མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞན་ཡུལ་ན་ལས་ཀ་དང་འཚོ་བ་འདི་འདྲ་རེད། སོ་བརྒྱད།

བོད། ཤ་ཁྲག་རུས་གསུམ།
༢༠༡༡/༠༧/༠༩
Share on FacebookShare on TwitterShare on EmailShare on Whatsapp

ཞོགས་པ་གྲོགས་པོ་བརྩོན་འགྲུས་ཀྱི་ཞོགས་ཇ་ལ་བོས་པ་ལྟར་སོང་། ཕྱིར་ཡོང་བའི་ལམ་ཁར་བཀྲིས་འཁྱིལ་དགོན་ནང་གི་བྱང་ཆུབ་མཆོད་རྟེན་ལ་མཇལ། བཀྲིས་འཁྱིལ་མགྲོན་ཁང་རྩིས་སྤྲད་དེ་གྲོགས་པོ་བརྩོན་འགྲུས་ལ་བདེ་མོ་བཞག རྡེ་ར་སྒྲོང་མེ་འཁོར་འབབ་ཚིགས་ཀྱི་འཁྲིས་ཀྱི་རླངས་འཁོར་དུ་སོང་ནས་མ་སི་རི། བོད་བྱེས་པ་རྣམས་ཀྱི་གནས་ཡུལ་དང་བོ་ཆགས་ས་དེ་ཡི་ཕྱོགས་སུ་སོང་། མི་རེ་ལ་རླངས་འཁོར་གླ་ཆ་ཧིན་སྒོར་སོ་གཅིག་རེ་སྤྲད། ཆུ་ཚོད་གཅིག་དང་ཕྱེད་ཀའི་རྗེས་སུ་མ་སུ་རེ་ལ་འབྱོར། ཁ་པར་གྱི་འབྲེལ་ལམ་རྒྱུད་དེ་མོ་རང་གིས་རྒྱ་གར་མགྲོན་ཁང་BROADWAY HOTELདུ་སོང་། དེ་ནས་ཅ་ལག་ཚང་མ་བཞག་ནས་ཕྱི་རོལ་དུ་འཁྱམ་གསེང་དུ་སོང་། མ་སི་རིའི་མཛེས་ལྗོངས་ལ་བསྐྱོད་རྒྱུའི་བསྐལ་བ་མ་ཐོབ། སྨུག་སྤྲིན་གྱིས་གཡོགས་ནས་འདུག གནམ་གཤིས་ཀྱང་གྲང་མོ་འདུག ངེད་གཉིས་ཀྱིས་ཀྱོག་ལམ་གྱི་འཕྲུལ་འཁོར་སྒམ་ཆུང་ཞིག་གི་ནང་དུ་བསྡད་ནས། མ་སི་རིའི་ཆེས་མཐོ་བའི་རི་སྒང་དུ་སོང་། སྲང་ལམ་ནས་མིག་ཟུང་ཆ་གཉིས་ཚོང་ཁང་དང་མགྲོན་དུ་ཕྱོགས། ཡིད་དབང་འགུགས་ནུས་པའི་ཅ་དངོས་མང་བོ་ལ་བལྟས།

ཕྱིར་མགྲོན་ཁང་དུ་འབྱོར་དུས་སུ་ས་རུབ་སོང་། ཆུ་ཚོད་བརྒྱད་ཙམ་རེད། ངེད་གཉིས་ཀྱི་མགྲོན་ཁང་གི་སྒོ་ཐག་ཐག་ཐག་བརྡུང་བཞིན་འདུག མོ་རང་སོང་ནས་སྒོ་ཕྱེ་སོང་། ཁོ་མོས་བཤད་རྒྱུར་ཐོ་འགོད་བྱེད་དུ་ཤོག་ཟེར་གྱི་འདུག་ཟེར། སྐབས་དེར་ཁོ་མོས་རྒྱབ་ཁུག་ཆུང་ཆུང་དེ་བསྔོགས་སོང་། གློ་བུར་དུ་ཁོ་མོ་ཧང་སངས་པའི་རྣམ་འགྱུར་དང་ཟེར་རྒྱུར། འུ་གཉིས་ཀྱི་ལག་ཁྱེར་འཁྱེར་མི་འདུག་ཟེར། དེ་དུས་ང་རང་ཡང་འཚབ་འཚུབ་དུ་གྱུར་སོང་།

ང་རང་དེ་མ་ཐག མགྲོན་ཁང་གི་འགན་འཛིན་རྒྱ་གར་བ་དེ་ཡི་གམ་དུ་སོང་ནས་གསལ་བཤད་ཅིག་བྱས་ཀྱང་། མི་དེ་ཡིས་རྣམ་འགྱུར་གློ་བུར་དུ་འགྱུར་ནས། ངས་ཞུས་པའི་སྐད་ཆ་ཚིག་གཅིག་ཀྱང་མི་ཉན་པར། ཁྱེད་གཉིས་ད་ལྟ་རང་ཅ་དངོས་དག་བསྡུ་གསོག་བརྒྱབས་ནས་ཕྱི་རུ་འབུད་མ་གཏོགས། ང་རང་ལ་གཉེན་རྟོག་པའི་བཙོན་ཁང་དུ་འཇུག་ངེས་རེད། ད་ལྟ་བར་དུ་ཆུ་ཚོད་དེ་དག་གི་རིན་ཞིག་སྤྲད་ནས་ཕྱི་ལོག་དུ་འབུད་དགོས་ཟེར། ང་རང་ཕྱིར་མགྲོན་ཁང་དུ་ཡོང་ནས་གངས་དཀར་ལྷ་མཚོ་ལ་དེ་ལུགས་བཤད་དེ་ངེད་གཉིས་ཀྱིས་ཅ་ལག་མགྱོགས་པོ་བསྡུ་གསོག་བརྒྱབས་དེ་མགྲོན་ཁང་དེ་ནས་ཕྱི་ལ་ཐོན།

སྲང་ལམ་ནས་གློག་ཀླད་ཁང་ཞིག་དུ་སོང་ནས་ལག་ཁྱེར་གྱི་འདྲ་བཤུས་ཤིག་མོ་རང་གིས་དྲ་རྒྱ་བརྒྱུད་ནས་ཕྱིར་འདོན་དགོས་བསམ་ན་ཡང་། དྲ་ཁང་དེ་ཡི་རྒྱ་གར་བུད་མེད་དེའི་ལག་ཁྱེར་གྱི་ཨང་གྲངས་འཁྱེར་ཕྱོགས། དེ་མེད་ན་དྲ་ཁང་ནས་གློག་ཀླད་བེད་སྤྱོད་གཏོང་ཆོག་གི་མ་རེད་ཟེར་བའི་སྐད་ཆ་དེ་ཡིས་ང་རང་རེ་ཞིག་རིང་ཧད་དུ་བཅུགས་སོང་། རྒྱ་གར་གྱི་ས་གནས་ཆེས་མང་བོ་ཞིག་ལ་བསྐྱོད་མྱོང་ན་ཡང་། དྲ་ཁང་དུ་གློག་ཀླད་བེད་སྤྱོད་གཏོང་བ་ལ་ལག་ཁྱེར་གྱི་ཨང་གྲངས་སྟོན་དགོས་པ་ཞིག་རིག་མྱོང་གང་ན་ཡོད། གོ་བ་དང་བོ་ཡིན། ན་བའི་སྒང་ལ་རྡོག་བརྫུས་ཟེར་བ་འདི་མིན་ན་གང་རེད། ངེད་གཉིས་ཨ་ཐང་ཆད་དེ་ཕྱིར་རྡེ་ར་སྒྲོང་དུ་འགྲོ་བའི་རླངས་འཁོར་འབབ་ཚིགས་དུ་ཡོང་། རྒྱ་གར་ཇ་ཁང་ཆུང་ཆུང་ཞིག་གི་ནང་ནས་ཆུ་ཚོད་དགུ་དང་ཕྱེད་ཀའི་རླངས་འཁོར་ལ་སྒུག་པ་ཡིན།

ཆུ་ཚོད་དགུ་དང་ཕྱེད་ཀ་སླེབས་སོང་། རླངས་འཁོར་འབབ་ཚིགས་དུ་སོང་ནས་སྐད་ཆ་བསྐྱར་འདྲི་ཞིག་གི་ལན་དུ། དོ་ནུབ་རླངས་འཁོར་འགྲོ་མཁན་མི་འདུག་ཟེར་བ་གོ་རྗེས། ང་རང་ལ་ལྷག་དུ་བྲེལ་འཚུབ་ཆེ་རུ་སོང་། ཁོ་མོ་ལ་སྐད་ཆ་དྲིས་དེ་ངེད་གཉིས་ཀྱིས་གླ་བྱེད་རླངས་འཁོར་ལ་སྐད་ཆ་བཤད། ཁ་ཤས་ཀྱི་ཧིན་སྒོར་དྲུག་བརྒྱ་ནས་བདུན་བརྒྱ་བར་གྱི་སྐད་ཆ་བཤད་ཀྱི་འདུག སྐབས་དེར་གྲོགས་པོ་བརྩོན་འགྲུས་ལ་ཁ་པར་བཏང་ནས་ངེད་གཉིས་ལ་ཀ་ལི་མིན་གྲོང་དུ་ཡོང་གི་ཡོད། བཀྲིས་འཁྱིལ་མགྲོན་ཁང་ནང་དུ་ངེད་གཉིས་ལ་འདང་ནུབ་ཀྱི་ཁང་བ་དེ་ལེན་རོགས་ཞུས་པ་ཡིན།

ཡར་མར་བཅོ་བརྒྱད་ཅིག་བཤད་པའི་མཐར་ཧིན་སྒོར་སོ་གཅིག་གི་ལམ་ཁར། ཧིན་སྒོར་ལྔ་བརྒྱ་སྤྲད་ནས་ཕྱིར་རྡེ་ར་སྒྲོང་དུ་ཡོང་། རྡེ་ར་སྒྲོང་ནས་ཀ་ལི་མིན་གྲོང་བར་རྐང་གསུམ་སྤག་སྤག་ཞིག་གླས་དེ་ཀ་ལི་མིན་གྲོང་དུ་འབྱོར་གྲབས་ཡོད་དུས་སུ། རྐང་གསུམ་སྤག་སྤག་གི་ཁ་ལོ་བ་ར་བཟི་དེ་ཡིས་རྙོག་དྲ་མང་བོ་ཞིག་བཤད་འགོ་བཙུགས། ཡོང་ས་ནས་བཤད་པའི་སྒོར་མོ་དེ་ལས་བསྡབས་གཉིས་དགོས། མི་སྟེར་ན་ཁོ་མི་འགྲོ་ཟེར་ནས་ངེད་གཉིས་ས་སྟོང་དེ་ནས་མཚན་དཀྱིལ་དུ་ས་རུ་འབབ་དུ་བཅུགས། ངས་མི་དེ་ཡིས་སྐྱག་རྫུན་དང་འགོ་སྐོར་གཏོང་ལུགས་དེ་མཐོང་ནས་གླ་ཆ་སྐར་གང་ཡང་མི་སྟེར། ཁྱེད་རང་གིས་ངེད་གཉིས་འགྲོ་ས་བར་དུ་མི་བསྐྱལ་བ་ཡིན་ན་ཞེས་བཤད་དུས། ཁོ་རང་དང་ཁོ་རང་གི་རོགས་པ་དེ་གཉིས་ཀྱིས་ངས་སྟེང་ལ་ཤོར་ནས་བརྡུང་གྲབས་བྱེད་ཀྱིན་པའི་སྐབས་དེར། མོ་རང་གིས་གཡུགས་ཤོག་ཟེར་ནས་སྒོར་མོ་བཏོན་ནས་སྤྲད་སོང་། རྐང་ལམ་ཞིག་བརྒྱུད་དེ་སྤྱི་ལེ་གཅིག་ལྷག་ཙམ་གྱི་རྗེས་སུ་བཀྲིས་འཁྱིལ་མགྲོན་ཁང་དུ་སླེབས་དུས། མཚན་དཀྱིལ་ཏག་ཏག་ལ་འཁེལ་འདུག

གངས་དཀར་ལྷ་མཚོས་ཅ་ལག་ཚང་མ་རྒྱབ་ཁུག་ཆེ་ཆུང་གཉིས་ནས་ཕྱིར་བཏོན་རྗེས། ཚ་ལུ་མ་གཉིས་ཀྱི་ཤུན་འཔག་བླངས་དེ་ཟ་ཞོར་དུ་ང་རང་ལ་སྒུག ཕར་བལྟས་ཚོད་ཀྱིས་མོ་རང་ཡང་ཐང་ཧ་ཅང་ཆད་འདུག་ལ། ཁོ་མོས་ཟེར་རྒྱུར། ངས་བཤད་མྱོང་། ཡུལ་བསྐོར་ལྗོངས་རྒྱུ་བྱེད་རྒྱུ་ལས་སླ་བོ་མ་རེད། བལྟས་དང་། མཚམས་མཚམས་སུ་བཤད་མི་ཤེས་པའི་དོན་དག་བྱུང་ངེས། དེ་ནས་ཁོ་མོས་སྒྲ་གདངས་མི་དག་པའི་ཨམ་སྐད་ཀྱིས་ང་རང་ལ་ཨ་རོགས་ཟེར། ༢༤།༠༨།༠༨

མུ་འགོད།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese