མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་ཡོངས་ཚོགས་ཆེན་གྱི་གྲུབ་འབྲས་ལ་དཔྱད་པ།

བོད་ཀྱི་དུས་བབ།
༢༠༡༡/༠༧/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཀོ་ལི་གྷ་གཞི་ཆགས།  གཞུང་པ་ཚེ་དབང་བསོན་ནམས།

༄༅། བོད་མི་རིགས་འདི་ལོ་རྒྱུས་ཀྱི་དཀྱོག་མཚམས་གལ་ཆེན་ཞིག་ཏུ་ཁ་ཕྱོགས་དགོས་ཀྱི་ཡོད་ན། བོད་ཕྱི་ནང་གཉིས་སུ་ཡོད་པའི་རྒྱ་ཆེ་མང་ཚོགས་ལ་གོ་བསྡུར་དང་། བགྲོ་གླེང་སྦྱང་བཤད་མཐིལ་ཕྱིན་གནང་རྒྱུའི་སྒོ་སྐབས་དང་དུས་ཚོད་ཆ་ཚང་སྤྲད་དེ་ཐག་གཅོད་གནང་དགོས་པ་དེ་ཡར་འཐོན་མང་གཙོའི་ (Democracy)འགྲོ་ལུགས་ཡིན་ཞིང་། མི་ཉུང་ཤས་ཤིག་གིས་ཐག་གཅོད་བྱ་རྒྱུའི་ལམ་ལུགས་དེ་ནི་ད་སྔོན་འཇུག་དང་ས་ཡང་འཇུགས་ཡོད་པའི་གྲལ་རིམ་དམངས་གཙོ་(Proleterian)ལམ་ལུགས་ཡིན་སྟབས། ང་ཚོའི་ལམ་སྲོལ་འདི་ནི་མང་གཙོ་ (Democracy) ཡིན་པ་ཚང་མས་མཁྱེན་དགོས།

ཡུལ་མིའི་རྒྱལ་ཁབ་ (Republic)ཀྱི་གོ་དོན་གསལ་པོ་མ་རྟོགས་པའི་བོད་གཞུང་མང་རྒྱལ་ཡོང་ཚོགས་ཆེན་ཐེངས་གཉིས་པའི་སྙན་ཐོ་དེ་དག་མཇལ་མ་ཐག་བློ་ཕམ་དང་། ཡིད་མུག་གི་ཚོར་བ་རྣོན་པོ་ཞིག་རང་བཞིན་འགོག་མེད་དུ་ཤར་བྱུང་། དེ་ནི་གཅིག་ནས་རང་ཉིད་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་སྐྱོང་ཡུལ་བོད་གངས་ཅན་ལྗོངས་སུ་ལུས་ཀྱི་ལྟེ་ཁྲག་བོར་བའི་མི་སེར་དཀྱུས་མ་ཞིག་ཡིན་པ་དང་། གཉིས་ནས་ཕྱི་ལོ་ ༢༠༠༢ ལོར་བཙན་བྱོལ་སྤྱི་ཚོགས་ནང་བོད་གཞུང་མང་གཉིས་ནས་བོད་མིའི་ཁྲིམས་མཐུན་གཞུང་དགའ་ལྡན་ཕོ་བྲང་དབུ་བརྙེས་ནས་ལོ་ངོ་གསུམ་བརྒྱ་དྲུག་བཅུ་འཁོར་བའི་བཀའ་དྲིན་རྗེས་དྲན་ཞུས་ཏེ། ལོ་ངོ་བཅུ་མ་འཁོར་གོང་དུ་དགའ་ལྡན་ཕོ་བྲང་གཞུང་གི་སྒྲིག་འཛུགས་དེ་དག་བོད་མི་རང་ཉིད་ནས་མཇུག་སྡོམ་བརྒྱབ་པའི་ཡིད་སྐྱོ་བའི་ཚོར་བ་དེ་ང་དང་ང་འདྲ་བའི་རྙིང་ཞེན་རིང་ལུགས་ཅན་གྱི་བློ་མཐུན་མང་པོ་ཞིག་ལ་ཡོད་ངེས་ཡིན།

༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བོད་མི་མང་སྤྱི་འཐུས་གྲོས་ཚོགས་སུ་ཕེབས་པའི་གསུང་འཕྲིན་རིན་པོ་ཆེའི་ནང་དོན་ངོ་མ་བཅའ་ཁྲིམས་ཟིན་བྲིས་ནང་ཡུལ་མིའི་རྒྱལ་ཁབ་ཀྱི་བརྗོད་ཚིག་འཁོད་པའི་སྐོར་གསལ་སྟོན་གནང་ཡོད་པ་དང་། བཅའ་ཁྲིམས་དོན་ཚན་གསུམ་པའི་ནང་དུ་འཁོད་པའི་ཡུལ་མའི་རྒྱལ་ཁབ་ཀྱི་ (Republic) གོ་དོན་དང་༸གོང་ས་མཆོག་གི་མཚན་གནས་གཉིས་ཕྱོགས་མཐུན་དགོས་པ་གལ་ཆེར་བརྟེན། ཡུལ་མིའི་རྒྱལ་ཁབ་ (Republic) ཀྱི་གོ་དོན་ནི་རྒྱལ་ཁབ་ཀྱི་དབུ་ཁྲིད་དང་ (Head of Nation) སྲིད་གཞུང་གི་མགོ་ཁྲིད་ (Head of State) དེ་གཉིས་མི་མང་གིས་བདམས་པའི་མི་ཞིག་དགོས་པ་ (Head of the nation and head of the state in elected by people) དང་། དེ་ཡང་སྲིད་འཛིན་ལམ་ལུགས་ (Presidential system) དང་། གྲོས་ཚོགས་ལམ་ལུགས་ (Parliamentary system) བཅས་གཉིས་ཡོད་ལ། ཨ་རི་ལྟ་བུར་མཚོན་ན། སྲིད་འཛིན་ལམ་ལུགས་ནང་སྲིད་འཛིན་དེ་མི་མང་གིས་ཐད་ཀར་འོས་འདེམས་བྱེད་པ་ (Direct elected by people) དང་། རྒྱ་གར་ལྟ་བུར་མཚོན་ན། གྲོས་ཚོགས་ལམ་ལུགས་ནང་སྲིད་འཛིན་དེ་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ (Rayja Sabha a Lok Sabha) དང་། མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་བཅས་ནས་འོས་འདེམས་བྱེད་པ་ལྟར། སྔ་མ་དེ་དབང་ཆ་ཆེ་བ་དང་ཕྱི་མ་དེ་དབང་ཆ་ཆུང་བ་ཡོད་པ་སོགས་མི་མང་གི་ཁ་རྒྱུན་ལའང་ (Rubber Stamp) ཟེར་སྲོལ་ཡོད།

ལོ་ངོ་གསུམ་བརྒྱ་དྲུག་བཅུ་ལྷག་གི་གཟི་བརྗིད་ཆེ་ལ་དོན་སྙིང་ལྡན་པའི་རླབས་ཆེན་གྱི་ལོ་རྒྱུས་ལྡན་པའི་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་པར་རྒྱལ་བའི་སྒྲིག་འཛུགས་དེ་དག་མུ་འཐུད་གནས་དགོས་མིན་དང་། བཅའ་ཁྲིམས་དོན་ཚན་གསུམ་པའི་ནང་དུ་གསལ་བའི་ཡུལ་མིའི་རྒྱལ་ཁབ་ (Republic) ཀྱི་མིང་དོན་མཚུངས་པའི་ཐོག་ནས་༸གོང་ས་མཆོག་བོད་རྒྱལ་ཁབ་དང་། བོད་མི་རིགས་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ཀྱི་སྐུ་དབང་སྐོར་ལ་གཞིས་བྱེས་བོད་མིའི་སྤྱི་ཚོགས་ནང་གོ་བསྡུར་སྦྱང་བཤད་དང་། བགྲོ་གླེང་མཐིལ་ཕྱིན་གནང་སྟེ་ཐག་གཅོད་གནང་དགོས་པ་ལས་༸གོང་ས་མཆོག་གིས་གནང་གི་མིན་གསུངས་པ་དང་། བོད་མི་མང་གིས་འགྲིག་གི་འདུག་ཟེར་བ་ལྟ་བུའི་ལོ་རྒྱུས་དུམ་དུམ་ཞིག་མ་འོངས་བོད་ཀྱི་ལོ་རྒྱུས་ནང་ལྷག་ཚེ། བོད་མི་རིགས་འདི་འཛམ་གླིང་མི་མང་དང་། ལྷག་དོན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མདུན་དུ་ངོ་ཚ་དགོས་པ་ཞིག་ཆགས་རྒྱུ་གདོན་མི་ཟ།

མི་ཉུང་ཤས་ཤིག་གིས་རྒྱ་ཐག་གཅིག་གཅོད་བྱ་རྒྱུའི་ལམ་ལུགས་དེ་དག་དུས་ལས་ཡོལ་ཟིན་པ་མ་ཟད། བོད་གཞུང་ཕྱི་དྲིལ་ལས་ཁུངས་ནས་ཡོང་ཁྱབ་འགྲེམས་སྤེལ་གནང་བའི་བོད་མིའི་ཁྲིམས་མཐུན་གཞུང་དགའ་ལྡན་ཕོ་བྲང་དབུ་བརྙེས་ཏེ་ལོ་ངོ་གསུམ་བརྒྱ་དྲུག་བཅུ་འཁོར་བའི་བཀའ་དྲིན་རྗེས་དྲན་དང་། མ་འོངས་མདུན་སྐྱོད་ཀྱི་ཁ་ཕྱོགས་ཞེས་པའི་དེབ་ཕྲེང་དང་པོའི་ནང་། བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་བློ་བཟང་བསྟན་འཛིན་མཆོག་གིས། མ་འོངས་པའི་ལང་ཕྱོགས་ག་འདྲ་ཞིག་དགོས་པའི་སྐོར་ངོས་ནས་གསལ་པོ་བརྗོད་མི་ཐུབ། ད་ལྟ་ང་ཚོ་མང་གཙོའི་ལམ་སྲོལ་ལ་ཡིད་ཆེས་བློ་གཏད་བྱེས་ཏེ་ལག་བསྟར་དང་མདུན་སྐྱོད་བྱེད་བཞིན་པ་ཡིན་པས་མ་འོངས་པའི་མདུན་ལམ་ཡང་མང་ཚོགས་ཀྱིས་ཐག་གཅོད་རྒྱུ་མ་གཏོགས་མི་རེ་གཉིས་ཀྱི་བསམ་ཚུལ་ཐོག་ནས་ཐག་གཅོད་ཐབས་མེད་ལ། གལ་སྲིད་ཐག་བཅད་པ་ཡིན་ནའང་ལམ་དུ་འགྲོ་མི་ཐུབ། མ་འོངས་པར་གནས་ཚུལ་ཅི་འདྲ་ཞིག་ཡོང་མིན་ད་ལྟའི་བོད་མིའི་སྤྱི་ཚོགས་ཀྱིས་བསམ་བློ་གཏོང་ཕྱོགས་ལ་རག་ལས་ཡོད་ལ། ལྷག་པར་དུ་བོད་མི་ན་གཞོན་ཚོའི་འཚར་ལོངས་བྱེད་ལྟངས་དང་འབྲེལ་བ་གཏིང་ཟབ་ཡོད།

བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་བོད་སྤྱི་ཡོངས་ཀྱི་མི་འབོར་དང་བསྡུར་ན་གྲངས་འབོར་ཧ་ཅང་ཉུང་ཉུང་ཡིན། བོད་མི་མང་ཆེ་བ་ད་ལྟའང་བོད་ནང་དུ་ཡོད། དོན་དངོས་ཐོག་བོད་ཀྱི་བདག་པོ་བོད་ནང་ཡོད་པའི་བོད་རྒྱ་ཆེ་མི་མང་རྣམས་རེད། ༸གོང་ས་སྐྱབས་མགོན་ཆེན་པོས་དུས་དང་རྣམ་པ་ཀུན་ཏུ་མ་འོངས་པའི་བོད་ཀྱི་གནས་སྟངས་ནི་གཞིས་བཞུགས་བོད་རྒྱ་ཆེ་མི་མང་གིས་ཐག་གཅོད་བྱ་དགོས་པ་ལས། ང་ཚོ་བྱེས་འབྱོར་བོད་མི་ཉུང་ཤས་ཀྱིས་ཐག་གཅོད་བྱ་ཆོག་པ་ཞིག་མིན་ཞེས་གསུངས་ཡོད་པའི་ཞི་བའི་གྲོས་འཆར་དོན་ཚན་ལྔ་སུ་ཊ་སུ་སྦག་གི་གྲོས་འཆར་མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན། མ་འོངས་བོད་ཀྱི་རྩ་ཁྲིམས་སྙིང་དོན་བཅས་ཚང་མའི་ནང་ཡོང་གྲགས་ཀྱི་བཀའ་གནང་ཡོད་པ་མ་ཟད། དུས་རྒྱུན་གྱི་དགོངས་པ་བཞེས་ཕྱོགས་ཀྱང་དེ་རེད། ཅེས་གསུངས་ཡོད། དེ་བཞིན། ཆོས་ཤེས་བཀའ་བློན་སྐུ་ངོ་ཐུབ་བསྟན་ལུང་རིགས་མཆོག་གི་གསུང་བཤད་ནང་། ནན་བཤད་དགོས་པ་ཞིག་ལ་འཕགས་མཆོག་ཕྱག་ན་པདྨོ་དང་རང་ཅག་གངས་ཅན་པ་རྣམས་འདུལ་བྱ་འདུལ་བྱེད་ཀྱི་འབྲེལ་བ་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་འདི་ཇི་སྲིད་བོད་གངས་ཅན་ལྗོངས་གནས་པ་དེ་སྲིད་དུ་ཐུགས་རྗེའི་སྐྱབས་འོག་ནས་མི་འདོར་བའི་གསོལ་བ་འདེབས་དགོས་པ་ཡིན་སོགས་གསུངས་ཡོད།

གོང་གི་གསུང་བཤད་དེ་དག་ནི་ཆབ་སྲིད་ཀྱི་སྐད་ཆ་ཙམ་མ་ཡིན་པར་བོད་མི་མང་ལ་དོན་དམ་པའི་སྙིང་གཏམ་གྱི་ལམ་སྟོན་བཀའ་སློབ་དྭངས་མ་ཞིག་ཡིན་པས་ན། གཞིོས་བཞུགས་རྒྱ་ཆེ་མི་མང་གི་མངོན་འདོན་དང་བོད་པའི་རྒྱལ་རབས་ལོ་རྒྱུས། ཆོས་འབྱུང་རིག་གཞུང་། འཁོར་ཡུག བོད་མི་རིགས་ཀྱི་ཁྱད་ཆོས། ནང་པ་སངས་རྒྱས་པའི་དམ་པའི་ཆོས་ཀྱི་སྙིང་དོན། བོད་མིར་ལྷན་སྐྱེས་སུ་ཡོད་པའི་ཡ་རབས་བཟང་སྤྱོད། ལྷག་པར་དུ་རྒྱལ་སྤྱི་དང་རྒྱ་ནག་གི་གནས་བབ་སོགས་ལ་ཐུག་ཞིབ་གནང་སྟེ། བཅའ་ཁྲིམས་ཀྱི་དོན་མཚན་གསུམ་པའི་ནང་དུ་གསལ་བའི་ཡུལ་མིའི་རྒྱལ་ཁབ་ (Republic) ཀྱི་གོ་དོན་ངོ་མ་གསལ་པོ་མཁྱེན་པའི་ཐོག་ནས་བོད་རྒྱལ་ཁབ་དང་། བོད་མི་རིགས་ཀྱི་ཆབ་སྲིད་འཕེལ་རིམ་ལ་འགན་འཁུར་བ་ཡིན་ན། དེང་དུས་ཡར་མཐོན་མང་གཙོའི་རྒྱལ་ཁབ་སྤྱིའི་འགྲོ་ལུགས་ལྟར་མི་མང་ལ་རང་དབང་ཆ་ཚང་སྤྲད་དེ། བོད་མི་བཙན་བྱོལ་བ་རང་ལོ་ ༡༨ ཡན་གྱི་ཁྲིམས་མཐུན་འོས་བསྡུའི་ལམ་ནས་ཐག་གཅོད་ (Referandum) གནང་དགོས་པ་དེ་གལ་ཆེན་ནང་གི་དོན་ཆེན། ལོ་རྒྱུས་ཀྱིས་ངོ་སྤྲད་པའི་གལ་གནད་ཅན་ཞིག་ཡིན་ཆགས་ཡོད།

འོན་ཀྱང་། དེ་ལས་ལྡོག་ཏེ་ད་ལམ་ཚོགས་ཆེན་དུ་ཕེབས་པའི་བཙན་བྱོལ་སྤྱི་ཚོགས་ནང་གི་ཨ་ཡོད་ནང་གི་ད་ཡོད་དང་སྒོ་ངའི་ནང་གི་སེར་རིལ་རྣམས་ནས་ཡུལ་མིའི་རྒྱལ་ཁབ་ (Republic) ཀྱི་གོ་དོན་ཇི་བཞིན་མ་རྟོགས་པར་རི་བོང་ཅལ་འདྲོག་དང་། གཞན་གྱི་ཟེར་རྗེས་འབྲངས་ཏེ་ཚ་ཚ་འུར་འུར་གྱི་ཐོག ལོ་ངོ་ ༣༦༠ ལྷག་གི་རླབས་ཆེན་གྱི་ལོ་རྒྱུས་ལ་གཟི་བརྗིད་ཆེ་ལ་དོན་སྙིང་ལྡན་པའི་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་པར་རྒྱལ་བའི་སྒྲིག་འཛུགས་དེ་དག་བོད་མི་རང་ཉིད་ནས་མཇུག་བསྡུས་པ་དེ་ནི། གསུབ་ཀྱང་སུབ་རྒྱུ་མེད་པའི་ནག་ཐིག་ཆེན་པོ་ཞིག་བོད་ཀྱི་ལོ་རྒྱུས་བྱུང་རིམ་ནང་གསར་གཏོད་གནང་བ་ཞིག་ཡིན་པ་མ་ཟད། འདས་པའི་མི་ལོ་ང་གཉིས་རིང་ང་ཚོ་མི་ཡུལ་དུ་བསྡད་དེ། གཞིས་བཞུགས་རྒྱ་ཆེ་མང་ཚོགས་ལ་ང་ཚོའི་བྱས་རྗེས་དང་ངོ་གསོ། ལེགས་སྐྱེས་སོགས་འདི་ལས་འབུལ་རྒྱུ་མ་བསྙེད་པ་ཡིན།

 

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གི་ཕྱི་འབྲེལ་མགྲིན་ཚབ་པ་མའོ་ལིན་དང་རྒྱ་གར་གྱི་ཕྱི་འབྲེལ་མགྲིན་ཚབ་པ་སྐུ་ཞབས་རན་དྷིར།
Mobile App

ཨ་རུ་ན་ཅལ་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་གྱི་ཧམ་བཤད་ལ་རྒྱ་གར་གཞུང་གིས་རྒོལ་གཏམ་ནན་པོ་བསྒྲགས།

ཆུ་ཚོད་ ༣ སྔོན་ལ།
tibettimes
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཁཱལ་མུག་གི་སྲིད་འཛིན་ཟུར་པར་མཇལ་ཁ་སྩལ།

ཆུ་ཚོད་ ༢༤ སྔོན་ལ།
(File image) Jean-François Humbert and other French Parliamentarians with His Holiness the Dalai Lama in Toulouse, France, on 15 August 2011
Mobile App

བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཧམ་བྷར་ཊི་ལགས་སྐུ་གྲོངས་བར་མྱ་ངན་ཞུས། 

༢༠༢༥/༡༡/༢༥
ཨ་རུ་ན་ཅལ་གྱི་བུད་མེད་པདྨ་དབང་འཛོམས་ལགས་རྒྱ་ནག་ཧྲང་ཧེ་གནམ་ཐང་ནས་བཀག་འགོག་བྱས། ༢༠༢༥།༡༡།༢༡ དྲ་ལམ་གྱི་པར།
Mobile App

ཧྲང་ཧེ་གནམ་ཐང་ནས་པདྨ་དབང་འཛོམས་ལ་བཀག་འགོག་དང་སྡིགས་དམོད་བྱས།

༢༠༢༥/༡༡/༢༤
བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་ཆེན་ཐེངས་ ༡༠ པ་འཚོག་བཞིན་པ། ༢༠༢༥།༡༡།༢༤ དུས་བབ་ཀྱི་པར།
གསར་འགྱུར།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པས་སྲིད་སྤྱི་འོས་བསྡུའི་སྐོར་སོགས་ལ་བགྲོ་གླེང་གནང་གི་འདུག

༢༠༢༥/༡༡/༢༤
Indo-Tibetan Border Police (ITBP) personnel show skills during the police force’s 64th Raising Day, in Udhampur, Jammu and Kashmir, on November 22, 2025 | Photo Credit: PTI
Mobile App

འཕགས་བོད་ས་མཚམས་སུ་བུད་མེད་ཀྱི་དམག་དཔུང་ས་ཚིགས་གསར་འཛུགས་གནང་།

༢༠༢༥/༡༡/༢༤

མཆན། 16

  1. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    གྲོགས་པོ། ང་ཅི་ཁྲོ། ངས་རང་གི་འོས་འགན་ཞིག་ཁུར་ནས་འདིར་ནན་གྱིས་གསལ་བཤད་རེ་བྷྱེད་ཁུལ་ཡིན། གསལ་བཤད་དེ་ཡང་ཁྱེད་རང་གཅིག་པུ་ག་ལ་ཡིན། ཁྱེད་རང་ཀྱང་ཐེ་ཚོམ་དང་མ་འདོད་པ། མ་རྟོགས་པ་ཧ་ཅང་མང། དེ་བས་ངས་བཤད་ས་དེ་ཐད་ཀར་ཁྱེད་རང་ཆགས་ཡོད་ཀྱང་ངའི་དམིགས་ས་དེ་གཞན་དག་མང་པོ་ཞིག་ལ་ཡིན། དཔེར་ན་གོང་གི་རྩོམ་ཡིག་འདི་སྤེལ་མཁན་གྱིས་གཙོས་པའི་ལྐོག་མཁན་མང་པོ་ལ།
    ཁྱེད་ཀྱིས་སྤྱི་དོན་ཞིག་ཁུར་དུ་བླངས་ཏེ་བསམ་པ་རྣམ་དག་གིས་བསམ་འཆར་འདོན་གྱིན་འདུག་བསམ་ནས་སྐད་ཆ་འགའ་བཤད་པ་ཡིན། ད་ལྟ་ཁྱེད་རང་ལ་ཅི་ཞིག་གི་ལོག་རྟོགས་ཀྱིས་བཀའ་སྤྱི་གཉིས་ལ་ཡིད་ཆེས་ཐུབ་ཀྱིན་མེད་པ་འདྲ། གནས་ཚུལ་ཚང་མ་ཕྱི་གསལ་ནང་གསལ་ཞིག་མ་གཏོགས་སྦས་སྐུང་དང་ངན་གཡོ་གང་ཡང་ཡོད་མ་རེད། ང་ཚོའི་གཞུང་འདིར་བཟང་ཆ་ཆེ་ཤོས་ཤིག་ཡོད་པ་ནི་དྲང་བདེན་དང་ཕྱི་གསལ་ནང་གསལ་དེ་རང་ཡིན།

    Reply
  2. ཤར་མཁན་སྤྲུལ། says:
    ལོ་ 14 སྔོན།

    སྤྱི་མཐུས། ཆབ་བྲག་ལྷ་མོ་སྐྱབས་ལགས།
    ཐུགས་འཁྲོས་ཡོད་མདོག་འདུག ཐུགས་འཁྲོ་དགོས་ནི་མ་རེད།
    ང་ཁ་ལྕེ་མི་བདེ་ནི་ཡིན་ན་ཐང་ཏེ། ང་ཁ་ལྕེ་མ་བདེ་བས་ཡིན་ན་གནད་དོན་ཆུང་ངུ་རེད། དེ་ཏ་མི་སྐྱོན་གི འོན་ཏེ་ཀུན་གྱིས་ཉོན་དང་། ལྟོས་དང་། གསལ་འགོད་པ་དང་། གཏམ་བཤད་མཁན་དག་ལ་ཅི་འདྲའི་བརྗོད་མི་བདེ་བའི་དཀའ་ངལ་འདུག ༸གོང་ས་གཆོག་གིས་གསུངས་བཤད་ལ་ཉོན་དང་ཤེས་སླ། དེ་དག་ཕར་ཞོག་མིང་དོན། ལོ་རྒྱུས་གྲགས་སྙན། གང་གི་ཆ་ནས་ཞབས་འདྲེན། ངན་ལྟས། རང་མཚང་ཆེན་པོ་བཞག་ཡོད་པར་ངོས་འཛིན་ཡོད་ཏེ། ད་ཡིན་ཁྱེད་ཅག་གིས་རྙང་བ་སྐྱར་བཟློས་ཡང་བཟློས་ལས་ཉན་གྱི་མི་འདུག མགོ་འཕེན་ས་ཅི་ཚུད་དང་། ལག་པ་ཕྱི་ས་ཅི་ཚུད་དང་། མྱི་བཟང་རང་ལུགས་ཅི་ཐུབ་བྱེད་པ་ལས་མེད་ན་ད་ཅི་བྱ། སྐུ་ཉིད་ད་བར་དུ་ངས། མ་དགའ་ནང་གི་ཅུང་དགའ་བོ་ཡིན་ཆད་བྱས་པ་ཡིན་དེ། ད་ཁྱེད་ལ་ཡང་ནད་ངན་དེ་ཐེབས་ཡོད་མདོག་འདུག་པས། ཤག་རྒྱབ་པ་དོན་མེད་དུ་མཐོང་བས་ད་དུས་ཚོད་འཕྲོ་བླག་ལས་མི་འདུག་གི་ལགས། ཁྱེད་ཅག་གི་བྱ་བ་ལམ་སློང་ཡོང་བས་སྨོན་འདན་དང་བཅས་འདིར་འཇོག མ་འོང་པར་ལྟ།
    སྤྱི་མཐུས། ཆབ་བྲག་ལྷ་མོ་སྐྱབས་ལགས།
    བཀའ་དྲིན་ཆེ། ད་རེས་ཅུང་ཟད་རྒྱས་པ་བྲིས་པར་བཀའ་དྲིན་ཆེ། ད་ཁྱེད་ད་ཐང་ཆད་ནེ་ཁག་མེད། ང་ཡང་ཁྱེད་ཅག་གིས་སྐྱར་བཟློས་ཡང་བཟློས་ལ་ཐང་ཆད་སོང་། ངས་འདིར་མཐའ་མའི་གླེང་སློང་ཅུང་ཟད་བྱེད།
    ༡ མ་འོང་མི་རབས་གསལ་བ་ཚོས་ཅི་བྱེད་ན་ལོས་ཆོག་ཏེ། ཁོང་ཚོར་ལམ་ཁ་ངན་པ་མི་འཇོག་པར་ང་ཚོ་ལ་འགན་ཆེ་སྙམས་པས་ཡིན།
    ༢ འཚམས་རེ་དགེར་གཅོད་ཡིན་མདོག འཚམས་རེ་མང་མོས་ཡིན་མདོག་འདུག་པས་ཡིད་ཆས་དཀའ་བས་གནས་ཞིག་མ་རེད་དམ། གང་ལྟར་ཀྱང་ནོར་འཁྲུལ་ཆེན་པོ་བྱས་ཡོད་པ་ཡིད་ཆེས་གཏང་ཟབ་ཡོད། དེ་ལ་ཕན་གང་ཡང་ཐོག་མ་སོང་ལགས།
    ༣ རྒྱ་གཞུང་གིས་ངོས་ལེན་བྱེད་དགོས་པའི་གནོན་ཤུགས་སྤྲད་པའི་འཆར་གཞི་ཙམ་ཡང་མི་གཏོང་ཁར། ར་ཤབས་ནས་བོད་གཞུང་ཟེར་བའི་མིང་ཡང་མེད་པར་བཟོས་ན། རང་རིན་པོ་ཆེས་མ་སྐྱོབས་ན། །རོག་ར་མ་མགོས་ནམ་ཡང་སྐྱོབས་པ་ཆོས་ཉིད་རེད། ང་ཚོས་དབང་ཆ་བཟུང་ཡོད་རེ་ད་་་་ཁྱེད་ཚོས་བཟུང་ཡོད་རེད། ང་ཚོས་ཁྱེད་ཅག་ལ་འདི་འདྲའི་བསམ་ཚུལ་ཙམ་བཏོན་ན་ཁྱེད་ཚོས་ངོས་ལེན་ཙམ་ཡང་མི་བྱེད་ན་ཅི་འདྲ་འདུག་ལྟོས་དང་།
    ༤ ངེས་དོན་དྲང་དོན་དུ་བརྒྱུར་བ་དོན་མེད་དོན་ལོག་་་་ད་ལྟ་དགྲ་འགའ་གཉེན་སྡུག་དང་། མ་འོང་ཤུལ་བཞག་ངན་པ་མ་རེད་དམ་ཀུན་གྱིས་བསམ་གཅིག་ནན་མོ་ཐང་དང་།
    ༥ ངས་དགའ་ལྡན་ཕྲོ་བྲང་རྒྱུན་སྐྱོང་གནང་རིགས་ཟེར་མྱོང་མེད། བོད་གཞུང་ཟེར་བ་བརྒྱུར་བ་ཁོ་ན་ལ་ཟེར་གྱི་ཡོད་ལགས།
    ༦འདི་ལ་ངས་ལན་དགོས་པ་བཤད་མེད།
    ༧ འདི་ལ་ཁྱེད་ཀྱིས་ཚིག་འཁྲི་བྱེད་པ་ལས་ལན་དྲང་བདེན་རྒྱབ་མོས་མི་འདུག་པས་ཤག་རྒྱབ་པ་དོན་མེད་ལགས།
    ༨ འདི་སྐྱར་བཟློས་རྙིང་བ་དོན་མེད་རེད།
    ཆབ་བྲག་ལྷ་མོ་སྐྱབས་ཀྱིས་ཕྲན་ལ་ལན་གནང་རིན་ཡོད་པ་ཙམ་དུ་བརྩིས་པ་ལ་བཀའ་དྲིན་ཆེ་ཞུ། ཐུགས་ལོགས་འདྲ་གནང་ཡོད་ན་དགོངས་དག་ཞུ། ངེད་གཉིས་ཤག་འགྱེད་བྱས་པ་ཚང་མ་ངས་ནོར་འཁྲུལ་ཡིན་ན་སྐྱོན་ཆུང་བས་དེ་ལརེ་བ་ཡོད། སྐུ་ཉིད་ཀྱིས་མསམ་བློ་དང་ཕྱག་ལས་དོན་ལྡན་ལམ་སློང་ཡོང་བར་སྨོན། །

    Reply
  3. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    • ཐ་མའི་ལན་འདེབས་མདོར་བསྡུས།
    • ༡༽གལ་ཏེ་བོད་དོན་ཐག་གཅོད་མ་ཐུབ་པར་མི་རབས་ནས་མི་རབས་སུ་ལུས་ན་མི་རབས་རྗེས་མ་ཚོས་ཐབས་ཤེས་གཞན་ཞིག་བྱ་རྒྱུ་ཡོད་ན་བྱ་ཆོག་གི་རེད།
    • ༢༽བསྒྱུར་བཅོས་འདིར་སྐུ་དབང་སྒེར་གཅོད་བྱས་སོང་བ་གཅིག་ཀྱང་མེད། ཡིད་བཞིན་ནོར་བུས་ཁོང་གི་དགོངས་ཚུལ་ང་ཚོར་ཡང་ཡང་གསལ་བཤད་དང་གལ་ཆེའི་རང་བཞིན་དག་ནན་བཤད་གནངས་ཡོད་པ་རེད། དེ་ལ་བཀའ་ཤག་གིས་རྒྱབ་སྐྱོར་གནངས་ཡོད། གྲོས་ཚོགས་ཀྱིས་ཀྱང་སྤྱི་མོས་དང་མང་མོས་གང་རུང་གི་ལམ་ནས་བཅའ་ཁྲིམས་ལ་བསྐྱར་བཅོས་གནངས་ཡོད། དེ་བས་མང་གཙོའི་ཐག་གཅོད་ཅིག་ཡིན།
    • ༣༽རྒྱ་གཞུང་གིས་ལམ་དབུ་མ་ཡང་ངོས་ལེན་བྱེད་ཀྱིན་མེད་ལ་བོད་རང་བཙན་དེ་བས་ཀྱང་སྤྲོད་རྩིས་མེད། ལམ་གཞན་གང་ལ་འགྲོ་དགོས་རེད། ལམ་དབུ་མ་ལས་ཀྱང་ཆུང་ས་ཞིག་ལ་འགྲོ་དགོས་སམ། ད་ལྟའི་ཆར་ལམ་དབུ་མ་དེར་ལོ་རེ་བཞིན་དུ་ཕྱོགས་ཡོངས་ན་རྒྱབ་སྐྱོར་བའི་དཔུང་ཁག་ཇེ་ཆེར་འགྲོ་བཞིན་ཡོད་པས་འདི་ལ་རེ་བ་བྱ་སའི་གཞི་རྩ་ཡོད་པ་རེད། གཞན་ཁྱེད་ཅག་ལ་ཐབས་ལམ་གང་ཞིག་ཡོད།
    • ༤༽མིང་བསྒྱུར་བ་ལས་དོན་འགྱུར་མེད་ཟེར་བ་དེ་ད་བར་ལ་བཙན་བྱོལ་ལ་ཅི་ཞིག་ཡོད་པ་དེ་དག་སྔར་བཞིན་ཡོད་པ་དང་སྔར་བཞིན་མུ་མཐུད་དེ་བོད་དོན་བདེན་མཐའ་གསལ་ཐབས་ལ་དམིགས་ནས་ལས་དོན་བྱེད་ཀྱིན་ཡོད་པས་དོན་འགྱུར་མེད་པ་རེད།
    • ༥༽ བོད་གཞུང་དགའ་ལྡན་ཕོ་བྲང་དང་བོད་མིའི་སྒྲིག་འཛུགས་གཉིས་མིང་དོན་གཉིས་ཀ་མི་འདྲ། དུས་ཚོད་མི་འདྲ། ཆེ་ཆུང་མི་འདྲ། ལམ་སྲོལ་མི་འདྲ།
    • ༦༽ཁྱེད་ཅག་ཚོགས་ཆེན་དང་བོད་གཞིས་ལུས་མི་མང་གི་མངོན་འདོད་མ་མཚོན་པ་འདྲ་བོ། མ་བརྩིས་པ་འདྲ་བོ། ད་རེས་ཀྱི་ཐག་གཅོད་འདི་མི་འགྲིགས་ཚུལ་བཤད་ཀྱིན་ཡོད་རེད། ངས་ཐག་གཅོད་ཀྱི་སྐུ་དབང་༸གོང་ས་མཆོག་ལ་ཡོད་རེད། ལབ་ཀྱིན་ཡོད། དགའ་ལྡན་ཕོ་བྲང་ཕྱིར་བསྡུ་གནང་རྒྱུ་དེ་ཁོང་རང་ངོས་ནས་ཐག་བཅད་གནངས་ཤིག་རེད་ལ། དེ་ལ་བཀའ་སྤྱི་གཉིས་ནས་ཀྱང་མོས་མཐུན་བྱུང་བ་རེད།
    • ༧༽གལ་ཏེ་བོད་གཞུང་ཟེར་བ་ལ་བོད་རྒྱལ་ཁབ་ཀྱི་གོ་དོན་མེད་པའི་སྤྱིར་བཏང་གི་གཞུང་ཙམ་ལས་གོ་རྒྱུ་མེད་ན་དེ་རང་སོར་བཞག་ཀྱང་དགོས་པ་ཅི་ཡང་མེད། བོད་མིའི་སྒྲིག་འཛུགས་ཞེས་པ་ཡང་བོད་མི་སྤྱིའི་གཞུང་མིན་ན་ཅི་ཡིན།
    • ༨བོད་མིའི་སྒྲིག་འཛུགས་ཞེས་པའི་མཚན་བྱང་གསར་བ་འདི་སྐུ་སྒེར་ཡིག་ཚང་བརྒྱུད་ཡིག་ཐོག་བཀའ་ལན་ཕེབས་པའི་ནང་ལ་གསལ་ཡོད། རྒྱལ་རྟགས་ཀྱི་མཚན་བྱང་དེ་འདྲ་རྒྱལ་ཁབ་གཞན་དག་ལ་ཡང་ཡོད་ཡོད་པ་རེད། ཡ་མཚར་དགོས་དོན་མེད། མཚན་བྱང་འདི་དག་བརྗེ་སྒྱུར་དགོས་པ་༸གོང་ས་མཆོག་གིས་གྲོས་ཚོགས་ལ་གནངས་པའི་གསུང་འཕྲིན་ནང་གསལ། དེ་བས་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་ནས་བདེན་པ་ཉིད་རྒྱལ་གྱུར་ཅིག ཅེས་པར་་བསྒྱུར་ན་ལེགས་ཚུལ་བཀོད་ཡོད། ཚོགས་ཆེན་གྱིས་མཚན་བྱང་གཞན་དག་མང་པོ་ཞིག་བཏོན་ཡོད། དེ་དག་ནང་ནས་གང་ལེགས་ཚུལ་༸གོང་ས་མཆོག་ལ་ཞུས་ནས་མཚན་རྟགས་ཕེབས་པ་རེད། ལས་རིམ་འདི་དག་སུ་ལ་ཡང་ལྐོག་གྱུར་མིན། མངོན་སུམ་ལ་བསྙོན་ན་ད་ཅི་བྱ། ཐད་ཀར་༸གོང་ས་མཆོག་ལ་བཀའ་འདྲི་ཞུ་རོགས།
    • ངས་རང་གི་དངོས་སུ་མཐོང་བ་དང་གོ་བ་དག་ཞུས་པ་ཡིན། རྣམ་པ་ཚོ་ཐག་རིང་ནས་གོ་ལོག་དང་ཐེ་ཚོམ་བྱུང་བར་ཐུགས་ཁག་མེད། དེ་བས་ངས་གསལ་བཤད་འདྲ་བོ་བྱེད་པའི་ཁུལ་རེད། ག་ལེར་གསལ་བོ་ཆགས་པའི་རེ་བ་ཡོད། བདེ་མོ།

    Reply
  4. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    ལྷ་མོ་སྐྱབས་ལགས།
    ༢༠༠༨ལོར་བོད་གཞུང་དམངས་རྒྱལ་ཡོངས་ཚོགས་ཆེན་སྐབས་སུ་བཙན་བྱོལ་བོད་གཞུང་འདིར་རྒྱལ་སྤྱིའི་ངོ་ལེན་ཡོད་པའི་སྐྱབས་བཅོལ་གཞུང་ཞིག་བསྒྱུར་གྱི་ཡིན་ཞེས་དམངས་མོས་གྲོས་ཆོད་བཞག་པ་མ་རེད་པས། གཅིག་རེད།

    བོད་རྒྱལ་ཡོངས་གཞུང་དམངས་ཚོགས་ཆེན་ཐེངས་གཉིས་པའི་སྐབས་སུ་བཙན་བྱོལ་བོད་གཞུང་ཞེས་པའི་མིང་ཚིག་ལ་འགྱུར་བ་གཏོང་གི་མིན་ཞེས་དམངས་མོས་བྱུང་བར་མ་རེད་པས། གཉིས་རེད།

    ཁྱེད་ཀྱིས་གསུངས་པ་ལྟར་མ་འོངས་ཡུལ་མིའི་རྒྱལ་ཁབ་ཅིག་ཏུ་བྱ་རྒྱུ་ཟེར་བའང་་ཡུལ་མིའི་སྲིད་སྐྱོང་ཞིག་ཏུ་བྱ་རྒྱུར་བསྒྱུར་གནང་བ་ཡིན་ན་ཡུལ་མི་ལ་སྲིད་སྐྱོང་ཐོབ་ཐང་གང་ཡོད་དམ།
    རྒྱལ་ཁབ་ཤིག་གི་བཅའ་ཁྲིམས་སུ་འགྱུར་བ་གཏོང་དུས་སུ་ཁྲིམས་ལུགས་གང་ཞིག་ཁྲིམས་སུ་བཅས་མིན་གྱི་དབང་ཆ་མི་དམངས་སུ་ཡོད་ན་ཡུལ་མིའི་སྲིད་སྐྱོང་ཟེར་བ་ལས་མི་དམངས་སུ་ཁྲིམས་ལུགས་ཐོག་ཏུ་དབང་ཆ་གང་ཡང་མེད་པར་ཡུལ་མིའི་སྲིད་སྐྱོང་ཇི་ལྟར་ཆགས་ཀྱི་རེད་དམ།

    ད་ལྟའི་གནས་བབ་ལ་བལྟས་ན་བཙན་བྱོལ་གཞུང་གི་བཅའ་ཁྲིམས་སུ་འགྱུར་བཏང་ཡོད་པ་དེར་བཙན་བྱོལ་མི་དམངས་སུ་དབང་ཆ་གང་སྤྲད་མེད། སྒེར་གཅོད་ཁོ་ན་བྱས་ནས་ཁྲིམས་ལུགས་སུ་འགྱུར་བ་བཏང་ཡོད་པ་མ་ཟད་བཙན་བྱོལ་བོད་གཞུང་ཞེས་པའི་མིང་ཚིག་ལ་ཡང་འགྱུར་བཏང་ཟིན་པ་རེད།

    འདི་འདྲ་བའི་བཅའ་ཁྲིམས་ཤིག་བོད་རྒྱ་ཆེན་མི་དམངས་ཀྱི་མགོ་ཐོག་ཏུ་བཞག་པ་ཡོད་རེད། ཁྲིམས་ལུགས་འདི་དག་སྒེར་གཅོད་ཁོ་ན་བྱས་ནས་བོད་མི་དམངས་ཀྱི་མགོ་བཞག་པར་མ་གཏོགས་དམངས་མོས་བྱུང་ཡོད་པའི་གནས་ལུགས་གང་ཡང་མེད།

    Reply
  5. ཤར་མཁན་སྤྲུལ། says:
    ལོ་ 14 སྔོན།

    ཆབ་བྲག་ལགས།
    ཁྱེད་ཀྱིས་ད་དུང་ངས་ཁྱེད་ཅག་ཅི་བྱས་གསལ་འགྱུར་བརྒྱུད་ལམ་ཁག་དུ་ཐོན་པ་ཤེས་ཀྱི་མེད་ཨེ་བསམ་གི
    ངས་དེ་དག་ཡང་དང་སྐར་དུ་གོ་གོ་ནས་རྣ་བ་ཚ་མ་ཡོད་ན་མ་གོ་བས་ཚད་མ་རེད་ལགས།
    ངས་དེ་དག་མ་ཤེས་པ་མ་རེད། ངས་དེ་དག་ལ་གསང་བ་དང་ཆོ་འཁྲུང་ཞིག་གིས་སླད་ཡོད་པའི་དོགས་འདྲི་བྱེད་ཀྱི་ཡོད་ནི་རེད། ད་དུང་ཧ་མི་གོ་གཡག་ཞོག་པ་ལས་མེད་ག
    ཁྱེད་རང་གིས་ང་ལམ་རིག་ན་སྒང་ལ་བུད། མ་ཤེས་ན་གཞན་ལ་དྲིས་ཟེར་ག ངས་བཀའ་སྤྱི་གཉིས་ཀྱིས་ཅི་ཞིག་བྱེད་ཀྱི་ཡོད་མ་ཤེས་པར་མེད་ལགས། ངས་དེ་དག་སྲིད་བྱོས་ལ་དོགས་འདྲི་དང་སྐཡལ་ཞིབ་དགོས་མིན་བཤད་ཀྱི་ཡོད། ཤེས་པར་བྱས། ཁྱེད་ཀྱིས་ང་ལ་ལན་རྒྱབ་བསམ་ན་ཚིག་རེ་རེ་བཞིན་གོ་བར་བྱོས་ལན་རེ་རེ་བཞིན་གནང་རོགས། དེ་མིན་ཏ་གཡུག་བཞག་པ་ལས་ཅི་བྱེད་ལགས།
    ངས་ཟེར་བ་དེ་འདི་རེད། གལ་ཏེ་བོད་དོན་ཐག་ཆོད་མ་བྱུང་བར་མི་རབ་ནས་མི་རབ་འགྲོ་དགོས་བྱུང་ན་མི་རབས་རྗེས་མ་ཚོ་ལ། བོའི་བསྒྲིག་འཛུག་ཟེར་བ་དེ་གཞུང་གི་དོན་ཡིན་པས་དྲང་དོན་དེ་སུས་འགྲེལ་ཤེས་ཀྱི་རེད། ད་སྔོན་འཛམ་གླིང་ཐོག་ཏུ་ཆབ་སྲིད་པ་སུ་ཞིག་གིས་འདི་འདྲའི་ཐབ་ལམ་བརྟེན་ཡོད།
    ཁྱོད་ཀྱིས། ( མ་འོངས་པའི་བོད་དེ་ཀྲུང་གོའི་རྩ་ཁྲིམས་ཀྱི་ཆ་རྐྱེན་འོག་རང་སྐྱོང་གི་ངོ་བོར་སྡོད་རྒྱུ་རྒྱལ་བ་རིན་པོའི་དགོངས་གཞི་དང་བཙན་བྱོལ་བོད་གཞུང་གི་སྲིད་བྱུས་ཡིན་པ་ལོས་ཤེས། དེ་བས་ད་རྒྱལ་ཁབ་ཅིག་གི་མཇུག་སྐྱོང་ས་དང་སྐྱོང་དགོས་པ་ཆགས་མེད་པ་རེད། ཟེར། ) འོ་ན་འདི་གཅིག་བསྡུད་བྱས་པ་ཡིན་པར་ཉིད་ཀྱིས་ཁས་བླབང་བ་ཨེ་ཡིན། རྒྱ་གཞུང་གིས་ང་ཚོའི་ལངས་ཕྱོགས་འདི་རྩ་བ་ནས་ཁས་ལེན་མེད་ཚར་བ་ལ་ང་ཚོས་མ་འོང་པར་ཐབས་ལམ་གཞན་ཅི་ཡང་མེད་པར་བློས་བཏང་བའི་མངོན་རྟགས་བསྟན་ནས་འདུག་རྒྱུ་ཡིན་ཟེར་བ་ཡིན་ནམ།
    ཁྱོད་ཀྱིས། ( ལར་བོད་གཞིས་བྱེས་གཉིས་ཀྱི་དོན་གྱི་བདག་པོ་དང་མགྲིན་ཚབ་པ་༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་ཡིན་པར་ཁས་ལེན་ན་ཁོང་ལ་ཐག་གཅོད་ཀྱི་སྐུ་དབང་འདི་དག་ཡོད་པ་རེད། འདི་ལྟར་ཐག་བཅད་ན་མི་འགྲིགས་ན་ཁོང་ལ་སྐུ་དབང་དེ་མེད་པ་བཟོ་དགོས་པ་རེད། ཟེར། ) འོ་ན་གོང་ས་མཆོག་གིས་སྐུ་དབང་རྩིས་སྤྲོད་བྱས་ཟིན་རྗས། ཁ་དོན་ཚིག་ལ་མ་མཚུངས་བར་མང་མོས་སྣང་མེད་བྱས་ནས་སླར་ཡང་གཅིག་བསྡུད་བྱས་པ་རེད་ཟེར་བ་ཡིན་ནམ། ༸གོང་ས་མཆོག་གིས་མི་མང་གི་མངོན་འདོད་བསྒྲུབ་ཀྱི་མེད་པར་ཁས་ལེན་གྱི་ཡིན་ནམ། འདི་མི་དམངས་ཀྱི་མངོན་འདོད་ཡིན་པར་དམ་བཅའ་གི་ཡིན་ནམ། དེ་ལས་གཞན་འགྲོ་ས་ཨེ་ཡོད་ལགས། སུ་ཞིག་གིས་ ༸གོང་ས་མཆོག་ལ་སྐྱོན་ལག་ཕྱིས། ངས་༸གོང་ས་མཆོག་གིས་ཞལ་ནས་མ་གསུང་བར་དུ་འདི་ལ་ཆོ་འཕྲརུལ་བོད་པར་ངོས་འཛིན་བྱེད་པ་ལས་གཞན་སུ་ལ་ཡང་འདྲི་ས་ཞིག་མེད་ལགས།
    ཁྱོད་ཀྱིས། ( དུས་དང་བསྟུན་པའི་ལེགས་བཅོས་ལ་རྨོངས་ནས་བླུན་པོའི་ཨུ་ཚུགས་ཁོ་ན་བྱས་ན་གནའ་སྔ་མོའི་བོད་ཀྱི་དཔེ་རེད། རྒྱ་གཞུང་གིས་་་སེམས་ལ་མེས་རྒྱལ་བཟུང་ནས་མིག་གིས་འཛམ་གླིང་ལ་ལྟོས་ཟེར་བ་ཞིག་ཡོད་པ་རེད། ཡིད་བཞིན་ནོར་བུས་ཀྱང་ཐུགས་ལ་བོད་བཅངས་ནས་སྤྱན་གྱིས་འཛམ་གླིང་ལ་གཟིགས་ཏེ་འདི་ལྟར་གནངས་པ་རེད། ) ཟེར།
    ཟམ་གདོང་གིས་མིང་བརྒྱུར་བ་ལས་དོན་འགྱུར་མེད་ཟེར་བ་དང་། མ་འོང་པར་དཀའ་ངལ་འབྱུང་སྲིད་པ་ཡོལ་ཆེད་ཡིན་ཟེར་བ་དེ་དག་ལ་ཟེར་གི་ཡོད་ས་རེད་དམ།
    སུ་ཞིག་གིས་ང་ཚོས་བོད་སྐད་ནང་དུ་བོད་གཞུང་ཟེར་ནས་འབོད་མི་ཆོག་ཟེར་བར་ཁྲིམས་གཏུག་བྱེད་དོགས་ཡོད་ནི་རེད། ༸གོང་ས་མཆོག་གི་གསུང་བཤད་ལས་ར་འཕྲོད་བྱུང་འདུག་གོ།
    བོད་ཡིག་ཀློག་མཁན་ནི་བོད་མི་ཚོ་དང་གཞན་བོད་ལ་དགའ་མཁན་རེ་ཟུང་རེད། སྐད་ཡིག་གཞན་གྱི་ཐོག་ཏུ་ནི་ང་ཚོས་བོད་གཞུང་བྲིས་མེད། བོད་གཞི་བྱེས་གཉིས་ཀྱི་ཆེས་དངངས་སྐྲག་བྱེད་ས་དེ་སྐད་ཡིག་རྩ་མེད་དུ་འགྲོ་ཉེན་དེ་རེད།
    རྒྱུ་མཚན་ནི་མ་འོང་པར་བོད་ཀྱི་ཐ་སྙད་རིགས་རྩ་མེད་དུ་སོང་ན་རིག་གཞུང་མི་རིགས་ཡོངས་རྫོགས་རྩ་མེད་དུ་འགྲོ་བར་དངས་སྐྲག་དེ་རེད་མོད། བོད་གཞུང་ཟེར་བའི་ཐ་སྙད་དེ་གསར་འགྱུར་བརྒྱུད་ལམ་ཁག་སོགས་རང་གི་རྒྱལ་ཡོང་གི་སྐད་ཆའི་ནང་དུ་རྩ་བླག་ཏུ་བཏང་ན། སྐད་ཡིག་རྩ་མེད་དུ་མ་སོང་བའི་སྔོན་དུ་རང་གིས་བོད་གཞུང་ཟེར་བའི་ཐ་སྙད་རྩ་མེད་དུ་བཏང་བ་མ་རེད་དམ།
    མི་རབ་གསལ་བ་ཚོར་རྩ་དོན་བཟུང་ས་མེད་པ་བྱས་པ་མ་རེད་དམ། དེ་ང་ཚོས་ཐུགས་ལ་བོད་བཅངས་ནས་སྤྱན་གྱིས་འཛམ་གླིང་ལ་གཟིགས་པ་རེད་དམ།
    མ་འོང་པར་སུ་ཞིག་གིས། བོད་མིའི་བསྒྲིག་འཛུག་ཟེར་བའི་དོན་བོད་གཞུང་གི་དོན་རེད་ཟེར་ནས་དྲེང་དོན་དགོངས་པ་ཅན་གྱི་མདོ་དེ་འགྲེལ་གྱི་རེད། ༸གོང་ས་མཆོག་ལ་ལག་པ་ཕྱི་བ་ལ་དེ་བས་ཀྱང་ཡིད་ཆེས་མེད།
    རྒྱུ་མཚན་ནི། ༸གོང་ས་མཆོག་གིས་སྐུ་ཚེ་ཧྲུལ་བོར་ནོར་འཁྲུལ་གཅིག་ཤོར་བ་མཐོང་ཐོས་དོགས་གསུམ་ཙམ་ཡང་མེད། ཁོང་གིས་ཞལ་ནས་ད་བར་དུ་དོན་ཟབ་ཅིང་ཡིད་ལ་བབས་པ་ཞིག་ལས་ཐོས་མ་མྱོང་། ཅེས་ཕྱིར་ད་རིས་བོད་གཞུང་གི་མིང་བསྒྲིག་འཛུག་ཞིག་གི་མིང་ལ་བརྒྱུར་བ་དང། བོད་རྒྱལ་ཁབ་ཀྱི་རྒྱལ་རྟགས་ཀྱི་ཁ་བྱང་། གོ་རྒྱུ་མེད་པའི་སྙན་ཚིག་ཞིག་དུ་བརྒྱུར་བ་དཔེ་སྲིད་དམ། ༸གོང་ས་མཆོག་སྐུ་དངོས་ནས་ཐད་གར་གཅིག་ཆོད་བྱས་ནས་གནས་སྟང་འདི་བྱུང་བ་ཡིན་པར་ཡིད་ཆེས་རྩ་བ་ནས་མེད། གལ་ཏེ་ཡིན་སྲིད་ན། ༸གོང་ས་མཆོག་གིས་གསལ་བཤད་ཡིད་ཚིམ་པོ་ཞིག་གཞི་བྱེས་ཀུན་ལ་གནང་ངེས་ལ་ཡིད་ཆེས་ཟབ་མོ་ཡོད།
    རྒྱུ་མཚན་ནི། འདིས་བོད་གཞི་བྱེས་གཉིས་ཀྱི་རྒྱལ་ཞེན་ལ་རྒྱ་ཆེ་བ་ཀུན་གྱི་སེམས་ཁམས་རྨས་མ་བྱས་ཡོད་ལ། སེམས་ཤུགས་ཀྱང་བཅག་ཡོད། མ་འོང་བོད་ཀྱི་རྩ་དོན་རྩ་མེད་དུ་འགྲོ་བས་སྔར་ལྟས་ཤར་བ་ཞིག་བྱས་འདུག
    གལ་སྲིད་ ༸གོང་ས་མཆོག་གིས་ཁོང་གིས་དགོང་པ་ནོར་འཁྲུལ་ཤོར་བ་ཡིན་པར་གསུངས་སྲིད་ན། ཕྲན་གྱིས་ནི། ༸གོང་ས་མཆོག་ཁོང་གིས་སྐུ་ཚེ་ཧྲིལ་བོ་དེའི་ནང་གི་ནོར་འཁྲུལ་ཐང་གཅིག་ཁོ་ན་ལས་ཤོར་མེད་པ་ལ་ངོས་འཛིན་གྱིས། དེ་ཡང་ངོས་ལེན་བྱས་སོང་སྙམས་དུ་ཁོང་ལ་དད་འདུན་བརྩི་བསྐུར་ཅེ་ཆེ་རུ་འགྲོ་བ་ལས་ཡིད་ཆས་དང་དད་པ་ཆུང་རུ་མི་འགྲོ་ངེས་ཅན་ཡིན།
    དེ་དག་གང་ཡང་མ་བྱུང་ཚེ། ཕྲན་གྱིས་ནི་༸གོང་ས་མཆོག་གིས་གནང་བ་ཞིག་ཡིན་པར་ངོས་ལེན་དང་ཡིད་ཆེས་རྩ་བ་ནས་མེད།
    འདི་ནི། གཞན་གྱིས་བསམ་བཞིན་བྱས་པའི་ངན་བཅོས་ཞིག་གམ། དགྲ་བོའི་ཆོ་འཕྲུལ་ཞིག་གམ། ཡང་ན་སུ་ཞིག་གིས་མ་ཤེས་ནོར་འཁྲུལ་ཚབ་ཆེན་པོ་ཞིག་ཤོར་བ་ལ་ངོས་འཛིན་བྱིད་ཀྱི་ཡོད།
    མ་ཟད་གཟིར་གནས་བློ་ལྡན་སུས་ཀྱང་དེ་འདྲ་བྱེད་པར་ཡིད་ཆས་ཡོད། དེ་ཕྱིར་མ་འོང་མྱུར་དུ་སྐྱར་ཞིབ་ངེས་པར་དུ་དགོས་པ་ཞིག་རེད།
    གཟིགས་མཁན་རྣམས་ཀྱིས་ངེས་པར་བསམ་ཞིག་ནན་ཏན་གནངས་རོགས། ངས་ཅི་བཤད་པ་དེ་གོ་བས་སྟང་ནས་བློ་གཟིར་བོ་གནས་ཏེ་ང་ལ་ནོར་འཁྲུལ་ཆེན་པོ་ཡོད་ན་གསུང་རོགས་གནང་། ངས་ནོར་འཁྲུལ་ཤོར་ཡོད་ན་ཧ་ལས་དགོས་པ་ཅི་ཡང་མེད། ནོར་འཁྲུལ་གཅིག་ཀྱང་མི་ཤོར་མཁན་སུ་ཡང་མེད།

    Reply
  6. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    མ་འོངས་པའི་བོད་ཀྱི་གནས་བབ་དེ་རང་སྐྱོང་ཚད་ལྡན་ཞིག་ལ་དམིགས་པས་བཙན་བྱོལ་བཙན་བྱོལ་བོད་གཞུང་གི་བཅའ་ཁྲིམས་ནང་་མ་འོངས་ཡུལ་མིའི་རྒྱལ་ཁབ་ཅིག་ཏུ་བྱ་རྒྱུ་ཟེར་བའང་་ཡུལ་མིའི་སྲིད་སྐྱོང་ཞིག་ཏུ་བྱ་རྒྱུར་བསྒྱུར་གནང་བ་རེད།
    ཐེངས་འདིའི་བཅའ་ཁྲིམས་དང་འབྲེལ་བའི་བསྐྱར་བཅོས་ཚང་མའི་ནང་ན་༸གོང་ས་མཆོག་རང་གི་དགོངས་གཞི་ན་མེད་པ་གཅིག་རང་ཡོད་པ་ནི། བཅའ་ཁྲིམས་ནང་དོན་ཚན་དང་པོ་ཞིག་གསར་འཛུགས་བྱ་རྒྱུ་དེ་རེད། དེ་ཡང་ཡང་ནན་གྱིས་གསོལ་བ་བཏབ་པ་ལ་བརྟེན་ནས་དེ་ཙམ་ཞིག་གསར་འཛུག་ཐུབ་པ་རེད། དེ་མིན་༸གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་ལྟར་དུ་བཀའ་སྤྱི་གཉིས་ཀྱིས་ཀྱང་བསམ་ཤེས་ཀུ་ཡངས་ཀྱིས་ལེགས་པར་བསྒྱུར་བའི་ཁུལ་རེད།
    གཞུང་མང་ཚོགས་ཆེན་སྐབས་ཀྱང་བོད་གཞུང་གི་མིང་བྱང་རང་འཇགས་བྱུང་ན་ལེགས་པའི་བསམ་ཚུལ་མང་མོས་བྱུང་བ་ལས་རྒྱལ་རྟགས་ཀྱི་མཚནས་བྱང་བརྗེ་དགོས་པར་མིང་བྱང་སྣ་ཚོགས་ཤིག་བཏོན་ནས་ཡར་སྤྱན་ཞུ་གནངས་པ་རེད། ཐེངས་འདིའི་ཚོགས་ཆེན་དེ་མང་མོས་ཐག་གཅོད་ཀྱི་ཚོགས་ཆེན་རང་མིན་པས་ཚོགས་ཆེན་གྱི་བསམ་འཆར་ལ་༸གོང་ས་མཆོག་གིས་སླར་ཡང་བསམ་ཤེས་གོ་བསྡུར་དགོས་པའི་བཀའ་ཕེབས་པ་དེ་འགྲིགས་ཡོད་ལ། དེ་བཞིན་བཀའ་སྤྱི་གཉིས་ནས་བསམ་ཤེས་ཀྱིས་ངོས་ལེན་གནངས་པ་ཡང་འགྲིགས་ཡོད།

    Reply
  7. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    རྒྱལ་རྟགས་ཐོག་དང་གཞུང་ཐམ་ཐོག་ན་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ཞེས་ཡོད་པ་དང། དགའ་ལྡན་ཕོ་བྲང་བའི་གཞུང་ཕྱིར་བསྡུ་བྱས་དུས་དེའི་མིང་ཡང་རང་བཞིན་གྱིས་སྒྱུར་དགོས་པ་ཆགས་པ་རེད། ལྷག་པར་གཞུང་གི་ལས་ཐམ་ཞིག་མུ་མཐུད་བེད་སྤྱོད་གཏོང་དགོས་དུས། མཚན་བྱང་རྙིང་པ་དེ་ཏག་ཏག་བསྡད་ཡོད་པ་མ་རེད་ལགས། དེ་ཙམ་རིགས་པས་ཀྱང་ལོས་དཔོག

    Reply
  8. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    བོད་གཞུང་གི་མཚན་བྱང་ཡང་བརྗེ་སྒྱུར་གནང་དགོས་པ་གསུང་ངག་གཉིས་ནས་ལམ་སྟོན་ཕེབས་ཡོད། མ་ཟད་བོད་མིའི་སྒྲིག་འཛུགས་ཞེས་པ་འདི་ཡང་༸གོང་ས་མཆོག་གིས་མར་གནངས་པ་རེད་ལགས། དེའི་མཚུངས་རྒྱལ་རྟགས་སམ་གཞུང་ཐམ་ཐོག་གི་མཚན་བྱང་དེ་ཡང་བརྗེ་སྒྱུར་དགོས་པས། བདེན་པ་ཉིད་ནི་རྣམ་པར་རྒྱལ་གྱུར་ཅིག ཅེས་པ་ལེགས་ཞེས་མཚན་རྟགས་གནངས་ཡོད་པ་རེད་ལགས། མ་ཤེས་ན་གཞན་ལ་དྲིས། མི་རིག་ན་སྒང་ལ་བུད།

    Reply
  9. ཤར་མཁན་སྤྲུལ། says:
    ལོ་ 14 སྔོན།

    ཆབ་བྲག་ལྷ་མོ་སྐྱབས་ལགས།
    སྐུ་ཉིད་ཀྱིས་ངས་༸གོང་ས་མཆོག་གིས་ཆབ་སྲིད་འགན་དབང་རྩིས་སྤྲོད་གནང་བའི་དངོས་བྱུང་གནས་ཚུལ་ཤེས་ཀྱི་མི་འདུག་པར་བཙན་གྱིས་མགོ་ལ་འཇོག་རྒྱུ་ཡིན་ནམ།
    ཉིད་ཀྱིས་བཤད་དོན།
    ཡིད་བཞིན་ནོར་བུའི་གསུང་དང་བཀའ་སློབ་དག་ལ་ཡག་པོ་སློབ་སྦྱོང་གནོང། ཐད་ཀར་དུ་རྒྱང་བསྲིངས་པའི་གསུང་བཤད་ཀྱང་ཡོད། གནས་ཚུལ་ཡག་པོ་ཤེས་ལ་མ་ཤེས་ཀྱིས་ཚོད་དཔག་དང་འཆར་སྣང་གི་སྑད་ཆ་བཤད་ན་དངོས་ཐོག་བདེན་འཚོལ་མ་རེད། ཟེར།
    འོན་ཀྱང་དོན་དངོས་་་་ཁྱེད་ཀྱིས་ངས་ཅི་བཤད་ལ་གོ་བ་ལོན་མི་འདུག་པས་ཞིབ་གཟིགས་གནང་རོགས།
    ༸གོང་ས་མཆོག་གིས་ཆབ་སྲིད་རྩིས་སྤྲོད་གནང་བ་དེ་ཁོང་སྐུ་རྒེར་གྱི་གནད་དོན་ཡིན་པས། དེ་ཁོང་གིས་སྐུ་རྒེར་གྱིས་ཐག་གཅོད་བྱེད་པ་ལས་སུ་ལ་ཡང་དེ་ལ་འགོག་སྐྱེན་སྥྲོད་པའི་དབང་ཆ་མེད་པ་དང་ཐོབ་ཐང་མེད་པས། ཕྲན་ནི་དེ་ལ་རྗེས་སུ་ཡི་རིང་བྱེད་མཁན་གྱི་གྲིས་ཡིན་པ་མ་ཟད། དེ་ནི་གཟི་བརྗིད་ཆེན་པོ་ཞིག་དུ་བརྩི་བཞིན་ཡོད། དེ་མ་འགྲིག་ཟེར་བའི་ཚིག་ཟིར་ཙམ་ཡང་བཤད་མྱོང་མེད་པ་མཁྱེན་པར་འཚལ།
    བོད་གཞུང་དམངས་ཚོགས་ཆེན་གྱིས་མང་མོས་ཀྱིས་འདོད་པ་མེད་པའི་ཐག་ཆོད་ཟིན་པའི་རྗེས་སུ་བཙན་བྱོལ་གཞུང་གི་མིང་དང་རྒྱལ་རྟགས་ཀྱི་མིང་བརྒྱུར་བ་ནོར་འཁྲུལ་ཆེས་ཆེན་པོ་རེད་ཟེར་གི་ཡོད་ལགས། ཁྱེད་ཅག་གིས་རྒྱལ་བ་རིན་པོ་ཆེས་གཅིག་བསྡུད་བྱས་པ་རེད་ཟེར་གྱི་ཡོད་ཀྱང་། དེ་ནི་ཁོང་གིས་སྐུ་རྒེར་གྱི་ཞལ་དངོས་ནས་མ་གསུང་བར་དུ་དེ་ལ་དོགས་པ་ཆེས་ཆེན་པོ་ཡོད་ཟེར་གི་ཡོད།
    ངས་གསལ་བོ་བྱས་ནས་བཤད་ཡོད་ད་དུང་ཉིད་ཀྱིས་ཧ་མི་གོ་ནི་ཨེ་རེད་ལགས། སེམས་རྣལ་དུ་ཕོབ་ལ་གཟིགས་རོགས། ཡིག་སྐྱོན་དང་མནན་ཉེས་སོགས་ཡོད་མེད་ལ་མ་ལྟོས་པར་ཚིག་གྲོགས་ཁོ་ནས་ཡང་ཤེས་ངེས་ཅན་ཞིག་བྲིས་ཡོད་ལགས།
    ཁྱེད་ཀྱིས་༸གོང་ས་མཆོག་གི་བཀའ་སློབ་ལུང་དྲང་བ་ལས་ཁོང་གིས་རྒེར་གཅོད་བྱས་ནས་བོད་གཞུང་གི་མིང་བརྒྱུར་བའི་མཚོན་བྱེད་ཅི་ཡང་མི་ག་ལགས།
    མ་ཟད་ཁ་སང་ཨ་རུའི་རྒྱལ་ས་བ་ཤུན་དྲོན་ནས། སྤྱི་ཟླ་༧ པའི་ ཚེས་ ༦ ཉིན་༸གོང་ས་རྒྱལ་བ་རིན་པོ་ཆེའི་འཁྲུངས་སྐར་ཉིན་སྐུ་ཉིད་ཀྱི་གསུང་བཤད་ནང་དུ་འདི་འདྲ་གསུང་འདུག་གཟིགས་དང་།
    དག་བ་ནང་བཞིན་དུ་ང་ཚོས་དེར་བཙན་བྱོལ་གཞུང་བྱས་ནས། བོད་སྐད་ནང་ལ་གཞུང་ཟེར་བ་ཁོ་དག་དག་འགྲོ་གི་ཡོད་རེད། ང་ཚོས་བླ་བྲང་གཞུང་ཟེར་ཡ། ཆོས་གཞུང་ཟེར་བ་འདྲ་བོ། མི་ཚང་གཞུང་ཟེར་བ། ང་ཚོས་དེ་འདྲ་ཟེར་གི་རེ་བ། ཚིག་དེ་གོ་བའི་ཐོག་ནས་ང་ཚོ་བོད་གཞུང་ཟེར་བ་དེ་ཡོད་བསྡད་པ་དེ། ད་ཆ་དངོས་གནས་དྲང་གནས་ཀྱིས། དམངས་གཙོ་མི་མང་གིས་འོས་བསྡུ་བྱས་ནས་སླེབ་བསྡད་པའི་གཞུང་དང་མགོ་ཁྲིད་ཞིག་དུ་ཆགས་བསྡད་ཡོད་པ་རེད། ཞེས་གསུང་བ་དེས་བོད་གཞུང་ཟེར་བའི་མིང་ཏེ་རྗེ་བརྒྱུར་ཅི་ཡང་བྱེད་དགོས་པའི་བཟོ་རུ་གསུང་མི་འདུག་གམ། རྒྱ་ཆེས་བོད་རིགས་ཀུན་གྱིས་འཁྲུང་སྐར་བཀའ་སློབས་ལ་ཉོན་ལ་བདེན་དཔང་གནང་རོགས་ཞུ།
    གློག་མཁན་ཀུན་གྱིས་བསམ་བློ་ཡང་དག་ཞིག་ཐོང་དང་ཤེས་སླ་བོ་མི་འདུག་གམ།
    ལྟོས་དང་། ཉོན་དང་། བོད་གཞུང་གི་འཚབ་དུ་་་་བོད་མིའི་བསྒྲིག་འཛུག་ཟེར་བར་བརྗོད་བྱའི་ཐད་དུ་ནོར་འཁྲུལ་ཆེ་བ་སྨོས་ཅི། མ་ཟད་ཐ་ན་བརྗོད་བྱེད་ཀྱི་ཆ་ནས་ཡང་་་་གསར་འགོད་པ། གཏམ་བཤད་པ་ལ་སོགས་ཀུན་ལ་དཀའ་ངལ་འཕྲད་ཡོད། བརྗོད་མི་བདེ་བ། བརྗོད་ཚུལ་མེད་པ་སོགས་དཀའ་ངལ་མང་བ་མ་གོ་འམ། གསར་འགོད་པ་ཁ་ཤེས་ཀྱིས་བོད་མིའི་བསྒྲིག་འཛུག་གཞུང་གིས་་་ཟེར་དགོས་ཐུག་ཡོད་པ་ཨེ་གོ
    མདོར་ན་མིང་རྩ་མེད་བཏང་ན་རིམ་གྱིས་དོན་རྩ་མེད་དུ་འགྲོ་བ་ཆོས་ཉིད་མ་རེད་དམ། དེ་མིན་ན་རྒྱ་གཞུང་གིས་བོད་པའི་ས་ཆ་ཡུལ་སྡེ་སོགས་མང་བོའི་མིང་རྩ་མེད་གཏོང་གི་ཟེར་ནས་སྡུག་སྐད་རྒྱག་དགོས་དོན་མེད་ཟེར་རྒྱུ་ཡིན་ནམ། འདི་དག་མཚོན་ཙམ་རེད། གཞན་གནད་འགག་ཆེས་མང་དུ་ཡོད་ལ་ཐུག་ཡོད་པ་ལ་ཀུན་གྱིས་ཐུགས་བསམ་གནང་རོགས།
    བཀའ་དྲིན་ཆེ། ཀློག་མཁན་ཀུན་བློ་གཟི་བོར་གནས་རོགསདང་བསམ་རྣལ་མ་གནང་རོགས་ཞུ།

    Reply
  10. ཤར་མཁན་སྤྲུལ། says:
    ལོ་ 14 སྔོན།

    ཆབ་བྲག་ལྷ་མོ་སྐྱབས་ལགས།
    སྐུ་ཉིད་ཀྱིས་ངས་༸གོང་ས་མཆོག་གིས་ཆབ་སྲིད་འགན་དབང་རྩིས་སྤྲོད་གནང་བའི་དངོས་བྱུང་གནས་ཚུལ་ཤེས་ཀྱི་མི་འདུག་སྙམས་པ་ཡིན་ནས་ཉིད་ཀྱིས་བཤད་དོན།
    ཡིད་བཞིན་ནོར་བུའི་གསུང་དང་བཀའ་སློབ་དག་ལ་ཡག་པོ་སློབ་སྦྱོང་གནོང། ཐད་ཀར་དུ་རྒྱང་བསྲིངས་པའི་གསུང་བཤད་ཀྱང་ཡོད། གནས་ཚུལ་ཡག་པོ་ཤེས་ལ་མ་ཤེས་ཀྱིས་ཚོད་དཔག་དང་འཆར་སྣང་གི་སྑད་ཆ་བཤད་ན་དངོས་ཐོག་བདེན་འཚོལ་མ་རེད། ཟེར།
    འོན་ཀྱང་དོན་དངོས་ཁྱེད་ཀྱིས་ངས་ཅི་བཤད་ལ་གོ་བ་ལོན་མི་འདུག་པས་ཞིབ་གཟིགས་གནང་རོགས།
    གོང་ས་མཆོག་གིས་ཆབ་སྲིད་རྩིས་སྤྲོད་གནང་བ་ལ་ཕྲན་རྗས་སུ་ཡི་རིང་བྱེད་མཁན་གྱི་གྲིས་ཡིན། དེ་མ་ཉན་ནི་རེད་ཟེར་བའི་ཚིག་ཟིར་ཙམ་ཡང་སྨྲས་མྱོང་མེད་པ་མཁྱེན་པར་བྱ་རོགས།
    ངས་བཙན་བྱོལ་གཞུང་གི་མིང་དང་རྒྱལ་རྟགས་ཀྱི་མིང་བརྒྱུར་བ་ནོར་འཁྲུལ་ཆེས་ཆེན་པོ་རེད་ཟེར་གི་ཡོད་ལགས། ཁྱེད་ཅག་གིས་རྒྱལ་བ་རིན་པོ་ཆེས་གཅིག་བསྡུད་བྱས་པ་རེད་ཟེར་བ་ལ་དོགས་པ་ཆེས་ཆེན་པོ་ཡོད་ཟེར་གི་ཡོད་པ་ད་དུང་ཧ་མི་གོ་ནི་ཨེ་རེད་ལགས། སེམས་རྣལ་དུ་ཕོབ་ལ་གཟིགས་རོགས། ཡིག་སྐྱོན་དང་མནན་ཉེས་སོགས་ཡོད་མེད་ལ་མ་ལྟོས་པར་ཚིག་གྲོགས་ཁོ་ནས་ཡང་ཤེས་ངེས་ཅན་ཞིག་བྲིས་ཡོད་ལགས།
    ལྟོས་དང་། ཉོན་དང་། བོད་གཞུང་གི་འཚབ་དུ་་་་བོད་མིའི་བསྒྲིག་འཛུག་ཟེར་བར་བརྗོད་བྱ་ནོར་འཁྲུལ་ཆེས་ཆེ་བ་མ་ཟད་ཐ་ན་བརྗོད་བྱེད་ཀྱི་ཆ་ནས་ཡང་་་་གསར་འགོད་པ། གཏམ་བཤད་པ་ལ་སོགས་ཀུན་ལ་དཀའ་ངལ་འཕྲད་ཡོད་་བརྗོད་མི་བདེ་བ་བརྗོད་ཚུལ་མེད་པ་སོགས་ཀྱི་སྐའ་ངལ་མ་གོ་འམ། ཁ་ཤེསགཀྱིས་བོད་མིའི་བསྒྲིག་འཛུག་གཞུང་གིས་་་ཟེར་དགོས་ཐུག་ཡོད་པ་ཨེ་གོ དཔེར་ན་བོད་མིའི་བསྒྲིག་འཛུག་གི་ཆོས་རིག་ལས་ཁུང། བོད་མིའི་བསྒྲིག་འཛུག་གི་ཤེས་རིག་ལས་ཁུང་ཟེར་དགོས་སོགས་མཛའ་བོ་འདུག་གམ། དེ་འདྲ་ལ་ཐུག་ཡོད་པ་ཨེ་ཤེས།
    ཁ་སང་ཨ་རུའི་རྒྱལ་ས་བ་ཤུན་དྲོན་ནས། སྤྱི་ཟླ་༧ པའི་ ཚེས་ ༦ ཉིན་༸གོང་ས་རྒྱལ་བ་རིན་པོ་ཆེའི་འཁྲུངས་སྐར་ཉིན་སྐུ་ཉིད་ཀྱི་གསུང་བཤད་ནང་དུ།
    དག་བ་ནང་བཞིན་དུ་ང་ཚོས་དེར་བཙན་བྱོལ་གཞུང་བྱས་ནས། བོད་སྐད་ནང་ལ་གཞུང་ཟེར་བ་ཁོ་དག་དག་འགྲོ་གི་ཡོད་རེད། ང་ཚོས་བླ་བྲང་གཞུང་ཟེར་ཡ། ཆོས་གཞུང་ཟེར་བ་འདྲ་བོ། མི་ཚང་གཞུང་ཟེར་བ། ང་ཚོས་དེ་འདྲ་ཟེར་གི་རེ་བ། ཚིག་དེ་གོ་བའི་ཐོག་ནས་ང་ཚོ་བོད་གཞུང་ཟེར་བ་དེ་ཡོད་བསྡད་པ་དེ། ད་ཆ་དངོས་གནས་དྲང་གནས་ཀྱིས། དམངས་གཙོ་མི་མང་གིས་འོས་བསྡུ་བྱས་ནས་སླེབ་བསྡད་པའི་གཞུང་དང་མགོ་ཁྲིད་ཞིག་དུ་ཆགས་བསྡད་ཡོད་པ་རེད། དབྱིན་ཇིའི་སྐད་ནང་དུ་ཕི་རེ་མི་ན་སུ་དྲེར་ཟེར་བ་དེའི་ཚིག་དེ་བཀོད་ཡ་དེ་ང་ཚོས་སྔོན་མ་ནས་ཚིག་དེ་ལབ་གྱི་ཡོད་མ་རེད། ང་ཚོས་བཙན་བྱོས་བསྒྲིག་འཛུགས་ཀྱི་དབུ་ཁྲིད་འདྲ་བོ་ཟེར་ནས་བཤད་བསྡད་ཀྱི་ཡོད།
    ཞེས་གསུང་བ་དེས་བོད་གཞུང་ཟེར་བ་ཏེ་་་དེ་འདྲའི་རྗེ་བརྒྱུར་བྱས་མ་བཞག་ན་ཉེན་ཁ་ཅན་ཞིག་མིན་པ་གསལ་བསྟོན་བྱས་མི་འདུག་གམ།
    བོད་གཞུང་ཟེར་བ་འབོད་མི་མི་བདེ་བ་་་མི་ཆོག་པ་ཞིག་ཡིན་པས་ངས་གཅིག་བསྡུད་བྱས་ནས་བརྗེ་བརྒྱུར་བྱས་པ་ཡིན་གསུང་མ་སོང་ཐ། གློག་མཁན་ཀུན་གྱིས་བསམ་བློ་ཡང་དག་ཞིག་ཐོང་དང་ཤེས་སླ་བོ་མི་འདུག་གམ།
    བཀའ་དྲིན་ཆེ། ཀློག་མཁན་ཀུན་གྱིས་ཐུགས་བསམ་རྣལ་མ་གནང་རོགས་ཞུ།

    Reply
  11. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ང་རང་ཚོས་བཙན་བྱོལ་སྒྲིག་འཛུགས་ཟེར་ནའང་འདྲ། བོད་གཞུང་ཟེར་ནའང་འདྲ། ང་ཚོར་ཡོད་པ་དེ་སྲ་བརྟན་ཕུགས་འཕེར་དང་། དུས་ཡུན་རིང་པོར་སྡོད་ཐུབ་རྒྱུའི་ཆེད་བསྒྱུར་བཅོས་བཏང་བ་ཞིག་ཡིན་པ་ལས། བོད་གཞུང་བསྡུ་གསོག་བརྒྱབ་པ་མ་རེད། ཏཱ་ལའི་བླ་མའི་བླ་བྲང་གི་མིང་ཐོག་ནས་ད་བར་བོད་གཞུང་གསལ་ལ་མ་གསལ་བར་ཕྱིན་བསྡད་པ་རེད། དེར་དབྱེ་བ་གསལ་པོ་ཞིག་ཕྱེ་ཡོང་སྐབས། དེ་ལ་དཔག་པའི་བྱེད་ཐབས་ཡག་པོ་མ་བྱུང་ན་སྐྱོན་ཡོང་གི་ཡོད། རྒྱ་གར་གཞུང་དང་གཞན་ལུང་པ་མང་པོའི་དཀའ་ངལ་འཕྲད་སྲིད་ཀྱི་རེད། དེའི་སྟབས་ཀྱིས་ང་ཚོར་མཐུན་འགྱུར་རོགས་རམ་གནང་མཁན་ཚོར་དཀའ་ངལ་མི་འཕྲད་པ་ཞིག་དང་། ང་ཚོར་ཡང་ཕྱི་གསལ་ནང་གསལ་དང་། མ་འོངས་པར་སྡུག་པོ་མི་ཡོང་རྒྱུར་དམིགས་ཏེ་འགྱུར་བ་གསར་པ་ཞིག་བྱུང་བ་རེད། དེའི་ཐོག་གཞིས་ལུས་རྒྱ་ཆེའི་མི་མང་དང་། བཙན་བྱོལ་བོད་པ་ཚོས་བློ་བདེ་བོ་གནང་རོགས་ཞུ་འདོད་བྱུང་། དོན་དག་ངོ་མ་ཧ་མ་གོ་བར་མདའ་དཀྲུག་ཕུ་དཀྲུག་དང་མགོ་མ་འཚོས་པའི་དཀྲོག་གཏམ་བཤད་བསྡད་ན་ཕན་ཐོགས་གང་ཡང་ཡོད་པ་མ་རེད།
    ཅེས་ཞལ་གསལ་བོ་གསུངས་འདུག་ག

    Reply
  12. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ད་ལྟ་ནས་བཙན་བྱོལ་བོད་གཞུང་གི་མིང་དེ་བོད་མིའི་སྒྲིག་འཛུགས་ལ་བརྗེས་པ་རེད། སྔོན་ཆད་ཀྱི་གནས་བབ་ལ་འགྱུར་བ་འགྲོ་གི་མ་རེད་ལ། བོད་གཞུང་གི་ཐ་སྙད་རྩ་མེད་དུ་གཏོང་ཐབས་ཡོད་པ་མ་རེད། སུས་ཀྱང་གཏོང་ཐུབ་ཀྱི་མ་རེད།
    བསྐྱར་ཞིབ་གནང་ན་ལོས་ཆོག ད་ལྟ་ནས་བསྐྱར་ཞིབ་གནང་ན་འགྲིགས། བསྐྱར་ཞིབ་གནང་ཐོག་མར་དངོས་བྱུང་གནས་ཚུལ་ཤེས་པར་གྱིས། མདང་དགོང་རང་༸གོང་ས་མཆོག་གིས་ག་རེ་གསུངས་ཡོད་པ་ཧ་གོ་སོང་ངམ།

    Reply
  13. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    དགའ་ལྡན་ཕོ་བྲང་བའི་གཞུང་ཕྱིར་བསྡུ་འདི་༸རྒྱལ་བ་ཡིད་བཞིན་ནོར་བུས་ནན་གྱིས་ཐུགས་ཐག་བཅད་གནངས་པ་རེད། ༸གོང་ས༸མཆོག་གིས་དེ་སྔ་ཞིག་ནས་ཡོངས་སུ་བགྲེས་ཡོལ་གནང་རྒྱུ་གསུངས་པ་རེད། བཀའ་ཤག་གིས་བཤོལ་འདེབས་མང་པོ་གནངས་པ་རེད། ད་རེས་གྲོས་ཚོགས་ཀྱིས་ཀྱང་བཤོལ་བཏབ་པ་རེད། ཐ་མར་བཀའ་ནན་གྱིས་ཕེབས་པས་བཀའ་བཞིན་བསྒྲུབས་པ་རེད། བཟང་ངན་གང་རུང་བཀའ་སྤྱི་གཉིས་དང་བཙན་བྱོལ་བོད་མི་ཚོར་ཡང་འགན་ཡོད།
    ཡིད་བཞིན་ནོར་བུའི་གསུང་དང་བཀའ་སློབ་དག་ལ་ཡག་པོ་སློབ་སྦྱོང་གནོང། ཐད་ཀར་དུ་རྒྱང་བསྲིངས་པའི་གསུང་བཤད་ཀྱང་ཡོད། གནས་ཚུལ་ཡག་པོ་ཤེས་ལ་མ་ཤེས་ཀྱིས་ཚོད་དཔག་དང་འཆར་སྣང་གི་སྑད་ཆ་བཤད་ན་དངོས་ཐོག་བདེན་འཚོལ་མ་རེད།

    Reply
  14. འབྲོང་བུ་སོག་ཚ། says:
    ལོ་ 14 སྔོན།

    ཆབ་བྲག་ལྷ་མོ་ལགས་ཁྱེད་བོད་འབངས་སྤྱིས་བསྐོས་པའི་སྤྱི་འཐུས་ཤིག་གི་ལས་འགན་ཡོད་པའི་ཐོག་ནས་དངོས་བྱུང་རྣམས་གསལ་བཤད་གནང་བར་ཐུགས་རྗེ་ཆེ། དེ་མིན་ན་མི་ངན་རེ་ཟུང་ཞིག་གི་བོད་ལ་དུང་བ་ཡོད་འདོག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོས་མ་འོངས་སྔོན་གཟིགས་ཀྱི་བཀའ་ཐག་གཙང་བཅད་གནང་བ་ལ་འཁང་ར་དང་ཟུར་ཟའི་རིགས་བྱས་དང་བྱེད་བཞིན་པ་བྱ་འཆར་བཅས་ལ་དྭོག་པ་སེལ་བའི་ཕན་གྲོགས་བླ་མེད་ལྡན་ནོ།

    Reply
  15. ཤར་མཁན་སྤྲུལ། says:
    ལོ་ 14 སྔོན།

    བོད་གཞུང་གི་ཐ་རྙད་རྩ་མེད་དུ་བཏང་བས་འཇུག་འབྲས།
    བོད་མི་དམངས་སྤྱི་མཐུས། ཆབ་བྲག་ལྷ་མོ་སྐྱབས་ལགས།
    ཁྱོད་ཀྱིས། (ཡུལ་མིའི་རྒྱལ་ཁབ་ཀྱི་གོ་དོན་རྟོགས་ནས་དེ་ལ་འགྱུར་བ་བཏང་བ་རེད།} ཟེར། དེ་ནི་ཕ་དང་མ་ནི་བསད་བྱ་ཡིན་ཟེར་བའི་དྲང་དོན་དགོངས་པ་ཅན་གྱི་མདོ་འགྲེལ་དགོས་ལྟར་དུ་ཆག་ཡོད་པས། དྲེང་ངེས་གྱི་མདོ་བཙན་འགྲེལ་བྱེད་ལུགས་ལས་ཆབ་སྲིད་ཀྱི་དྲི་ཙམ་ཡང་མེད་པ་རེད།
    གལ་ཏེ་བོད་དོན་ཐག་ཆོད་མ་བྱུང་བར་མི་རབ་ནས་མི་རབ་འགྲོ་དགོས་བྱུང་ན་དྲང་དོན་དེ་སུས་འགྲེལ་ཤེས་ཀྱི་རེད། ད་སྔ་འཛམ་གླིང་ཐོག་ཏུ་ཆབ་སྲིད་པ་སུ་ཞིག་གིས་འདི་འདྲ་བྱས་ཡོད་པ་བཤད་རྒྱུ་ཨེ་ཡོད།
    ཁྱོད་ཀྱིས། ( མ་འོངས་པའི་བོད་དེ་ཀྲུང་གོའི་རྩ་ཁྲིམས་ཀྱི་ཆ་རྐྱེན་འོག་རང་སྐྱོང་གི་ངོ་བོར་སྡོད་རྒྱུ་རྒྱལ་བ་རིན་པོའི་དགོངས་གཞི་དང་བཙན་བྱོལ་བོད་གཞུང་གི་སྲིད་བྱུས་ཡིན་པ་ལོས་ཤེས། དེ་བས་ད་རྒྱལ་ཁབ་ཅིག་གི་མཇུག་སྐྱོང་ས་དང་སྐྱོང་དགོས་པ་ཆགས་མེད་པ་རེད། ཟེར། ) འོ་ན་འདི་གཅིག་བསྡུད་བྱས་པ་ཡིན་པར་ཉིད་ཀྱིས་ཁས་བླབང་བ་ཨེ་ཡིན། རྒྱ་གཞུང་གིས་ང་ཚོའི་ལངས་ཕྱོགས་འདི་རྩ་བ་ནས་ཁས་ལེན་མེད་ཚར་བ་ལ་ང་ཚོས་མ་འོང་པར་ཐབས་ལམ་གཞན་ཅི་ཡང་མེད་པར་བློས་བཏང་བའི་མངོན་རྟགས་བསྟན་ན་འགྲིག་གི་རེད་ཟེར་བ་ཡིན་ནམ།
    ཁྱོད་ཀྱིས། ( ལར་བོད་གཞིས་བྱེས་གཉིས་ཀྱི་དོན་གྱི་བདག་པོ་དང་མགྲིན་ཚབ་པ་༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་ཡིན་པར་ཁས་ལེན་ན་ཁོང་ལ་ཐག་གཅོད་ཀྱི་སྐུ་དབང་འདི་དག་ཡོད་པ་རེད། འདི་ལྟར་ཐག་བཅད་ན་མི་འགྲིགས་ན་ཁོང་ལ་སྐུ་དབང་དེ་མེད་པ་བཟོ་དགོས་པ་རེད། ཟེར། ) འོ་ན་གོང་ས་མཆོག་གིས་སྐུ་དབང་རྩིས་སྤྲོད་བྱས་ཟིན་རྗས་སླར་ཡང་གཅིག་བསྡུད་བྱས་པ་རེད་ཟེར་བ་ཡིན་ནམ། ནག་ཉེས་ཡོད་ན་༸གོང་ས་མཆོག་གིས་མི་མང་གི་མངོན་འདོད་བསྒྲུབ་ཀྱི་མེད་པར་ཁས་ལེན་གྱི་ཡིན་ནམ། འདི་མི་དམངས་ཀྱི་མངོན་འདོད་ཡིན་པར་དམ་བཅའ་གི་ཡིན་ནམ། དེ་ལྟར་དམ་བཅས་བར་སོང་། ༸གོང་ས་མཆོག་ལ་སྐྱོན་ལག་ཕྱི་བ་ལས་དྲང་གཏམ་བཤད་ཚུལ་ཞིག་དང་སྐྱར་ཞིབ་ལ་འཇུག་ཐབས་ཞིག་བྱས་ན་མི་ལེགས་སམ།
    ཁྱོད་ཀྱིས། ( དུས་དང་བསྟུན་པའི་ལེགས་བཅོས་ལ་རྨོངས་ནས་བླུན་པོའི་ཨུ་ཚུགས་ཁོ་ན་བྱས་ན་གནའ་སྔ་མོའི་བོད་ཀྱི་དཔེ་རེད། རྒྱ་གཞུང་གིས་་་སེམས་ལ་མེས་རྒྱལ་བཟུང་ནས་མིག་གིས་འཛམ་གླིང་ལ་ལྟོས་ཟེར་བ་ཞིག་ཡོད་པ་རེད། ཡིད་བཞིན་ནོར་བུས་ཀྱང་ཐུགས་ལ་བོད་བཅངས་ནས་སྤྱན་གྱིས་འཛམ་གླིང་ལ་གཟིགས་ཏེ་འདི་ལྟར་གནངས་པ་རེད། ) ཟེར།
    མིང་བརྒྱུར་བ་ལས་དོན་འགྱུར་མེད་ཟེར་བ་དང་། མ་འོང་པར་དཀའ་ངལ་འབྱུང་སྲིད་པ་ཡོལ་ཆེད་ཡིན་ཟེར་བ་དེ་རེད་དམ། སུ་ཞིག་གིས་ང་ཚོས་བོད་སྐད་ནང་དུ་བོད་གཞུང་ཟེར་ནས་འབོད་མི་ཆོག་ཟེར་བར་ཁྲིམས་གཏུག་བྱེད་དོགས་ཡོད་ནི་རེད། བོད་ཡིག་ཀློག་མཁན་ནི་བོད་མི་ཚོ་དང་གཞན་རེ་ཟུང་རེད། སྐད་ཡིག་གཞན་གྱི་ཐོག་ཏུ་ནི་ང་ཚོས་བོད་གཞུང་བྲིས་མེད། བོད་གཞི་བྱེས་གཉིས་ཀྱི་ཆེས་རྔངས་སྐྲག་བྱེད་ས་དེ་སྐད་ཡིག་རྩ་མེད་དུ་འགྲོ་ཉེན་དེ་རེད།
    རྒྱུ་མཚན་ནི་མ་འོང་པར་བོད་ཀྱི་ཐ་སྙད་རིགས་རྩ་མེད་དུ་སོང་ན་རིག་གཞུང་མི་རིགས་ཡོངས་རྫོགས་རྩ་མེད་དུ་འགྲོ་བར་རྔངས་སྐྲག་དེ་རེད་མོད། བོད་གཞུང་ཟེར་བའི་ཐ་སྙད་དེ་གསར་འགྱུར་བརྒྱུད་ལམ་ཁག་སོགས་རང་གི་རྒྱལ་ཡོང་གི་སྐད་ཆའི་ནང་དུ་རྩ་བླག་ཏུ་བཏང་ན། སྐད་ཡིག་རྩ་མེད་དུ་མ་སོང་བའི་སྔོན་དུ་རང་གིས་བོད་གཞུང་ཟེར་བའི་ཐ་སྙད་རྩ་མེད་དུ་བཏང་བ་མ་རེད་དམ།
    མི་རབ་གསལ་བ་ཚོར་རྩ་དོན་བཟུང་ས་མེད་པ་བྱས་པ་མ་རེད་དམ། དེ་ང་ཚོས་ཐུགས་ལ་བོད་བཅངས་ནས་སྤྱན་གྱིས་འཛམ་གླིང་ལ་གཟིགས་པ་རེད་དམ།
    མ་འོང་པར་སུ་ཞིག་གིས། བོད་མིའི་བསྒྲིག་འཛུག་ཟེར་བའི་དོན་བོད་གཞུང་གི་དོན་རེད་ཟེར་ནས་དྲེང་དོན་དགོངས་པ་ཅན་གྱི་མདོ་དེ་འགྲེལ་གྱི་རེད། ༸གོང་ས་མཆོག་ལ་ལག་པ་ཕྱི་བ་ལ་དེ་བས་ཀྱང་ཡིད་ཆེས་མེད།
    རྒྱུ་མཚན་ནི། ༸གོང་ས་མཆོག་གིས་སྐུ་ཚེ་ཧྲུལ་བོར་ནོར་འཁྲུལ་གཅིག་ཤོར་བ་མཐོང་ཐོས་དོགས་གསུམ་ཙམ་ཡང་མེད། ཁོང་གིས་ཞལ་ནས་ད་བར་དུ་དོན་ཟབ་ཅིང་ཡིད་ལ་བབས་པ་ཞིག་ལས་ཐོས་མ་མྱོང་། ཅེས་ཕྱིར་ད་རིས་བོད་གཞུང་གི་མིང་བསྒྲིག་འཛུག་ཞིག་གི་མིང་ལ་བརྒྱུར་བ་དང། བོད་རྒྱལ་ཁབ་ཀྱི་རྒྱལ་རྟགས་ཀྱི་ཁ་བྱང་། གོ་རྒྱུ་མེད་པའི་སྙན་ཚིག་ཞིག་དུ་བརྒྱུར་བ་དཔེ་སྲིད་དམ། ༸གོང་ས་མཆོག་སྐུ་དངོས་ནས་ཐད་གར་གཅིག་ཆོད་བྱས་ནས་གནས་སྟང་འདི་བྱུང་བ་ཡིན་པར་ཡིད་ཆེས་རྩ་བ་ནས་མེད། གལ་ཏེ་ཡིན་སྲིད་ན། ༸གོང་ས་མཆོག་གིས་གསལ་བཤད་ཡིད་ཚིམ་པོ་ཞིག་གཞི་བྱེས་ཀུན་ལ་གནང་ངེས་ལ་ཡིད་ཆེས་ཟབ་མོ་ཡོད།
    རྒྱུ་མཚན་ནི། འདིས་བོད་གཞི་བྱེས་གཉིས་ཀྱི་རྒྱལ་ཞེན་ལ་རྒྱ་ཆེ་བ་ཀུན་གྱི་སེམས་ཁམས་རྨས་མ་བྱས་ཡོད་ལ། སེམས་ཤུགས་ཀྱང་བཅག་ཡོད། མ་འོང་བོད་ཀྱི་རྩ་དོན་རྩ་མེད་དུ་འགྲོ་བས་སྔར་ལྟས་ཤར་བ་ཞིག་བྱས་འདུག
    གལ་སྲིད་ ༸གོང་ས་མཆོག་གིས་ཁོང་གིས་དགོང་པ་ནོར་འཁྲུལ་ཤོར་བ་ཡིན་པར་གསུངས་སྲིད་ན། ཕྲན་གྱིས་ནི། ༸གོང་ས་མཆོག་ཁོང་གིས་སྐུ་ཚེ་ཧྲིལ་བོ་དེའི་ནང་གི་ནོར་འཁྲུལ་ཐང་གཅིག་ཁོ་ན་ལས་ཤོར་མེད་པ་ལ་ངོས་འཛིན་གྱིས། དེ་ཡང་ངོས་ལེན་བྱས་སོང་སྙམས་དུ་ཁོང་ལ་དད་འདུན་བརྩི་བསྐུར་ཅེ་ཆེ་རུ་འགྲོ་བ་ལས་ཡིད་ཆས་དང་དད་པ་ཆུང་རུ་མི་འགྲོ་ངེས་ཅན་ཡིན།
    དེ་དག་གང་ཡང་མ་བྱུང་ཚེ། ཕྲན་གྱིས་ནི་༸གོང་ས་མཆོག་གིས་གནང་བ་ཞིག་ཡིན་པར་ངོས་ལེན་དང་ཡིད་ཆེས་རྩ་བ་ནས་མེད།
    འདི་ནི། གཞན་གྱིས་བསམ་བཞིན་བྱས་པའི་ངན་བཅོས་ཞིག་གམ། དགྲ་བོའི་ཆོ་འཕྲུལ་ཞིག་གམ། ཡང་ན་སུ་ཞིག་གིས་མ་ཤེས་ནོར་འཁྲུལ་ཚབ་ཆེན་པོ་ཞིག་ཤོར་བ་ལ་ངོས་འཛིན་བྱིད་ཀྱི་ཡོད།
    མ་ཟད་གཟིར་གནས་བློ་ལྡན་སུས་ཀྱང་དེ་འདྲ་བྱེད་པར་ཡིད་ཆས་ཡོད། དེ་ཕྱིར་མ་འོང་མྱུར་དུ་སྐྱར་ཞིབ་ངེས་པར་དུ་དགོས་པ་ཞིག་རེད།

    Reply
  16. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ཡུལ་མིའི་རྒྱལ་ཁབ་ཀྱི་གོ་དོན་རྟོགས་ནས་དེ་ལ་འགྱུར་བ་བཏང་བ་རེད།
    མ་འོངས་པའི་བོད་དེ་ཀྲུང་གོའི་རྩ་ཁྲིམས་ཀྱི་ཆ་རྐྱེན་འོག་རང་སྐྱོང་གི་ངོ་བོར་སྡོད་རྒྱུ་རྒྱལ་བ་རིན་པོའི་དགོངས་གཞི་དང་བཙན་བྱོལ་བོད་གཞུང་གི་སྲིད་བྱུས་ཡིན་པ་ལོས་ཤེས། དེ་བས་ད་རྒྱལ་ཁབ་ཅིག་གི་མཇུག་སྐྱོང་ས་དང་སྐྱོང་དགོས་པ་ཆགས་མེད་པ་རེད།
    དོན་ཆེན་འདི་འདྲ་ཐག་གཅོད་པར་གཞིས་ལུས་རྒྱ་ཆེའི་མི་དམངས་ཀྱི་བསམ་ཚུལ་བསྡུ་ཐུབ་ན་ལོས་བཟང་མོད། དེ་ཡོང་ཐབས་མེད་པའི་གནས་སྟངས་ཤིག་ཡིན་པ་མི་ཤེས་སམ། ལར་བོད་གཞིས་བྱེས་གཉིས་ཀྱི་དོན་གྱི་བདག་པོ་དང་མགྲིན་ཚབ་པ་༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་ཡིན་པར་ཁས་ལེན་ན་ཁོང་ལ་ཐག་གཅོད་ཀྱི་སྐུ་དབང་འདི་དག་ཡོད་པ་རེད། འདི་ལྟར་ཐག་བཅད་ན་མི་འགྲིགས་ན་ཁོང་ལ་སྐུ་དབང་དེ་མེད་པ་བཟོ་དགོས་པ་རེད། དེ་ནས་ཁྱོད་ཚོ་ལམ་གང་ལ་འགྲོ་ན་རང་དབང་རེད། ད་ལྟ་ཁོང་གིས་སྐུ་དབང་རྩིས་སྤྲད་པས་རིགས་གཅིག་དགའ་གི་ཡང་ཡོད་པ་རེད།
    དུས་དང་བསྟུན་པའི་ལེགས་བཅོས་ལ་རྨོངས་ནས་བླུན་པོའི་ཨུ་ཚུགས་ཁོ་ན་བྱས་ན་གནའ་སྔ་མོའི་བོད་ཀྱི་དཔེ་རེད། རྒྱ་གཞུང་གིས་་་སེམས་ལ་མེས་རྒྱལ་བཟུང་ནས་མིག་གིས་འཛམ་གླིང་ལ་ལྟོས་ཟེར་བ་ཞིག་ཡོད་པ་རེད། ཡིད་བཞིན་ནོར་བུས་ཀྱང་ཐུགས་ལ་བོད་བཅངས་ནས་སྤྱན་གྱིས་འཛམ་གླིང་ལ་གཟིགས་ཏེ་འདི་ལྟར་གནངས་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese