མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞན་ཡུལ་ན་ལས་ཀ་དང་འཚོ་བ་འདི་འདྲ་རེད། ཞེ་གཉིས།

བོད། ཤ་ཁྲག་རུས་གསུམ།
༢༠༡༡/༠༧/༡༣
Share on FacebookShare on TwitterShare on EmailShare on Whatsapp

ལྡི་ལུ་ནས་བརྩིས་པའི་ཆུ་ཚོད་དྲུག་གི་རྗེས་ཏག་ཏག་ལ་ང་རང་རྗོར་རྡན་གནམ་ཐང་དུ་སླེབས། རྗོར་རྡན་ནི་ཨེས་སུ་རལ་གྱི་ཁྱིམ་མཚེས་རྒྱལ་ཁབ་ཡིན་ལ། ཁ་ཆེ་རྒྱལ་ཁབ་ཞིག་ཡིན། གནམ་ཐང་དེ་ཡི་མིང་ལ་ཨ་ནམ་ཟེར་གྱི་འདུག ང་རང་དང་ལྷན་དུ་ཡོང་བའི་རྒྱ་གར་ཁ་ཆེ་བ་དེ་དག་རྒྱལ་ཁབ་དེ་ནས་བསྡད་སོང་། གནམ་ཐང་གི་གཙང་གྲྭ་ནི་ཡག་པོ་འདུག འཚིག་ཇ་འཐུང་ས་དང་ཟ་ཁང་། ཅ་དངོས་སྙིང་རྗེ་བོ་དེ་འདྲའི་ཆེས་མང་བོ་ཞིག་ཁྲལ་མེད་པའི་སྒང་ནས་བཙོང་གི་འདུག་ན་ཡང་། ང་རང་གི་ལག་དུ་ཧིན་སྒོར་ལྔ་བརྒྱ་མ་གཏོགས་མེད་ལ། དེ་བརྗེ་སྒྱུར་བྱེད་མིན་སྐད་ཆ་དྲིས་ཀྱང་། སྒོར་མོ་བརྗེ་མཁན་མི་དེ་ཡིས་ང་རང་ལ་བལྟ་ཞོར་དགོད་ཙམ་བྱས་ནས། ཧིན་སྒོར་བརྗེ་ཡི་མེད་ཟེར། ངས་ང་རང་ལ་མི་ཞིག་གིས་སྐད་བཏང་ནས་མགྲོན་ཁང་དུ་བསུ་བར་སྙམ་ནས་ཡུན་རིང་སྒུག་ན་ཡང་། ང་ལ་ཡ་བྱེད་མཁན་གྱི་མི་ནི་གཅིག་ཀྱང་མི་འདུག གནམ་ཐང་དེ་ནས་དུས་ཚོད་གཉིས་ཙམ་འགྲོ་སོང་།

དེ་ནས་ང་རང་སོང་ནས་གནམ་ཐང་གི་ལས་བྱེད་ཅིག་ལ་སྐད་ཆ་དྲིས་དུས། ཁ་ཆེ་བ་དེ་ཡིས་དབྱིན་སྐད་ཡག་པོ་ཞིག་མི་ཤེས་པ་མ་ཟད། ཤེས་པ་དེ་ཡང་ང་རང་ལ་འཕྱ་དམོད་བྱེད་པའི་ཆེད་དུ་བེད་སྤྱོད་བཏང་བ་ལྟ་བུ་ཞིག་བཤད་ཀྱི་འདུག ཁོས་ཁྱེད་རང་གི་ལག་དེབ་འདི་ག་རེ་རེད། ཁྱེད་རང་ལ་རྒྱལ་ཁབ་འདིའི་ཐོངས་ཆེན་མི་འདུག་ཟེར་ནས་ཁྲེལ་གཏམ་བཤད། དེ་དུས་ངས་ང་རང་ལ་གནམ་ཐང་འདི་རྒྱུད་དེ་འགྲོ་ཆོག་པའི་གནམ་གྲུའི་འཛིན་བྱང་ཡོད་པ་འདི་རེད་ཅེས་རང་གི་གནམ་གྲུའི་འཛིན་བྱང་ཁོ་ལ་བསྟན་དུས། ཁོས་ཅི་མི་སྙམ་པའི་ངང་དུ། ཁྱེད་རང་ལ་མགྲོན་ཁང་མི་འདུག ཕར་ཕྱོགས་ཀྱི་སྒོ་འགྲམ་དེ་ནས་སྒུག་བསྡོད་དང་། ཕྱི་དྲོ་ཁྱེད་རང་གི་གནམ་གྲུར་འགྲོ་བའི་གློ་སྒོ་དེ་རེད་ཟེར། དེ་ནས་ང་རང་ལ་ཡང་ཐབས་ཤེས་གཞན་མེད་པའི་སྐད་ཆ་མང་བོ་ཞིག་བཤད་ཚེ། ཕན་ཐོག་མེད་པ་ཤེས་སོང་ལ། གོ་ཐོས་སུ་ལག་དེབ་སེར་པོ་འཁུར་ནས་གཞན་ཡུལ་དུ་འགྲོ་མཁན་ཞིག་ལ་རྒྱལ་ཁབ་གཞན་རྒྱུད་དེ་རྒྱལ་ཁབ་གཞན་ལ་འགྲོ་མཁན་ཞིག་གནམ་ཐང་ནས་ཕྱིར་རྒྱ་གར་དུ་བཏང་བའི་སྐོར་དེ་ཡང་དྲན་སོང་།

ང་རང་ཕྱིར་རྒྱ་གར་དུ་མི་གཏོང་བ་ཤེས་ཀྱང་། ཕར་བཤད་ན་དང་དུ་མི་ལེན་པའི་ལས་བྱེད་དེ་ཡི་རྣམ་འགྱུར་དང་བཤད་སྟངས་ལ་ངས་རྩད་རྒྱགས་འདོད་མེད་པ་དང་རྩད་བརྒྱབས་ནས་གྲུབ་འབྲས་གཞན་གང་ཡང་མེད་པ་ལྟ་བུ་ཞིག་མཐོང་ནས་གནམ་ཐང་དེ་ནས་སྒུག་རྒྱུར་སེམས་ཐག་བཅད་ནས་རྐུབ་སྟེགས་ཤིག་གི་སྟེང་དུ་བསྡད་ནས་ཤོག་སྨྱུག་གཉིས་ཕྱི་རུ་བཏོན།

ལྡི་ལུ་ནས་ང་རང་གི་གནམ་གྲུའི་འཛིན་བྱང་ཉོ་དུས་སུ་ང་རང་ལ་ངལ་གསོ་སའི་མགྲོན་ཁང་དང་ཟ་མ་བཅས་ཡོད་པ་གཏོགས་ཡོད་ཀྱང་། འདི་ནས་མགྲོན་ཁང་ལ་སྣེ་ལེན་བྱེད་མཁན་མ་རེག་སྟབས། གནས་ལུགས་ཞུ་སའི་མི་གཅིག་གྱང་མེད་ཀི ཞོགས་པ་གནམ་གྲུའི་ནང་ནས་ཞོགས་ཟས་ཤིག་སྤྲད་པ་དེ་ལས་ཉིན་བཀང་བོར་ཁ་ནང་དུ་ཆུ་ཐིགས་པ་འགའ་མ་གཏོགས་མེད། ཕོ་བ་ཞེ་དྲགས་ལྟོགས་པའི་ཚོར་བ་དམིགས་བསལ་གང་ཡང་བྱུང་མ་སོང་མོད། དངོས་ནས་ངལ་གསོ་སའི་མགྲོན་ཁང་དེ་རེག་ན་ཅི་མ་ཧུད་སྙམ་ཞོར། ཁ་སྐམ་པོའི་ངང་དུ་སྤུས་དག་པའི་གནམ་ཐང་ཆུང་ཆུང་དེ་ནས་ཆུ་ཚོད་ཀྱི་ཐག་སྒྲ་ལ་ཉན་ནས་ས་རུབ་པར་མི་སྒུག་ཐབས་མེད་གྱུར།

གཉིད་བཀང་བོར་འགྱིག་གི་རྐུབ་སྟེགས་དེ་ནས་གཉིད་མ་སད་ཀྱིས་བསྐྱལ། ས་རུབ་ཁར་སྒོ་སྲུང་བ་གཅིག་གིས་ང་རང་སྒོ་རྟགས་ཨང་གྲངས་བདུན་པར་འགྲོ་དགོས་པར་བཤད། སྒོ་རྟགས་ཨང་གྲངས་བདུན་པར་ཡོང་ནས་སྒུག་དུས་སུ་་མི་མང་བོ་ཞིག་གི་འཚིག་ཇ་འཐུང་ས་སྙིང་རྗེ་བོ་ཞིག་ཡོད་པ་དེར་འཚིག་ཇ་འཐུང་ནས་ལྷོད་ལྷོད་དུ་བསྡོད་པ་འཐུང་དུས། རང་ཉིད་ནི་འཚིག་ཇ་འཐུང་བར་དགའ་བའི་མི་ཞིག་ཡིན་སྟབས། འཚིག་ཇ་ཕོར་བཀང་ཉོ་བྱེད་ཀྱི་ཨ་སྒོར་ཁ་ཤས་ཤིག་ཡོད་ན་ངས་ཀྱང་དེ་ལྟར་ལྷོད་ལྷོད་བྱེད་ཆོག་གི་རེད་མོད། གང་ལྟར། རང་ཉིད་ལ་གང་ཡང་མེད། འཚིག་ཇ་འཐུང་མཁན། ཞོར་ཟས་ཟ་མཁན། དེ་དག་རེ་རེ་བཞིན་མཐོང་ནས་འོང་དུས་དངོས་ནས་སྐོམ་སྣང་དང་ལྟོགས་སྣང་གཉིས་ཀ་གཅིག་གྱུར་དུ་བྱུང་།

༩།༩།༠༨རྒྱ་གར་གྱི་ཞོགས་པའི་ཆུ་ཚོད་དང་པོ་ཡོལ་ཙམ་དང་ཨེས་སུ་རལ་གྱི་ནམ་དཀྱིལ་ཆུ་ཚོད་ཆུ་གཅིག་མ་ཟིན་ཙམ་ལ། ང་རང་ཨེས་སུ་རལ་གྱི་གནམ་ཐང་དུ་འབྱོར། ང་རང་གནམ་ཐང་གི་ནང་ལོག་ནས་གནམ་ཐང་ཕྱི་ལ་མ་བུད་གོང་དུ། ལག་ཁྱེར་ཞིབ་གཤེར་བྱེད་མཁན་གྱིས་ལག་དེབ་སེར་པོ་བསྟན་ན་ཡང་། ཁྱེད་རང་གི་ལག་ཁྱེར་འཁུར་ཤོག་ཟེར། ངས་ང་རང་གི་ལག་ཁྱེར་འདི་རེད་ཅེས་བཤད་དུས། ལག་ཁྱེར་ལྟ་མཁན་གྱི་བུད་མེད་དེས་ཁ་པར་བརྒྱབས་སོང་། ཕོ་གསར་ཞིག་འབྱོར་ནས་ང་རང་གི་ལག་ཁྱེར་གྱི་ཕྱི་བསྐྱོད་ཆོག་པའི་ཨེས་སུ་རལ་གྱི་ཐམ་ག་ཚད་ལྡན་སྤྱར་ཡོད་པའི་ཡི་གེ་མཐོང་ནས་འགྲིག་གི་འདུག་ཟེར་ནས་བུད་མེད་དེ་ལ་བཤད་སོང་། དེ་ནས་བུད་མེད་དེས་ཕར་ཕྱོགས་སུ་སོང་ཆོག་པའི་ཐམ་ག་ངའི་ལག་དེབ་སེར་པོའི་སྟེང་དུ་བརྒྱབས།

ང་རང་ནི་གནམ་ཐང་གི་སྐུ་མགྲོན་གཞན་དག་དང་འདྲ་བར་རང་གི་ཅ་དངོས་བླངས་དེ། སྒོ་ཆེན་དེ་ནས་ཕྱི་ལ་བུད་མ་ཐག གངས་དཀར་ལྷ་མཚོའི་ཚ་མོ་རྒ་ལེས་ཡ་ང་རང་བསུ་རུ་སླེབས་འདུག ཁོ་མོ་ངས་སྔོན་ཆད་རྒྱ་གར་དུ་ཟླ་བ་ཁ་ཤས་སྔོན་དུ་ཐུག་མྱོང་བ་ཡིན་དུས། ང་རང་གི་སྣང་བ་ལ་རང་གི་གྲོགས་པོ་རྙིང་བ་ཞིག་རང་ཉིད་གནམ་ཐང་དུ་བསུ་རུ་ཡོང་བ་ཞིག་ཤར་ནས། ཁོ་མོའི་གམ་དུ་སོང་། ཁོ་མོས་ང་རང་གི་སྐེ་རུ་འཐམ་ནས་འགྲམ་པ་གཉིས་ལ་འོ་ཞིག་བྱས་པ་དང་། ཨེས་སུ་རལ་དུ་ཕེབས་པར་དགའ་བསུ་ཞུ་ཟེར། ཁོ་མོ་ནི་སྤྱིར་བཏང་གི་བུད་མེད་དང་མི་འདྲ་བ་ཞིག་ཡིན། བུད་མེད་ཀྱི་བུད་མེད་ལ་འཁྲིག་སྲེད་ཀྱི་འཚོ་བ་རོལ་མཁན་གྱི་གྲངས་དེ་རེད། འོན་ཀྱང་། ང་རང་ལ་ཁོ་མོ་ལ་དམིགས་བསལ་གྱིས་བུད་མེད་སྤྱི་དང་མི་འདྲ་བའི་ཚོར་བ་གང་ཡང་མ་བྱུང་།

ངེད་གཉིས་ཀྱིས་ང་རང་གི་ཅ་ལག་ཚང་མ་མོ་རང་གི་རླངས་འཁོར་དུ་བཞག་ནས། གནམ་ཐང་དུ་ངའི་མཛའ་མོ་སླེབས་པར་སྒུག་ནས་ཁ་བརྡ་འདྲ་མིན་ཞིག་བྱེད་ཞོར་དུ་ཐ་མག་རེ་འཐེན་པ་དང་། འཚིག་ཇ་འཐུང་བ། ཁོ་མོས་ང་ལ་ཉོས་པའི་མངར་ཟས་ཟོས་དེ་བསྡད་རིང་། ཆུ་ཚོད་གཉིས་ལྷག་ཇི་ལྟར་སོང་བ་ཡང་མ་ཤེས། བར་སྐབས་དེ་འདྲ་ཞིག་ལ་གངས་དཀར་ལྷ་མཚོ་འབྱོར་སོང་། ཁོ་མོས་ང་རང་གི་གནམ་ཐང་ནས་མྱང་བའི་སྐོར་ཐོས་ནས་མིག་ཆུ་ཐོར་ཞོར། གནམ་གྲྭའི་ལས་ཁུངས་དེར་ཁ་པར་བརྒྱབས་ནས་སྒོར་མོ་ཕྱིར་ལོག་བྱེད་དུ་འཇུག་གི་ཡིན་ཟེར། ངས་སྐྱོན་མེད་ཚུལ་བཤད་ནས་ང་ཚོ་གནམ་ཐང་ནས་ལམ་དུ་བུད།

ལམ་བར་དུ་མཛའ་མོའི་གྲོགས་མོ་ཡག་ཤོས་སྒྲ་ཝུ་ན་ཟེར་བའི་བུད་མེད་ཅིག་གི་ནང་དུ་སོང་ནས་ཕན་ཚུན་ལ་འཚམ་འདྲི་དང་ངོ་སྤྲོད་རེ་བྱས་ནས་ཅུང་ཙམ་རིང་དེ་ནས་བསྡད། ང་ཚོ་འགྲོ་ཡུལ་ནི་མོ་རང་གི་ཨ་མའི་ནང་ཡིན། གནམ་ཐང་ནས་མོ་རང་གི་ཨ་མའི་ནང་བར་དུ་ཆུ་ཚོད་གཅིག་མ་ཟིན་ཙམ་ཞིག་རླངས་འཁོར་དུ་འགྲོ་དགོས་བྱུང་། མོ་རང་གི་ཨ་མའི་ནང་དུ་སླེབས་དུས་སྐྱ་རེངས་གསལ་འདུག ཁོ་མོའི་མ་རྒན་ཡང་ངས་རྒྱ་གར་ནས་མཇལ་མྱོང་ཡོད་དུས། མོ་རང་གིས་ང་ཚོ་ལ་འཚམ་འདྲི་གནངས། རྒ་ལས་ཡ་ཅུང་ཐང་ཆད་འདུག་ཟེར་ནས་ངལ་གསོ་རུ་འགྲོ་སོང་།

ངེད་གསུམ་གྱིས་ཞོགས་ཇ་གྲྭ་རྒྱས་པོ་ཞིག་འཐུང་། དེ་ནི་ང་རང་གི་མི་ཚེ་ནང་དུ་ཁྱིམ་ཚང་ཞིག་ནས་ཞོགས་ཇས་གྲྭ་རྒྱས་ཤོས་དེ་ཡིན་ཟེར་ན་ཆོག དངོས་ནས་ཧ་ལས་པའི་གྲྭ་རྒྱས་པོ་ཞིག་བཤམས་འདུག ཞོགས་ཟས་ཀྱི་རྗེས་ནས་ཅུང་མ་འགོར་བར་མོ་རང་གི་མ་རྒན་ནི་ལས་ཀར་བུད་ཐལ། ང་རང་གི་གཟུགས་པོ་ཞིག་དཀྲུས་ནས་ཅུང་ཙམ་ཉལ་བ་ཡིན། ཕྱི་དྲོ་རྒ་ལས་ཡ་ངེད་གསུམ་མོ་རང་གི་རླངས་འཁོར་དུ་བསྡད་ནས་ཟ་ཁང་ཞིག་དུ་སོང་ནས་ཟ་མ་ཞིག་མཉམ་དུ་ཟོས་རྗེས། རྒ་ལས་ཡ་མོ་རང་རང་ཉིད་ཀྱི་བསྡོད་ས་ཀྲེ་ལེས་བས་གྲོང་ཁྱེར་དུ་ཆས། ངེད་གཉིས་ཀྱིས་མོ་རང་གི་ཨ་ཅེ་དང་མོ་རང་གི་ཚ་མོ་གཉིས་ངེད་གཉིས་ལ་ཐུག་དུ་ཡོང་བར་སྒུག ༡༠།༩།༠༨

དེ་རིང་ནི་རྒྱལ་ཁབ་འདིར་སླེབས་ནས་ཉིན་གཉིས་པ་ཡིན། ཁོ་མོ་དང་ལྷན་དུ་ནང་ལ་གཙང་མ་ཞིག་བཟོས་པ་དང་གློག་བརྙན་ལ་བལྟས་ནས་བསྡད། ཕྱི་དྲོ་མོ་རང་གི་གྲོགས་མོ་ཡག་ཤོས་སྒྲ་ཝུ་ན་དང་ཝན་གཉིས་ངེད་གཉིས་བསུ་རུ་ཡོང་ནས་སྒྲ་ཝུ་ན་ཡི་ནང་དུ་སོང་ནས་དགོང་ཟས་ཟ་རྒྱུ་བྱས། སྒྲ་ཝུ་ན་མོ་རྐྱང་ཡིན། ཝན་ནི་བཟའ་ཚང་བྱས་དེ་ལོ་མང་བོ་ཞིག་སོང་ཡོད། བུ་མོ་གཉིས་ཀྱི་ཨ་མ་ཡིན། མོ་རང་ཡང་སྔོན་ཆད་ངས་རྒྱ་གར་རྡ་ས་མེག་ལོར་ནས་འཕྲད་མྱོང་། མོ་རང་ངའི་མཛའ་མོའི་མི་ཚེ་ནང་གི་གྲོགས་མོ་ཡག་ཤོས་ཤིག་རེད། སྐད་ཆ་ཆེས་མང་བོ་ཞིག་ཁོ་མོས་ཝན་ལ་གསང་བ་བྱེད་ཀྱི་མེད་རབས་བཤད་ཀྱི་ཡོད།

དགོང་ཟས་དེར་སྒྲ་ཝུ་ན་ཡི་གྲོགས་དང་གྲོགས་མོ་ཁ་ཤས་ཤིག་འདུག་ལ། སྐད་ཆ་འདྲ་མིན་སོགས་བཤད་ནས་ཆུ་ཚོད་བཅུ་གཉིས་བར་དུ་ལུས། སྒྲ་ཝུ་ན་ཡིས་ཝན་དང་ངེད་གསུམ་ཕྱིར་མཛའ་མོའི་མ་རྒན་ནང་དུ་མོ་རང་གི་རླངས་འཁོར་བསྐྱལ། ༡༡།༩།༠༨

ང་རང་ཡར་བླངས་དུས་ཁོང་ཚོ་ཚང་མ་ཡར་བླངས་ཚར་འདུག མཛའ་མོས་ང་རང་ལ་འཚིག་ཇ་ཞིག་བཟོས་འདུག་པ་དེ་འཐུང་ནས། ཝན་དང་ང་ཚོ་གསུམ་ཨེས་སུ་རལ་གྱི་ཐོངས་ཆེན་ཞུ་སའི་ལས་ཁུངས་ཤིག་དུ་བཅར་ནས། ང་རང་གི་ཐོངས་ཆེན་ལག་ཁྱེར་གྱི་བསྡོད་ཡུན་རིང་དུ་གཏོང་ཆོག་པའི་ཐད་དུ་སྐད་ཆ་དྲིས་དུས། ང་ཚོས་འཁྱེར་ནས་སོང་བའི་ཡིག་ཆའི་སྟེང་དུ་རྒྱ་གར་གཞུང་གིས་ཐམ་ག་རེ་ཟུང་ཞིག་དགོས་རབས་བཤད་དེ་ང་ཚོ་ཕྱིར་བཏང་སྐབས། ངའི་མཛའ་མོ་ངུ་བཞིན་འདུག་པ་ལས་བྱེད་བུད་མེད་དེ་ཡི་མཐོང་ནས། མ་ངུ་། མ་ངུ་། བྱ་བ་ཚང་མ་འགྲིག་འགྲོ་ངེས་རེད་བཤད་སོང་།

ཝན་དང་ངེད་གསུམ་ཟ་ཁང་བརྫིག་པོ་ཞིག་གི་ནང་དུ་ཞོགས་ཟས་ཟ་རུ་སོང་། ཁོར་ཡུག་ནི་ཧ་ཅང་མཛེས་པ་དང་ཕར་བལྟས་ན་རྡོ་བརྩིགས་ཀྱི་སྣང་བརྙན་དེ་ཡི་མིའི་རིགས་ཀྱི་ངལ་རྩོལ་ལ་བརྟེན་ནས་གྲུབ་པའི་ཨེས་སུ་རལ་མི་རིགས་ཀྱི་རྩ་ཆེ་བར་བརྩི་བའི་བརྩིགས་པ་དེ་ཡི་བརྩིག་གྱང་མཐོང་ཐུབ་ལ། རྡོ་བརྩིགས་དེ་ལ་ལོ་ངོ་ཉིས་སྟོང་ལྷག་གི་ལོ་རྒྱུས་ཡོད་རབས་བཤད།

ཉིན་རྒྱབ་དུ་མཛའ་མོའི་ཕ་རྒན་དང་ཐུག་འཕྲད་ཀྱི་དུས་ཚོད་བཟོས་པ་ལྟར། ང་ཚོས་ཁ་བརྡ་འདྲ་མིན་སྣ་ཚོགས་ཤིག་བྱས། ཁོང་གིས་རྒྱ་བོད་ཀྱི་དཀའ་ངལ་སེལ་བའི་ཐད་དུ་ར་ཤི་ཡ་དང་ཨ་རི་གཉིས་ཀྱི་དམག་འཐབ་བྱེད་གྲབས་བྱེད་པའི་སྐབས་སུ། ཨ་རིའི་བྱིས་པ་ཞིག་གིས་ཨ་རི་ནས་ར་ཤི་ཡའི་སྲིད་འཛིན་ལ་ཡི་གེ་ཐུང་ཐུང་ཞིག་སྐུར་བའི་ནང་དུ་། ར་ཤི་ཡའི་སྲིད་འཛིན་ལགས། ཁྱེད་ཀྱིས་ང་ཚོ་ཅིའི་ཕྱིར་གསོད་དགོས་པ་རེད་དམ་ཞེས་བྲིས་ཡོད་པ། ར་ཤི་ཡ་སྲིད་འཛིན་གྱི་ལག་པར་འབྱོར་ནས། བྱིས་པ་དེ་ར་ཤི་ཡ་རྒྱལ་ཁབ་དུ་མགྲོན་འབོད་བྱས་ནས་མཐར་དམག་མི་རྒྱགས་པར་ཁས་བླངས་པ་རེད། ཁྱེད་ཀྱིས་ཀྱང་ཐབས་ཤེས་གསར་བ་ཞིག་བེད་སྤྱད་དེ་རྒྱ་བོད་གཉིས་ཀྱི་གནད་དོན་ཐད་དུ་སྐད་ཆ་བཤད་ཆོག་གི་རེད་ཅེས་གསུངས་བྱུང་།

དགོང་མོ་ཕྱིར་མོ་རང་གི་ཨ་མའི་ནང་དུ་ཕྱིར་ལོག་ནས་ངས་ཁོང་ཚོ་ལ་བོད་ཀྱི་ཟ་མ་བཟོས་པ་ཡིན། མོག་མོག ཤ་མེད་འཐེན་ཐུག་བརྔོས་མ། གྲང་ཚལ། ཤིང་ཏོག ཤིང་ཏོག་ཁུ་རིགས་འདྲ་མིན། འཚིག་ཇ། ནུབ་ཚལ་གྱི་རྗེས་སུ་རྒྱ་གར་ནས་འཁུར་འོང་བའི་དགེ་འདུན་ཆོས་འཕེལ་ཞེས་པའི་འོད་སྡེར་གསར་བ་དེར་བལྟས། ༡༢།༩།༠༨

མུ་འགོད།

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༡༥ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༥ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༡༩ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

མཆན། 2

  1. jamdrak says:
    ལོ་ 15 སྔོན།

    མུ་མཐུད་སྤེལ་རོག་ཉིན་ལྟར་ཀློག་བཞིན་ཡོད།

    Reply
  2. detective says:
    ལོ་ 15 སྔོན།

    རེད་ལགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese