མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞན་ཡུལ་ན་ལས་ཀ་དང་འཚོ་བ་འདི་འདྲ་རེད། སོ་གཉིས།

བོད། ཤ་ཁྲག་རུས་གསུམ།
༢༠༡༡/༠༧/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཚེས་བཅུ་ཉིན་ཞོགས་པ་སྔ་བོ་ཆུ་ཚོད་བཅུ་བའི་སྟེང་གི་མེག་ལོར་ནས་པ་ཏྲན་ཀོ་ཀྲེ་ལ་ལམ་དུ་བུད། དེ་རུ་འབྱོར་དུས་ཆུ་ཚོད་གསུམ་དང་ཕྱེད་རེད། པ་ཏྲན་ཀོ་ཀྲེ་ནས་ཨ་མྲའི་ཚལ་དུ་འབོད་པའི་པན་ཇབ་ཀྱི་གསེར་གྱི་ལྷ་ཁང་ཡོད་སའི་ཕྱོགས་སུ་འགྲོ་བའི་རླངས་འཁོར་དུ་ཆས་འགོ་བརྩམས། ས་རུབ་པ་དང་ཆུ་ཚོད་བརྒྱད་པ་ཡོལ་ཙམ་ཞིག་ལ་པན་ཇབ་གསེར་གྱི་ལྷ་ཁང་གི་འགྲམ་གྱི་རིན་མེད་མགྲོན་ཁང་དུ་ཅ་ལག་ཚང་མ་བཞག སྤྱིར་ན་པན་ཇབ་གསེར་གྱི་ལྷ་ཁང་དུ་ལྟ་སྐོར་དུ་ཡོང་མཁན་སུ་ཞིག་ཡིན་ཡང་། དེ་ནས་རིན་མེད་དུ་གནས་ཚང་བྱེད་ཆོག་གི་ཡོད། འོན་ཀྱང་། མི་མང་ལྷན་འདུས་ཀྱི་བསྡོད་ཀྱི་ཡོད་པ་ཞིག་རེད་འདུག ང་ནི་ཡོང་རོགས་ཕྱི་རྒྱལ་གྱི་བུད་མེད་ཅིག་ཡིན་དུས། ངེད་གཉིས་གཅིག་བུ་ཁང་ཆུང་ཞིག་སྤྲད་སོང་། དགོང་མོ་དེར་གསེར་གྱི་ལྷ་ཁང་གི་རིན་མེད་ཟ་མ་ཟ་སའི་སྤྱི་ཁང་དུ་སོང་ནས་གྲལ་བསྒྲིགས་མི་ཚོགས་ཀྱི་ཁྲོད་ནས་ཟ་མ་ཟས།

ཚེས་བཅུ་གཅིག་གི་ཞོགས་པ་སྔ་བོ་ནས་བླངས་དེ་པན་ཇབ་གསེར་གྱི་ལྷ་ཁང་ནང་དུ་ལྟ་སྐོར་ལ་སོང་། པན་ཇབ་ཀྱི་དད་ལྡན་ཕོ་མོ་མང་བོས་གཙང་གྲྭ་བྱེད་པ་དང་། ལྷ་ཁང་ནང་དུ་ཕོ་མོ་གཉིས་ཀྱིས་འདོན་པ་འདོད་བཞིན་འདུག གསེར་གྱི་ལྷ་ཁང་དེ་ནི་རྫིང་བུ་ཞིག་གི་དཀྱིལ་དུ་ཡོད་པ་དང་། ཞོགས་པའི་ཉི་མ་རི་རྩེ་ནས་ཤར་བ་དང་ངེད་གཉིས་དེ་ཡི་འགྲམ་དུ་ཡོད་དུས། དངོས་ནས་གསེར་འདོག་གི་ལྷ་ཁང་དེ་ནི་རྫིང་བུ་དེ་ཡི་དཀྱིལ་ནས་དངོས་ནས་ཧ་ལས་པའི་མཛེས་ཤིང་བརྗིད་ཉམས་འདུག གསེར་གྱི་ལྷ་ཁང་འདི་ལ་ལོ་ངོ་ལྔ་བརྒྱ་ནས་དྲུག་བརྒྱའི་བར་གྱི་ལོ་རྒྱུས་འདུག་ན་ཡང་། རང་ཉིད་ཀྱིས་པན་ཇབ་ཀྱི་སྐད་དང་ཡི་གེ་མི་ཤེས་དུས། དེ་ཡི་སྐོར་ལ་གསལ་བོ་ཞིག་ཤེས་ཐུབ་མ་བྱུང་།

ཞོགས་པ་ཆུ་ཚོད་དགུ་བ་ཙམ་ལ་ཕྱིར་རིན་མེད་མགྲོན་ཁང་དུ་ཡོང་ནས་ཅ་དངོས་དག་འཁུར་ནས་འགྲོ་གྲབས་བྱེད་ཀྱི་ཡོད་པའི་སྐབས་སུ། འདང་ནུབ་ངེད་གཉིས་ལ་ཁང་བ་གོ་སྒྲིག་བྱེད་མཁན་གྱི་མི་དེ་ཡོང་ནས། ཟིན་དེབ་འཐིག་པོ་ཞིག་དང་སྨྱུ་གུ་ཞིག་འཁུར་ཡོང་ནས། འདི་ལ་ཞལ་འདེབས་ཤིག་སྤྲོད་རོགས་གནོངས་ཟེར་བས། མཛའ་མོས་ང་ལ་སྐད་ཆ་དྲིས་དུས། ངས་སྤྲད་དགོས་པ་རེད། རང་གིས་སེམས་ཀྱི་ཡོང་ཚོད་ཅིག་སྤྲད་ན་འགྲིག་གི་རེད། ངེད་གཉིས་ཀྱིས་རིན་མེད་ཀྱི་ཟས་ཟོས། རིན་མེད་ཀྱི་མགྲོན་ཁང་དུ་བསྡད་པ་རེད། ཁོ་མོས་ཀྱང་དེ་ལྟར་བསམ་འདུག

ཨ་མའི་ཚལ་ནས་ལྡི་ལུར་ལམ་དུ་མི་འབུད་མེད་ཐབས་མེད་ཡིན། ངེད་གཉིས་མགྱོགས་པོ་ལྡི་ལུར་སླེབས་དགོས་ཀྱི་ཡོད་པ་ཡིན། ང་རང་གི་ཐོངས་ཆེན་རེག་མིན་གྱི་ཆེད་དུ། དེ་ཡི་བར་ནས་ལམ་ཐག་རིང་བ་དང་ཟ་མ་ཡང་ཡག་པོ་ཞིག་མ་རེག ལྡི་ལུའི་ཇོ་ནང་མགྲོན་ཁང་དུ་འབྱོར་དུས་ས་རུབ་ནས་ཡུན་རིང་ཞིག་མ་རེད། ཟ་མ་ཡིད་ཚིམ་པ་ཞིག་ཟ་རྒྱུ་བྱུང་། གཉིད་ཀྱང་སྐྱིད་པོ་ཞིག་ཁུགས་སོང་།

ངེད་གཉིས་སྔ་བོ་ཁོ་མོའི་རྒྱལ་ཁབ་ཀྱི་གཞུང་ཚབ་ཡོད་སའི་ལྡི་ལུ་གསར་བའི་ཕྱོགས་སུ་རྐང་གསུམ་སྤག་སྤག་ཞིག་གི་ནང་དུ་ཚ་བ་ཆེན་པོ་དེ་ཡི་ནང་དུ་སོང་། གཞུང་ཚབ་ཁང་གི་སྒོ་འགྲམ་ནས་ཁོ་མོའི་རང་གི་རྒྱལ་ཁབ་ཀྱི་སྐད་ཆ་མི་ཉུང་བ་ཞིག་སྒོ་སྲུང་བ་ཕོ་གསར་ཉམས་ཅན་དེར་བཤད་དུས། ངེད་གཉིས་ཀྱི་ལག་ཁྱེར་དང་ལུས་པོ་དག་ལ་ཞིབ་གཤེར་བྱས་རྗེས་སུ་ནང་དུ་བཏང་སོང་། དེ་དུས་གཞི་ནས་ངས་ཨེས་སུ་རལ་གྱི་རྒྱལ་དར་ལ་ཉམས་འཇོག་རྒྱུ་བྱུང་། སྔོན་ཆད་ངས་མཐོང་མྱོང་ཡོད་མེད་མི་དྲན་མོད། དེ་རིང་ནི་ངས་ཁོ་མོ་འདི་ཁྱེད་ཀྱི་རྒྱལ་ཁབ་ཀྱི་དར་ཆ་རེད་དམ་ཟེར་ནས་རླུང་གི་ཁྲོད་ན་ལྷབ་ལྷུབ་གཡུགས་ཀྱིན་པ་དེར་འཛུབ་མོ་བསྟན།

ང་རང་གིས་གཞུང་ཚབ་ཁང་འདིར་འབྱོར་ནས་སེམས་ནང་དུ་རང་གི་རིགས་ཀྱི་སྐོར་ལ་བསམ་བློ་ཞིག་མི་གཏོང་ཐབས་མེད་དུ་བཏང་། གཞུང་ཚབ་ཁང་གི་ནང་དུ་ངེད་གཉིས་ཀྱིས་མི་ཞིག་གིས་ཚུར་སྐད་གཏོང་རྒྱུར་སྒུག་ནས་བསྡད། ཡུན་རིང་སྒུག་མཐར། ཆུ་ཚོད་གསུམ་ཙམ་གྱི་རྗེས་སུ་མོ་རང་སོང་ནས་སྐད་ཆ་དྲིས་པའི་ལན་དུ་ང་རང་བོས། ངེད་གཉིས་ལྷན་དུ་ཨེས་སུ་རལ་གྱི་བུད་མེད་མགྲིན་ཚབ་པའི་ས་ནས་ངེད་གཉིས་ཀྱི་ནང་ནས་ང་རང་ལ་ཆ་རྐྱེན་གང་ཚང་དགོས་མིན་ཚང་མ་གསལ་བོ་གསུངས་བྱུང་།

ངེད་གཉིས་གཞུང་ཚབ་ཁང་གི་ལྟག་རྒྱབ་ཀྱི་ཁྲོམ་ཆེན་ཞིག་དུ་སོང་ནས་འདྲ་དཔར་ཕྱེད་ཅིག་བརྒྱབས། ས་དེ་ནས་མོ་རང་གི་རེ་འདོད་ལྟར། ཤིང་ཏོག་ཁུ་བ་དང་བག་ལེབ་མེ་བསྲེག བོད་ནས་ཚུར་སླེབས་པའི་ཕྱུ་ར་སོགས་ཉོས། ཧིན་སྒོར་སུམ་བརྒྱ་ལྷག་གི་ཉིན་གོང་ཟ་མ་སྟབས་བདེ་ཞིག་ཟས། དེ་དུས་ངས་ཁོ་མོར་གཡག་དང་འབྲི་ཡི་ཁྱད་པར་འགྲེལ་བཤད་བྱེད་དགོས་བྱུང་། རྒྱུ་མཚན་ནི་ཕྱུ་ར་ཚོང་ས་དེ་ཡི་ཕྱུ་རའི་མིང་ལ་གཡག་གི་ཕྱུ་ར་ཟེར་ནས་བྲིས་པ་དེ་ལས་མཆེད་པ་རེད།

ངེད་གཉིས་ཀྱིས་འགྲིམ་འགྲུལ་ལས་ཁུངས་ཤིག་བཙལ་ནས་རྙེད་པ་ལྟར། རྒྱ་གར་འགྲིམ་འགྲུལ་ཁང་དེ་ནས་ང་རང་ལ་གནམ་གྲུའི་འཛིན་བྱང་ཉོ་བའི་གོང་ཚད་དྲིས་དུས། ཧིན་སྒོར་ཁྲི་གསུམ་དང་སུམ་སྟོང་རེད་འདུག ཁོ་མོས་ང་རང་འཁྲིད་ནས་ཉེ་འགྲམ་གྱི་དངུལ་འདྲེན་གློག་སྒམ་ཡོད་ས་ཞིག་འཚོལ་དུ་སོང་། ཁོ་མོས་དངུལ་འདོན་ཐེངས་གཉིས་ལ་ཧིན་སྒོར་ཁྲི་གསུམ་དང་བཞི་སྟོང་ང་ཡི་གནམ་གྲུའི་འཛིན་བྱང་ཆེད་དུ་ཕྱིར་བཏོན། ད་དུང་། ང་རང་འགྲིམ་འགྲུལ་བྱེད་ཆོག་པའི་འགྲིམ་འགྲུལ་བདེ་འཇག་གི་ཡིག་ཆ་བཟོ་བའི་ཆེད་དུ་ཡང་ཧིན་སྒོར་སུམ་སྟོང་ནས་བཞི་སྟོང་གནས་ཀྱི་ཡོད་པ་རེད། ཁོ་མོས་འདི་དག་འཕངས་སེམས་མེད་པར་བཏང་ནས་ཡོང་དུས། དངོས་ནས་ང་རང་ལ་ཚོར་བ་ཁྱད་མཚར་རེ་སྤྲད་ནས་འོང་གི་འདུག

ད་དུང་། ཁོ་མོས་ང་ལ་གནམ་གྲུའི་འཛིན་བྱང་ཉོས། ཡིག་ཆའི་དངུལ་ཡང་གྲྭ་སྒྲིག་བྱས། ཡིན་ཡང་། ཐོངས་ཆེན་རེག་མིན་ཤེས་ཀྱི་མེད་པ་རེད། འདི་ནི་མགྲིན་ཚབ་མས་བཤད་པ་ལྟར་ངེད་གཉིས་ཀྱིས་ལས་ཀ་བྱེད་ཀྱི་ཡོད་པ་རེད། ངའི་སེམས་ནང་དུ་གངས་དཀར་ལྷ་མཚོ་ངས་ཁྱེད་རང་ལ་དྲིན་ལན་འདི་དག་ཇི་ལྟར་ཁ་གསབ་བྱེད་དགོས་སམ། ངོ་མ་ཁོ་མོས་འདི་ལྟར་རང་ཉིད་ལོ་མང་རིང་དུ་དཀའ་ཚེགས་ཆེས་མང་བོ་ཞིག་རྒྱུད་ནས་བསགས་དེ་འོང་བའི་དངུལ་དེ་དག་འཕངས་མེད་དུ་ང་ཡི་ཆེད་དུ་བཏང་ནས་འོང་དུས། ང་རང་ལ་བཤད་མི་ཤེས་པའི་ཚོར་སྣང་ཞིག་གི་སྒོ་ལྕགས་ལྷོད་ཀྱིས་ཕྱེ་ནས་འོང་གི་འདུག ༡༢།༨།༠༨

མུ་འགོད།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese