མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞན་ཡུལ་ན་ལས་ཀ་དང་འཚོ་བ་འདི་འདྲ་རེད། ཉེར་བདུན།

བོད། ཤ་ཁྲག་རུས་གསུམ།
༢༠༡༡/༠༦/༢༦
Share on FacebookShare on TwitterShare on EmailShare on Whatsapp

 ཉེར་བདུན།

གཟའ་པ་སངས་ནམ་རྒྱུན་ལྟར། ང་རང་ཞོགས་ཉལ་ཞིག་རྒྱགས་ཁུལ་བྱེད་ཀྱི་ཡོད་ལ། མཛའ་མོའི་མ་རྒན་ཡང་རྒྱུན་ལྡན་ལྟར་ཆུ་རྐྱལ་ཁང་དུ་བུད་འགྲོ མཛའ་མོ་ཡང་མང་ཤོས་སུ་བུ་མོ་ཁྲིད་ནས་ཁྲོམ་རྭ་ཆེན་མོར་ཅ་དངོས་ཙག་ཙག་རེ་ཉོ་རུ་འགྲོ་ངེས་ཡིན། དེ་རིང་ཡང་ང་རང་ཁོང་ཚོ་ཕྱི་ལ་སོང་མ་ཐག མགྱོགས་པོ་ཉལ་ས་ནས་ཡར་བླངས་པ་དང་བསྟུན། ཁ་ངོ་གཙང་མ་ཞིག་དཀྲུས། དེ་ནས་ཡུན་རིང་མཆོད་པ་མ་གཤམས་པའི་དཀར་ཡོལ་ཆུང་ཆུང་བདུན་ཚར་དེ་གཙང་མ་ཞིག་དཀྲུས། མཆོད་པ་ཞིག་གཤམས། པོ་ཏྰ་ལ་རྟགས་ཅན་གྱི་སྤོས་རྐང་ཐུར་གཅིག་མེ་རུ་སྒྲོན། དེ་ནས་འོག་ཁང་དུ་ཡོང་ནས་གཟའ་པ་སངས་ཀྱི་ནང་ལས་ནང་ཚང་མ་ལ་གཙང་གྲྭ་བཟོ་བའི་ལས་སུ་ཞུགས།

ཆུ་ཚོད་གཅིག་དང་ཕྱེད་ལྷག་རིང་དུ་ནང་ཚང་མ་གཙང་མ་བཟོས་ཚར་བ་དང་ཤིང་ཏོག་ཁུ་ཞིག་ལག་དུ་བཟུང་ནས་ཁྱམས་རར་སོང་ནས་ཐ་མག་ཞིག་འཐེན་ཞོར་དུ། རང་ཉིད་ཀྱི་མདུན་དུ་ཡོད་པའི་ཐར་མ་མཚོའི་རྩེད་ཆས་ཀྱི་རིགས་དེ་དག་ལ་བལྟ་ཞོར། སེམས་སུ་དངོས་ནས་མཛའ་མོའི་མ་རྒན་འདི་བཟང་གི་མ་གཏོགས། དུས་རྒྱུན་དུ་རྩེད་ཆས་ཀྱི་རིགས་ཆེས་མི་ཉུང་བ་ཞིག་ག་ས་གར་དུ་གཡུགས། དེ་དག་ཕྱིར་བསྡུ་ཡང་མི་བྱེད་པར་གཡུགས་ནས་བཞག་འདུག་པ་དེ་ཙམ་གྱིས་མོ་རང་ལ་སུན་པོ་ག་ཚོད་ཅིག་བཟོ་ཡི་མེད་ངེས་ཡིན་སྙམ་སོང་། ངས་མཚམས་རེར་རྩེད་ཆས་ཀྱི་རིགས་འདྲ་མིན་དེ་དག་གང་དུ་ཡོད་པ་དེ་དག་སྒུམ་ནས་རྩེད་ཁང་ནང་དུ་འཇོག་གི་ཡོད་ཀྱང་། མཛའ་མོ་དང་མོ་རང་གི་མ་རྒན་གཉིས་ཀྱིས་ཚུར་བླངས་ནས་མོ་རང་ལ་རྩེད་རོགས་མང་ཤོས་བྱེད་ཀྱི་ཡོད་པ་ཡིན།

མཛའ་མོ་མོ་རང་ད་ལྟའི་འཆར་འགུལ་བསྐྱོད་མང་བོ་བྱེད་པར་དཀའ་ངལ་ཏན་ཏན་འཕྲད་ཀྱི་ཡོད་ན་ཡང་། མོ་རང་ནི་དངོས་ནས་ལས་ཀ་ཚང་མ་དལ་མོར་བྱེད་པར་དགའ་བའི་རིགས་དེ་ཡིན་ལ། ཞེ་དྲགས་དོ་སྣང་ཡང་མི་བྱེད་པར་འཇོག་པའི་གོམ་གཤིས་ཤིག་ཡོད། མཚམས་རེར་ངས་ཅ་དངོས་ཁ་ཤས་རེ་ཡར་འཇོག་མར་འཇོག་བྱེད་ངེས་བཤད་ན། མོ་རང་གིས་དེ་དག་ནི་ང་རང་གིས་འཇོག་ས་གང་ཡིན་མི་ཤེས་པར། རྗེས་སུ་དགོས་དུས་མོ་རང་གི་བཙལ་ན་རྙེད་ཀི་མ་རེད་ཟེར་གྱི་ཡོད། དེ་ཡང་བདེན་པ་ཡིན། དཔེར་ན། བུ་མོའི་གོན་པ་ཚང་མ་ནམ་རྒྱུན་དུ་མོ་རང་གིས་གོ་རིམ་བསྒྲིགས་ནས་བཞག་ཡོད་དུས། མཚམས་རེར་ང་རང་སོང་ནས་མོ་རང་ལ་གོན་པ་ཞིག་བརྗེ་བོ་རྒྱགས་རྒྱུར་ལེན་དུ་སོང་ན། ལས་སླ་བོ་རྙེད་ཐུབ་ཀྱི་མེད་པ་ཡིན། གཅིག་ནས་བུ་མོ་གོན་པ་མང་དྲགས་པ་དང་གཉིས་ནས་མཛའ་མོའི་གོ་རིམ་ལྡན་པའི་ངང་དུ་བསྒྲིགས་ནས་བཞག་ཡོད་པས་ཡིན།


ནང་ནས་གོན་པ་མང་ཆེ་ཤོས་ཤིག་མོ་རང་གི་དཀྲུས་སྒམ་དུ་འཇོག་པ་ཡིན་ལ། མཚམས་རེར་མོ་རང་གི་མ་རྒན་གྱིས་ཀྱང་དཀྲུ་བཞིན་ཡོད། ང་རང་གིས་དཀྲུས་སྒམ་ནང་དུ་འཇོག་པ་དེ་མི་ཤེས་པ་མེད་ཀྱང་། དཀྲུས་སྒམ་ནང་དུ་འཇོག་པ་ལ་ཡང་གོན་པ་དེ་དག་གོ་རིམ་ཡོད་པ་ཡིན། ཚོན་འདྲ་མིན་མི་བསྲེས་པ་དང་། དོར་ཐུང་དང་ནུ་ཁེབ། རྐང་ཤུབ་སོགས་མི་བསྲེས་པ་ཡིན། འདི་འདྲའི་ཁྱད་པར་དབྱེ་བ་ཕྱེ་ནས་ལས་ཀ་བྱེད་པར་མཛའ་མོ་མོ་རང་གོམ་ནས་ཡོད། དཀྲུས་སྒམ་ནས་དཀྲུས་ཚར་བ་དང་ང་རང་གིས་ཕྱི་ལ་སྐམ་རོགས་བྱེད་ཀྱི་ཡོད་ལ། མང་ཤོས་སུ་མོ་དང་མོ་རང་གི་ཨ་མས་བྱེད་ཀྱི་ཡོད།


ཁ་སང་དེ་རིང་ནང་དུ་སེམས་ཁྲལ་ཞིག་ཡོད་པ་དེ་ནི། ང་ཚོ་རྒྱུན་ལྡན་ལྟར་འཚོ་བ་རོལ་བཞིན་ཡོད་ལ། ཕན་ཚུན་མཐུན་ཞིང་། ཟས་གང་བཟང་དང་གང་ཡག་ཟོས་ནས་སྔར་བཞིན་ཡོད་ཀྱང་། མཛའ་མོའི་མ་རྒན་ལ་ཁྲག་ཤེད་མཐོ་བའི་རྟགས་མཚན་དེ་ནི་སྡུག་དུ་སོང་བ་དེ་ནི་ང་ཚོ་ཚང་མས་སེམས་ཁྲལ་བྱེད་ས་ཞིག་ཆགས་ཡོད། མཛའ་མོའི་མ་རྒན་ནི་བུད་མེད་ཟས་འདྲ་མིན་ཟ་བར་དགའ་བའི་རིགས་སུ་གཏོགས་པ་དེ་ཡིན་དུས། ཁ་འཛེམ་པར་དཀའ་ངལ་འཕྲད་ཀྱི་ཡོད། དེ་ཡང་མོ་རང་གི་མ་རྒན་གྱི་ནད་ཚ་སྡུག་དུ་འགྲོ་བའི་རྒྱུ་རྐྱེན་ཞིག་ཆགས་ཀྱི་ཡོད་པ་ཡིན།


ཁོང་ཚོའི་མི་རྒྱུད་ནས་བཤད་པ་ཡིན་ན། མོ་རང་གི་ཨ་མའི་ཕ་རྒན་ནི་ཁྲག་ཤེད་ཀྱི་ནད་ལ་བསྟེན་ནས་ལོ་ན་དྲུག་བཅུའི་ནང་དུ་གྲོངས་འདུག ཡིན་ཡང་། མོ་རང་གི་ཨ་མ་ཡི་མ་རྒན་ནི་ད་ལྟ་ཡང་གཟུགས་གཞི་བདེ་ཐང་ཡིན་ལ། ད་ལོ་ལོ་གྱ་བཅུ་གྱ་དགུ་རེད། ཉེ་དུས་རང་ང་ཚོས་མོ་རང་གི་སྐྱེ་སྐར་ཐེངས་ཁ་ཤས་ཤིག་ལ་ནང་མི་ཚོ་དང་ལྷན་དུ་བཏང་བ་རེད། སྐྱེ་སྐར་ནི་ཉིན་གཅིག་ཡིན་ཡང་། ནང་མི་ཚང་མ་ལྷན་འདུས་ཀྱི་དཀའ་ངལ་བྱུང་གི་ཡོད་དུས། མི་ཚང་རེ་ནས་རེ་རེ་བཏང་བ་དེ་ཡིས་ཐེངས་ཁ་ཤས་ཤིག་ལ་བཏང་བ་རེད། ང་རང་རྒྱལ་ཁབ་འདིར་སླེབས་དུས་སུ། ཨ་མ་ལོ་ལོན་དེ་མོ་རང་ཁང་བ་ཞིག་གི་ནང་དུ་ཁེར་རྐྱང་གི་འཚོ་བ་རོལ་བཞིན་ཡོད་པ་དེ་མཐོང་ཐེངས་རེར། དངོས་ནས་སེམས་ལ་སྐྱོ་སྣང་རེ་བྱུང་། རང་གི་བུ་ཕྲུག་ཉེ་འགྲམ་དུ་ཡོད་བཞིན་དུ། རྒས་པའི་སྡུག་བསྔལ་གྱི་ཁྲོད་ནས་རང་གི་བུ་ཕྲུག་དང་ལྷན་དུ་བསྡོད་མི་ཐུབ་པ་དང་བུ་ཕྲུག་གིས་ཀྱང་རང་གི་ཨ་མ་རང་གི་ནང་དུ་བསུས་ནས་བདག་སྐྱོང་བྱེད་ཐུབ་ན་ཅི་མ་རུང་སྙམ་ན་ཡང་། ང་རང་གིས་ཁོང་ཚོའི་གོམ་གཤིས་འདི་ལ་འགྱུར་བ་ཞིག་གང་ནས་བྱེད་ཐུབ། མི་ཐུབ་པ་ཡིན།

ལོ་ན་གྱ་དགུ་ལ་སོན་པའི་ཨ་མ་རྒན་མོ་ཁོང་ལ། ཉེ་དུས་སུ་ཞབས་ཞུ་བྱེད་མཁན་གྱི་བུད་མེད་ཅིག་བཞག་ཡོད་ཀྱང་། མོ་རང་ག་དུས་ཡིན་ཡང་རང་གི་བུ་མོའི་ནང་དུ་ཡོང་ཐེངས་རེར། བུ་མོའི་བཟོས་པའི་བྱ་ཁུ་དེ་ནི་སུས་ཀྱང་བཟོ་མི་ཤེས་པ་དེ་ནི་དངོས་ནས་ཡག་པོ་ཡོད་རབས་བཤད་ཀྱི་ཡོད། མོ་རང་གི་འདོད་བློ་ནི་ཚེ་མཇུག་དུ་རང་གི་བུ་མོའི་མཉམ་དུ་བསྡོད་འདོད་ཀྱི་མདུན་པ་ཆེ་ན་ཡང་། ང་རང་གི་མཛའ་མོའི་མ་རྒན་གྱིས་དེ་ལྟར་བསམ་གྱི་མེད། གཟའ་འཁོར་རེ་ཡི་ནང་དུ་ཐེངས་གཅིག་གཉིས་ཤིག་རིག་ན་འགྲིག་གི་ཡོད་པར་བཤད་ཀྱི་ཡོད། འདི་ནི་བོད་མི་དང་ཕྱི་རྒྱལ་བའི་རང་གི་ཕ་མ་ལ་ཞབས་ཞུ་བྱེད་སྟངས་ཀྱི་ཁྱད་པར་ཞིག་ཀྱང་རེད་ལ། དངོས་ནས་རྒས་དུས་སུ་རང་གི་ལག་པར་ཇ་ཚ་བོ་བཀང་རེ་ཡང་ཉིན་ལྟར་འཇོག་མི་ཐུབ་པའི་བུ་ཕྲུག་དེ་དག་ནི་དངོས་ནས་རང་གི་བུ་ཕྲུག་ཡིན་མིན་གྱི་ཁྱད་པར་གང་འདུག་སྙམ་དུས། རང་གིས་ཀྱང་ཐག་རིང་དུ་ཡོད་པའི་རང་གི་ཕ་མ་གཉིས་བསམ་ན་སེམས་པ་སྐྱོ་སྣང་རེ་རྟག་དུ་ཡོང་གི་ཡོད།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༡༦ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༦ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༢༠ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

མཆན། 1

  1. kadorse says:
    ལོ་ 15 སྔོན།

    དྲ་གྲོགས་ལགས།
    ཉིན་ལྟར་ཁྱེད་ཀྱི་ཟིན་བྲིས་ཀློག་གི་ཡོད་ལ་དེ་རིང་ཡང་བཀླགས་ཡིན།
    ཤིན་ཏུ་སྙན་པོ་བྱུང་ཐུགས་རྗེ་ཆེ་གནང།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese