མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞན་ཡུལ་ན་ལས་ཀ་དང་འཚོ་བ་འདི་འདྲ་རེད། ཉེར་ལྔ།

བོད། ཤ་ཁྲག་རུས་གསུམ།
༢༠༡༡/༠༦/༢༤
Share on FacebookShare on TwitterShare on EmailShare on Whatsapp

                                                      ཉེར་ལྔ།

མི་ཟེར་བ་ནི་འཚོ་བའི་ཆེད་དུ་འདུར་བཞིན་ཡོད་དམ། ཡང་ན། བདེ་སྐྱིད་ཀྱི་ཆེད་དུ་འདུར་བཞིན་ཡོད། དེ་མིན་གཞན་ཞིག་འཚོལ་གྱི་ཡོད་མེད་གང་ཡིན་བཤད་དཀའ་མོད། ཉིན་ལྟར་ལས་ཀ་འགྲོ་དགོས་པ་ནི། གང་དུ་བསྡོད་མིན་ལ་མ་བལྟས་པར། མི་ཞིག་གི་འཚོ་གནས་ཀྱི་ཁྲོད་དུ་བསྡོད་དགོས་དུས། ལས་ཀ་ཡག་སྡུག་ཟེར་བ་མེད་པར། རང་རང་གིས་གང་ཤེས་པ་དང་གང་འཇོན་པ་དེ་བྱེད་དགོས་པ་ཡིན་པ་དེ་ནི་མིའི་འཚོ་སྟངས་ཤིག་ཆགས་ཡོད་པ་ཡིན། དེ་ཡིན་དུས་རང་ཉིད་དུས་རྒྱུན་ལྟར་ལས་ཀ་ན་བྲེལ་བྲེལ་ཚབ་ཚབ་ཀྱིས་འདུར་བཞིན་པའི་སྐབས་སུ། ཁ་པར་གྱི་སྒྲ་དབྱངས་སྙན་མོ་ཞིག་རང་གི་ཨམ་ཕྲག་ནས་གྲགས་ནས་འོང་།

ངས་ཨ་རོགས། སུ་ཡིན་ཞེས་འདྲི་མི་དགོས་པར་ཁ་པར་ཡར་བཀྱགས་པ་དང་ནང་དུ་མི་མང་ཡོད་དུས། གཏོང་མཁན་ནི་ཆོས་སྒྲོན་རེད་འདུག ཆོས་སྒྲོན་ནི་ང་རང་གི་ངོ་ཤེས་ནས་ལོ་ངོ་གཉིས་འགྲོ་གྲབས་ཡོད། དེ་ནི་གྲོགས་པོ་བུ་ཆུང་རྒྱུད་ནས་ངོ་ཤེས་པ་ཡིན། ཁོ་མོ་ནི་ད་ལྟའི་འཆར་གྲོགས་པོ་བུ་ཆུང་གི་དགའ་རོགས་སུ་གྱུར་ཡོད། ཁོ་མོས་བཤད་ན། གཟའ་འཁོར་རྗེས་མའི་གཟའ་པ་སངས་ཉིན་ང་ཚོ་ཚང་མ་འཛོམས་ཀྱི་ཡོད། ཁྱེད་རང་ཡང་བུ་ཆུང་ནང་དུ་ཡོང་རོགས་གནོངས་ཟེར་ནས་བཤད་པ་དེར་ངས་ཀྱང་ཁས་ལེན་བྱས་པ་ཡིན།

ཆོས་སྒྲོན་ནི་བོད་ནས་ཆུང་དུས་སུ་རྒྱ་གར་དུ་ཡོང་བ་དང་དེ་ཡི་རྗེས་སུ་བལ་ཡུལ་ནས་བསྡད། རྗེས་སུ་རྒྱལ་ཁབ་འདིར་ལས་ཀ་བྱེད་དུ་ཡོང་བའི་བོད་ཀྱི་བུད་མེད་ཅིག་ཡིན། མོ་རང་གི་ལས་ཀ་ནི་བྱིས་པ་ནད་པ་ཞིག་གཉོར་སྐྱོང་བྱེད་རྒྱུ་དེ་ཡིན་ལ། མི་ཚང་དེས་མོ་རང་ནི་ལས་ལ་བརྩོན་པའི་བུད་མེད་ཅིག་དང་ཁ་ལན་མི་ལོག་པའི་བུད་མེད་ཅིག་ཡིན་པ་ཤེས་ནས། ག་ལེར་མོ་རང་མི་ཚང་དེ་ཡི་གཡོག་པོ་ལྟ་བུ་ཞིག་ཆགས་ནས་ལས་ཀ་བྱེད་ཀྱི་ཡོད་དུས། མཚམས་རེར་མོ་རང་གིས་རང་ཉིད་ཡུན་རིང་བསྡོད་མྱོང་སའི་རྒྱ་གར་སྐྱིད་སྣང་ཡོད་པ་ཞིག་དྲན་བཞིན་ཡོད་པ་རེད། མོ་རང་ནི་མི་ཚང་མར་འདྲིས་སླ་བའི་བུད་མེད་ཅིག་དང་། གྲོགས་པོ་བྱེད་པར་ལས་སླ་བོ་ཡོད་པའི་བུད་མེད་ཅིག་ཡིན།

ང་ཚོ་མཉམ་དུ་འཛོམས་ཞེས་བཤད་དུས། ང་ཚོ་ཟེར་ན་བུད་མེད་གཞན་གཉིས། མོ་རང་གི་གྲོགས་མོ་ཡིན། གཉིས་ཀ་བོད་པ་ཡིན་ལ། རྒྱ་གར་ནས་སྐྱེ་བ་དང་མོ་རང་དང་འདྲ་བར་ལས་ཀ་བྱེད་དུ་ཡོང་བའི་གྲངས་ཡིན། ཁོ་མོ་གཉིས་ཀྱི་གཅིག་གི་མིང་ལ་དབྱངས་སྐྱིད་དང་ལྷག་སྒྲོན་ཟེར་གྱི་ཡོད། རྒྱལ་ཁབ་འདིར་བོད་པ་ཉུང་ཉུང་ཡིན་པ་དང་། མཚམས་རེར་ཟླ་ངོ་གཅིག་གཉིས་རེ་ཡི་རང་དུ་བོད་པ་རེ་འཛོམས་རྒྱུ་བྱུང་དུས་ཁོ་མོ་ཚོ་ཡང་སྐྱིད་པོ་བྱུང་གི་ཡོད་པ་མ་ཟད། ང་ཚོ་ཡང་སྣང་བ་སྐྱིད་པོ་ཞིག་ཡོང་གི་ཡོད། དུས་རྒྱུན་གྲོགས་པོ་བུ་ཆུང་། གྲོགས་པོ་བློ་བཀྲ ང་། བུད་མེད་དེ་གསུམ་བཅས་ཡིན། ང་ཚོ་རྒྱལ་ཁབ་འདི་ནས་མང་ཆེ་ཤོས་འཛོམས་ས་ནི། གྲོགས་པོ་བློ་བཀྲ་ཡི་ནང་དུ་ཡིན། མི་རིང་བར་གྲོགས་པོ་བློ་བཀྲ་བཟའ་མི་བཀང་བོ། ཀྲེ་ལ་བེས་ནས་ས་གནས་གཞན་དུ་གནས་སྤོར་དགོས་ཀྱི་ཡོད་པ་ཡིན།

གྲོགས་པོ་བློ་བཀྲའི་ཆེད་དུ་ཟེར་ན་རེད། ང་ཚོ་མ་མཛོམས་པར་ཡུན་རིང་སོང་ཡོད། སྔོན་ཆད་ཅིག་ལ་ང་རང་ཁོ་མོ་ཚོ་དང་ལྷན་དུ་སོང་བའི་སྐོར་གྲོགས་པོ་ཞིག་གི་རྒན་མོ་རྒྱུད་ནས་ཤེས་སོང་བ་དེ་ཡིས་ང་རང་གི་མཛའ་མོ་དང་མཛའ་མོའི་མ་རྒན་བཅས་ངའི་སྟེང་ལ་ཁོང་ཁྲོ་ཟ་བ་དེ་ནས་བཟུང་། ངས་ཀྱང་རང་སེམས་ན་ཉེས་པ་མེད་ན་གཤིན་རྗེ་ལ་འཇིགས་པ་མེད་ཅེས་བཤད་སྲོལ་ཡོད་པ་དེར་གཞིར་བཟུང་ན་ཡང་། དུས་ཚོད་ཆེས་མི་ཉུང་བ་ཞིག་ལ་མཛའ་མོ་ལ་བསྟུན་ནས་ཕྱི་ལ་ཁོང་ཚོས་མཉམ་དུ་སོང་མེད། ཨོ་རེད། ཁོང་ཚོས་མཉམ་དུ་འགྲོ་བཞིན་ཡོད་པ་དེ་ནི། ང་ཚོ་ཚང་མ་བོད་པ་ཡིན་པ་དང་གཞན་ཡུལ་ན་ཡོད་པ་གཅིག་པ་ཡིན་པས་འགྲོ་བཞིན་ཡོད་པ་ལས། བུ་དང་བུ་མོའི་བར་གྱི་འབྲེལ་བ་འདྲ་ཡོད་པས་མིན། ང་རང་གིས་སེམས་ནང་དུ་འདྲ་མིན་རེ་དྲན་མྱོང་ན་ཡང་། ཁ་ནས་སྐད་ཆ་གང་ཡང་བཏོན་མྱོང་མེད་ལ། རང་ཉིད་ལ་མཛའ་མོ་དང་བུ་མོ་ཞིག་གི་ཕ་རྒན་ཡིན་པའི་འགན་དང་། གྲོགས་པོ་ལ་གྲོགས་པོའི་ས་མཚམས་ནས་བསྡད་དེ་འཛོམས་ཀྱི་ཡོད།

ཆོས་སྒྲོན་དང་གྲོགས་པོ་བུ་ཆུང་གཉིས་ཀྱང་། དང་བོ་ངོ་ཤེས་སྟངས་དེ་འདྲ་ཡིན་ཟེར་ན་འགྲིག་གི་ཡོད། ཕྱིས་སུ་གྲོགས་པོ་བུ་ཆུང་ཁ་ཁར་སོང་བ་རེད་ལ། ཁ་ཁར་མ་སོང་བའི་སྔོན་དུ་ཁོ་གཉིས་ལ་འབྲེལ་བ་ཡང་བྱུང་བ་རེད། དེ་ཡི་སྐོར་ནི་ཤེས་མཁན་ཐོག་མ་ང་ཡིན་ཟེར་ན་ཆོག གཅིག་བྱས་ན། ང་རང་གིས་དེ་རིང་རང་གི་མི་ཚེ་དང་འགྲོགས་ནས་འོང་བའི་སྐོར་འབྲི་བཞིན་ཡོད་དུས། ཁོ་གཉིས་ཀྱི་གནས་ཚུལ་འདིར་ཟུར་དུ་བྲིས་པ་དེར་ང་ལ་ཀུ་ཡངས་ཡོད་པར་སྙམ་ནས་ཁོ་གཉིས་ལ་སྐད་ཆ་ཡང་མ་དྲིས་པར་འབྲི་བཞིན་ཡོད། གྲོགས་པོ་བུ་ཆུང་རྒྱལ་ཁབ་འདིར་དེང་ཐོག་སླེབས་དུས། སོ་ནམ་སློབ་མའི་མིང་ཐོག་ནས་སླེབས་ཡོད་པ་དང་། སོ་ནམ་སློབ་མའི་དུས་སྐབས་སུ། ཁོ་རང་གི་བུ་མོའི་ཨ་མ་ཤེས་རབ་ལྷ་མོ་ནི། དང་བླང་རོགས་རམ་པ་ཡིན་དུས། ཁོ་དང་འབྲེལ་བ་བྱུང་ནས་ཕྱིས་སུ་ཁོ་གཉིས་མཉམ་དུ་བསྡད་པ་ཡིན།

ལོ་ངོ་གཉིས་གསུམ་རིང་དུ་མཉམ་དུ་བསྡད་པའི་མཐར་བུ་མོ་ཆུང་ཆུང་སྙིང་རྗེ་མོ་ཞིག་ཀྱང་ཡོད། མིང་ལ་པདྨ་ཟེར་བ་ཡིན། མ་འགྲིག་ས་ཕྱོགས་གཉིས་ཀ་ཡོད་ངེས་ཡིན། ཕན་ཚུན་ལ་བསམ་ཤེས་དང་བཟོད་བསྲན་གྱི་མཐར་མ་འཁྱོངས་པར་བུ་མོ་པདྨ་ཨ་མ་ཡི་མཉམ་དུ་ཡོད། བུ་ཆུང་གིས་ཟླ་རེ་ལ་ནུ་རིན་རེ་སྤྲོད་ཀྱི་ཡོད་པ་དང་གཟའ་འཁོར་གཅིག་གི་ནང་དུ་ཐེངས་ཁ་ཤས་ཤིག་ལ་ཐུག་འཕྲད་བྱེད་དུ་འགྲོ་བཞིན་ཡོད། གཟའ་པ་སངས་མང་ཤོས་ཤིག་ལ་ཁོ་རང་གི་སར་བླངས་དེ་ཉིན་བཀང་བོར་བལྟ་བཞིན་ཡོད། དངོས་ནས་བཤད་ན། ཁ་ཁ་བྱེད་དགོས་ཟེར་མཁན་ནི་བུ་ཆུང་ཁོ་རང་ཡིན་པ་ལས་ཤེས་རབ་ལྷ་མོ་མིན། ཤེས་རབ་ལྷ་མོ་ལ་ཁ་མང་བ་དང་བུ་ཆུང་ཁོ་རང་འཁྱམ་ཉུལ་ལ་ཅུང་དགའ་བ་དང་། གྲོགས་པོ་ཁ་ཤས་དང་འཛོམས་དུས་སུ་ཨ་རག་འཐུང་བར་དགའ་བ་ཡིན། དུས་ཚོད་ལྟར་ཕྱིར་ནང་དུ་མི་སླེབས་པ་སོགས་ཁོ་རང་གི་ཕྱོགས་ན་ནོར་འཁྲུལ་ཡོད་ཏན་ཏན་ཡིན་དུས། ཤེས་རབ་ལྷ་མོའི་ཁ་དེ་ནི་ནམ་རྒྱུན་མི་ཡོད་མེད་གཉིས་ཀ་ལ་བསྡོད་མི་ཚུགས་པ་ཡིན་དུས། ཁོ་གཉིས་མཐར་ཁ་ཁར་སོང་བ་རེད།

ང་རང་གི་བསམ་ཕྱོགས་ནོར་མེད་པ་མིན་ན། བུ་ཆུང་ཁོ་རང་གིས་དངོས་ནས་རང་ཉིད་བོད་ཀྱི་བུད་མེད་ཅིག་དང་མཉམ་པོར་བཟའ་ཚང་མ་བྱས་པ་དེ་ནོར་འཁྲུལ་དུ་བསམ་བཞིན་ཡོད་ལ། ང་ཚོ་ག་དུས་འཛོམ་ན་ཡང་ཆོས་སྒྲོན་གྱིས་ཐབ་ཚང་དུ་ལས་ཀ་བྱེད་བཞིན་པ་དེར་སྟོན་བཞིན། བལྟས་དང་བོད་པའི་བུད་མེད་ཅིག་ཡིན་ན་ད་སྐྱིད་པོ་འདུག་ག་ཟེར་ཞོར། ང་ཚོ་ལ་ཡང་ཡང་བཤད་པ་དེ་སོགས་ལ་བལྟས་ན། ཁོ་རང་ཆོས་སྒྲོན་དང་ཁ་ཐུག་ནས་ཤེས་རབ་ལྷ་མོ་ལ་བརྩེ་བ་མེད་པར་གྱུར་བ་དང་། ཁོ་མོ་དང་མཉམ་དུ་བསྡོད་འདོད་མེད་པའི་བསམ་བློ་ཤུགས་ཆེ་རུ་འགྲོ་བ་ཡིན་སྙམ་གྱི་ཡོད། གང་ལྟར། དེང་སང་བུ་ཆུང་དང་ཆོས་སྒྲོན་གཉིས་ནི་དགའ་རོགས་ཀྱི་མིང་ཐོག་དུ་ཡོད། ཕན་ཚུན་གཉིས་ཀ་ལ་ལས་ཀའི་བྲེལ་ན་ཡང་། གཟའ་མཇུག་ཕལ་ཆེ་བ་ལ་བུ་ཆུང་གི་ནང་དུ་འཛོམས་ཀྱི་ཡོད་པ་རེད།

དེ་ཡིན་དུས་ཁ་པར་གཏོང་མཁན་དེ་ནི་ཆོས་སྒྲོན་ཡིན་ལ། ངས་ཆོས་སྒྲོན་ལ། ཡ་འགྲིག་གི་རེད། ང་ཡོང་ཆོག་ཞེས་ལན་བཏབས་པ་ཡིན།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༡༦ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༦ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༢༠ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

མཆན། 4

  1. chokri nyima says:
    ལོ་ 15 སྔོན།

    བོད་ཁ་བ་ཅན་བུ་མོ་ཞིག
    མི་ཁྱེད་ཀྱི་ལས་སུ་མ་སྐོས་ཀྱང་།
    གླུ་སྙན་པོ་ཚིག་དོན་གཉིས་མཚུངས་ཤིག
    བོད་ཤ་ཁྲག་གཅིག་པའི་ངོ་སོ་ཡིན།

    Reply
  2. chokri nyima says:
    ལོ་ 15 སྔོན།

    ཅོ་རི་བའི་གླུ་མ་འདིའི་གླུ་ཞིག་ཁྱེད་ལ་ཕུལ། བོད་ཁ་བ་ཅན་བུ་མོ་ཞིག མི་ཁྱེད་ཀྱི་ལས་སུ་སྐོས་ཀྱང་། གླུ་སྙན་པོ་ཚིག་དོན་གཉིས་མཚུངས་ཤིག བོད་ཤ་ཁྲག་གཅིག་པའི་ངོ་སོ་ཡིན།

    བདེ་མོ་ཡིན་ནམ།།།།

    http://www.youtube.com/watch?v=3f-KUzsROzc&playnext=1&list=PL5CC0EC80A74EB5AB

    Reply
  3. tajamt says:
    ལོ་ 15 སྔོན།

    བཀླགས་ཟིན། མུ་མཐུད་དུ།

    Reply
  4. kawakarpo says:
    ལོ་ 15 སྔོན།

    ཨོ་ཙི། ད་གཟབ་གཟབ་བྱོས་མ་གཏོགས་རྩོམ་ཡིག་འབྲི་བའི་དུས་ཚོད་མེད་པའི་ཚོད་དུ་སྐྱེལ་སྲིད་དོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese