མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྡོ་རྗེ་གདན་གྱི་དུས་འཁོར་དབང་ཆེན་ལ་ཕེབས་ཤོག

བོད་ཀྱི་དུས་བབ།
༢༠༡༡/༠༧/༠༡
Share on FacebookShare on TwitterShare on EmailShare on Whatsapp
ཕྱི་ལོ་༢༠༡༡ཟླ་༡༢ཚེས་༣༡ཉིན་ནས་༢༠༡༢ཟླ་༡ཚེས་༡༠ཉིན་བར།༧གོང་ས་མཆོག་གིས་འཛམ་གླིང་ཞི་བདེར་དམིགས་ཏེ།གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་༣༢པ་དེ་སྩོལ་རྒྱུ་རེད།ཅེས་དུས་དབང་གྲ་སྒྲིག་ཚོགས་པའི་ཚོགས་གཙོ་མོན་རྟ་དབང་དགོན་པའི་བླ་མ་ངག་དབང་ནོར་བུ་ལགས་ཀྱིས་བརྗོད་ཡོད།
ཨ་རུ་ཎ་ཅལ་དུས་འཁོར་དབང་ཆེན་གྲ་སྒྲིག་ཚོགས་པའི་གོ་སྒྲིག་འོགདེ་རིང་ཕྱི་ཟླ་༧ཚེས་༡ཉིན་གྱི་ཞོགས་པའི་ཆུ་ཚོད་༩།༣༠སྟེང་།དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ཚོགས་ཁང་དུ།༢༠༡༢ལོར་གནས་མཆོག་རྡོ་རྗེ་གདན་དུ་འཚོགས་འཆར་ཡོད་པའི་དུས་དབང་སྐོར་གྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་ལ།མཛད་སྒོའི་སྐུ་མགྲོན་དུ་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་མཆོག་གདན་ཞུས་གནང་ཡོད་པ་མ་ཟད།སྐབས་དེར།དུས་དབང་སྐོར་གྱི་དྲ་རྒྱ་ཞིག་ www.kalachakra2012.orgཞིག་གསར་དུ་དབུ་འབྱེད་གནང་སོང་།  
ལྷན་ཚོགས་ཐོག་མོན་རྟ་དབང་ནས་ཕེབས་པའི་དུས་དབང་གྲ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་བླ་མ་ངག་དབང་ནོར་བུ་ལགས་ཀྱིས་ངོ་སྤྲོད་གནང་དོན།ངས་དོན་ཚན་གསུམ་གྱི་ཐོག་དུས་འཁོར་དབང་ཆེན་སྐོར་ངོ་སྤྲོིད་ཞུ་རྒྱུ་ཡིན།ཨ་རུ་ཎ་ཅལ་མངའ་སྡེ་སྤྱི་ཁྱབ་བློན་ཆེན་མཆོག་ཞལ་བཞུགས་སྐབས།༧གོང་ས་མཆོག་ལ་གསོལ་བ་བཏབ་སྟེ།ཞལ་བཞེས་ཐོབ་པའི་དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་དེ།༢༠༡༡ལོའི་ཕྱི་ཟླ་༡༢ཚེས་༣༡ནས་༢༠༡༢ལོའི་ཟླ་༡ཚེས་༡༠བར་འཚོགས་གཏན་འཁེལ་བ་རེད།ད་ཐེངས་གོ་སྒྲིག་ཚོགས་པའི་ངོས་ནས།རིས་སུ་མ་ཆད་པའི་ཆོས་བརྒྱུད་ཁག་ཚང་མ་ལྷན་འཛོམས་ཐོགའཛམ་གླིང་ཞི་བདེ་ཡོང་ཆེད་སྨོན་ལམ་མགོ་འཛུགས་དང་འབུམ་ཚོགས་འཚོགས་རྒྱུ།དོལ་རྒྱལ་དང་འབྲེལ་བ་མེད་མཁན་ཚོས་ལྷ་མི་ཟུང་འབྲེལ་གྱི་ཐོག་ནས་༧གོང་ས་མཆོག་ལ་བརྟན་བཞུགས་རྒྱས་པ་ཞིག་འབུལ་རྒྱུ་ཡིན།ཞེས་ངོ་སྤྲོད་གནང་བྱུང་།  
ཡང་ཁོང་གིས་དུས་དབང་མགོ་འཛུགས་མ་གནང་གོང་གྲོང་ཁྱེར་པཱ་ཌི་ནར་འཚོགས་འཆར་ཡོད་པའི་འཛམ་གླིང་ཆོས་ལུགས་སྨོན་ལམ་ཐད་ལ་ཁོང་གིས།༢༠༡༢ལོའི་ཟླ་༡ཚེས་༡ཉིན་བྷེ་ཧར་རིའི་གྲོང་ཁྱེར་པཱ་ཌི་ཎ་རུ།འཛམ་གླིང་ཆོས་ལུགས་ཁག་གི་བླ་ཆེན་དང་ཞི་བདེའི་གཟེངས་རྟགས་བཞེས་མྱོང་པའི་མཁས་དབང་ཁག་ཅིག་གིས།འཇིག་རྟེན་ཞི་བདེའི་ཆེད་སྨོན་ལམ་གསུང་རྒྱུའི་ལས་རིམ་ཞིག་གོ་སྒྲིག་ཞུ་འཆར་ཡོད།ཅེས་བརྗོད་སོང་།
བླ་མ་ངག་དབང་ནོར་བུ་ལགས་ཀྱིས་རྡོ་རྗེ་མཁའ་འགྲོ་ལགས་ཀྱིས་ནང་མིའི་འཚམས་འཕྲིན་སྒྲོག་སྦྱང་གནང་བའི་ནང་བཀོད་དོན།ཕྱི་ཟླ་༤ཚེས་༣༠ཉིན་ཨ་རུ་ཎ་ཅལ་མངའ་སྡེ་སྤྱི་ཁྱབ་བློན་ཆེན་མཆོག་གནམ་གྲུ་བརྡབ་སྐྱོན་ཁྲོད་རྐྱེན་འདས་སུ་ཕྱིན་ཏེ།  ཕྱི་ཚེས་༡༠བར་སྐུ་ཕུང་སྦྱིན་སྲེག་མ་གྲུབ་བར།༧གོང་ས་མཆོག་གཙོས་པའི་བོད་གཞུང་མང་གཉིས་དང་།ལྷག་པར་དུ།ཆོས་སྡེ་ཁག་གིས་ཐུགས་ཁུར་ཆེ་བཞེས་ཀྱིས་གསོལ་སྨོན་དང་མཆོད་འབུལ་རྒྱ་ཆེ་གནང་བ་མ་ཟད།  གུས་པ་ནང་མི་ཉེ་འཁོར་ཡོངས་ལ།ཡིག་ངག་གཉིས་ཐོག་ནས་སེམས་གསོ་ཚད་མེད་གནང་བར་སྙིང་ནས་ཐུགས་རྗེ་ཞུ་རྒྱུ་དང་།ཡབ་དམ་པ་དེ་ཉིད་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ།དད་གུས་ཇི་ལྟར་ཞུས་ཀྱི་ཡོད་པ་བཞིན།གུས་པ་ནང་མི་ཡོངས་ནས་ཀྱང་།དུས་ནས་དུས་སུ་མགོན་པོ་གང་ཉིད་ལ་དད་གུས་ཚད་མེད་ཞུ་རྒྱུ་ཡིན།ཞེས་འཁོད་ཡོད།
དེའི་རྗེས་སྐུ་མགྲོན་གཙོ་བོ་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུངས་དོན།༧གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས།བོད་དང་རྒྱ་གར།ནུབ་ཕྱོགས་གླིང་ཆེན་ཁག་དང་སོག་ཡུལ་བཅས་ས་གནས་མང་པོའི་ནང་།རྒྱལ་བ་སྐུ་ཕྲེང་ན་རིམ་སྐབས་མ་བྱུང་བའི་དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་ཐེངས་མང་བསྩལ་ཡོད་སྟབས།རླབས་ཆེན་གྱི་མཛད་རྗེས་ཤིག་བཞག་ཡོད་པ་རེད།དེའི་བྱུང་རིམ་ནང་གནས་མཆོག་གདན་དུ།༧གོང་ས་མཆོག་གིས་དུས་འཁོར་གྱི་བཀའ་དབང་ཐེངས་༣༢གནང་རྒྱུའི་ཆེད།སྐུ་གཤེགས་བློན་ཆེན་རྡོ་རྗེ་མཁའ་འགྲོ་དབུས་པའི་དད་ལྡན་སྦྱིན་བདག་མང་པོ་ཞིག་གིས།གསོལ་བ་བཏབ་པ་ལྟར་ལོ་འདིའི་ལོ་མཇུག་གམ།༢༠༡༢ལོའི་ལོ་མགོ་ཙམ་ལ།ཚོགས་ཆུང་གི་ཚོགས་གཙོས་གསུངས་བ་བཞིན།དུས་འཁོར་དབང་ཆེན་བཀའ་དྲིན་བསྐྱང་རྒྱུའི་ཐུགས་གཏན་འཁེལ་བ་དེ།ཧ་ཅང་རླབས་ཆེ་བའི་ཆོས་ཕྱོགས་ཀྱི་བྱ་བ་ཞིག་ཆགས་ཡོད།ཅེས་གསུངས།
དུས་འཁོར་ཀྱི་གལ་ཆེན་རང་བཞིན་སྐོར་ལ་ཟམ་གདོང་རིན་པོ་མཆོག་གིས་མུ་མཐུད་དུ།དཔལ་དུས་ཀྱི་འཁོར་ལོ་དེ་རྒྱུད་སྡེ་བཞིའི་ནང་སྔགས་བླ་མེད་ཀྱི་རྒྱུད་ལ་གཏོགས་པ་གང་ཞིག་ལ།རྒྱུད་སྡེ་གཞན་དང་ཞལ་གཟིགས་མི་མཐུན་པའི་ལམ་གྱི་རིམ་པ་ཐ་དད་དང་།ཟབ་པ་དང་མྱུར་བ་ཞིག་ཡིན་པ་རེད།དེ་སྔོན་བྱུང་ཟིན་པའི་དུས་ཀྱི་འཁོར་ལོའི་བཤད་ཁྲིད་གནང་མཁན་བླ་ཆེན་ཚོའི་ནང་།ཀུན་མཁྱེན་ཏཱ་ར་ན་ཐ་ལས་གཞན་པའི་བླ་ཆེན་གཞན་སུས་ཀྱང་།དུས་འཁོར་བཀའ་དབང་ཐེངས་གསུམ་བཞི་ལས་གནང་མྱོང་ཡོད་པ་མ་རེད།རྒྱལ་བ་སྐུ་ཕྲེང་བཅུ་བཞི་པས་བཀའ་དབང་ཐེངས་༣༠གནང་ཟིན་པ་དང་།སོ་གཅིག་པ་དེ་མི་རིང་བར་ཟླ་འདིའི་ནང་གནང་རྒྱུ་དང་།སོ་གཉིས་པའང་འདི་ལོར་གནས་མཆོག་གདན་དུ་གནང་རྒྱུ་ཡིན་པ་དེ།ཕྱོགས་གཅིག་ནས་སྙིགས་མའི་དུས་འདིར་འཇིག་རྟེན་འདི་ཧ་ཅང་ཛ་དྲག་གནས་བབ་ཤིག་ཏུ་ཡོད་ནའང་།ཕྱོགས་གཞན་ཞིག་ནས།བླ་མ་ཁྱད་པར་འཕགས་པའི་ཆོས་ཁྱད་པར་འཕགས་པའི་ཆོས་འདི་ལྟ་བུ་ཞིག་འཆད་ཉན་ཡོད་པ་དེ།བསྐལ་བ་བཟང་པོ་དང་བསོད་ནམས་ཆེན་པོ་ཞིག་ཆགས་ཡོད་པ་རེད།ཅེས་གསུངས་སོང་།  
འདི་གའི་གསར་འགོིད་པས་རྟ་དབང་དགོན་པའི་བླ་མ་ངག་དབང་ནོར་བུ་ལགས་སུ།ད་ལོའི་དུས་དབང་གི་སྦྱིན་དབང་དང་གོ་སྒྲིག་པ་སུ་སུ་ཡིན་མིན་དང་།ཆོས་ཞུ་བ་ཅི་ཙམ་ཕེབས་ཐུབ་མིན།དེ་བཞིན།ཆོས་ཞུ་བའི་སྡོད་གནས་ཐོག་གྲ་སྒྲིག་གང་འདྲ་བྱས་ཡོད་མེད་སྐོར་དྲིས་སྐབས་ཁོང་གིས་བརྗོད་དོན།
གོ་སྒྲིག་ཚོགས་ཆུང་ལ་ཁྱོན་སྦྱིན་བདག་མི་༢༡ཡོད་ཅིང་།དེའི་ནང་ཕྱག་ལས་གནང་མཁན་གཙོ་བ་གསུམ་ཡོད་པའི་ནང་།ཨ་རུ་ཎ་ཅལ་མངའ་སྡེ་བློན་ཆེན་རྡོ་རྗེ་མཁའ་འགྲོ་ལགས་ཀྱི་ཕྱོགས་ནས་སྡེ་ཚན་གཅིག་དང་།རྒྱ་ལི་སྨོན་ལམ་ཚོགས་པའི་ཕྱོགས་ནས་གདན་ས་ཁག་ཅིག་གི་གྲྭ་ཚང་༦གི་འཐུས་མིའི་སྡེ་ཚན་གཅིགརྣམ་རྒྱལ་གྲྭ་ཚང་ནས་སྡེ་ཚན་གཅིག་བཅས་ཡོད།དེ་བཞིན།ང་ཚོས་རྒྱ་ནག་སྐམ་ས་ནས་རྒྱ་རིགས་ཆིག་སྟོང་༡༠༠༠ལྷག་ཕེབས་ཐུབ་རྒྱུའི་རོབ་རྩིས་རྒྱག་བཞིན་ཡོད་ཀྱང་།རྒྱ་ནག་གི་སྲིད་བྱུས་ཀྱི་རྐྱེན་པས་ཁོང་ཚོར་གསུང་སྟངས་བདེ་བོ་ཡོད་ས་མ་རེད།གསལ་པོ་ཞིག་ཞུ་ཐུབ་ཀྱི་མི་འདུག་ཀྱང་།ད་ལོ་ནམ་རྒྱུན་ནམ་དང་མི་འདྲ་བར་མི་མང་པོ་ཞིག་འཛོམས་ཐུབ་རྒྱུར་རེ་བ་རྒྱག་གི་ཡོད།སྐྱབས་མགོན་རིན་པ་ཆེ་དགུང་ལོ་མཐོ་རུ་འགྲོ་བཞིན་ཡོད་སྟབས།མི་མང་པོ་ཞིག་ལ་དུས་འཁོར་དབང་ཆེན་ཐོབ་དང་མི་ཐོབ་ཀྱི་སེམས་འཚབ་ཡོང་གིན་ཡོད།གནས་མཆོག་རྡོ་རྗེ་གདན་དུ་དུས་དབང་གནང་མ་ཐུབ་པར་དུས་ཚོད་གང་འཚམ་ཕྱིན་ཡོད་སྟབས།།ད་ཆར་འཛམ་གླིང་ཕྱོགས་མཐའ་ནས་མི་ཆིག་འབུམ་ལྔ་ཁྲི་ནས་༡༥༠༠༠ནས་༢༠༠༠༠༠ཉིས་འབུམ་ཙམ་འཛོམས་རྒྱུའི་རེ་བ་ཡོད་ཅེས་དང་།
ཡང་ཁོང་གིས་མུ་མཐུད་དོན།ཐོག་མར་ང་ཚོས་དགེ་འདུན་པ་དང་།ཕྱི་རྒྱལ་ཁག་གི་སྐུ་མགྲོན།མི་མང་དཀྱུས་མ་བཅས་སྡེ་ཚན་བགོས་ཏེ་གྲ་སྒྲིག་བྱས་ཏེ།མི་ཁྲི་ལྔ་ཙམ་ལ་སྡོད་གུར་གྱི་གྲ་སྒྲིག་བྱས་པ་རེད།ཕྱི་ཟླ་༨པའི་ནང་ང་ཚོ་བསྐྱར་དུ་ཚོགས་འདུ་ཞིག་འཚོགས་འཆར་ཡོད།སྐབས་དེར།གུར་གྱི་ཁ་གྲངས་མང་དུ་གཏོང་དགོས་ན་སྐབས་བསྟུན་གྱིས་འགྱུར་བ་གཏོང་རྩིས་བྱས་ཡོད།ཅེས་བརྗོད་བྱུང་།
ད་ལོར་བོད་ནས་དུས་འཁོར་དབང་ཆེན་ལ་བོད་མི་ཅི་ཙམ་འབྱོར་ཐུབ་ཀྱི་ཡོད་མེད་སྐོར་དྲིས་སྐབས།ང་ཚོས་བོད་ནས་ཕེབས་མཁན་བདེ་སྲུང་ལ་བཀའ་འདྲི་ཞུ་བཞིན་ཡོད།ད་བར་བདེ་སྲུང་བཀའ་བློན་དང་དྲུང་ཆེ་སོགས་ལ་ཐུགས་ལྷོད་ལྷོད་བྱས་ཏེ།བཀའ་མོལ་གནང་ཁོམ་བྱུང་ཡོད་པ་མ་རེད།སང་ཉིན།བདེ་སྲུང་བཀའ་བློན་དང་མཉམ་དུ་བཀའ་བསྡུར་གནང་རྒྱུ་ཡིན།དེའི་ནང་ལ་བོད་ནས་ཕེབས་མཁན་ཚོ་དང་།དེ་མིན་པའི་དུས་དབང་སྐབས་བདེ་སྲུང་དང་འབྲེལ་བའི་གནད་དོན་ཁག་གི་ཐོག་བཀའ་བསྡུར་གནང་རྒྱུ་ཡིན།ཕྱི་ཚེས་༢༩ཉིན་ཆོས་རིག་བཀའ་བློན་དང་ཐུག་འཕྲད་ཀྱིས་ཆོས་ཕྱོགས་ཀྱི་ལས་རིམ་ཐོག་བཀའ་མོལ་གནང་ཐུབ་པ་བྱུང་།བོད་ནས་མི་ག་ཚོད་བསླེབ་ཐུབ་མིན་ཐོག་ཚོད་དཔག་བྱས་ནས་བཤད་ཐུབ་ཀྱི་མི་འདུགགོ་ཐོས་ལྟར་ན།༧གོང་ས་མཆོག་གིས་རྡོར་གདན་དུ་དུས་དབང་གནང་རྒྱུའི་ཞལ་བཞེས་ཐོབ་པ་ནས།གདན་ས་དང་གཞིས་ཆགས་ཁག་གི་འབྲེལ་ཡོད་མི་སྣ་ཚོས།དུས་དབང་གི་ཚེས་གྲངས་ཇི་ལྟར་གཏན་འཁེལ་པ་རེད།ཚེས་གྲངས་དེས་ཡིག་ཆ་བཟོ་སྟངས་ལ་ཁྱད་པར་ཡོང་གི་འདུག་ལབ་མཁན་བྱུང་སོང་།ད་ལྟ་བོད་ནས་བོད་མི་གང་ཙམ་ཞིག་ལ་ཐོངས་མཆན་སྤྲད་ཚུལ་གོ་ཡོང་གི་འདུགདེར་བལྟས་ན།བོད་ནས་བོད་མི་མང་པོ་ཞིག་ཕེབས་ཐུབ་རྒྱུའི་རེ་བ་ཡོད།ཅེས་བརྗོད་སོང་།  
༢༠༡༢ལོའི་རྡོར་གདན་གྱི་དུས་དབང་དྲ་རྒྱ་སྐོར་ལ་ཁོང་གིས་མུ་མཐུད་དོན།གཅིག་ནས།དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་དེ་ཆོས་ཕྱོགས་ཀྱི་འབྲེལ་བ་ཆགས་ཡོད་པ་དང་།གཉིས་ནས།བོད་གཞུང་དང་འབྲེལ་བ་ཆེན་པོ་ཞིག་ཆགས་ཡོད།བོད་གཞུང་གི་ནང་དུ་བཀའ་བློན་ཁྲི་པ་ནི་༧གོང་ས་མཆོག་ཕུད་པའི་མི་སྣ་གཙོ་བོ་དེ་ཆགས་ཡོད་སྟབས།རིན་པོ་ཆེས་དབུ་འབྱེད་གནང་ཐུབ་ན།འཛམ་གླིང་ཡོངས་སུ་ཡིད་ཆེས་དང་དད་པ་སྐྱེ་ས་ཞིག་ཡོང་གི་རེད་བསམ་སོང་།ཅེས་བརྗོད་སོང་།
མཐའ་མར་གསར་འགོད་པས་ཁོང་ལ།ཆོས་ཞུ་བས་དཀར་སྐྱོང་གནང་ཐབས་ལ་གོ་སྒྲིག་ཚོགས་པ་ལས་འགུལ་ཅི་ཞིག་སྤེལ་རྩིས་ཡོད་མེད་དང་།སྐབས་དེའི་མང་ཚོགས་ཀྱི་བདེ་འཇགས་ཐོག་གྲ་སྒྲིག་གང་འདྲ་ཡོད་མེད་དྲིས་པར།ང་ཚོའི་ངོས་ནས་དད་ལྡན་ཆོས་ཞུ་ཡོངས་དང་ལྷག་པར་དུ་ཟ་ཁང་གཉེར་མཁན་ཚོས་དུས་དབང་གི་སྐབས་སུ།གང་ཐུབ་ཀྱིས་དཀར་སྐྱོང་གནང་རྒྱུའི་འབོད་སྐུལ་ཞུ་བཞིན་ཡོད།མང་ཚོགས་ཀྱི་བདེ་འཇགས་ཐོག་ང་ཚོས་བདེ་སྲུང་ལས་ཁུངས་དང་འབྲེལ་བ་བྱས་ཏེ་བཀའ་བསྡུར་གནང་གི་ཡིན།ཞེས་བརྗོད་སོང་།  
གསར་འགོད་པ།དཔལ་ལྡན།
 

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་སླར་གསོ་བསྐྱངས་ནས་ལོ་ངོ་ ༦༥ འཁོར་བའི་དུས་ཆེན་སྲུང་གཙི་ཞུས།

ཆུ་ཚོད་ ༡ སྔོན་ལ།
དགེ་འདུན་པ་མཛེས་དགའ་རྒྱ་མཚོ་ལགས། པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༦།༣།༢༢ བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

ཆུ་ཚོད་ ༢༡ སྔོན་ལ།
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠

མཆན། 6

  1. འཇིག་རྟེན་ says:
    ལོ་ 15 སྔོན།

    དུས་དབང་སྐབས་སུ་བོད་ནས་གསར་ཏུ་འབྱོར་མཁན་རྣམས་ལ་སྡད་ས་ཡག་པོ་བཟོ་ཐུབ་ན་ཕན་པ་ཆེ

    Reply
  2. གཟུ་གནས་བློ་ལྡན། says:
    ལོ་ 15 སྔོན།

    བོད་གཞིས་བྱེས་གཉིས་ཀྱི་སྙིང་ནོར་དེ།།
    མགོན་བསྟན་རྒྱ་མཚོ་མ་ལགས་སམ།།
    ཁྱེད་སྐུ་ཚེ་ཁྲི་ལོར་བརྟན་གྱུར་ནས།།
    བོད་གངས་ཅན་བསྟན་པ་དར་བར་ཤོག།
    ལྷ་ཌྭ་ཀིའི་སྟོང་གི་གཙོ་མོ་དེ།།
    དཔལ་དམག་ཟོར་རྒྱལ་མོ་མ་ལགས་སམ།།
    ཁྱེད་གཟིགས་པ་དུས་ལས་མ་གཡེལ་བར།།
    དམ་མཉམ་པའི་བསྟན་དགྲ་དབྱིངས་སུ་སྒྲོལ།།

    Reply
  3. ཚངས་སར་ཕྲིན་ལས། says:
    ལོ་ 15 སྔོན།

    བོད་ཡིག་དང་དབྱིན་ཡིག་རྒྱ་ཡིག་སོགས་མང་པོ་ཞིག་ནས་མཐོང་ཐོབ་པ་བྱས་ན་དགེ་མཚན་ཆེ་བ་རློམ།

    Reply
  4. བརྩོན་རྒྱམ། says:
    ལོ་ 15 སྔོན།

    དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཞེས་སྔགས་བླ་མེད་ཀྱི་རྒྱུད་ཀྱི་རྒྱུད་ལ་གཏོགས་པ་ཞིག་ཡིན་དུས་དེའི་ནུས་བ་མྱུར་པ་དང་ཟབ་པ་སོགས་གལ་ཆེན་ཡིན་པར་མ་ཟད་གནས་ཆེན་ཁྱད་པར་ཅན་འདི་ནས་དུས་དབང་གཅིག་ཐོབ་པ་ཡིན་ན་དུས་དབང་ལྔ་ཞིག་ཐོབ་དང་ཕན་ཡོན་གཅིག་ཡིན་ཟེར་གྱི་ཡོད་པ་རེད།   དེ་ལས་གལ་ཆེན་ཞིག་ཡོད་པ་ནི་༧གོང་ས་མཆོག་གི་སྐུ་ཕྱྭའི་གནས་སྟངས་སོགས་ཟབ་དགོས་པ་ཞིག་ཡིན་སྔོན་སོང་གི་ལོ་རྒྱུས་ལ་ལྟས་ན་གསལ་བོ་རེད།   དེ་འདྲ་ཡིན་དུས་དུས་དབང་གྲ་སྒྲིག་ཚོགས་ཆུང་ནས་དེ་ལ་ཟབ་ཟབ་གནང་རོགས་ཞུ་རྒྱུ་བཅས་ཐུགས་རྗེ་གནང་།

    Reply
  5. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    དུས་དབང་དུས་ལྟར་གསུང་ཐུབ་རྒྱའི་སྨོན་འདུན་ཞུ།

    Reply
  6. མཁར་རྔ་། says:
    ལོ་ 15 སྔོན།

    དུས་འཁོར་དབང་ཆེན་སྐབས་སུ་གལ་གནད་ཆེ་ཤོས། ༧གོང་ས་མཆོག་གི་སྐུ་གཟུགས་འཕྲོད་བསྟེན་དང་།

    སྐུ་ཕྱྭའི་ཐད་གོ་སྒྲིགས་ཚོགས་ཆུང་གཙོས་འབྲེལ་ཆགས་ཀུན་གྱིས་འགན་སྲུང་ནན་ཏན་བྱེད་པར་དམིགས་བསལ་འབོད་སྐུལ་ཞུ་བཞིན་ཡོད། དེ་ལས་གལ་ཆེ་བ་ཞིག་མེད་པ་ངོས་འཛིན་གནང་རོགས་ཞུ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese