ཐེག་དམན་པ་ལས་ལྟོས་ཏེ་བཤད་ན་འུ་ཅག་ཚང་ལ་ནར་མ་བསོན་པའི་བྱིས་པ་ཧ་ཅང་མང་། ལྟོས་དང་ཐ་ཡི་ལན་དང་ཤྲི་ལངྒ་སོགས་ཀྱི་ཐེག་དམན་པ་རྣམས་ཅི་འདྲའི་གཟི་བརྗིད་ཆེ་པ་ཞིག་རེད་ཨང་། དད་ལྡན་དང་པ་འདྲེན་པའི་མིག་བརྒྱན་ཟེར་ན་ཁོང་རྣམས་ལས་སུ། འོན་ཀྱང་གལ་སྲིད་ཁྱེད་རྣམས་པས་རྡོ་རྗེ་གདན་དུ་མཐོང་པའི་ཐེག་དམན་གྱི་དགེ་སློང་རྣམས་ཀུན་སྤྱོད་རྫོབ་རོ་འདུག་ཞེས་ན་དེའི་རིགས་ནི་དོན་ངོ་མར་ཐེག་དམན་པ་ཕར་ཞོག་ནང་པ་ཙམ་ཡང་མ་ཡིན། དེའི་རིགས་ལ་གཡས་གཡོན་རྒྱ་གར་པ་ཚོས་ཀྱང་༼དྷ་སི་འདིན་གྱི་བླ་མ་༽ཞེས་འབོད་ཀྱི་ཡོད། དེ་བོད་སྐད་དུ་བསྒྱུར་ན་ཉིན་བཅུའི་བླ་མ་ཞེས་པ་དེ་རེད། ཁོང་ཚོར་ཅིའི་ཕྱིར་མིང་དེ་ལྟར་བཏགས་པར་རེད་ཅེ་ན་དོན་དངོས་ལ་མི་དེ་རྣམས་བི་ཧར་གྱི་ཡུལ་མི་སྐྱོ་པོ་ཚོ་ཡིན་པ་དང་།  ཁོང་ཚོས་དངུལ་གྱི་ཆེད་དུ་ཁོ་ནར་བསམ་ནས་གྲྭ་པའི་ཆ་ལུགས་གྱིས་པ་ཙམ་ལས་གྲྭ་པ་གཏན་ནས་མིན། དེའི་རིགས་ནི་ཐེག་དམན་གྱི་གྲས་སུ་བརྩི་མི་རུང་པ་ཁྱེད་ཀྱིས་ཀྱང་ལོས་ཤེས། ཐེག་དམན་དགེ་སློང་གི་ཆས་གོས་ཙམ་ལ་བསམ་ན་ཧ་ཅང་ཐལ་ཆེས་སོ། །

དེར་རྟེན་དྲང་མོ་བཤད་ན་ཕྱིའི་ན་གཟའ་བསྣམས་སྟངས་དང་ཟ་འདུག་འགྲོ་གསུམ་གྱི་སྤྱོད་ལམ་གང་ཅིའི་ཐད་ཁོང་ཚོ་ལས་འུ་ཅག་སྟེ་ཐེག་པ་ཆེན་པོར་རློམ་མཁན་རྣམས་ལྡབ་འགྱུར་གྱིས་ཞན་པས་འུ་ཅག་གིས་ཐེག་དམན་པ་ཚོར་ངེས་པར་དུ་ཁ་མིག་ཡར་ལྟ་བྱ་དགོས་པ་ཡིན། དེང་གི་ཆར་སེར་མོ་པ་དག་ལ་མཐོང་བརླག་འགྲོ་བཞིན་པ་དེ་ཡང་ན་གཞོན་སེར་མོ་པ་མི་ཉུང་པ་ཞིག་གིས་བྱ་སྤྱོད་ལས་བྱུང་པ་གོར་མ་ཆག ཕྱོགས་ཡོངས་ལ་ཞིབ་ཏུ་བལྟས་ནས་བཤད་ན་གང་ཟག་སུ་འདྲ་ཞིག་ཡིན་རུང་ཕྱིའི་མཛེས་སྤྱོད་ནི། རང་ཉིད་ལ་མཐོང་སླེབ་པའི་གོམ་པ་དང་པོ་དེ་ཡིན་པས་དེ་ནི་ཅིས་ཀྱང་གཅེས་སྤྲས་གནང་གལ་ཆེ།།

            

འབྲེལ་ཡོད་གསར་འགྱུར།

Mobile App

མགོ་ལོག་གི་རྒྱལ་ལོ་དོན་འགྲུབ།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

ཤེས་རིག་བཀའ་བློན་མཆོག་གིས་རྒྱ་གར་དབུས་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་པ།

ཆུ་ཚོད་ ༡༤ སྔོན་ལ།
U.S. President Donald Trump and Chinese President Xi Jinping walk as they leave after a bilateral meeting at Gimhae International Airport, on the sidelines of the Asia-Pacific Economic Cooperation (APEC) summit, in Busan, South Korea, October 30, 2025. REUTERS/Evelyn Hockstein Purchase Licensing Rights
Mobile App

ལོ་དྲུག་གི་རྗེས་སུ་ཨ་རྒྱ་གཉིས་ཀྱི་སྲིད་འཛིན་གྱིས་ཐུག་འཕྲད་གནང་།

༢༠༢༥/༡༠/༣༠
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་རྒྱལ་ཡོངས་གསར་འགོད་མཐུན་ཚོགས་སུ་བོད་དོན་གླེང་སློང་གནང་། 

༢༠༢༥/༡༠/༣༠
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་དུ་༧སྐུའི་གོ་སྟོན་དང་འབྲེལ་བའི་རིག་གཞུང་བགྲོ་གླེང་ཞིག་འཚོགས་སོང་། ༢༠༢༥།༡༠།༢༨ དུས་བབ་ཀྱི་པར།
Mobile App

༧སྐུའི་གོ་སྟོན་དང་འབྲེལ་བའི་རིག་གཞུང་བགྲོ་གླེང་ཞིག་འཚོགས་སོང་།

༢༠༢༥/༡༠/༢༩
The Karumadikuttan memorial is located in the village of Karumadi, near Ambalapuzha in the Alappuzha district of Kerala, India. Photo: Kerala Tourism Department
༸གོང་ས་མཆོག གསར་འགྱུར།

ལོ་ངོ་ ༡༢༠༠ ལྷག་གི་ནང་པའི་གནས་ཤིག་ལ་མཐུན་རྐྱེན་ཞན་པའི་དཀའ་ངལ་འཕྲད། 

༢༠༢༥/༡༠/༢༨

མཆན། 29

  1. གྲྭ་རྒོད says:
    ལོ་ 14 སྔོན།

    གྲྭ་བའི་སྤྱི་ཚོགས་འདིས་ནང་སྔོན་གྱི་སྲོལ་རྒྱུན་གྱི་ཤུལ་ལྷག་མངབས་དགེ་སྐྱོན་གཉིས་ཀྱི་ནང་སྐྱོན་མང་དུ་སོང་།ད་ལྟའི་གྲྭ་བ་སྐྱོང་དགོས་ན་དུས་རབ་འདིའི་འགྲོ་ཕྱོགས་དང་བསྟུན་ཤེས་དགོས་བ་དང་། དེ་ཡང་འཛིན་སྐྱོང་དེང་དུས་དང་མཐུན་དགོས། མཐུན་ལུགས་ཏེ་ཡང་སྔོན་གྱི་འགྲོ་ལུགས་བསྒྱུར་ནས་གྲྭ་བ་རྣམས་ལ་ཕར་འཛིན་སྐྱོང་གི་སྟེང་འཛིན་འོག་སྒྲིག་འཛུག་ཀྱི་ལམ་ནས་ཕར་གྲྭ་མང་ལ་སློབ་སྤྱོང་སྤྲོད་དགོས། ད་ལྟའི་སྤྱི་ཚོགས་ཀྱི་གནས་བབ་དང་ཉམས་ཏུ་དུས་ཚོད་ཚད་འཛིན་ཞིག་ཀྱི་ལམ་ནས་འཕྲུལ་ཆོས་རིགས་ལ་སྤྱོད་པའི་དུས་ཚོད་མང་པོ་མེད་པ་བྱེད་ཐབས་ལ་འབད་ན་ད་བཟོད་གྲྭ་བའི་སྤྱི་ཚོགས་འདི་སྤྱི་ཚོགས་ནང་ནས་འབུར་ཏུ་ཐོན་ཐུབ། དེ་མིན་གྲྭ་བ་ཚོའི་ཡོན་ཏན་དེ་སྤྱི་ཚོགས་ནང་དཀའ་ངལ་ཞིག་ཏུ་རྩི་སྲིད།དེ་དག་ཚང་མ་དོན་དངོས་ལ་ཞིབ་འཇུག་མེད་པས་ཉེས་པ་རེད།

    Reply
  2. གྲྭ་འབུམ་ཨ་ཁུ། says:
    ལོ་ 14 སྔོན།

    ཟིན་བྲིས་པའི་སྐད་ཆ་དེ་དེ་རིང་ཉིན་གུང་མཐོང་ཡོང་དུས་སྐྱོན་བརྗོད་ཡིན་པའི་བཟོ་འདྲ་བསླབ་བྱ་ཡིན་པའི་བཟོ་འདྲ་ཁྱད་མཚར་ཞིག་མཐོང་བྱུང་། དེས་ན་ཚིག་ཁ་ཤས་མ་བཤད་ཐབས་མེད་བྱུང་སོང་། ཟིན་བྲིས་དེ་ལ་ཞིབ་བཤེར་བྱས་པ་ཡིན་ན། ལག་འཁྱེར་ཁ་པར་སོགས་གློག་ཆས་རིགས་ཡར་རྒྱས་ཕྱིན་ཏེ་སྤྱི་ཚོགས་ནང་མི་མང་པོར་རྣམ་གཡེང་བྱས་
    ནས་སློབ་སྦྱོང་ལ་འཐུས་ཤོར་འགྲོ་ཡི་ཡོད་པ་དང་། གྲྭ་གཞོན་འགས་ཁ་པར་ཐོག་གླུ་གཞས་འདྲ་མིན་བཏང་ནས་རྫིག་ཉམས་བསྟན་གྱི་འདུག་ཅེས་བཤད་པ་དེ་ནི་དངོས་འབྲེལ་རེད། དེ་གཞོན་པ་ཙམ་མ་རེད་རྒན་པ་ལ་ཡང་སྤྱོད་ངན་དེ་རིགས་ཡོད་རེད། དེ་ལྟར་བྱས་པ་ཡིན་ན་འཇིག་རྟེན་པའི་མཐོང་སྣང་ལ་ཡག་པོ་མི་འདུག དེ་ཚོ་རབ་བྱུང་ཡིན་ཕྱིན་ངེས་པར་སྤོང་དགོས་ཏེ། ཞི་བ་ལྷས་
    ༼འཇིག་རྟེན་མ་དད་གྱུར་པ་ཀུན། །མཐོང་དང་དྲིས་ཏེ་སྤོངས་པར་བྱ༽ཞེས་གསུངས་ཡོད་པ་རེད། ཁྱེད་རང་གིས་བོད་ཀྱི་གྲྭ་བ་ལས་འབར་མའི་གྲྭ་བ་སོགས་ཐེག་དམན་པའི་རབ་བྱུང་རྣམས་སྤྱོད་པ་བཟང་རབས་དང་ཡག་རབས་བཤད་འདུག་སྟེ། དེ་ནི་ཁྱེད་རང་གི་མུན་པའི་འཆར་སྣང་ཙམ་རེད། ཁོ་ཚོ་ལའང་ཡག་སྡུག་གཉིས་ཀ་ཡོད་པ་རེད། དེའི་སྐོར་ཡུལ་དེར་སོང་ནས་ཞིབ་འཇུག་གྱིས་དང་ཤེས་ཀྱི་རེད། དེའི་རྒྱུས་མངའ་ཆ་ཚང་ཡོད། ཡང་རྟགས་ཙམ་འཛིན་པ་ལས་ཀྱང་སྡུག་རབས་བཤད་འདུག་སྟེ། དེ་ནི་ཟེར་རྒྱུས་ཕོངས་པ་ཙམ་རེད། དེ་ལས་ལྷག་པའི་སྡུག་རྒྱུ་གང་ཡང་ཡོད་མ་རེད། མ་གཞི་ནས་ཁྱེད་རང་གིས་དེ་འདྲ་བཤད་རྒྱུ་དེ་དེང་སང་ང་ཚོ་བོད་པ་ལ་རང་གི་གཞུང་དང་སོ་སོའི་ཟ་སར་ཁ་གཏོང་ཐུབ་ན་དྲང་པོ་དང་མཁས་པར་བརྩི་བའི་གོམས་གཤིས་ངན་པ་ཞིག་འདུག དེ་ཁྱེད་ལའང་གཏན་གཏན་་ཡོད་པ་འདྲ། མདོར་ན་སྤྱི་ཡོངས་ལ་གྲྭ་བ་སྡུག་པོ་གཅིག་སྡུག་པའི་རྒྱུ་མཚན་གྱིས་ཚང་མ་ལ་སྐྱོན་བརྗོད་བྱེད་རྒྱུ་དང་ཆོས་པ་འགས་བྱས་པའི་རྒྱུ་མཚན་གྱིས་ཆོས་ལ་སྐྱོན་བརྗོད་སོགས་མི་ཡོང་བར་དབྱེ་ཞིབ་ལེགས་པོར་བྱས་ནས་སྨྲ་རོགས་ཞེས་སྙིང་ནས་འབོད་སྐུལ་ཞུ་རྒྱུ་ཡིན། གྲྭ་བ་ཡག་སྡུག་གཉིས་ཀ་དང་ཆོས་དང་གང་ཟག་གཉིས་ཀ་ཕ་བུ་བཞིན་དུ་ཁ་ཁ་ཡིན་པའི་གནས་ལུགས་འདི་ཤེས་པར་བྱོས་ཤིག །

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    སེར་མོ་བར་འདུ་ཤེས་མེད་པའི་སེར་མོ་བར་ཅི་ཕྱིར་མཐོང་བ་ཡིན་ནམ། སེར་མོ་བ་རྒྱལ་གྱུར་ཅིག

    Reply
  4. དྲ་མྱི says:
    ལོ་ 14 སྔོན།

    ལྡོང་ཕྲུག་ལགས ཁྱོད་ཀྱི་རྣམ་དཔྱོདཀྱི་མིག་ཤེལ་དེ་གཟུར་གནས་ཀྱི་ཆུ་ཡིས་ཡང་ཡང་ཁྲུས་ཤིག

    Reply
  5. འཇའ་ཐང་འབྲོག་བུ། says:
    ལོ་ 14 སྔོན།

    སེར་གཙང་ལྡོང་ཕྲུག་ཐུབ་བསྟན་བློ་གྲོས་ལགས། དངོས་གནས་དེ་ག་རང་རེད། མི་ཞིག་ལ་ཁྱོད་སྐྱོན་ཡོད་རབས་བཤད་ན་ཁྱོད་ཀྱིས་བཤད་པ་རྫུན་ཟེར་བ་ནི་འཇིག་རྟེན་གྱི་སྤྱི་ལུགས་རེད། དེང་གི་གྲྭ་བ་མང་ཆེ་ཤོས་ནི་དེ་ལྟར་རང་དུ་འདུག་སྙམ་པའི་ཚོར་སྣང་དེ་བདག་གི་སེམས་སུ་སླེབས་པའི་གྲངས་ནི་གང་ན་ཡོད། དེར་བརྟེན་ཟམ་གདོང་བླ་མས་ཀྱང་སངས་རྒྱས་ཀྱི་བསྟན་པ་དོན་དངོས་ཐོག་ནས་འཇིག་ཟིན་ཞེས་སྐད་ཤོར་བ་ཡང་འདི་ཁོ་ནས་ཡིན། སྐྱོན་ཡོད་པ་དངོས་གནས་ཡིན་ཡང་ད་གང་ཞིག་ཡར་རྒྱས་སུ་ཇི་ལྟར་གཏོང་མིན་དེ་ཁག་པོ་རེད། གཙོ་བོ་གྲྭ་མང་དག་ཅིག་རྣམ་གཡེང་གི་དབང་དུ་ཤོར་བ་དང་། ཡང་གཞན་དག་མང་པོ་ཞིག་ལྟ་བ་ལོག་བཞིན་པས་རེད།

    Reply
  6. ཡུལ་གྱར་གྱི་མཚེར་ས says:
    ལོ་ 14 སྔོན།

    བསྟན་འཛིན་འཕགས་པ་ལགས། དྲ་གྲོགས་འདིས་བཤད་པ་ཕལ་མོ་ཆེ་དོན་ལ་གནས་པས་ཁོ་དམྱལ་བར་སྐྱེ་དགོས་ན་ལས་འབྲས་ལ་བསླུ་བ་ཡོད་སོང་བས་དེས་ན་ལས་འབྲས་བརྩི་བ་དགོས་མེད་དུ་འགྱུར་རོ། ཁར་སྔོན་ཕྲན་གྱིས་མཆན་ཞིག་བཏབ་ཀྱང་དུས་བབ་ཚང་གིས་བཅུག་མི་འདུག གང་ལྟར་དུས་བབ་ཚང་ལ་རྩོམ་སྒྲིག་པའི་ལྟ་བ་དང་མཐུན་པ་ཁོ་ན་བརྗོད་དགོས་ཀྱི་མིན་འགྲོ

    Reply
  7. སྤྲོ་ཚིགས་དགེ་འདུན says:
    ལོ་ 14 སྔོན།

    ཨ་ལ་ལ་ལ་། གྲྭ་ཕྲུག་འགའ་ཞིག་གི་སྤྱོད་ཚུལ་ཙམ་ལས་དགེ་འདུན་པའི་སྤྱོད་ཚུལ་མཐོང་མི་འདུག་སྙམ། བཤད་ཚོད་འདི་ལས་རྟོགས་ཐུབ་པ་ནི། ཁོ་བ་ཡང་ཉི་ཤར་ནས་ས་རིབ་བར་དུ་ཚོང་ཁང་ག་གེ་མོ་ཞིག་གི་མདུན་དུ་ལག་ཐོག་ཁ་པར་ཞིག་སྤྱོད་བཞིན་འདུག་མཁན་ཞིག་ཡིན་པ་གསལ་ཐང་ངེར་རེད། དེ་མིན་ཁོ་བས་དགེ་འདུན་པ་ཚོའི་ཞོག་སྔ་ལང་དང་དགོང་ཕྱི་ཉལ་གྱི་སློབ་གཉེར་གནང་ཚུལ་འདིའི་ཟུར་ཙམ་རེ་མཐོང་དགོས་ཚོད་རེད། ཅིང་མི་ཤེས་བ་ངའི་གཅིག་ཤེས་བ་འདི་རེད། ཧ་ཧ།

    Reply
  8. གཅེན་པོ། says:
    ལོ་ 14 སྔོན།

    ཟིན་བྲིས་ཡག་པོ་སྤེལ་འདུག དངོས་གནས་རེད་དངོས་ཡོད་གནས་ཚུལ་ཟུར་ཐབས་ཡོད་པ་མ་རེད་གང་ལྟར་དགོན་པ་གྲྭ་ཚང་རྣམས་ཀྱི་སོ་སོའི་དགོན་པའི་གྲྭ་བཙུན་རྣམས་ཀྱི་ཀུན་སྤྱོད་ཐོག་ལ་ཡར་རྒྱས་བཏང་དགོས་པ་ལས། ནང་ལ་མེད་ལ་ཕྱིའི་སྤྱོད་ལམ་གནང་མ་གནང་ཡོད་པ་མ་རེད་ཟེར་བ་ལྟ་བུའི་བཀའ་མོལ་དེ་འདྲ་གསུང་རྒྱུ་མེད། གང་ཟག་ལས་དང་པོ་པ་སོ་སོའི་སྐྱེས་བུ་ཞིག་ལ་དང་ཐོག་མ་ནས་ནང་གི་སེམས་ཞི་ཞིང་དུལ་བ་ཞིག་ཁག་པོ་ཡིན་ཙང་ནང་གི་སེམས་དུལ་ཐབས་སུ་ཕྱིའི་ཀུན་སྤྱོད་ལ་ཡར་རྒྱས་བཏང་དགོས་རེད། འཇིག་རྟེན་དྭངས་པ་འདྲེན་པའི་མིག་ཅན་ཟེར་བ་ལྟར་དང་། ཕྱི་རུ་ཉན་ཐོས་སྤྱོད་པས་ཞི་ཞིང་དུལ་ཞེས་གསུངས་པ་ལྟར་ལས་དང་པོ་པས་ཕྱིའི་ཀུན་སྤྱོད་ལ་ཟབ་པར་གནང་ན་ཧ་ཅང་ལེགས། ཇོ་བོ་རྗེས། ཚུལ་འཚོས་ཅན་ཚུལ་མཐར་ཕྱིན་ཞེས་གསུངས་པ་ལྟར་དང་པོ་ཚུལ་འཚོས་དང་བར་དུ་རྒྱུན་སྐྱོང་། མཐར་ཚུལ་ཁྲིམས་མཐར་ཕྱིན་པ་ཞིག་ལ་བསླབ་ན་བཟང་། དེ་མིན་རེ་འགའ་རེད་ཚང་མ་མིན་ལྟ་བུའི་བཀའ་མོལ་དེ་འདྲ་དགོས་ཡག་མི་འདུག བཀའ་མོལ་དེ་ནི་ང་རྒྱལ་གྱི་གསུང་ཉག་གཅིག་ཡིན། ཚང་མ་ཡིན་མིན་དང་རེ་འགའ་ཡིན་མིན་ནི་སོ་སོ་རང་ཉིད་ནས་བརྩིས་ནས་ཤེས་རྒྱུ་ཞིག་རེད།

    Reply
  9. བསྟན་འཛིན་འཕགས་པ། says:
    ལོ་ 14 སྔོན།

    དྲ་གྲོགས་འདིའི་གྲཱ་བཙུན་འགའ་ཞིག་གིས་བྱེད་སྟངས་ལ་ལྟས་ནས་གྲཱ་བཙུན་ཡོངས་ལ་མ་ཉེན་བསྐྱོན་འཛུག་གནང་བ་སོ་སོར་མྱལ་བ་གནའ་མེད་དུ་འགྲོའི་རྒྱུ་ཞིག་ལས་གཞན་མ་མཐོང་།
    ཡིན་ན་གྲཱ་བཙུན་ཚོའི་འགྲོ་འདུག་སོགས་ལེགས་པོ་མ་གནང་ན་རྗེས་སུ་གནས་ཚུལ་འདི་འདྲ་རིགས་མང་དག་མི་ཡོང་བའི་ངེས་པ་མེད་་་་་་བསམ་བློ་མཐོང་

    Reply
  10. སྨར་ཀླུང་དཔའ་ལ། says:
    ལོ་ 14 སྔོན།

    ཁྱེད་ཀྱི་མཚན་ལ་ལྟོས་ན་བུད་མེད་ཅིག་གི་མཚན་རེད་འདུག་ཀྱང་དེང་གི་སྤྱི་ཚོགས་ནང་ཕོ་མོ་དབྱེ་མི་ཐུབ་པའི་མིང་འདྲ་མིན་བཏགས་ཀྱི་འདུག ཁྱེད་ཀྱང་དེའི་ཁོངས་སུ་མིན་ན། ལྕམ་བསྟན་འཛིན་ཚེ་འཚོ་ལགས་གུས་པའི་མི་གཤིས་དེ་སྐྱོན་ག་ཚོད་འདོགས་ན་དེ་ལས་དགའ་བསུ་ལས་ཁོང་ཁྲོ་མེད། ངེད་ཚོས་མཆན་ལ་མི་འགྲིག་པ་དང་ནོར་སྐྱོན་ཤིན་ཏུ་མང་པོ་ཞིག་ཡོང་དང་ཡོང་བཞིན་འདུག་པས་དེ་ཚོ་ལ་འདི་ལྟར་བཤད་ཐུབ་ན་དེ་ལས་དགེ་མཚན་ཆེ་བ་ལས་ཉེས་པ་གང་ཡང་མེད་ཀྱང་། གལ་སྲིད་སྐྱོན་འདོགས་པ་པོ་རང་ཉིད་ལ་ཡང་སྐྱོན་མེད་པ་ཞིག་གི་སྒོ་ནས་ཕ་རོལ་པོ་ལ་གླེང་མ་ཐུབ་ན། དེ་ཡང་སྐྱོན་ཆེན་པོ་ཞིག་ཡིན་པར་སེམས་པས་ཁྱེད་ཀྱིས་ཀྱང་མིང་འདི་གཅིག་པུའི་ནང་ལ་ཡང་དོ་སྣང་མ་བྱས་པའི་སྐྱོན་མང་པོ་ཞིག་འདུག་པར་སེམས། ཁྱེད་ཀྱི་(རྨ་ཀླུང་དཔལ་ལགས། )ཞེས་བྲི་གནང་བ་འདི་ལ་གཟིགས་དང་གུས་པའི་མིང་ནི། (སྨར་ཀླུང་དཔའ་ལ་)ཡིན་པས། ཚིག་དུམ་འདི་ནང་ལ་ཡང་ལྷག་ཆད་མང་པོ་བྱུང་ཤོར་འདུག་པས། འདི་རྒྱུད་ནས་ཟིན་བྲིས་འབྲི་བ་པོ་རང་གཞན་ཀུན་ལ་ཡིག་ནོར་གྱི་ཐད་ལ་དོ་སྣང་དང་། ཡོ་བཅོས་གང་བྱུང་རིགས་ལ་བཀའ་མཆིད་གང་མང་གནང་ཐུབ་པར་སྙིང་ནས་ལེགས་གསོལ་ཞུ་གི་ཡོད། འཚང་འདྲུ་དང་ངོ་ཤ་བྲུས་པ་གཏན་ནས་མིན་པ་དགོངས་མངའ་འཚལ། ཁྱེད་ཀྱི་ཁ་བརྡ་དེ་ཚོ་གུས་པའི་གདམ་ངག་ཉིད་དུ་འཆང་གི་ཡིན།

    Reply
  11. བསྟན་འཛིན་ཚེ་འཚོ། says:
    ལོ་ 14 སྔོན།

    རྨ་ཀླུང་དཔལ་ལགས། བྲིས་བ་ལེགས། ཡིན་ཡང་མགོ་མཇུག་གསུམ་བར་གང་ལ་ཡང་ཤད་འཇོག་སྟངས་ཅུང་མི་བདེ་བ་ཞིག་བྱུང་ལ་དབུགས་ཀྱང་ལེན་ཁག་ཙམ་བྱུང་། མཐའ་མའི་ཡིག་ཤད་ག་ཡི་རྗེས་ལ་ཡང་ཤད་གཅིག་བཞག་འདུག་པས་དེ་བས་དོགས་བདེ་མ་སོང་། ད་དུང་བས་བར་ལ་ཡང་ཚེགས་ཤིག་ཡོང་འདོད་གཏན་ནས་མེད་སྤྱིར་ཁྱེད་རང་གིས་མ་ཤེས་པ་ཞིག་ལ་ངོས་འཛིན་བྱེད་པ་མིན་དོ་སྣང་མ་བྱས་པའི་སྐྱོན་རེད། དེས་སྟབས་ཀྱིས་སྐྱོན་ཞེས་བརྗོད་བཞིན་ཡོད། དགོངས་དག་བཤད་སྙིང་འདོད་སོང་།

    Reply
  12. སྨར་ཀླུང་དཔའ་ལ། says:
    ལོ་ 14 སྔོན།

    གཡུ་དྲག་དཀར་ལགས་ཀྱིས་གསུང་པ་འདི་ཅུང་ཐལ་མི་ཆེ་འམ། ཁྱེད་རང་སྐྱབས་སུ་འཛིན་མ་ཐུབ་ན་མི་ཐུབ་པ་དེ་ཚོ་ལ་དད་པ་འགྲོ་གི་ཡང་མ་རེད་ལ་དེ་འདྲའི་རིགས་ལ་འགྲོ་དགོས་ཀྱི་ཡང་མེད་དད་ལྡན་དྭང་བ་འདྲེན་པའི་མིག་རྒྱན་ཞེས་པ་དེ་རང་གཞན་སུ་ཡི་ལྟས་ན་མངོན་ལྐོགས་གཉིས་སུ་མི་མཐུན་པ་མེད་པ་ཞིག་ལ་གསུང་པ་ཡིན་དུས་བྱ་ངན་འདི་ཚོ་ནི་གང་ཟག་སྒེར་གྱི་སྐྱོན་ཡིན་གྱི་ཆོས་ཀྱི་སྐྱོན་མ་ཡིན་པ་འདི་ངེས་པར་དུ་ཤེས་དགོས་པར་སྙམ། (ཁྱོད་ཀྱིས་དྲང་མོར་བཤད་ན་སྐལ་ལྡན་དང་བ་འདྲེན་པའི་མིག་རྒྱན་ཟེར་བའི་ཚིག་འདི་ནི་ཆོས་ལུགས་པའི་གཡོ་སྒྱུའི་ཚིག་ཞིག་སྟེ། ཚིག་འདིའི་དོན་ནི་སྦྱིན་བདག་མགོ་སྐོར་གཏོང་བའི་བཅོས་སྤྱོད་ཞེས་པ་ཙམ་ཞིག་ཡིན།)ཞེས་འདི་ནི་དེ་འདྲ་ཞིག་ག་ལ་ཡིན་ཤཱཀྱ་མུ་ནེའི་བསྟན་པ་འདི་ལ་གཡོ་སྒྱུ་དང་ཟོལ་ཟོག་གི་ཚིག་གཅིག་ཡོོད་ན་ལེགས་པར་གསུངས་པ་དང་དྲང་པོར་གསུངས་པ་ཉིད་དུ་མི་འགྲོ་བས་། ཐུགས་བསམ་ཡག་པོ་ཞིག་བཞེས་དང་(སེར་གཙང་ལྡོང་ཕྲུག་ཐུབ་བསྟན་བློ་གྲོས)ལགས་ཀྱིས་གསུང་པ་འདི་འདྲ་ཞིག་དེང་གི་སྤྱི་ཚོགས་འདིའི་གྲ་པ་རྣམས་ཀྱི་སྤྱོད་ལམ་དང་སྐུ་གཤིས་སོགས་རང་བློ་རང་ལ་ལྐོགས་ཏུ་མ་གྱུར་པའི་མེ་ལོང་ལ་ལྟོས་ན་ཕྱི་གསལ་ནང་གསལ་དུ་འགྲོ་བཞིན་པ་ཡིན་དུས་ཁོང་གིས་བསམ་ཚུལ་འདི་ནི་ངོ་མ་འཚང་ཐོགས་ཏུ་རྒོལ་བའི་གདམ་ངག་ཆེས་རིན་ཐང་བྲལ་བ་ཞིག་ཏུ་གྱུར་འདུག་སྙམ་ (ཕྱིའི་ཀུན་སྤྱོད་དང་ནང་གི་ཀུན་སློང་ཕྱོགས་ངོས་མང་པོ་ཞིག་ཏུ་དགེ་འདུན་པའི་རྟགས་ཙམ་འཛིན་པ་ལས་ཀྱང་ཐབས་ཇེ་རྡུགས་སུ་འགྲོ་བཞིན་ཡོད་པ་ཉིན་རེ་བཞིན་ཇེ་མང་རེད། ) ཞེས་པ་འདི་ཐམས་ཅད་གང་ཟག་ཁོ་རང་སྒེར་གི་བྱས་པ་ཞིག་ལས་ཤཱཀྱ་མུ་ནེའི་ཆོས་འདི་བཤད་སྟང་ཐབས་སྡུག་ནས་བྱུང་བཞག་པ་ཞིག་གཏན་ནས་བརྗོད་པ་མིན། རང་ལ་ཁ་ཟས་ཐོབ་པའི་ཕྱིར་དུ་བོད་པ་ཚོས་ཆོས་ལུགས་འདི་གཅེས་ཉར་བྱེད་པ་རེད་བསམ་ན་དེ་ནི་བསམ་བློ་ཤིན་ཏུ་བྱབ་ཆུང་མིན་ནམ། ཁ་ཟས་ནི་ས་འོག་གི་སྲིན་བུ་ཕྲ་མོས་རག་ཐུབ་དུས་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་རྒྱུ་མཚན་ཅི་ཡི་ཕྱིར་རག་མི་ཐུབ་དེ་ཙམ་ཞིག་གི་གལ་སྲིད་ནང་ཆོས་འདི་མི་ཡི་མགོ་བསྐོར་བ་ཡིན་པར་ཁྱོད་ཀྱི་བསམ་དུ་ཆུག་ན་ཡང་དེང་གི་སྐབས་སུ་འཛམ་གླིང་ན་སྐད་གྲགས་ཅན་གྱི་ཚན་རིག་པ་དུས་རབ་བཅུ་དགུ་པ་ནང་བྱུང་བའི་ཨེལ་བྷཊ་(albert)ལྟོས་གྲུབ་གྱི་སློབ་དཔོན་དམ་པ་འཛམ་གླིང་ན་སྙན་གྲགས་ཅན་གྱི་ཚན་རིག་པ་ཨ་ཡིན་སི་ཊེན་དང་(Einstein) རྗན་སི་རོ(jansiro)ཞེས་པ་འདི་ཚོས་ཤཱ་ཀྱ་མུ་ནེའི་ནང་ཆོས་འདི་ནི་འཛམ་གླིང་ས་སྒང་འདི་གི་སྙིང་དང་གཅིག་པ་ཡིན་སྙིང་མེད་ན་མི་འཚོ་བར་དཀའ་ལ་གལ་སྲིད་འཚོ་བའི་དབང་དུ་བཏང་ན་ཁོ་རང་ལ་སྐྱིད་པོ་བདེ་པོ་ཞིག་ཡོང་མི་ཐུབ་ཞེས་པ་སོགས་མང་པོ་བསྔགས་བརྗོད་གནང་བ་འདི་ཚོ་གང་ཟག་ཕྱོགས་རེ་བ་ཞིག་ཟ་གོན་མ་རག་ནས་ཆོས་འདི་བཟོས་པར་བསམ་ན་མི་ཤེས་པ་དེ་སུ་ཡིན་མགོ་བསྐོར་སུ་ལ་ཐེབ་པ་ཡིན་པ་བརྗོད་མི་དགོས་པ་བཞིན་དུ་སྤྱིར་ནི་འཛམ་གླིང་འདི་དང་སྒོས་སུ་བོད་གང་ཅན་པའི་སྐྱ་སེར་ཡོངས་ཀྱི་སྤྱི་ཚོགས་ནང་མེད་དུ་མི་རུང་བ་ཞིག་ཡིན་པས་ལོགས་པར་མ་བལྟ་ཞིག ཆོས་བྱེད་པ་པོའི་གང་ཟག་དེ་ཉིད་ཀྱི་བྱ་ངན་ཡོད་ཚད་ང་ཚོ་བསམ་ཚུལ་འདོན་པ་པོ་ཡོངས་ཀྱིས་སྐྱོན་ངན་ཐེར་འདོན་བྱེད་ནས་གསལ་བཤད་ངེས་པར་དུ་དགོས་ཀྱི། བོད་གངས་ཅན་པས་སྲོག་བཞིན་གཅེས་ཉར་བྱེད་པའི་ནང་པ་སངས་རྒྱས་པའི་རིང་ལུགས་ཟབ་མོ་འདི་ལ་འཁང་ར་དང་ཟུར་ཟ་དམོད་ཚིག་སོགས་ང་དང་ཁྱོད་ལྟ་བུས་བྱེད་ཤེས་ཀྱི་མེད་ལ་བྱེད་དགོས་ཀྱི་ཡང་མེད། རང་རེ་བོད་གངས་ཅན་པ་ལ་ཕུག་ནོར་འདི་ལས་རྩ་ཆེ་བ་ཞིག་གང་ཡང་མེད་པས་ནོར་བུ་འདི་ཉིད་ཀྱི་ནོར་ཉམས་ལོན་པར་བྱེད་དགོས་ཀྱི་གང་ཟག་གི་བྱེད་པ་ལ་ལྟོས་ནས་ནོར་བུ་མི་གཙང་བའི་ནང་དུ་རང་ས་་ནས་གཡུག་བཞག་ན་ཁྱོད་རང་ནོར་བ་ཡིན་པས་དུས་ནམ་ཡང་དེ་ལྟར་མ་སེམས་ཞིག།

    Reply
  13. རྒྱ་རགས། says:
    ལོ་ 14 སྔོན།

    དེང་སང་རབ་བྱུང་བའི་ཆེ་མཐོང་ཉམས་ཀྱིན་པ་དངོས་ཡོད་གནས་ཚུལ་རེད། འོན་ཀྱང་འདིའི་འབྱུང་རྐྱེན་ཚན་རིག་གི་ཅ་དངོས་དང་། གྲྭ་གཞོན་ཚོ་ཁོ་ནའི་སྟེང་དུ་སྤུང་ན་ནོར་བ་རེད། གྲྭ་བའི་ཆེ་མཐོང་ཉམས་པར་རྒྱུ་རྐྱེན་མང་དག་ཅིག་ཡོད། གནད་དོན་གཙོ་བོ་ནི་གྲྭ་རྒན་ཚོའི་སྟེང་ན་ཡོད་པ་ལས་གྲྭ་གཞོན་ཚོའི་སྟེང་ན་མེད། གྲྭ་རྒན་ཚོ་ལས་གྲྭ་གཞོན་ཚོར་སྤྱོད་པ་རྒོད་པ་བདེན་པ་རེད། དེ་ནི་མིའི་རིགས་ཀྱི་རང་གཤིས་ལྟ་བུ་ཞིག་རེད། གྲྭ་གཞོན་ཚོ་དེང་རབས་ཀྱིས་ཁ་བྲིད་དེ་སྨྱོན་པར་གྱུར་བ་མ་རེད། འོན་ཀྱང་ཁྱིམ་པ་ཡིན་ན་ཡང་ཆོག་ལ་གྲྭ་བ་ཡིན་ཡང་ཆོག་བསམ་བློ་གཏིང་ཟབ་མ་ཐོངས་པའི་སྐྱེ་བོ་མང་དག་ཅིག་གི་སེམས་སུ་ཆོས་ལ་ཕན་ཐོགས་མེད་པའི་འདུ་ཤེས་འཆར་གྱིན་ཡོད་པ་དངོས་ཡོད་རེད། དེ་ཡང་ངས་གོང་དུ་བཤད་པ་ལྟར་གྲྭ་རྒན་དག་གིས་མིག་ལྟོས་བཟང་པོ་བསྐྲུན་མ་ཐུབ་པས་ལན་པ་རེད། གྲྭ་རྒན་སྐོར་ཞིག་ལ་མི་ཚེ་ཆོས་ལ་བསྐྱལ་བའི་གྲུབ་འབྲས་འདི་རེད་ཟེར་བ་ཞིག་སྟོན་རྒྱུ་མེད་པར་དེ་ལས་ལྡོག་སྟེ་ཆགས་སྡང་ཕྱོགས་རིས་གཞོན་པ་དག་ལས་ཆེ་བ། དགེ་བཤེས་ཡིན་ཟེར་མཁན་སྐོར་ཞིག་ལ་ཉམས་དང་རྟོགས་པའི་གདེང་ཚོད་འདི་ཡོད་སྟོན་རྒྱུ་མེད་པར་མགོ་ཟེར་ཚོའི་རྐུབ་ལ་རྒྱུགས་རྒྱུར་གོམས་པ། འདི་དང་འདི་འདྲ་བ་མང་དག་ཅིག་རྒན་རབས་པའི་ཁྲོད་ན་འཐོན་བཞིན་ཡོད་པར་བལྟས་ནས། ཨོ་ནང་ཆོས་ཟེར་བ་དེར་སྦྱངས་སྦྱངས་ན་ཡང་ཕན་ཐོགས་དེ་ཙམ་མེད་པ་འདྲ། གྲྭ་རྒན་དེ་ཚོར་ལྟོས་དང་ཞེས་ཟེར་གྱིན་ཡོད་པ་རེད། རྒན་པ་ཚོས་གཞན་དོན་ཁུར་འཁྱེར་དང་། མངོན་ཤེས་རྫུ་འཕྲུལ། སྙིང་རྗེ་ལྷག་བསམ། ཆགས་སྡང་ཟད་པ། དེ་དང་དེ་ལྟའི་མིག་ལྟོས་ཡག་པོ་གང་བསྐྲུན་མ་ཐུབ་པས་གཞོན་རབས་པ་དང་རྗེས་སྐྱོང་བ་ཚད་ལྡན་གསོ་སྐྱོང་བྱེད་ཐུབ་ཀྱི་མེད་པ་རེད།

    Reply
  14. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 14 སྔོན།

    ཉེ་སྔོན་བཀའ་ཁྲི་ཟམ་གདོང་གིས་གསུང་པར་བཞིན་ནང་བསྟན་ཕལ་ཆེར་ཉམས་ཟིན་དུས་ དེའི་རྗེས་སུ་སེར་མོའི་ཆ་ལུགས་འཛིན་པ་ཚོར་བདེན་བརྫུན་གི་དབྱེ་བ་ཕྱེ་ས་ཞིག་མེད་གི་ དངོས་གནས་བཤད་ན་སེམས་ལ་ཆགས་སྡང་རྨོགས་གསུམ་གི་རྒྱུད་ཡོངས་སུ་ཁེངས་ནས་མ་ཡིན་ཡིན་འདོག་བྱས་ནས་འཕྲེང་བ་ཞིག་ལག་ཏུ་བཟུང་མགོ་དམའ་དམའ་བྱེད་འགྲོ་མཁན་དེ་ཚོ་ལས་ ཕྱི་གསལ་ནང་གསལ་བྱས་འགྲོ་མཁན་དེ་ཚོ་བཟང་བ་མིན་འགྲོ

    Reply
  15. lobsang says:
    ལོ་ 14 སྔོན།

    སེར་གཙང་ལྡོང་ཕྲུག་ཐུབ་བསྟན་བློ་གྲོས་ལགས་དང་གཡུ་དྲུག་དཀར་གཉིས་ཀྱིས་གནད་ལ་འཁེལ་འདུག གྲྭ་རྫུན་རེ་ཟུང་ཞིག་གི་སྤྱོད་པ་གྲྭ་པ་སྤྱི་ཡོངས་ལ་ཕོགས་ཀྱིན་འདུག་པས་འདིའི་དབྱེ་བ་བྱེ་དགོས།

    Reply
  16. གཡུ་དྲུག་དཀར། says:
    ལོ་ 14 སྔོན།

    གུས་པར་འོས་པའི་སྐུ་ཞབས་གླེན་པ་ལུག། ངས་གོང་དུ་བཤད་པ་དེ་སྒྲུང་ཞིག་ཡིན་མིན་དེ་གཙོ་བོ་མ་རེད། ངས་དེ་ལྟར་མཐོང་མྱོང་མོད། དེ་དག་མཐོང་བ་ཙམ་ལས་མིང་དང་སྡོད་གནས་སོགས་གསལ་བོར་ཤེས་ཁག་པོ་འདུག། འོན་ཀྱང་གཅིག་གི་མིང་དང་སྡོད་གནས་སོགས་གསལ་བོར་ཤེས་མོད། མི་དེ་ཐེར་འདོན་བྱས་པས་ཅི་ཞིག་ཕན་གི་རེད། ཁོང་མེད་པར་བཏང་ན་ཡང་གྲྭ་བའི་སྤྱི་ཚོགས་གཙང་མར་འགྱུར་མི་ཐུབ། གལ་སྲིད་མཚན་གཞི་ཞིག་ངེས་པར་དུ་དགོས་ཟེར་ན། དེ་ནི་ཁྱེད་རེད། ཧཧཧཧཧཧ

    Reply
  17. GYAMTSO says:
    ལོ་ 14 སྔོན།

    དེང་སང་དྲ་ལམ་ཁག་ཏུ་བོད་ཀྱི་གྲྭ་བ་རྒན་གཞོན་མང་པོ་ཞིག་ཕེབས་ནས་བསམ་ཚུལ་འདྲ་མིན་གསུང་དང་གསུང་བཞིན་པ་འདིའི་སྐོར་ལ་བསམ་བློ་ཡག་པོ་རེ་ངེས་པར་དུ་གཏོང་ངེས་རེད། རྨོག་རུ་བསྟན་པ་ལགས་ཀྱི་གསུངས་པ་བདེན་ཀི དྲ་ཐོག་གི་གྲྭ་བ་ཁག་གཅིག་ས་མཚམས་བརྒལ་ནས་སྤྱི་ཚོགས་ལ་མིག་ལྟོས་ངན་པ་བཞག་འདུག

    Reply
  18. ལུང་རྟོགས། says:
    ལོ་ 14 སྔོན།

    ཐེག་ཆེན་གྱིས་ནང་གི་བསམ་བློ་གཙོ་བོ་བྱེད་པ་ཡིན་ལ། ཐེག་ཆུང་གིས་ཕྱིའི་སྤྱོད་པ་གཙོ་བོ་བྱེད་པ་ཡིན། དེས་ན་ཕྱིའི་སྤྱོད་པ་རྗེས་སུ་ལུས་པ་ཙམ་གྱིས་ང་ཚོ་ཐཱེ་ལན་སོགས་ཀྱི་ཐེག་ཆུང་བའི་རྗེས་སུ་ལུས་པར་བཤད་དཀའ་བར་སེམས། གཞན་ཡང་ཆོས་དང་འཇིག་བརྟན་གང་གི་ཐད་ནས་བཤད་ཀྱང་གུ་དོག་རུ་དོག་རུ་འགྲོ་བ་འདི་ནི་རྗེས་ལུས་ཞིག་ལས་སྔོན་ཐོན་གྱི་རྟགས་མ་ཡིན་ནོ།

    Reply
  19. གླེན་པ་ལུག says:
    ལོ་ 14 སྔོན།

    རྩོམ་ཡིག་འདིས་བཤད་པ་ནི། གྲྭ་པ་སྐོར་ཞིག་གིས་ལག་ཁྱེར་ཁ་པར་ནས་གཞས་གྲག་ཏུ་བཅུག་ནས་སྲང་བར་ན་འགྲོ་གི་འདུག་ཟེར་བ་དང་། དེས་སངས་རྒྱས་ཀྱི་བསྟན་པ་ལ་རྨ་འབྱིན་གྱི་འདུག ད་དུང་ང་ཚོ་ལས་ཐེ་ལན་དང་ཤྲི་ལིང་ཀའི་གྲྭ་པ་སྤྱོད་པ་ཡག་པོ་རེད་་་ཅེས་པ་འདི་རེད། རྡོ་རྗེ་གདན་གྱི་རྒྱ་གར་དབུལ་བོ་ཚོའི་སྐོར་དེ་དགོས་མེད་ཅིག་རེད། འདིར་བཤད་འདོད་པ་ནི། རྩོམ་པ་པོ་དེའི་མིང་གི་མགོ་ལ་སེར་གཙང་ཞེས་པ་ཡོད་པར་བལྟས་ན་ཕལ་ཆེར་སེ་རའི་གྲྭ་པ་ཡིན་པ་འདྲ། སེ་རའི་སྒྲིག་ལམ་གྱི་དམ་དྲག་ནི་སེ་རའི་གྲྭ་བ་ཚོར་གསལ་བས། དེ་འདྲ་ཞིག་ཡོད་དམ། ངས་བསམ་ན་གཏན་ནས་མི་སྲིད། མཚམས་ཤིག་ལ་ལག་ཁྱེར་ཁ་པར་འཛིན་མི་ཆོག་པའི་སྒྲིག་ལམ་ཀྱང་བསྡམས་པ་རེད། དམིགས་བསལ་གུང་གསེང་སྟེ་དབྱར་གནས་དགག་དབྱེ་དང་། ལོ་གསར་གྱི་སྐབས་ལ་ནི་ཚོང་ཁང་ཟ་ཁང་དང་བཅས་པར་གློག་བརྙན་སྟོན་བཞིན་པའི་སྐབས་དེ་འདྲ་ལ་མེད་མི་སྲིད་པ་མ་རེད། དགྲ་བཅོམ་པ་དང་བླ་རྒན་ཞེས་པའི་མིང་འདྲ་མིན་འདོགས་ཟེར་བ་བདེན་པ་རེད། དེ་ཡང་གཉོམ་ཆུང་ཚུལ་མཐུན་གཅིག་བུར་འདོགས་ཀི་ཡོད་མ་རེད། བྱེད་སྟངས་མང་པོ་ཞིག་ལ་བལྟས་ནས་བཏགས་པ་ཞིག་རེད།
    ཐེ་ལན་དང་ཤྲི་ལིང་ཀ་སོགས་ཀྱི་གྲྭ་པ་ཡག་རབས་དེ་ནི་ཁྱེད་རང་མགོ་བོ་རྨོངས་པ་རེད། ཐེ་ལན་གྱི་ལོ་དུས་བཅད་བཟུང་གི་གྲྭ་པ་ཚོས་ཀྱང་། ཨ་རག་མཆོད་པ་དང་། ཐ་མག་འཐེན་པ། གཞང་ཁང་ཉུལ་བ། རྒྱལ་ཁམས་ཡངས་པོར་དགའ་རོགས་ཁྲིད་ནས་འཆམ་འཆམ་དུ་བསྐྱོད་པ་སོགས་ནི་རྒྱལ་ཁམས་ཧྲིལ་བོའི་མི་རྣམས་ཀྱིས་ཤེས་ཀྱང་རྗོད་བཞིན་པའི་དོན་གནད་ཅིག་ཡིན་འདུག་ན། ཁྱེད་ཉིད་ཧ་ཅང་མགོ་བོ་རྨོངས་སོང་ལགས།
    དེ་མིན་གཡུ་དྲུག་དཀར་ཟེར་བས་བརྗོད་པའི་སྤྱོད་ངན་དེ་ཚོ་བལ་ཡུལ་དང་། ལྡི་ལི་སོགས་ན་མང་རབས་བཤད་སོང་། དངོས་གནས་བདེན་ན་དཔེ་མཚོན་གཅིག་ཙམ་ནི་གསལ་ཐང་ཐིང་བཟོ་བའི་དུས་ལ་སླེབས་འདུག ང་ལ་མཚོན་ན་ལོ་ངོ་གཉིས་གསུམ་གྱི་རིང་འདིར་བལ་ཡུལ་དང་ལྡི་ལི་ལ་ཡང་ནས་བསྐྱར་དུ་སོང་བ་དང་། ཉིན་མཚན་གཉིས་ཆར་འཆམ་ཉུལ་དང་ཁྱེད་ཀྱིས་བཤད་པའི་གླུ་གར་ཁང་། མཚན་ཚོགས་ཁང་སོགས་ལ་ཡང་སོང་མོད། ངས་ནི་མཐོང་མ་སོང་། ཁྱེད་ལ་མི་ཞིག་གི་འགན་ཁུར་ཡོད་ན་སྒྲུང་མ་བཤད་པར་གཅིག་ཙམ་ཡང་གསལ་བོ་བཟོ་རོགས།

    Reply
  20. ཤེལ་དཀར་བློ་བཟང་། says:
    ལོ་ 14 སྔོན།

    སྤྱིར་བཏང་ཡག་པོ་གསུངས་འདུག འོན་ཀྱང་ཞིབ་ཆ་མ་ཕྱེ་བའི་སྐྱོན་དང་གུ་དོག་པའི་སྐད་མོལ་ཡང་མང་པོ་འདུག

    Reply
  21. རྨ་ཆུའི་སྐལ་བཟང་། says:
    ལོ་ 14 སྔོན།

    འེ་དྲ་བདག་ལགས་ངའི་འདི་ལ་མཆན་ཞིག་ད་ནང་སྔ་པོ་བཏབ་ཡིན་ཀྱང་
    ད་དུང་དྲ་ངོས་ལ་བཀོད་མི་འདུག་གང་ཡིན་ནམ།
    ཐུགས་རྗེ་གཟིགས་བཀོད་རོགས་གནང་དེ་འདྲ་གནང་ན་བློ་ཕམ་གི་འདུག་བོད་ཀྱི་དུས་བབས་ནི་བོད་མི་ཡོངས་ཀྱི་བསམ་ཚུལ་བཤད་ས་དང་དཔྱད་རྩོམ་སྤེལ་ས་ཡིན་པའི་ང་ལ་ཐོབ་དང་དེ་ཡོད་པའི་རེ་བ་ཡོད།།།

    Reply
  22. བྱ་གཞུང་འཇམ་དབྱངས། says:
    ལོ་ 14 སྔོན།

    རང་ཉིད་གྲྭ་བ་ཞིག་ཡིན་པའི་ཆ་ནས་གྲྭ་བའི་སྤྱི་ཚོགས་ལ་ཐུགས་ཁུར་དང་བརྩེ་སེམས་བཅིངས་བ་དེས་རང་ཉིད་ཀྱི་འོས་འགན་བསྙེལ་མེད་པར་མ་ཟད་དེའི་འཕྲལ་ཕུགས་རྒྱང་གསུམ་ལ་ཞིབ་ལྟ་དང་མནོ་བསམ་ནན་མོ་བཏང་ཡོད་པ་མཚོན་ཐུབ། ཉེས་སྐྱོན་དང་རུལ་སུངས་ལ་ཐེར་འདོན་དང་གཙང་སེལ་བྱེད་དགོས་པ་རེད། ཡིན་ན་ཡང། ཉེས་སྐྱོན་བཅོས་བསྒྱུར་དང་ངན་པ་མཐར་བསྐྲོད་ཀྱི་ཐབས་ལམ་གང་ཡང་ལམ་སྟོན་མེད་པར་དེ་དག་མེད་པར་བཟོ་དགོས་ཚུལ་དང་སྒྲོལ་བཟློག་དགོས་ཚུལ་རྐྱང་རྐྱང་བྱེད་བསྡད་པའི་ཅི་ཡང་མི་ཕན།

    Reply
  23. གཡུ་དྲུག་དཀར། says:
    ལོ་ 14 སྔོན།

    དྲང་མོར་བཤད་ན་སྐལ་ལྡན་དང་བ་འདྲེན་པའི་མིག་རྒྱན་ཟེར་བའི་ཚིག་འདི་ནི་ཆོས་ལུགས་པའི་གཡོ་སྒྱུའི་ཚིག་ཞིག་སྟེ། ཚིག་འདིའི་དོན་ནི་སྦྱིན་བདག་མགོ་སྐོར་གཏོང་བའི་བཅོས་སྤྱོད་ཞེས་པ་ཙམ་ཞིག་ཡིན། གང་ལྟར་སེར་མོ་བ་ཚོར་ད་དུང་མུ་མཐུད་ནས་དཀོར་ཟས་འབུལ་མཁན་གྱི་སྦྱིན་བདག་དགོས་ན། གྲྭ་ཆས་གྱོན་ནས་དྲ་ཚིག་ཁག་ཏུ་ཡོང་ནས་ཁྱིམ་པ་ཕལ་བས་ཀྱང་བརྗོད་མི་ཐུབ་པའི་ཆགས་ཚིག་སྨྲ་བ་དག་དང་། ལྡི་ལི་དང་རྡ་ས། བལ་ཡུལ་དང་འབྲུག་ཡུལ་སོགས་ན་ཉིན་མོར་གྲོང་ཆོག་དང་མཚན་མོར་མཚན་འཚོགས་ཕོ་མོའི་ཐུགས་སྤྲོ་ན་ར་བཟི་བ་དག་ལ་ཚོད་འཛིན་ཞིག་བྱ་དགོས་སྙམ། ཁྱེད་ཚོ་དྲ་ཚིགས་སུ་ཡོང་ན་ཡོང་། ཆགས་ཚིག་བཤད་ན་བཤད། འོན་ཀྱང་དྲ་ངོས་སུ་སྟོན་པའི་ན་བཟའ་གྱོན་པའི་པར་དེ་འཇོག་དགོས་དོན་འདུག་གམ། ཁྱེད་ཚོ་མཚན་འཚོགས་ལ་སོང་ན་སོང་། ནུབ་ཕྱོགས་པའི་ཞབས་བྲོ་འང་ལྡིང་ན་ལྡིང་། འོན་ཀྱང་ཕྱེད་གྲྭ་ཆས་དང་ཕྱེད་སྐྱ་ཆས་བྱེད་དགོས་དོན་ཡོད་དམ། གྲྭ་བར་ཅིག་བཤད་ན་ལམ་སེང་གདོང་པ་དམར་ནག་དུ་གྱུར་འགྲོ། འོན་ཀྱང་མི་ཆོས་ལྷ་ཆོས་གང་ཡང་མི་མཐུན་པའི་སྤྱོད་ངན་དེ་འདྲ་འཁྲབ་ན་ང་ཚོས་ངོ་སོ་སྟོད། སྐྱབས་སུ་མཆི་ཟེར་ཐུབ་ཀྱི་མི་འདུག་པས་ཁྱེད་ཀྱི་ཀླད་པའི་ནང་དུ་དུད་འགྲོ་ལས་ལྷག་པའི་ཤེས་པ་ཞིག་ཡོད་ཚེ་ངེས་པར་གཟབ་རོགས།

    Reply
  24. སེར་ཏྲེ་མཁར་སྒང་བསོད་ནམས་དབང་ལྡན། says:
    ལོ་ 14 སྔོན།

    ངོ་མ་བདེན་པ་རང་རེད། ནང་གི་རྟོགས་པ་མཐོ་རུང་དམའ་རུང་། ཕྱིའི་ཀུན་སྤྱོད་ལ་འགྱུར་བ་ཅུང་ཟད་གཏོང་དགོས་རྒྱུ་དེ་ཤིན་ཏུ་གལ་ཆེན་རེད། ཁ་ཤས་ཀྱིས་གཙོ་བོར་བསམ་བློ་རེད་ཟེར་ནས་གང་དྲན་བྱེད་པའང་མཐོང་རྒྱུ་འདུག་སྟེ། དེ་ནི་ཅིའང་མི་ཤེས་པའི་ལྐུགས་རྟགས་རང་རེད་ལ། དེ་རིགས་ཀྱིས་ཁ་ནས་བཤད་པ་ཙམ་ལས་བསམ་བློ་གཙོ་བོ་ཡིན་པའི་བྱ་བའང་གཏན་ནས་སྒྲུབ་ཀྱི་མེད་པར། མི་ཚེ་སྟོང་ཟད་གཏོང་གི་ཡོད་པ་དེ་བསམ་ཞིང་བསམ་ན། ངོ་མ་ང་ཚོའི་མི་རིགས་འདི་ལ་ད་དུང་ཡང་་་་་་་་་་་་མ་འོངས་པར་་་་་་་་་ལོ་ཇི་་ཙམ་ནས་ཅུང་ཟད་ཡར་ཐོན་འོང་ན་སྙམ་དུ་སེམས་ཀྱི་ཡོད།

    Reply
  25. ཤར་མདའ། says:
    ལོ་ 14 སྔོན།

    གོང་དུ་བློ་གྲོས་གསུང་པ་ལྟར་ཡིན་ཡང་དུས་རགས་གཉེར་གཅིག་པའི་འགྱུར་འགྲོས་ཟེར་པ་དེ་ནི་རྒྱལ་སྤྱིའི་འགྱུར་འགྲོས་ཤིག་ཡིན་ཙང་ཕྱིའི་ནམ་པ་དང་ནང་བསམ་བློ་གང་ཡིན་ཡང་དེང་དུས་ཀྱི་རྗེས་ཟིན་པ་དགོས་པ་ཞིག་གསུང་གི་ཡོད་པ་རེད།   བཀའ་ཁྲི་མཆོག་གི་ཉེ་བས་འཆར་བཀའ་གསུང་གནང་ཡོད་པ་ལ་གཟིགས་དང་ནང་པའི་བསྟན་པ་ཕལ་ཆེར་ཉམ་ཚར་པ་རེད་གསུང་པ་འདི་ཡང་དོན་སྙིང་འདི་ལྟ་བུ་ལ་དགོས་པ་ཡིན་པ་ཤེས་གསལ་རེད།   དེ་འདྲ་ཡིན་དུས་ད་ཕྱིའི་ན་བཟའ་གྱོན་སྟངས་ཤིག་དང་སྤྱོད་པ་ཁུར་སྟངས་སོགས་གླེང་རིན་མེད་པས་དེ་ཙམ་ཞིག་བྱེད་རྒྱུ་ཡིན།

    Reply
  26. བཟོད་པ་ལྷ་རྩེ། says:
    ལོ་ 14 སྔོན།

    མིང་ལ་ཐེག་ཆེན་ཞེས་བཏགས་པ་ཙམ་གྱི་ཐེག་ཆེན་པ་ཡིན་པས་ཁྱབ་པ་མེད་ལ། ཐེག་ཆེན་གླིང་ལ་ཡོད་མཁན་ཚང་པ་ཐེག་ཆེན་པ་ཡིན་དགོས་ན་དེ་ནི་དེ་བས་ཧ་ཅང་ཐལ་ལ། སྡོད་ས་པད་ཁོག་སྒང་ལ་སྡད་ནས་མིག་ལ་ཐ་བ་ལྟབས་མཁན་དེ་ཡང་ཡང་དག་པ་ཞིག་མིན་པར་འདོད། གྲྭ་ས་གྲྭ་ཚང་ནང་དུ་སྡད་ནས་བསྟན་ཤིག་ཁོ་ན་ཁྲབ་ནས་སྤྱི་ཚོགས་སྟེང་མཁས་ཉམས་སྟོན་ཕྱིར་རང་གིས་བསྟན་ཤིག་ཁྲབ་པ་ཚང་མ་གྲྭ་པ་སྤྱི་ལ་གཡོགས་ནས་གྲྭ་པས་འདི་དང་འདི་བྱེད་ཀྱི་འདུག་ཟེར་མཁན་རྒྱབ་མདུན་མི་མཚུངས་བའི་ལས་ཀ་གཉེར་ནས་ཆོས་དང་འཇིག་རྟེན་གཉིས་ཀྱི་བར་སྲིད་པ་དག་གི་ལོག་གཏམ་ལ་དུས་ནམ་ཡང་བདེན་ཁ་གཏེར་རྒྱུ་མེད། རྩད་བཙོད་ཞིབ་ཚགས་བྱས་པ་ཡིན་ན་སྤྱོད་ངན་ཁྲབ་མཁན་ཁོ་རང་ཡིན་པའི་ངེས་ཤེས་རྙེད་ཐུབ།

    Reply
  27. Dawai Shonu says:
    ལོ་ 14 སྔོན།

    སེར་གཙང་ལགས། ཁྱེད་རང་བཤད་པས་སྐད་ཆའི་ནང་བདེན་པའི་ཆ་ཧ་ཅང་ཉུང་འདུག ན་གཞོན་སེར་མོ་བ་གཅིག་པུར་ཁ་བརྡུང་བཏང་ནས་ག་རེ་བྱེད་གས། དོན་དངོས་ཐོག་ཀུན་སྤྱོད་མི་ལེགས་པའི་གྲྭ་པ་ལོ་ཆེ་ཆུང་ཁྱད་པར་མིན་འདུག གྲྭ་པ་ལོ་གཞོན་པ་གཅིག་པུར་ལ་སྐྱོན་བཏོན་པ་ནི་དངོས་ནས་ཐུབ་ཚོད་རང་རེད།
    ད་དུང་དེང་དུས་ཚན་རིག་དར་ཁྱབ་ཆེ་བས་དབང་གིས་སློབ་གྲྭའི་ནང་སློབ་སྦྱོང་ཚད་དམའ་རུ་འགྲོ་གི་ཡོད་པ་རེད་བཤད་པ་ནི་གླེན་པའི་སྐད་ཆ་རང་རེད། དེང་དུས་ཤེས་ཡོན་ཡར་རྒྱས་འགྲོ་བ་མ་གཏོགས་མར་རྒྱས་འགྲོ་གི་མེད། ཁྱེད་རང་སྔོན་ལ་སྤྱི་ཚོགས་ཀྱི་གནས་སྟངས་ཐོག་ལ་དོ་སྣང་ཆེ་ཙམ་བྱ་དགོས།

    Reply
  28. རྨོག་རུ་བསྟན་པ། says:
    ལོ་ 14 སྔོན།

    དྲ་གྲོགས་ལགས་ཀྱི་བསམ་ཚུལ་དེ་དངོས་ཡོད་དང་མཐུན་པ་ཞིག་བཀོད་འདུག་་་ལྷག་པར་དེང་སང་གདན་སའི་ནང་གི་གྲྭ་བ་རྒན་པ་དང་།འཛིན་གྲྭ་རྒན་པ་ཡིན་མཁན་རེ་ཟུང་གིས་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་བ་དང་།མཆན་བུ་འདེབས་སྐབས་གྲྭ་བའི་ཀུན་སྤྱོད་དང་།གྲྭ་བའི་འདུ་ཤེས་ལས་བརྒལ་བའི་ཆགས་ཚིག་དང་།འཆལ་ཚིག་མང་པོ་ཞིག་ཐོན་བཞིན་ཡོད་པ་དང་།མདོར་ན་དྲ་ཐོག་ཏུ་གྲྭ་བ་དང་མི་སྐྱ་ཡིན་མིན་གྱི་ས་མཚམས་མེད་པ་ལྟ་བུར་བྱེད་ཀྱིན་ཡོད་པའི་མཐོང་ཚུལ་བྱུང་།དེ་དག་གིས་གཞོན་སྐྱེས་གྲྭ་ཕྲུག་ཚོ་ལ་མིག་དཔེ་ངན་པ་རེ་སྟོན་གྱིན་མེད་འགྲོ་བསམ་གྱིན་འདུག་་་བསམ་ཚུལ་ཙམ་ཡིན།

    Reply
  29. རིག་འཛིན། says:
    ལོ་ 14 སྔོན།

    གང་ཟག་འདི་ཐེག་ཆེན་ཞིག་ཡིན་མིན་ངོས་འཛིན་དགོས་ན།
    དང་པོ་་་ནང་སེམས་ཀྱི་ཀུན་སློང་ཁྱེར་སྟངས་ལ་གཙོ་བོ་གཟིགས་ཞིབ་གནང་དགོས་པ་ལས་ཕྱིའི་ཀུན་སྐྱོད་རྐྱང་རྐྱང་བལྟ་ནས་ཐེག་པ་ཆེ་ཆུང་དབྱེ་འབྱེད་བྱེད་དགོས་ཅུང་ཙམ་ཁལ་པོ་རེད་སྙམས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese