མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞན་ཡུལ་ན་ལས་ཀ་དང་འཚོ་བ་འདི་འདྲ་རེད། ཉེར་དགུ

བོད། ཤ་ཁྲག་རུས་གསུམ།
༢༠༡༡/༠༦/༢༩
Share on FacebookShare on TwitterShare on EmailShare on Whatsapp

ལོ་གཉིས་དང་ཟླ་བཅུ་གཅིག་གོང་དུ།

དེ་རིང་ནི་ཉིས་སྟོང་བརྒྱད། སྤྱི་ཟླ་བརྒྱད་པའི་ཚེས་དྲུག་ཡིན། ང་རང་ས་མཐའ་སུ་འབོད་པའི་བོད་མི་དག་གི་ཡིད་སྨོན་བྱེད་ས་དང་། སྨོན་ལམ་འདེབས་ཡུལ། གནའ་སྔ་མོ་འཕགས་པའི་ཡུལ་དུ་འབོད་པའི་གནས། ང་རང་རྒྱ་གར་དུ་སླེབས་ནས་མི་ལོ་བཅུ་བཞི་སོང་ཡོད། དེ་ཡི་རིང་དུ་བོད་མི་བྱེས་པ་སྤྱི་མཚུངས་ལྟར། སློབ་གྲྭ གྲྭ་ས་སོགས་འགྲིམ་མྱོང་ལ། ལས་རིགས་སྣ་མང་ཞིག་ལ་ཡང་ཞུགས་མྱོང་། ད་དུང་རང་ཉིད་ཆེས་དགའ་སའི་བུད་མེད་ཅིག་གི་ཆེད་དུ་ཡོད་ཚད་བློས་གཏོང་ཡང་བྱས། ཆེས་མཐའ་མཇུག་དུ་ང་རང་ལ་རན་པའི་གནས་གང་ཡང་མེད་པར་མི་ལོ་བཅུ་བཞི་བསྐྱལ་བ་མ་ཟད། རྒྱུ་དང་ངོ་གསོ་གང་ཡང་མེད་པའི་ལམ་ཕྲན་ཞིག་ནས་རང་འཇག་ལུས་པ་རེད།

འདི་ལྟར་ངས་བསམ་བློ་མང་བོ་ཞིག་བཏང་རྗེས་སུ། ད་ནི་རང་ཉིད་ཀྱི་མི་ཚེ་འདི། རང་དོན་མེད་ཀྱང་། ནང་མི་དང་ཉེ་རིང་། གྲོགས་དང་གྲོགས་པོ་དག་ལ་ཕན་རེ་ཐོག་པའི་ཆེད་དུ། མི་ཚེ་འདི་ཉིད་འགྱུར་བ་ཞིག་གཏོང་འོས་པ་དང་དུས་སུ་ཡང་འབབ་འདུག་པར་སྙམ། དེས་ན་དེ་ནི་རྒྱ་གར་གྱི་སྒོར་མོ་གསོག་ནས་ཁ་མི་གསོས་པ་མ་ཟད། གསོག་སྟངས་ཀྱང་དེ་འདྲའི་སྟབས་བདེ་བོ་ཞིག་མིན་ལ། མི་དག་གིས་མིག་ལམ་ནས་མཐོང་ཆུང་གསེད་དགོས་པ་སྔར་བཞིན་ཡིན་ངེས། དེ་ལས་མི་ཚང་མས་ཕྱི་རྒྱལ་འབོད་པའི་ཡུལ་གྲུ་གང་རིང་ཞིག་ལ་འགྲོ་དགོས་པ་རེད་འདུག རོགས་པ་མང་ཤོས་ཤིག་ནི། ད་ནི་ཕྱི་རྒྱལ་གང་རུང་དུ་སོང་ཟིན་པ་མ་ཟད། མི་ཉུང་བ་ཞིག་རང་ཡུལ་དུ་ལོག་པ་རེད།

ད་ནི་རང་ཉིད་རི་སྒང་འདི་ན་ལུས་པའི་ཁྱི་རྐྱང་ལྡོམ་པོ་ཞིག་དང་འདྲ་བར་དེ་རིང་བར་ཟ་ཁང་ཞིག་གི་མ་བྱན་བྱས་ནས་བསྡད་ཡོད་པ་རེད། འདི་ནི་གནས་སྐབས་རིང་དུ་མ་འགྲིག་པ་མེད་ཀྱང་། མུ་མཐུད་དུ་འདི་ལྟར་སོང་བ་ཡིན་ན། ཟླ་ངོ་གཅིག་ལ་ཧིན་སྒོར་གཅིག་སྟོང་ལྔ་བརྒྱ་མ་གཏོགས་མེད། དེ་ཡིས་རང་གི་ཐ་མག་ཡང་ཉོ་ཐུབ་ཀྱི་མི་འདུག་ན། རང་གི་ནུ་མོ་ལྷ་མོ་སྐྱིད་ཀྱི་མ་འོངས་པའི་སློབ་ཆེན་དག་འགྲིམ་དུས་སུ་དངུལ་སྒོར་དགོས་ངེས་ཡིན་དུས། དེ་དག་ངས་གང་ནས་གསོག ད་ནི་རང་ཉིད་གང་དུ་ལྷུང་ན་ལྷུང་དུ་བཅུགས། ང་རང་ནི་སྤྱིར་བཏང་བ་ཡིན། འགྲོ་བ་སྤྱི་མཚུངས་ལྟར། ཡིན་ཡང་། ཉིན་མ་ཁ་ཤས་ཀྱི་སྔོན་ནས་བཟུང་། ངས་ལས་མཚམས་བཞག་པ་ཡིན།

ང་རང་གི་མ་འོངས་པའི་ཚེ་གྲོགས་དུ་གྱུར་སྲིད་པའི་བུད་མེད་ཕྱི་རྒྱལ་བ་ཁོ་མོ་དང་བོད་མིང་དུ་གངས་དཀར་ལྷ་མཚོ་ཡིས་རེ་འདོད་ལྟར། ཉིན་མ་རེ་རེ་བཞིན་ཁོ་མོ་དང་འགྲོགས་ནས་ཡར་འགྲོ་མར་འགྲོ་བྱས། ས་ཁུལ་འདི་ནི་རྒྱ་གར་བྱང་ཕྱོགས་རྡ་རམ་ས་ལའི་རི་སྟེང་མེག་ལོར་དུ་འབོད་པ་དེ་འཁེལ་ཡོད། འདི་ནས་བཟུང་། ང་རང་ལ་དངུལ་སྐར་བཀང་ཡང་ཡོང་ས་མེད། ལས་ཀ་མེད། ཡོད་ཚད་ཁོ་མོའི་དངུལ་ལ་བསྟེན་ནས་ང་རང་ཕྱི་རྒྱལ་དུ་འགྲོ་བའི་ཕྱོགས་སུ་རེ་བ་དང་རེ་བའི་ཕྱོགས་སུ་ཁོ་མོའི་རང་གི་ཕ་མ་གཉིས་ལ་མགྲོན་ཤོག་སྐུར་བར་རེ་བ་བྱས་ཡོད་པ་མ་ཟད། ང་རང་ལ་ཕྱི་བསྐྱོད་ལག་ཁྱེར་རེག་པར་འབད་འབུངས་བྱེད་པའི་དུས་ཡིན།

དངོས་ནས་བཤད་ན་རང་ཉིད་ནི་ཕྱི་རྒྱལ་ལ་འགྲོ་བར་དེ་འདྲའི་དགའ་བོ་ཡོད་མཁན་གྱི་གྲངས་ཤིག་མིན་ལ། རང་ཉིད་ལ་ཕྱི་རྒྱལ་དུ་འགྲོ་བའི་གོ་སྐབས་རེ་ཟུང་ཞིག་རེག་མྱོང་ན་ཡང་དེ་དག་ལ་དང་ལེན་བྱས་མེད། ད་ནི་བསམ་བློ་ལ་འགྱུར་བ་མི་གཏོང་ཐབས་མེད་དུ་གྱུར་བ་མ་ཟད། ཕྱི་རྒྱལ་ལ་འགྲོ་བར་ཐབས་ལམ་འདི་རྒྱུད་པ་ལས། རང་ཉིད་ལ་དངུལ་སྔ་འདེད་གཏོང་མཁན་གྱི་གྲོགས་པོ་ཕྱུག་པོ་མེད་ལ། ཕྱི་རྒྱལ་ན་རང་ཉིད་ལ་མགྲོན་འབོད་བྱེད་མཁན་གྱི་ཉེ་རིང་མེད། དེ་ཡིན་དུས་འདོད་པ་ཡོད་མེད་ལ་མ་བལྟས་པར། ཕྱི་རྒྱལ་གྱི་བུད་མེད། གངས་དཀར་ལྷ་མཚོ་ལ་བསྟེན་ནས་ལུས་པོ་འདོམ་བཀང་འདི་གཞན་ཡུལ་གང་ཞིག་དུ་བསྐྱེལ་ཐབས་བྱེད་རྒྱུ་དེ་ཁོ་ན་ད་ལྟའི་རང་ཉིད་ཀྱི་ཐབས་ལམ་ཆགས་ཡོད་པ་ཡིན།

ངེད་གཉིས་ངོ་ཤེས་ནས་ཟླ་ངོ་བཞི་སོང་ཡོད། དེའི་རིང་དུ་ཕན་ཚུན་ལ་སྐད་ཆ་མང་བོ་མང་བོ་ཞིག་བཤད། ལྷག་པར་དུ་ང་རང་ལ་ཡོང་འབབ་ཀྱི་དངུལ་མེད་སྟབས། གཞན་བསྟེན་ཁོ་ན་བྱེད་ཀྱིན་འགྲོ་བཞིན་ཡོད་དུས། ང་རང་གིས་སང་ཉིན་མང་བོ་ཞིག་ལ་རེ་བ་བྱེད་འདོད་མེད་པར། དེ་རིང་གི་གོ་སྐབས་ཤིག་རང་ཉིད་ལ་རེག་ན་འདོད་ཀྱི་ཡོད། ཉི་མ་འདིའི་བར་དུ་ཁོ་མོ་ང་རང་ལ་མི་བཟང་རྒྱུ་མེད། ཁོ་མོའི་ང་རང་གི་ཁ་ནང་གི་སོ་གསུམ་གསར་བཟོ་བྱས་པ་དེར་ཧིན་སྒོར་ཁྲི་གསུམ་ལྷག་གི་འགྲོ་སོང་བཏང་། གལ་སྲིད་ངས་ཟ་ཁང་དེ་ནས་ལས་ཀ་བྱས་ནས་རང་གི་ཁ་ནང་གི་སོ་གསུམ་དེ་བརྗེ་བོ་རྒྱགས་དགོས་བྱུང་ན། ལོ་གཉིས་རིང་དུ་སྒོར་མོ་གཅིག་ཀྱང་མ་སྟོར་བར་གསོག་ཐུབ་པ་ཡིན་ཚེ། ད་གཟོད་ང་རང་གི་ཁ་ནང་དུ་སོ་གསར་བ་དེ་དག་བཟོ་ཐུབ་ངེས་རེད། ངའི་རེ་བ་ལ་ཁོ་མོ་ནམ་ཡིན་ཡང་། འདི་ལྟར་མ་འོངས་འཚོ་བའི་ནང་དུ་ང་ལ་བྱམས་པའི་བུད་མེད་དེ་ཆགས་རྒྱུར་རེ་བ་ཡོད།

ཉིན་ལྟར་རང་ཉིད་ལ་དངུལ་སྐར་བཀང་མེད་པར་གངས་མཚོའི་རྣམ་འགྱུར་དང་བསྟུན་ནས་ཉི་མ་ཆོད་ཐབས་བྱས་པ་ཡིན། ད་ནི་རང་ཉིད་ཀྱི་འཚོ་བ་ཙམ་ཡང་འགོ་མི་ཐོན་པ་ལྟ་བའི་ངང་ནས་ཁོ་མོའི་ཅི་ཞིག་ཐག་གཅོད་བྱེད་རྒྱུའི་སང་ཉིན་ལ་སྒུག་དུས་སུ། ངས་བོད་མི་དག་གི་གསལ་ལེ་རྒྱལ་དུ་འབོད་པའི་འཚོ་བ་དེ་ཡི་འགོ་བཟུང་ཡོད་པ་ཁས་ལེན་མི་བྱེད་ཐུ་མེད་རེད། ང་ནི་གསལ་ལེ་རྒྱལ་ཟེར་བའི་མི་དེ་ཡི་གྲངས་དུ་ཡོད། ག་ལེར་གནས་ཚུལ་བཟང་ངན་ཅི་བྱུང་དེ་ནི་བལྟ་རྒྱུ་དང་ཡོང་རྒྱུར་བསྡད་ཡོད་སྟབས། མི་ཚེ་གཞན་འོག་གི་རྒྱལ་ཁབ་ཞིག་དུ་བསྐྱེལ་ཐུབ་མིན་དེ་ཡང་ཉི་མ་ཁ་ཤས་ཀྱི་རྗེས་སུ་རེད།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

སྐབས་ ༢༠ པའི་ཨེ་ཤ་ཡའི་མཆོང་རྒྱུག་འཕེན་གསུམ་གྱི་འདེམས་སྒྲུག་འགྲན་ཚོགས་ཐོག་བོད་ཀྱི་རྒྱང་རྒྱུག་པ་ཚེ་རིང་མཚོ་མོ་ལགས་ཀྱིས་ཨང་དང་པོ་བླངས། དྲ་ལམ་གྱི་པར། ༢༠༢༦།༠༥།༢༥
Mobile App

བོད་ཀྱི་རྒྱང་རྒྱུག་རྩེད་འགྲན་པ་གཉིས་ཨེ་ཤ་ཡའི་རྩེད་འགྲན་ནང་ཚུད།

ཆུ་ཚོད་ ༢ སྔོན་ལ།
Front Slider

བོད་མི་དམངས་འཆིང་བྱེད་ལྕགས་སྒྲོག་ཅེས་པའི་དཔེ་དེབ་དབུ་འབྱེད།

ཆུ་ཚོད་ ༢ སྔོན་ལ།
Front Slider

Long-life prayer offereing to His Holiness by two associations

ཆུ་ཚོད་ ༢ སྔོན་ལ།
ttt
Front Slider

བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཁང་དབུ་བརྙེས་ཏེ་ལོ་ངོ་ ༢༥ འཁོར།

ཆུ་ཚོད་ ༢ སྔོན་ལ།
Sikyong Penpa Tsering Extends Condolences on the Passing of Congressman Barney Frank. Photo Credit: Tibet.net
Mobile App

བོད་མི་ཚོས་ཨ་རིའི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་བ་ཞིག་འདས་གྲོངས་ཕྱིན་པར་གདུང་སེམས་མཉམ་སྐྱེད་ཞུས།

ཆུ་ཚོད་ ༣ སྔོན་ལ།
Mobile App

རྒྱ་ནག་གིས་ “བོད་ཞི་བའི་བཅིངས་འགྲོལ་” ཞེས་པའི་ལོ་ངོ་ ༧༥ འཁོར་བའི་དུས་དྲན་ལ་དགག་ལན་དང་ཐ་སྙད་དབྱེ་ཞིབ།

༢༠༢༦/༠༥/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese