མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞན་ཡུལ་ན་ལས་ཀ་དང་འཚོ་བ་འདི་འདྲ་རེད། ཉེར་བརྒྱད།

བོད། ཤ་ཁྲག་རུས་གསུམ།
༢༠༡༡/༠༦/༢༨
Share on FacebookShare on TwitterShare on EmailShare on Whatsapp

མི་ཟེར་བ་ནི། རང་བཞིན་གྱིས་རང་ཉིད་གང་དུ་སྐྱེ་བའི་ཁུངས་དེར་ཞེན་པ་ཞིག་ཡོད་པ་དེ་ནི་འོས་པ་ཞིག་ཡིན་ལ། ཡོད་དགོས་པ་ཞིག་ཀྱང་ལོས་ཡིན། དེ་ཡིན་དུས་ང་ནི་བོད་དུ་སྐྱེ་བའི་བོད་མི་ཞིག་དང་བོད་པའི་གོམ་གཤིས་ཡོད་པའི་བོད་མི་ཞིག་ཡིན་དུས། ང་རང་དུས་རྟག་དུ་བོད་པའི་གོམ་གཤིས་ཁྲོད་དུ་ནམ་ཡང་བཟི་ནས་ཡོད་པ་ལྟར། བདག་གི་མཛའ་མོ་དང་ཁོ་མོའི་ནང་མི་དག་ཡང་དེ་ལྟར་བཟི་ནས་ཡོད་པ་དེ་ཡང་འགྲིག་པ་ཞིག་དང་། འོས་པ་ཞིག་ལོས་ཡིན། ངས་ཀྱང་ཁོང་ཚོའི་རེ་འདོད་མི་ཉུང་བ་ཞིག་ལ་བརྩི་བཀུར་ཡང་ལོས་བྱེད། བྱེད་དགོས་པ་ཞིག་ཆགས་ཡོད། རྒྱུ་མཚན་ནི་ང་རང་ནི་ཁྱིམ་འདིར་ཚུར་ཡོང་བའི་མི་ཆགས་ཡོད། གནས་ལུགས་ཀྱི་མདུན་ནས་ངས་ཀྱང་རང་གི་བསམ་ཚུལ་ལྷུག་པོར་བརྗོད་ཀྱི་ཡོད་ལ། བརྗོད་ཀྱང་ཆོག་པ་ཡིན། བཤད་པ་དེར་ནུས་པ་ཡང་ཡོང་གི་ཡོད།

མི་ཁྱིམ་དུ་ཡོད་དུས། མི་ཁྱིམ་དེ་ནས་གུས་ལུགས་ཤིག་ཡོད་པ་བཞིན་ངས་ཀྱང་དེ་ལ་བརྩི་དགོས་པ་ཡིན། ཁ་ཤས་ཤིག་ལ་ངས་དང་ལེན་བྱེད་མི་ཐུབ་ས་ཡོད། དཔེར་ན་ངས་རང་གི་བོད་ཀྱི་གོམ་གཤིས་དང་མ་མཐུན་པའི་རིགས། རང་གི་ཕ་མ་ལ་གུས་བརྩི་བྱེད་སྟངས་ཀྱི་ཐད་ནས་མོས་མཐུན་ཡོད་མེད་ཀྱི་ཕྱོགས་ནས་ཡིན། ང་རང་ཕ་མའི་འཁྲིས་སུ་བསྡད་ནས་སྲུ་ཞུ་བྱེད་མ་ཐུབ་ཀྱང་། རྒྱང་རིང་ནས་དངུལ་སྒོར་རེ་སྐུར་ནས་འཚོ་བའི་ཁ་སྣོན་ལ་སྐུར་འདོད་ཡོད་པ་ལྟ་བུ་ཡིན།

བཟང་ངན་གང་ལ་ཐུག་ན་ཡང་། རང་ཉིད་ནི་བྱིས་པ་གཉིས་ཀྱི་ཕ་ལོ་ཆགས་ཡོད་དུས། རང་གི་བུ་མོ་དང་སྐྱེ་ལ་ཉེ་བའི་བུ་ཆུང་གཉིས་ལ་འགན་ཞིག་བླངས་དེ། ཁྲེལ་དང་ངོ་ཚ་ཡོད་པའི་ཕ་རྒན་ཞིག་ཆགས་པར་འབད་པ་བྱེད་རྒྱུ་དེ་ཡིན་དུས། ངས་མཛའ་མོའི་ཕ་རྒན་གྱི་འབོད་སྐུལ་དང་མཛའ་མོའི་མ་རྒན་གྱི་དྲིན་ལན་བཅས་ལ་བསམ་ནས། ལས་ཀ་གྲོལ་ནས་རང་ཉིད་ནང་དུ་ལྷོད་བསྡོད་བྱེད་འདོད་ཡོད་མེད་ལ་མ་བལྟས་པར། རང་ཉིད་ལས་ཀ་ནས་ཐང་ཆད་ཡོད་མེད་ལ་མ་བལྟས་པར། མོ་རང་གི་འདོད་པ་ལ་བསྟུན་ཇེ་མང་དུ་གཏོང་བ་དང་། མོ་དང་ལྷན་དུ་བདུན་མཇུག་གི་གུང་གསེང་བཅས་ལ། མོ་དང་མཉམ་དུ་དུས་ཚོད་མང་ཙམ་གཏོང་བར་བསམ་བློ་བཏང་བ་ལྟར། གུང་གསེང་ཉིན་མོ་དང་བོ་ལ་མོ་རང་གིས་གློག་བརྙན་སྙན་གྲགས་ཅན་ཞིག་ཕྱི་དྲོའི་དུས་ཚོད་ལྔ་བའི་སྟེང་དུ་འདུག་ཟེར་བ་ལྟར། ངེད་གཉིས་ཀྱིས་བུ་མོ་ཐར་མ་མཚོ་མོ་རང་གི་ཨ་མ་ལ་བལྟ་རུ་བཅུགས་ནས་ལམ་དུ་ཆས།

ལམ་བར་གྱི་འགྲུམ་འགྲུལ་མགྱོགས་མིན་ལ་བསྟེན། ངེད་གཉིས་སྔོན་དུ་སླེབས་དགོས་ན་ཡང་དུས་ཚོད་ལྔ་བ་ཟིན་གྲབས་དུས་སུ་གློག་བརྙན་ཁང་གི་སྒོ་འགྲམ་དུ་འབྱོར་བ་ན། ལས་མི་བུད་མེད་དེས། གློག་བརྙན་འགོ་བཙུགས་ནས་དུས་ཚོད་གཅིག་འགྲོ་གྲབས་ཡོད་པ་རེད། རྗེས་མ་དེ་ནི་ཆུ་ཚོད་བདུན་པའི་སྟེང་དུ་རེད་ཅེས་བཤད་དུས། ངའི་མཛའ་མོས་བུད་མེད་དེ་ཡི་སྐད་ཆ་ལ་ཡིད་ཆེས་མི་བྱེད་པར། མོ་རང་གིས་གློག་ཀླད་ནས་བརྡ་ཁྱབ་ངེས་སུ་དུས་ཚོད་ལྔ་བ་བྲིས་འདུག་ཟེར་ནས་ཁོ་གཉིས་ཀྱིས་གློག་ཀླད་བསྔོགས་ནས་བལྟས་སོང་། མཐར་ངའི་མཛའ་མོས་རང་གི་བལྟ་ནོར་ཐེབས་ཡོད་པ་དེར་ངེས་ལེན་མི་བྱེད་ཐབས་མེད་ཆགས། མཛའ་མོས་ངའི་ཨ་མ་ལ་ཁ་པར་བཏང་ནས་འུ་གཉིས་ཀྱིས་ཆུ་ཚོད་བདུན་པའི་སྟེང་གི་གློག་བརྙན་ལ་བལྟས་པ་ཡིན་ན། མོ་རང་གིས་བུ་མོ་ལ་བལྟ་ཐུབ་ཀྱི་འདུག་མིན་བྲིས་ཆོག་ཟེར།

ངེད་གཉིས་དུས་ཚོད་གཉིས་རིང་སྒུག་དགོས་པ་ཡིན་དུས། གློག་བརྙན་ཁང་དེ་ཡི་ཉེ་འགྲམ་དུ་སྐོར་གཡེང་རེ་བྱེད་དུ་སོང་། ལམ་འགྲམ་ཞིག་ནས་རྐུབ་སྟེགས་རིང་མོ་ཞིག་ནས་ངལ་གསོ་ཞོར་དུ། ངེད་གཉིས་གཞུག་ཕྱོགས་ག་རེ་བྱེད་མིན་སྐོར་ལ་གླེང་མོལ་བྱས། མོ་རང་གིས་བཤད་ན་ངེད་གཉིས་ལྷོ་ཕྱོགས་སུ་གནས་སྤོར་བར་གཉིས་ཀ་འདོད་མོས་ཡོད་ཀྱང་། དང་བོ་ཁྱེད་རང་གིས་ལས་ཀ་རེག་མིན་བལྟ་དགོས་ཟེར། ངས་དང་བོ་ཁང་བ་ཉོ་དགོས་མིན་སྐོར་ནས་བཤད། ངས་མོ་རང་ལ་དངུལ་ག་ཚོད་ཡོད་མེད་དང་ཕ་མ་གཉིས་ཀྱིས་རོགས་དངུལ་ག་ཚོད་ཐོབ་མིན་སོགས་ཞིབ་དུ་དྲིས་དུས། ཚང་མ་སྡོམ་ན་ངེད་ཚོར་འདུག་ཁང་སྟབས་བདེ་ཞིག་ཉོ་ཐུབ་པ་འདུག འོན་ཀྱང་། མོ་རང་ནི་ཡར་བཤད་ཀྱང་རེད། མར་བཤད་ཀྱང་རེད། ང་རང་ལ་ལས་ཀ་རེག་མིན་སྐོར་བཤད། རེག་རྗེས་སུ་དང་བོ་ཁང་བ་ཞིག་གླས། དེ་ནས་ག་ལེར་བལྟས་ན་འགྲིག་གི་རེད་ཟེར།

ངས་དེ་ལྟར་ག་ལེར་བསྡད་ནས་དུས་ད་ལྟ་ལ་ཐུག་པ་རེད། གནས་ཚུལ་མི་ལེགས་པ་ཁ་ཤས་ཤིག་ཀྱང་གཅིག་རྗེས་གཉིས་མཐུད་དུ་བྱུང་བ་རེད། ད་ནི་ཉམ་མྱོང་དེ་ལ་བརྟེན་ནས་གནས་ཚུལ་དེ་ལས་ཚབ་ཆེ་བ་ཞིག་མ་ཡོང་གོང་དེར། ངེད་གཉིས་ཀྱིས་རང་གི་བུ་དང་བུ་མོ་ཚོ་ནང་ཞིག་འཛིན་ཐུབ་པ་ཡིན་ན་ཡག་པོ་འདུག ང་རང་ཁང་བ་གླ་བར་འདོད་པ་དངོས་ནས་མེད། ཉོ་ཐུབ་པ་ཡིན་ན། དངོས་ནས་སྐབས་འདི་ལ་གང་སར་ཐབས་ཤེས་བཞག དེ་ནས་གློག་ཀླད་ནང་གི་བརྡ་ཁྱབ་དག་ལ་ཉུལ། དེ་ནས་ཁ་པར་འདྲ་བརྒྱབས། ལས་ཀ་དེ་དག་འགོ་བཟུང་ན་ཡག་ས་རེད། ད་གང་ལྟར། ངས་འདི་ལྟར་བལྟས་དུས། ཁྱེད་རང་གི་བཤད་ཕྱོགས་དང་བྱེད་ཕྱོགས་གང་ལ་བལྟས་ན་ཡང་། ངེད་གཉིས་བུ་ཆུང་སྐྱེ་ནས་ཚར་རེག་བར་དུ་མུ་མཐུད་དུ་ཁྱེད་ཀྱི་ཨ་མའི་ནང་དུ་ལུས་རྒྱུ་རེད།

མཛའ་མོས་ཀྱང་ངས་བཤད་པའི་སྐད་ཆ་དེར་བདེན་ཁ་སྤྲད། ངེད་གཉིས་ཕྱིར་གློག་བརྙན་ཁང་ནང་གི་ཟ་ཁང་དེར་འཚིག་ཇ་ཞིག་དང་ཞོར་ཟས་ཤིག་རོལ་ནས་གློག་བརྙན་སྟོན་པར་སྒུག གློག་བརྙན་ནི་གནའ་བོའི་རྟོགས་འཆར་རང་ལུགས་ཀྱི་སྒྲུང་ཞིག་ཡིན་པ་དང་། དེབ་གཟུགས་སུ་བཏོན་ནས་ལོ་ངོ་ལྔ་བཅུ་ལྷག་སོང་ཡོད་པ་ཞིག་རེད། ནང་དོན་ནི་བུད་མེད་ཅིག་གི་སྐོར་ཡིན་ལ། བུད་མེད་དེ་ནི་ཆུང་དུས་ནས་ཕ་མ་གྲོངས་ནས་སྲི་མོ་ཞིག་ཡོད་པ་དེ་ཡིས་ནང་གི་རྒྱུ་ནོར་ཡོད་ཚད་བདག་བཟུང་བྱས་རྗེས། མོ་རང་ལ་མིང་ངན་བཟོས་ནས་ཁྱིམ་དེ་ནས་ཕྱིར་འཕུད་དེ། དྭ་ཕྲུག་སློབ་གྲྭ་ཞིག་དུ་བཏང་བ་ནས། བུད་མེད་དེ་འཚར་ལོངས་བྱུང་རྗེས་སུ། ཕྱུག་བདག་ཞིག་གི་བུ་མོའི་དགེ་རྒན་དུ་སོང་ནས། ཕྱུག་བདག་དེ་དང་བརྩེ་བ་ཆགས་པའི་སྐོར་ཞིག་རེད།

གུང་གསེང་ཉིན་གཉིས་པ་དེར། ང་རང་ནང་དུ་ལྷོད་ལྷོད་ཅིག་བསྡད་ནས་དྲ་ཐོག་ལ་ཉུལ་བ་དང་རང་གི་གྲོགས་པོ་དག་ལ་གདོང་དེབ་རྒྱུད་ནས་ཁ་བརྡ་རེ་བྱེད་འདོད་ཡོད་ཀྱང་། མཛའ་མོས་མོ་རང་གི་གྲོགས་མོ་དང་ང་རང་གི་གྲོགས་པོ་བུ་ཆུང་གི་བཟའ་ཐོར་བུད་མེད། ཤེས་རབ་ལྷ་མོ་དང་བུ་མོ་པདྨ་གཉིས་ལ་ཆུ་རྐྱལ་རལ་བ་ཞིག་ནས་ཐུག་རྒྱུ་བྱས་ཡོད་ཟེར། དེ་ནས་ང་ཚོས་ཟ་མ་ཞིག་བཟོས་ནས་འཁུར་དགོས། ཁོ་གཉིས་ཀྱིས་ཟ་མ་འཁྱེར་མི་འདུག ང་ཚོར་སྒུག་ནས་འདུག་གི་རེད། ཁྱེད་རང་འགྲོ་ཡི་ཡིན་ནམ་ཟེར། དངོས་ནས་བཤད་ན་ང་རང་འགྲོ་འདོད་མེད་པ་མོ་རང་གིས་ཤེས་ངེས་རེད། ཡིན་ཡང་། ངས་བསམ་བློ་ཞིག་བཏང་ན། ད་ལྟ་ནི་མོ་རང་གི་གྲོད་ཁོག་ཆེ་བའི་སྒང་ལ། ཅ་དངོས་དག་འཁུར་རྒྱུ་དཀའ་ངལ་ཡོད་ལ། བུ་མོ་ཡང་མཉམ་དུ་ཁྲིད་ནས་འགྲོ་དགོས་དུས་དཀའ་ལས་ཁག་ངེས་རེད། ང་འགྲོ་ཡི་ཡིན་ཞེས་རྣམ་འགྱུར་མི་འདོད་པའི་ཚུགས་ཀ་ཞིག་བསྟན།

ཟ་མ་ཚང་མ་གྲྭ་སྒྲིག་ཟིན་པ་དང་ངས་མོ་རང་གི་རླངས་འཁོར་ནང་དུ་བཞག དེ་དུས་མོ་རང་གིས་ཁྱེད་རང་གི་གདོང་གཤིས་འགྱུར་འདུག ཁྱེད་རང་འགྲོ་འདོད་མེད་ན་མ་སོང་ན་འགྲིག་གི་རེད་ཟེར། ངས་ང་རང་གི་གདོང་གཤིས་འགྱུར་མེད་ཅེས་སྐད་འགོ་ཐོན་ཙམ་བཤད་དུས། མོས་ཁྱེད་རང་ཁོང་ཁྲོ་ཟ་དགོས་དོན་གང་རེད། ངས་ངོ་མ་ཤེས་མ་སོང་ཟེར། ངས་ང་རང་ཁོང་ཁྲོ་ཟ་མེད་ཅེས་བཤད་། ཅུང་ཙམ་ཞིག་གི་རྗེས་སུ་ང་རང་གཟའ་འཁོར་རྗེས་མ་དེར་གྲོགས་པོ་བུ་ཆུང་ནང་དུ་འགྲོ་རྒྱུ་ཡིན་ཞེས་བཤད་དུས། མོ་རང་གིས་གཟའ་འཁོར་རྗེས་མ་དེར་རོགས་སྐྱོབས་ཚོགས་པ་དེས། སློབ་མ་ཚོ་དང་མཉམ་དུ་སྐུའི་འཁྲུངས་སྐར་ཡིན་ཟེར་ནས་བརྡ་ཁྱབ་སྔོན་མ་ནས་བཏང་འདུག ཁྱེད་རང་དེར་འགྲོ་རྒྱུ་མིན་ནམ་ཟེར།

ཆུ་རྐྱལ་ར་བའི་འགྲམ་དུ་སླེབས་པ་དང་ངས་ཅ་དངོས་དག་འཁུར་ནས་མོ་རང་དང་བུ་མོ་བཅས་ང་ཚོ་འཛིན་བྱང་ཉོ་རུ་སོང་། འཛིན་བྱང་རེ་ལ་ཨ་སྒོར་བཅུ་གསུམ་རེད་འདུག མོ་རང་གིས་ང་ལ་བཅུ་མཉམ་དུ་ཉོས་ན་གོང་ཅུང་ཁེ་བ་འདུག ག་རེ་བྱེད་ཀྱི་ཡིན་ཟེར། ངས་བལྟས་ན། ཐེངས་དེ་འདྲའི་མང་བོ་ཞིག་ལ་འདིར་ཡོང་ཐུབ་ཁག་པོ་རེད། ཁྱེད་རང་གིས་བུ་ཆུང་སྐྱེ་བར་ཟླ་ངོ་གཉིས་མ་གཏོགས་མི་འདུག་མོད། དེ་ལས་གཅིག་རེ་ཉོས་ན་མ་རེད་དམ་ཞེས་བཤད་པ་དེར། མོས་ཀྱང་ཁས་བླངས་ནས་མི་རེ་ལ་ཨ་སྒོར་བཅུ་གསུམ་རེ་ཆུ་རྐྱལ་ར་བར་འཛུལ་གླར་སྤྲད། སྐབས་དེར་ངའི་སེམས་སུ། དངོས་ནས་ང་རང་གི་འདོད་པ་ལྟར་བྱེད་ཐུབ་པ་ཞིག་ཡིན་ན། ཁ་རྩོད་མེད་པར། བསམ་ཤེས་བྱེད་ཐུབ་རྒྱུ་ན། ཁ་སང་དེ་རིང་གཉིས་ཀའི་གློག་བརྙན་ལ་སོང་ནས་ཨ་སྒོར་བདུན་བཅུ་ལྷག་དང་དེ་རིང་གི་ཨ་སྒོར་སུམ་བཅུ་བཅས་སྡོམ་ན་ཨ་སྒོར་བརྒྱ་འདི། ངས་རྒྱང་རིང་གི་ཕ་མ་གཉིས་ལ་སྐུར་ནས་སེམས་པ་དགའ་རུ་འཇུག་ངེས་ཡིན། ད་ནི་རང་གིས་སྟོང་འདང་ཞིག་རྒྱགས་པ་ལས་གང་ཡོད།

ཕྱོགས་ངོས་གཞན་ནས་བཤད་ན། འདི་ཡང་མཛའ་མོའི་སེམས་པ་དགའ་བྱེད་ཆགས་ཡོད་ལ། བུ་མོ་ཐར་མ་མཚོ་ཡང་ཆུ་བསྐྱལ་བྱེད་སར་དངོས་ནས་དགའ་བ་བཅས་ཡིན་དུས་། དེ་ཡང་ཆུད་ཟོས་ཤིག་མ་རེད་ལ། གཞན་ཡུལ་ནས་གཞན་ཡུལ་གྱི་འཚོ་བ་བསྐྱེལ་ལུགས་དེར་བསྟུན་ལོས་དགོས། དེ་མ་བསྟུན་པ་ཡིན་ན་ངེད་གཉིས་ལ་མི་དགོས་ས་ནས་ཁ་རྩོད་ཡོང་ངེས་ཡིན། ཁ་རྩོད་བྱེད་པ་བུ་མོས་མཐོང་ན་ཡག་པོ་མེད། མོ་རང་གི་གཟུགས་པོའི་བདེ་ཐང་ལ་ཡང་གནོད། འདི་དག་སྙམ་ནས། རང་ཉིད་ལ་འདོད་པ་ཡོད་མེད་ལ་མ་བལྟས་པར། ཆུ་རྐྱལ་རྭ་བའི་ནང་དུ་འཛུལ།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 2

  1. kadorse says:
    ལོ་ 15 སྔོན།

    དྲ་གྲོགས་ལགས།
    ཟིན་བྲིས་ཉེར་བརྒྱད་འདི་ནི་མདང་དགོང་ནས་བཀླགས་པ་ཡིན།
    དེ་རིང་ཟིན་བྲིས་གསར་པ་མི་འདུག་པས་ཕྱིར་ལོག་བྱེད་དགོས་བྱུང་ངོ།
    ང་ནི་ཁྱེད་ཀྱི་ཟིན་བྲིས་ལ་ཉིན་ལྟར་རེ་སྒུག་བྱས་ནས་བསྡད་ཡོད།
    མུ་མཐུད་འབྲི་རོགས་གནང།
    རྗེས་སུ་ཡི་རངས་གྲངས་མེད་ཡོད།

    Reply
  2. kadorse says:
    ལོ་ 15 སྔོན།

    དྲ་གྲོགས་ལགས།
    ཟིན་བྲིས་ཉེར་བརྒྱད་འདི་ནི་མདང་དགོང་ནས་བཀླགས་པ་ཡིན།
    དེ་རིང་ཟིན་བྲིས་གསར་པ་མི་འདུག་པས་ཕྱིར་ལོག་བྱེད་དགོས་བྱུང་ངོ།
    ང་ནི་ཁྱེད་ཀྱི་ཟིན་བྲིས་ལ་ཉིན་ལྟར་རེ་སྒུག་བྱས་ནས་བསྡད་ཡོད།
    མུ་མཐུད་འབྲི་རོགས་གནང།
    རྗེས་སུ་ཡི་རངས་གྲངས་མེད་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese